| | e-texts navigator
|
176a1 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཕྲག་དོག་རྡོ་རྗེའི་སྔགས་འདི་གསུངས་སོ། །ོཾ་པྲཛྙཱ་དྷྲྀཀ་།དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ས་རྡོ་རྗེའི་སྔགས་འདི་གསུངས་སོ། །ོཾ་ལོ་ཙ་ནཱ་ཧཱུ~ཾ། དེ་ནས་ཡང
176a2 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་ཆུ་རྡོ་རྗེའི་སྔགས་འདི་གསུངས་སོ། །ོཾ་ཨཱ་མ་ཀཱི་ཏྲཱཾ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མེ་རྡོ་རྗེའི་སྔགས་འདི་གསུངས་སོ། །ོཾ་པཎྜ་རི་བཱ་ཧྲཱིཿ། དེ་ནས་ཡང་བཅོམ་ལྡན་འདས་དེ
176a3 བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་རླུང་རྡོ་རྗེའི་སྔགས་འདི་གསུངས་སོ། །ོཾ་ཏ་རཱ་ཨཱཿ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་བདེ་བ་ཆེན་པོ་སྐྱེད་པར་བྱེད་པའི་སྔགས་འདི་གསུངས་སོ། །ོཾ་ལཱ་སྱེ། དེ་ནས་ཡང་བཅོམ་ལྡན་འདས་དེ
176a4 བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པས་ཡོན་ཏན་རྒྱུད་པ་མའི་སྔགས་འདི་གསུངས་སོ། །ོཾ་མཱ་ལེ། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དབྱངས་ཅན་མའི་སྔགས་འདི་གསུངས་སོ། །ོཾ་གཱི་ཏི། དེ་ནས་ཡང་བཅོམ་ལྡན་འདས
176a5 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གར་མའི་སྔགས་འདི་གསུངས་སོ། །ོཾ་ནརྀ་ཏྱེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་མཆོད་པའི་སྔགས་རྣམས་གསུངས་པ་ནི། ཨོཾ་བཛྲ་དྷཱུ་པེ། ཨོཾ་བཛྲ་པུཥྤེ། ཨོཾ་བཛྲ་དཱི་པེ། ཨོཾ་བཛྲ་གནྡྷེ།
176a6 དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་འགུགས་པར་བྱེད་པའི་སྔགས་དང་། དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བཅིངས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགྱེས་པར་བྱེད་པའི་སྔགས་རྣམས་བཅོམ
176a7 ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ་ནི། ཨོཾ་བཛྲ་ཨོཾ་ཀུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤཧཱུ~ཾ། ཨོཾ་བཛྲ་སྥོ་ཊ་བ~ཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿ། བློ་ལྡན་མཁས་པས་ཅི་ནུས་ཀྱིས། །ཐིག་གི་ཐིག་ནི་གདབ་པ་ལ། །ཚད་ལྡན་འཇུར་མདུད་མེད་པ་དང་། །གཤེར
iiif viewer powered by OpenSeadragon
175b - 176b