e-texts navigator
Collection
Volume
Page
Wylie

117b1 མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག་།ོ~ཾ་བཛྲ་ས་མ་ཡ་ཧཱུ~ཾ། །ོ~ཾ་བཛྲ་ས་མ་ཡ་སྟྭ~ཾ། ཨོ~ཾ་བཛྲ་ས་མ་ཡ་ཧོཿ། ཛཿ་ཧཱུ~ཾ་པ~ཾ་ཧོཿ། ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྲགས
117b2 སོ། །རབ་ཏུ་གྲགས་སོ། །ཀུན་དུ་གྲགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མེ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་བར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་བདག
117b3 ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ་། །ོ~ཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་མ་ཧཱ་པྲ་ཏྱ་བེ་ཀྵ་ཎཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་མ
117b4 ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་མ་ཧཱ་ཀྲ་ཏྱ་ཨ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་པ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ།
117b5 ཨོ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷ་བ་ཨཱཏྨ་ཀོུ྅ཧ~ཾ། ཨོ~ཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོུ྅ཧ~ཾ། ཞེས་བརྗོད་པས་ཐིམ་པར་གྱུར། གསལ་བར་གྱུར། འབར་བར་གྱུར་ཏོ། །ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་ག
117b6 སུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་དུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག་།རྒྱུད་མཆོག
117b7 སྒྱུ་འཕྲུལ་དྲ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བའང་། །ཐམས་ཅད་པདྨའི་ངང་གྱུར་ན། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་ཡིན། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང




iiif viewer powered by OpenSeadragon

117a - 118a

Texts on this page

D832 - dpal gsang ba'i snying po de kho na nyid rnam par nges pa