| | e-texts navigator
|
312a1 ཕྱུག་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །སྭ་བསྒྲེང་རྩེ་ལ་རིན་ཆེན་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །མ~ཾ
312a2 བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །རིན་ཆེན་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །ོཾ་བསྒྲེང་རྩེ་ལ་པདྨོ་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི
312a3 མདངས་དང་བཅས་པ་ནི། །སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །བ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །པདྨ་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར
312a4 སྙིང་གར་བརྟན། །ཧ~ཾ་བསྒྲེང་རྩེ་ལ་རལ་གྲི་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །དོན་ཡོད་གྲུབ་པའི་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །རྟ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས
312a5 ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །ལས་ཀྱི་དབྱིངས་ཕྱུག་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་ཐུགས་ཀ་ན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་ཀྱིས་ལྟ་བ་ནི། །ལག་ན་རྡོ་རྗེའི་ཕྱག་རྒྱ་ཡིན། །རིན་ཆེན་གར་ཐབས
312a6 བསྐོར་ནས་སུ། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་ཀྱིས་འདུད་པའི་ཚུལ། །གར་གྱི་ཕྱག་རྒྱར་དཔའ་བོས་བཤད། །རྡོ་རྗེ་ཐུགས་ཀར་རིན་ཆེན་འཛིན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་ཀྱིས་ལྟ་བ་ནི། །ས
312a7 ཡི་སྙིང་པོའི་ཕྱག་རྒྱ་ཡིན། །རྡོ་རྗེ་ཁུ་ཚུར་བཅངས་པ་ནི། །དཀུ་ཡི་ཐད་ཀར་འཛིན་པ་དང་། །འཛུམ་པའི་མདངས་ཀྱིས་འདུད་པ་ནི། །སྒེག་མོའི་ཕྱག་རྒྱ་ཡིན་པར་བཤད། །རྡོ་རྗེ་རལ་གྲི་ཐུགས་ཀ་ན། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི
iiif viewer powered by OpenSeadragon
311b - 312b