e-texts navigator
Collection
Volume
Page
Wylie

311b1 རྒྱ་རྣམས། །རང་གི་སྐུ་རུ་རྣམ་བསྒོམས་ནས། །བཅིངས་ཤིང་མཁའ་ལ་རྣམ་བཀྲོལ་ན། །སྡིག་པ་ཀུན་ལས་རྣམ་གྲོལ་ཞིང་། །སངས་རྒྱས་ཉིད་ཀྱང་འཐོབ་འགྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །བདག་ཉིད་ཕྱག་རྒྱ་ཆེར་བསྒོམ་པ། །དབུ་ནི་རྣམ་པར
311b2 སྣང་མཛད་དེ། །ལག་གཡས་རྡོ་རྗེ་སེམས་དཔའི་རྒྱ། །ལག་གཡོན་རིན་ཆེན་འབྱུང་ལྡན་རྒྱ། །རྐང་པ་གཡོན་པ་སྣང་མཐའ་ཡས། །རྐང་གཡས་ལས་ཀྱི་སེམས་དཔའི་རྒྱ། །ཡན་ལག་རིགས་ཀྱི་དཀྱིལ་འཁོར་བས། །བསྒུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་ཡིན། །
311b3 སོར་མོ་རྣམས་ལ་བསྒོམ་བྱ་བ། །གུང་མོ་གཉིས་ལ་ཨོ~ཾ་དང་ལ~ཾ། །འཛུབ་མོ་གཉིས་ལ་ཧཱུ~ཾ་དང་མུ~ཾ། །དབང་མོ་གཉིས་ལ་སྭ་དང་མ~ཾ། །ཆུང་ངུ་གཉིས་ལ་ཨོ~ཾ་དང་བ~ཾ། །སྦོམ་པོ་གཉིས་ལ་ཧཱུ~ཾ་དང་ཏྲ~ཾ། །གཡས་པའི་འབྲུ་གདན་ཉི་མ་སྟེ། །གཡོན་པ་ཟླ་བའི་དཀྱིལ་འཁོར
311b4 རོ། །ོ~ཾ་དང་མུ~ཾ་དུ་རྩེ་སྦྱར་ཏེ། །དེ་བཞིན་ཧཱུ~ཾ་དང་ལ~ཾ་དུ་སྦྱར། །ཧཱུ~ཾ་དང་པ~ཾ་ཡང་དེ་བཞིན་ཏེ། །~ཾ་དང་རྟ~ཾ་དུ་སྦྱར་བ་ལ། །རྒྱབ་སྦྱར་སྭ་དང་མ~ཾ་བསྒྲེང་བ། །འདི་ནི་ཡབ་ཀྱི་སྤྱི་རྒྱ་ཡིན། །ལག་པ་ཐལ་མོ་སྦྱར་བ་ལས། །ོ~ཾ་དང་མུ~ཾ་སྦྱར་ཧཱུ~ཾ་དང་ནི། །ལ~ཾ་སྦྱར་སྭ་དང་པ~ཾ
311b5 དུ་སྦྱར། །ོ~ཾ་དང་མ~ཾ་སྦྱར་ཧ~ཾ་རྟ~ཾ་བསྒྲེང་། །ཡུམ་གྱི་སྤྱི་རྒྱ་ཡིན་པར་བ་ཤད། །རྡོ་རྗེ་ཁུ་ཚུར་སྙིང་གར་བཅངས། །ོ~ཾ་བསྒྲེང་རྩེ་མོར་འཁོར་ལོ་འབར། །རིན་ཆེན་དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །རྣམ་པར་སྣང་མཛད་ཕྱག་རྒྱ་ཡིན། །
311b6 རིན་ཆེན་ཁུ་ཚུར་སྙིང་གར་བཅངས། །ལ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །བདེར་གཤེགས་དབྱིངས་ཕྱུག་མ་ཡི་རྒྱ། །རྡོ་རྗེ་ཁུ་ཚུར་སྙིང་གར་བརྟན། །ཧཱུ~ཾ་བསྒྲེང་རྩེ་ལ་རྡོ་རྗེ་འབར། །རིན་ཆེན
311b7 དྲིལ་གསིལ་ཆོས་ལ་བརྟན། །འཛུམ་པའི་མདངས་དང་བཅས་པ་ནི། །རྡོ་རྗེ་སེམས་མའི་ཕྱག་རྒྱ་ཡིན། །རིན་ཆེན་ཁུ་ཚུར་སྙིང་གར་བརྟན། །མུ~ཾ་བསྒྲེང་རྩེ་ལ་དྲིལ་གསིལ་འབར། །རྡོ་རྗེ་ཐལ་མོ་ལས་ལ་འཁྲིལ། །འཛུམ་པའི་མདངས་དང་བཅས་པ་ནི། །རྡོ་རྗེ་དབྱིངས




iiif viewer powered by OpenSeadragon

311a - 312a

Texts on this page

D830 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo