e-texts navigator
Collection
Volume
Page
Wylie

213a1 ཉིད་དང་། །འདུལ་བ་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་བཤིག་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་རྡོ་རྗེ་ཉིད་པས་ན། །ནམ་མཁའི་ཁམས་ཀུན་བཀང་བ
213a2 ཡིན། །དེ་ལས་རྡོ་རྗེ་གསུང་འབྱུང་བའོ། །ོ~ཾ་བཛྲ་ཛྭ་ལཱ་ན་ལཱ་རྐ་ཧཱུ~ཾ་ཕཊ། ཨོ~ཾ། ལུས་ངག་ཡིད་གསུམ་འཁོར་ལོ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྣང་མཛད་འཁོར་ལོ་དཔའ་བོ་ཡིན། །སྣང་མཛད་འཁོར་ལོ་རང་གནས་པས། །ཡེ་ཤེས་འཁོར་ལོ་གསོར
213a3 ཞིང་སྤྲོ། །ེ་མའོ་འཁོར་ལོ་ཆེ་མཆོག་གི། །ཉིད་ཀྱི་མཚན་དུ་གསོལ་པ་ནི། །ཅིས་ཀྱང་མི་ཤིགས་མི་ཕྱེད་པས། །ཅིས་ཀྱང་མ་གཡོས་མ་འདྲེས་པས། །བདེ་ཆེན་མཆོག་ཏུ་གྱུར་པས་ན། །ཀུན་ཀྱང་ཕྱག་རྒྱ་བཞི་རྒྱས་གདབ། །རྒྱལ་བ་རྣམས་ཀྱི་ཐུགས་ཉིད་ལས། །
213a4 འཁོར་ལོ་འཆང་རྒྱལ་ཐམས་ཅད་ཀྱི། །རང་གི་རྟགས་སུ་བསྟན་པའི་ཕྱིར། །མི་ཕྱེད་འཁོར་ལོ་འཆང་ཞེས་བྱ། །ཧཱུ~ཾ། ཇི་ལྟར་རྒྱལ་པོ་རང་གི་རྒྱས། །རྒྱལ་པོའི་གཙིགས་ནི་བཏབ་པ་ལྟར། །བདེ་ཆེན་སྙིང་ལ་གནས་པ་དང་། །དབང་ཆེན་དུས་ལ་བརྩོན་པ་ཡིས། །ཐམས
213a5 ཅད་ཀུན་ལ་དེ་ལྟར་འདེབས། །འདའ་དཀའ་ཇི་བཞིན་མི་ཤིགས་པས། །རྒྱལ་པོ་ཕྱག་རྒྱ་མཆོག་གི་གནས། །བདག་ཉིད་ཆེན་པོ་མཚན་མའི་གཟུགས། །ཕྱག་རྒྱ་ཞེས་ནི་བསྒྲགས་པ་ཡིན། །ཉིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ོ~ཾ། འཁོར་ལོ་འཁོར་ལོ་དྲག་ཆེན་དང་། །
213a6 རང་ཉིད་ཆེ་བའི་བདག་ཉིད་དང་། །འདུལ་བའི་ཐབས་ཀྱི་རྒྱལ་པོ་ཡིས། །ཕྱེ་ཞིང་གཞིག་དང་བཅོམ་ལ་སོགས། །དཀྲུགས་ཤིང་ཐལ་བ་རྡུལ་ཕྲན་བཞིན། །ཧཱུ~ཾ། བཙན་ཞིང་འབར་བའི་འཕྲོ་འདུ་འདིས། །ཐམས་ཅད་འཁོར་ལོ་ཉིད་པས་ན། །ནམ་མཁའི་ཁམས་ཀུན
213a7 བཀང་བ་ཡིན། །དེ་ལས་འཁོར་ལོ་གསུང་འབྱུང་བ། །ོ~ཾ་ཙཀྲ་ཛྭ་ལཱ་ན་ལཱ་རྐ་ཧཱུ~ཾ་ཕཊ། །ོ~ཾ། ལུས་ངག་ཡིད་གསུམ་པདྨ་ནི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཏེ། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །པདྨ་སེམས་དཔའ་དཔའ་བོ་ཡིན། །པདྨ་སེམས་དཔར་རང་གནས




iiif viewer powered by OpenSeadragon

212b - 213b

Texts on this page

D834 - gsang ba'i snying po de kho na nyid nges pa