| | e-texts navigator
|
179a1 ཅི་འབྱོར་པས་མཆོད་པ་བྱས་ལ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཞག་ནས། ནང་པར་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་དྲོ་ཁར་ཁ་ཟས་འོ་མ་དང་སྤགས་ཏེ་ཟོས་ན་ཞག་བདུན་ལོན་ན་ཉིན་གཅིག་ཀྱང་ཤ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། །ཡིད་ཆེས་པའི་རྟགས
179a2 ཡོད་དོ། །ཤ་ལོ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ།། @#། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས
179a3 དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་བ་ཙ་ཀརྞ་ལ་ལ་ཏེ་སྭཱ་ཧཱ། ཆུ་ལ་ལན་བདུན་བཟླས་ཏེ་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དེའི་ཆོ་ག་ལ་འཕགས
179a4 པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་བཞག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་འཐུངས་ལ། དྲོ་ཁར་ཁ་ཟས་འོ་མ་དང་སྤགས་ཏེ་བཟའ་བ་དེ་ལྟ་བུར་ཞག་བདུན་གྱི་བར་དུ་བྱས་ན། ཉིན་གཅིག་ཀྱང་ཡི་གེ་ཤ་ལོ་ཀ་སྟོང་ལོབས་པར་འགྱུར་རོ། །ཤ་ལོ་ཀ་སྟོང
179a5 ལོབས་པའི་གཟུངས་རྫོགས་སོ། ། @#། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ། འཕགས་པ་སྤྱན་རས་གཟིགས་དབང
179a6 ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་མུ་ནི་ཀནྟེ་མུ་ནི་པྲ་བྷ་སྭ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་དཀྱིལ་འཁོར་བྱས་ཏེ། ཤུ་དག་མཐེ་བོང་ཙམ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཟོས་ན་ཐོག་མའི་ཉིན་མོ་ཡི་གེ་ཤ་ལོ
179a7 ཀ་སྟོང་བཀླགས་པ་ཙམ་གྱིས་ལོབས་པར་འགྱུར་རོ། །ཞག་གསུམ་ལོན་པའི་ཉིན་མོ་ཤ་ལོ་ཀ་སུམ་སྟོང་ལོབས་པར་འགྱུར་རོ། །ཞག་བདུན་ལོན་པའི་ཉིན་མོ་ཐོས་པ་འཛིན་པར་འགྱུར་རོ། །ཤ་ལོ་ཀ་སུམ་སྟོང་ལོབས་པའི་གཟུངས་རྫོགས་སོ།། །།
iiif viewer powered by OpenSeadragon
178b - 179b