e-texts navigator
Collection
Volume
Page
Wylie

166a1 གི་ཕྱིར་ཡང་ཅིའི་ཕྱིར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་བརྩོན་འགྲུས་ཉམས་པར་བྱ་སྙམ་མོ། །ལག་གཞན་ཡང་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་ཏེ། སངས་རྒྱས་སྟོན་པའོ། །ཞེས་སྟོན་ན་སངས་རྒྱས་ཀྱི་གསུངས་པའམ།
166a2 ཉན་ཐོས་ཀྱིས་བཤད་པའམ། བྱང་ཆུབ་སེམས་དཔས་བཤད་པའམ། ཐ་ན་སྨྱོན་པ་རྣམས་ཀྱིས་བཤད་པའི་ཆོས་གང་ཡིན་པ་དག་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ
166a3 ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ཐོབ་པར་འགྱུར་བ་དང་། རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བའི་ཆོས་གང་ཡིན་པ་དེ
166a4 དག་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་རྟག་པར་རྒྱུན་ཏུ་ཉན་ཏོ། །ངེས་པར་བྱེད་དོ། །རྟོག་གོ་།མཁས་པ་ལེ་ལོ་མེད་པ་ནི་རུ་ཤིང་བཞིན་དུ་བྱེད་ཅིང་ཡིད་ལ་བྱེད་པས་མདུང་ཐུང་དག་གིས་བཟློག་ཀྱང་དེ་མགོ་དང་གོས་ལ་མེ་འབར་བ་བཞིན་དུ་རྟག་པར་རྒྱུན་ཏུ་ཆོས་དེ་དག་འཛིན་ཏོ། །
166a5 ཡོངས་སུ་ཤེས་པར་བྱེད་དོ། །འཆད་དོ། །ཀློག་གོ་།རྗེས་སུ་སེམས་སོ། །གཞན་དག་ལ་སྟོན་ཏོ། །གོ་བར་བྱེད་དོ། །མཁས་པ་ལེ་ལོ་མེད་པ་ནི་རུ་ཤིང་བཞིན་དུ་བྱེད་ཅིང་ཡིད་ལ་བྱེད་པས་མདུང་ཐུང་དག་གིས་བཟློག་ཀྱང་རུང་། དེ་བཅོལ་ཀྱང་རུང་། མ་བཅོལ་ཡང་རུང་། སེམས
166a6 ཅན་ཐམས་ཅད་ཀྱི་དོན་དང་། ཅི་བྱ་བ་ཆོས་ཅན་ཆོས་དང་ལྡན་པ། འཇིག་རྟེན་འདི་ལ་བདེ་བའམ། འཇིག་རྟེན་ཕ་རོལ་ཏུ་བདེ་བ་དག་ལ་རང་གི་ལུས་ཉེ་བར་སྤྱོད་པ་དང་། ཡོ་བྱད་དུ་གྱུར་པར་བྱེད་དོ། །འདི་ལྟ་སྟེ། དཔེར་ན་འབྱུང་བ་ཆེན་པོ་བསྒྲིབས་པ་མེད་པ། ཡོངས་སུ་གཟུང་བ་མེད་པ་བཞི
166a7 པོ་འདི་དག་ནི་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོ་བྱད་དུ་གྱུར་པ་རྣམས་ཡིན་ནོ། །ལག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་སྤྱད་པ་དང་། ཡོ་བྱད་དུ་གྱུར་པར་བྱེད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན




iiif viewer powered by OpenSeadragon

165b - 166b

Texts on this page

D70 - 'phags pa lag bzangs kyis zhus pa zhes bya ba theg pa chen po'i mdo