Wylie | e-texts based on the ACIP/ALL ![]() ![]() |
@##། །རྒྱ་གར་སྐད་དུ། ཀྴུ་ཀྴུ་སེ་རི་ཀུནྡ་རི་སཱ་དྷ་ནཾ། བོད་སྐད་དུ། ཀྴུ་ཀྴུ་སེ་རི་ཀུནྡའི་སྒྲུབ་ཐབས། ན་མོ་པི་ཤཱ་ནི་ཀྴ་ཀྴ་སེ་རི་ཀུནྡ་རི་སྭཱ་ཧཱ། ཞེས་སོ། །དུར་ཁྲོད་ཀྱི་སོལ་བས་ཁང་པའི་ཤར་ཕྱོགས་ཀྱི་རྩེག་པ་ལ་འདྲེ་མོའི་གཟུགས་བྲིས་ཏེ། དེའི་ནང་མེ་མི་གཏང་བར་བྱས་ཏེ་ཉི་མ་རྒས་པ་དང་གཟུགས་དེའི་མདུན་དུ་འདུག་སྟེ། དེའི་མགོ་ལ་ལག་པ་བཞག་ལ་བརྒྱད་ཀྱིས་ལྷག་བའི་སྟོང་ཕྲག་གཅིག་བཟླས་ནས། དེའི་དྲུང་དུ་ཉལ་བས་ཞག་དང་པོ་ལ་དུར་ཁྲོད་ཀྱི་དྲི་སྣོམ་པར་འགྱུར་རོ། །གཉིས་པ་ལ་ཨ་ག་རུ་ལ་སོགས་པ་བདུག་སྤོས་ཀྱི་དྲི་སྣོམ་པར་འགྱུར་རོ། །གསུམ་པ་ལ་ལུས་ལ་རེག་བྱ་འཇམ་པ་སྐྱེད་པ་བྱེད་དོ། དེ་ལ་མི་འགུལ་བར་ཤིང་སྡོང་ལྟར་བསྡད་དེ་དེ་རང་ནུ་མོ་ནས་འགྲུབ་པར་འགྱུར་བས། འགྲོན་བུ་བ་ནི་བརྒྱད་སྟེར་རོ། །ཀྴུ་ཀྴུ་སེ་རི་ཀུནྡའི་སྒྲུབ་ཐབས་རྫོགས་སོ།།[་]@##། །རྒྱ་གར་སྐད་དུ། པི་ཤཱ་ཙེ་ཀརྞ་གྲྀ་ཧ་སྭཱ་དྷ་ནཾ།
CLOSE WINDOW