e-texts navigator
Collection
Volume
Page
Wylie

271b1 པོའམ་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བའི་བདག་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་སྔགས་ཀྱི་ཚིག་ཉི་ཤུ་རྩ་ལྔ་པོ་འདི་རྣམས་སོ། །ོ~ཾ་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཨོ~ཾ་ཀུན་ཏུ
271b2 བཟང་པོའི་སྤྱོད་པ། ཨོ~ཾ་ཡིད་བཞིན་གྱི་ནོར་བུ། ཨོ~ཾ་འགོག་པ་མེད་པ། ཨོ~ཾ་སྐྱེ་བ་བཟློག་པ། ཨོ~ཾ་རྣམ་པར་ཤེས་པ་ཐམས་ཅད། ཨོ~ཾ་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཆེན་པོ། ཨོ~ཾ་བརྩོན་འགྲུས་ཀྱི་གོ་ཆ། ཨོ~ཾ་ཀུན་ཏུ་འགྲོ་བ། ཨོ~ཾ་རྡོ་རྗེ་སྲ་བའི་སེམས་ཧཱུ~ཾ་ཕཊ། ཨོ~ཾ་དེ་བཞིན་གཤེགས
271b3 པ་ཐམས་ཅད། ཨོ~ཾ་ངོ་བོ་ཉིད་རྣམ་པར་དག་པ། ཨོ~ཾ་ཆོས་ཉིད་ཤེས་པ་རྣམ་པར་དག་པ། ཨོ~ཾ་དེ་བཞིན་ལས་རྣམ་པར་སྦྱོང་བ། ཧཱུ~ཾ་ཨོ~ཾ་ངེས་པར་གནོད་མཛེས་རྡོ་རྗེ་ཅན་ཕཊ། ཨོ~ཾ་འདོད་པ་ལ་འདོད་ཆགས་པ། ཨོ~ཾ་སྤོང་བའི་རྡོ་རྗེ་ཅན། ཨོ~ཾ་ཧཱུ~ཾ་ཐམས་ཅད་འདུལ་བ། ཨོ~ཾ་ཧྲཱིཿ། ཨོ~ཾ་ཨ་ཞེས་བྱ
271b4 བའི་སྒོ། ཨོ~ཾ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། །ཱཾ་བ~ཾ་ཧཱུ~ཾ་ཡ། ཨོ~ཾ། ཨོ~ཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་།ོ~ཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྣམ་པར་དག་པ། ཨོ~ཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ཨཿ། ཨོ~ཾ་ཨ། སྡིག་པའི་བཅིངས་པ་ཐམས་ཅད
271b5 ཆོམས་ཤིག་། ངན་སོང་གི་རྒྱུད་ཐམས་ཅད་ལས་ཐར་བར་གྱིས་ཤིག། ཨོ~ཾ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ། ཧཱུ~ཾ་ཏྲཊ། སྡིག་པ་གཞོམ་པའི་ཕྱག་རྒྱ་དང་སྔགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་དམ་པ་རྡོ་རྗེ་འཛིན་ཆེན་པོ་དང་དེ་བཞིན་གཤེགས་པར་འགྱུར་རོ། །ལག་ན
271b6 རྡོ་རྗེ་འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་ཐོས་པར་མི་འགྱུར་རོ། །འདི་ནི་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱིས་མཉན་པའམ། ཡི་གེར་འདྲི་བའམ། ཡི་གེ་འདྲིར་གཞུག་པའམ། བཀླག་པའམ། འཆང་བའམ། བསྒོམ་པའམ། བསྟི་སྟང
271b7 དུ་བྱ་བའམ། རི་མོར་བྱ་བའམ། མཆོད་པར་མི་ནུས་སོ། །གང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་ཆོས་ཀྱི་རྣམ་གྲངས་འདི་ལས་ཐ་ན་ཡི་གེ་འབྲུ་གཅིག་ཙམ་ཐོས་ན་ཡང་སེམས་ཅན་དེ་དག་ནི་གཞན་ན་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ན་མཐའ་དག་རྫོགས




iiif viewer powered by OpenSeadragon

271a - 272a

Texts on this page

D489 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa