e-texts navigator
Collection
Volume
Page
Wylie

292b1 ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི་གླིང
292b2 འདི་ནི་ཆུ་དང་ཞེང་དུ་དཔག་ཚད་བདུན་སྟོང་ཡོད་ཅིང་། བྱང་ཕྱོགས་སུ་ནི་ཡངས་ལ། ལྷོ་ཕྱོགས་སུ་ཤིང་རྟའི་དབྱིབས་ཡིན་ནོ། །དེ་ནི་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང་ཞིག་ཡོད་ཅེས་བགྲང་བ་དང་།
292b3 ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ
292b4 བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །གནས་འཇོག་གི་རྒྱུད་དག་འཛམ་བུའི
292b5 གླིང་ལྟ་ཞོག་གི་། གནས་འཇོག་གི་རྒྱུད་དག་ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཆུ་དང་རྒྱར་དཔག་ཚད་བརྒྱད་སྟོང་ཡོད་ཅིང་། ཟླ་གམ་དུ་གནས་པ་ཡོད་དེ། དེ་ལ་ཡང་གོམ་པ་འདི་སྙེད་ཅིག་ཡོད་དོ་ཞེའམ། གོམ་པ་བརྒྱའམ། གོམ་པ་སྟོང་ངམ། གོམ་པ་བརྒྱ་སྟོང
292b6 ཞིག་ཡོད་དོ་ཞེས་བགྲང་བ་དང་། ཚད་གཟུང་བར་ནུས་ཀྱི། གནས་འཇོག་གི་རྒྱུད་དག་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས
292b7 པ་མི་ཟད་པ་ཡང་ཐོབ་པར་བྱེད་དོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་བགྲང་བ་དང་། ཚད་གཟུང་བར་མི་ནུས་ཏེ། འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པ




iiif viewer powered by OpenSeadragon

292a - 293a

Texts on this page

D295 - 'phags pa rdo 'phangs pa'i mdo