e-texts navigator
Collection
Volume
Page
Wylie

288b1 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ
288b2 དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
288b3 པའི་སངས་རྒྱས་དག་ནི་སྟོབས་བཞི་པ་དེ་དང་ལྡན་པ་དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན
288b4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
288b5 པར་རྫོགས་པའི་སངས་རྒྱས་རྣམས་ནི་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་གི་མོས་པ་སྣ་ཚོགས་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་སྟོབས་ལྔ་པ་དེ་དང་ལྡན་པ
288b6 དག་ཡིན་ཞིང་། ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་སྟེ། ཚངས་པའི་འཁོར་ལོ་རབ་ཏུ་སྐོར་ཞིང་འཁོར་གྱི་ནང་དུ་ཡང་དག་པར་སེང་གེའི་སྒྲ་སྒྲོགས་པར་མཛད་དོ། །གནས་འཇོག་གི་རྒྱུད་དག་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
288b7 རྣམས་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། གནས་འཇོག་གི་རྒྱུད་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཁམས་སྣ་ཚོགས་པ་ཁམས་དུ་མ་དང་ལྡན་པའི་འཇིག་རྟེན་ཡང




iiif viewer powered by OpenSeadragon

288a - 289a

Texts on this page

D295 - 'phags pa rdo 'phangs pa'i mdo