e-texts navigator
Collection
Volume
Page
Wylie

121b1 བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བ་ཐིག་ལེའི་ངོ་བོ་ཉིད། །ཏྲཱ~ཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །གསང་བ་གསང་ཆེན་གསང་མཆོག་ལས། །གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་བརྟག
121b2 པ་ལས། །གཞན་དུ་སྨྲ་བར་བྱ་བ་ཡིན། །གསལ་བའི་འཁོར་ལོ་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ
121b3 གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། །རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་འགྱུར། །ལག་པའི་འཁོར་ལོ་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཧཱུ~ཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །ལས་ཀྱི་དཀྱིལ་འཁོར་གསལ
121b4 སྤྲོ་ཐིམ། །ོ~ཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས། །ལས་རྣམས་མ་ལུས་ཀུན་གྱིས་ཤིག་།ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། །ཧྲཱི་ཡི་ཕྱག་རྒྱའི་ཚོགས་མཆོག
121b5 ལས། །ཚོགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ོ~ཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱོས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པའི་གསང་བསྒྲགས་གཞན་དུ་མིན། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསལ
121b6 བའི་ཐིག་ལེའི་ངོ་བོ་ཉིད། །ཧཱུ~ཾ་ཨོ~ཾ་སྭཱ་ཨ~ཾཿ་ཧཱ་རྣམས་ལས། །དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བ་སྒོམ། །ོ~ཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །སློབ
121b7 དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་རྩོམ་པ་རྣམས། །འབྲས་བུ་མེད་ཅིང་རླག་པར་འགྱུར། །དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །




iiif viewer powered by OpenSeadragon

121a - 122a

Texts on this page

D832 - dpal gsang ba'i snying po de kho na nyid rnam par nges pa