Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨརྱ་ན་ཨོཾ་ཀྵ་ར་ཀ་ར་དད་བཻ་རོ་ཙ་ན་གརྦྷ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོ་མདོ། ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ། པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོ་རི་ལ། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ།། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་ཀྱང་། རྒྱ་ཆེན་པོ་ཤེས་པ། ཐབས་ལ་ཁས་པ། གསལ་བ་ལེ་ལོ་མེད་པ། ཡི་གེ་སྒྲུབ་པ་ལ་མཁས་པ། གནས་དང་གནས་མ་ཡིན་པ་ཁོང་དུ་ཆུད་པར་བྱེད་པ་རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་འདུལ་བའི་མྱུ་གུ་དང་ལྡན་པ། ངོ་ཚ་ཤེས་པ་ཡན་ལག་དང་ལྡན་པ། སྙིང་རྗེའི་བདག་ཅན། སེམས་ཅན་ལ་མཉེས་གཤིན་པ། ཏིང་ངེ་འཛིན་མང་པོ་དང་ལྡན་པ། ཤེས་རབ་ཀྱིས་ལག་པ་དང་ལྡན་པ། བླ་མ་ལ་སྲི་ཞུ་ཆེ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་སྙིང་དང་མཚུངས་པ། དགེ་བ་དང་མི་དགེ་བ་ཤེས་པ། གཡོ་ཁོང་དུ་ཆུད་པར་བྱེད་པ། ངེས་པའི་ཚིག་དང་། སྤོབས་པ་ཟད་མི་ཤེས་པ་དང་། ཟུང་ཁོང་དུ་ཆུད་པ་བྱེད་པ། རྣམ་པར་རྒྱལ་བ་ཐོབ་པ། སེམས་ཅན་ཐམས་ཅད་ལ་ཁོང་དུ་ཆུད་པར་བྱེད་པ་ཡང་དག་པའི་མཐའ་ལས་བྱུང་ཞིང་བསྟན་པ། ཤིན་ཏུ་དཔའ་བ། གནས་པ་མེད་པ། ཆོས་བླ་མའི་རང་བཞིན་ལ་ངེས་པ། རང་བཞིན་མེད་པའི་ཁྱད་པར་སེམས་དཔའ། སྙིང་པོ་ལ་དཔའ་བ། སྐྱེ་བ་ལ་སྨོད་པའི་སྐྱེས་བུ། ཆོས་ཁོང་དུ་ཆུད་པར་བྱེད་པ། མཚན་གྱི་གཞི་ཤེས་པ། ཡུལ་འཁོར་སྲུང་བ། ཡུལ་འཁོར་སྐྱོང་བ། སྒྲ་གྲགས་པ་རྒྱལ་བའི་སྒྲ་དང་ལྡན་པ། རྣམ་པར་རྒྱལ་བའི་མཛོད་དང་ལྡན་པ། ཡི་གེ་མེད་པའི་སྙིང་པོ་དང་ལྡན་པ། ཤིན་ཏུ་གཉིད་ཀྱིས་མ་ལོག་པ། ཡེ་ཤེས་ཀྱི་ཕུང་པོ་ལ་གཞོལ་བ། རང་གི་ལས་ལ་མངོན་པར་དགའ་བ་རང་གི་རིགས་སྟེན་པ། ཀུན་ཏུ་བཟང་བ། མཉམ་པ་ཉིད་ལ་དགའ་བ། རྣམ་པར་དག་པ། རང་གི་རྒྱུད་དང་། ཕ་རོལ་གྱི་རྒྱུད་རྣམ་པར་སྦྱོང་བར་བྱེད་པ། རྣམ་པར་རྒྱལ་བ་ཐོབ་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་རྒྱལ་བའི་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྒྲོགས་པ་དང་། བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་རྒྱལ་བའི་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྤྲུལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་གི་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ནོ་ཁྱད་པར་སེམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་འཛིན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྒྲ་དབྱངས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པ་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་བརྩེགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་འདབ་མའི་མིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨའི་གདོང་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ན་ནུར་བུ་དང་ཐབས་ཅིག་གོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྲངས་པ་ལས་འདས་པ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ལྷན་ཅིག། སྤྱན་རས་གཟིགས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྒྱལ་ཚབ་ཏུ་གྱུར་པ་གངྒཱའི་བྱེ་མ་སྙེད་དག་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ནི། བརྒྱ་བྱིན་དུ་མ་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། རྒྱལ་པོ་ཆེན་པོ་བཞི་ནི། འཁོར་ལོས་སྒྱུར་བ་དུ་མ་དག་དག་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ནི་ཚངས་པ་དུ་མ་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ནི། འཁོར་རྣམས་ཐོས་ཀྱི་བུ་དུ་མ་དག་དང་། ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མའི་རྒྱལ་པོ་ནི་འཇིག་རྟེན་སྐྱོང་བ་ལྷག་མ་རྣམས་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་གཉིས་འཇོམ་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི། དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཆ་བྱད་འཛིན་པ་དུ་མ་དང་ལྡན་ཅིག། ཤཱ་ར་དྭ་ཏིའི་བུ་དང་། མོའུ་འགལ་གྱི་བུ་དང་། འོད་སྲུངས་ཆེན་པོ་ལ་སོགས་པ་དགྲ་བཅོམ་པ་ཐམས་ཅད་དང་ཡང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་མ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ནི་ལྷའི་བུ་མོ་སྟོང་ཕྲག་དུ་མ་དག་དང་ལྷན་ཅིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་ཡང་དག་བྱུང་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། ཟླ་བ་དང་ཉི་མ་རང་གི་གཟི་བརྗིད་སྙེམས་པ་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། གང་གི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་པ་དེའི་ཚེ་འཛམ་བུའི་ཆུ་བོའི་གསེར་མདུན་དུ་སྣག་ཚའི་ཡུག་བཞག་པ་དེ་བཞིན་དུ། ཟླ་བ་དང་ཉི་མ་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ན་ཕྱིར་ཞིང་མི་མཛེས། ཕྱིར་ཞང་མི་འབར། ཕྱིར་ཞིང་ལྷམ་མེ་མ་ཡིན། ཕྱིར་ཞང་ལྷན་ནེ་མ་ཡིན། ཕྱིར་ཞིང་ལྷུང་ངེ་མ་ཡིན་ནོ།། སྲིད་མེད་ཀྱི་བུ་ལ་སོགས་པ་ལྷའི་ཚོགས་ཇི་སྙེད་པ་དང་། ཀླུའི་རྒྱལ་པོ་ཆུ་ལྷ་དང་། འཇོག་པོ་དང་། མ་དྲོས་པ་ལ་སོགས་པ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་དང་། དྲི་ཟའི་བདག་པོ་ཤིན་ཏུ་ཡིད་དུ་འོང་ནི། དྲི་ཟ་བྱེ་བ་ཕྲག་དུ་མ་དང་ལྷན་ཅིག། ནམ་མཁའ་ལྡིང་གི་རྒྱལ་པོ་དྲི་མ་མེད་པ་ཆེན་པོ་ནི། ནམ་མཁའ་ལྡིང་བྱེ་བ་ཕྲག་བདུན་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། བྱང་ཆུབ་སེམས་དཔའ་ཇི་སྙེད་འཁོད་པ་དེ་དག་རང་རང་གི་དེ་བཞིན་གཤེགས་པ་ལས་གནང་བ་མནོས་ཏེ། འཁོར་བཞི་དག་དང་ལྷན་ཅིག་དོང་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་ཡང་། འཇིག་རྟེན་ལས་འདས་པའི་མཆོད་པ་བྱས་ནས་རང་རང་གི་པདྨའི་སྟན་ལ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་བདག་བཅོམ་ལྡན་འདས་ཀྱིས་གནང་ན། བཅོམ་ལྡན་འདས་ལ་ཡི་གེ་གཉིས་ཤིག་ཞུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནང་གིས་ཁྱད་པར་སེམས་ཁྱོད་ཅི་བསམས་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག། དེ་བཞིན་གཤེགས་པ་ནི་སེམས་ཅན་གཅིག་གི་དོན་གྱི་ཕྱིར་འདིར་བྱུང་བ་མ་ཡིན་གྱིས་ང་ནི་ཁྱེད་ཀྱི་དོན་གྱི་ཕྱིར་འདིར་འབྱུང་ངོ་། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སྤང་བར་འགྱི་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་གང་བསྲུངས་ན། བསླབ་པའི་གཞི་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་བའི་ཆོས་གཅིག་པོ་དེ་གང་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་དེ་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་ཁྱད་པར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་དེ་སྐད་ཅེས་སྨྲ་བ་ནི་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་དེ་བཞིན། གཤེགས་པའི་བྱིན་གྱི་རླབས་ཀྱིས། སྤོབས་པ་འདི་ལྟ་བུ་བྱུང་ངོ་།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་བྱིན་གྱི་བརླབས་མ་མཛད་ན། དེ་བཞིན་གཤེགས་པ་ལ་ཞུ་བ་འདི་ལྟ་བུ་ཞུ་བ་མི་འགྱུར་རོ།། ཁྱད་པར་སེམས་དེའི་ཕྱིར་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཁྱད་པར་སེམས་ཀྱི་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ན་བཀའ་སྩལ་ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཆོས་གཅིག་གྲང་སྤང་བར་བྱ་བའི་ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་ཀྱི་ཆོས་ཏེ། རིགས་ཀྱི་བུ་འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ།། ཡང་སྤང་བར་བྱ་བའི་ཆོས་གཅིག་ཏེ། འདི་ལྟར་ཞེ་སྡང་གི་ཆོས་ཏེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། ཡང་སྤང་བར་བྱ་བའི་ཆོས་གཅིག་ཏེ། འདི་ལྟར་གཏི་མུག་གི་ཆོས་ཏེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་བདག་དུ་འཛིན་པ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་ལེ་ལོ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟ་རྨུགས་པ་དང་། གཉིད་དེ་འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ།། ཡང་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་སྲིད་པ་སྟེ། འདི་ནི་སྤང་བར་བྱ་བའི་ཆོས་གཅིག་གོ། རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔས་སྤང་བར་བྱ་བའི་ཆོས་གཅིག་སྟེ། འདི་ལྟར་མ་རིག་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔས་སྤང་བར་བྱ་བའི་ཆོས་གཅིག་གོ། རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའ་རྟག་པར་རྒྱུན་ཏུ་མངོན་པར་བསྲུང་བར་བྱ་བའི་ཆོས་གཅིག་པོ་དེ་གང་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་བདག་མི་འདོད་པ་དེ་གཞན་དག་ལ་མི་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་ཆོས་གཅིག་པོ་དེ་བསྲུངས་ན། དེས་དེ་བཞིན་གཤེགས་པའི་སླབ་པའི་བཞི་ཐམས་ཅད་བསྲུངས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་དག་གི་སྲོག་ཕབས་པབར་འཛིན་པ་དེ་སྲོག་མི་གཅོད་དོ། ། གང་དག་གི་ནོར་ཕངས་པར་འཛིན་པ་དེ་མ་བྱིན་མི་ལེན་ཏོ།། གང་དག་གི་ཆུང་མ་ཕངས་པར་འཛིན་པ་དེ་གཞན་གྱི་ཆུང་མའི་གན་དུ་མི་འགྲོའོ།། རིགས་ཀྱི་བུ་དེ་ལ་སོགས་ཏེ། གང་ལ་ལ་ཞིག་འདི་སྙམ་དུ་དེ་བཞིན་གཤེགས་པའི་བཀའ་བཞིན་དུ་བྱའོ་སྙམས་དུ་སེམས་པ་དེས། ཆོས་གཅིག་པོ་འདི་བསྲུངས་པར་བྱའོ་ཞེས་བཤད་དོ།། དེ་ཅིའི་ཕྱིར་ཞེ་ན་རིགས་ཀྱི་བུ་གང་ལ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ལ་དེ་ཐམས་ཅད་ནི་རང་གི་བདེ་བའི་རྒྱུར་དོན་དུ་ཉེར་གྱི། སུ་ཡང་བདག་སྡུག་བསྔལ་བ་མི་འདོད། ། འགྲོ་བ་ནི་བདེ་བ་འདོད་ཅེས་བྱ་བའི་ཐ་ཚིགས་གོ། གང་ཁྱེད་ཅག་མི་འདོད་པ་དེ་གཞན་དག་ལ་མ་བྱེད་ཅིག་ཅེས་ང་སྨྲའོ།། རིགས་ཀྱི་བུ་འདི་ནི་གང་བྱང་ཆུབ་སེམས་པས་རྟག་པར་རྒྱན་ཏུ་མངོན་པར་བསྲུངས་པར་བྱ་བའི་ཆོས་གཅིག་གོ། རིགས་ཀྱི་བུ་གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་དེ་གང་ཡིན་ཞེས་དེ་སྐད་ཟེར་བ་ནི། རིགས་ཀྱི་བུ་གང་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་གཅིག་པོ་གང་ཡང་མེད་དོ། ། རིགས་ཀྱི་བུ་གང་ལ་ཆོས་གང་ཡང་རྟོགས་པ་མེད་པ་དེ། དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་སངས་རྒྱས་པའོ། ། རིགས་ཀྱིས་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་སྐྱེས་པར་ཐུགས་སུ་ཆུད་དོ།། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་འགག་པ་མེད་པར་ཐུགས་སུ་ཆུད་དོ། ། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཐའ་གཉིས་ལས་གྲོལ་བར་ཐུགས་སུ་ཆུད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་བྱུང་བར་ཐུག་སུ་ཆུད་དོ། ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ལས་བདག་གིར་བྱ་བར་ཐུགས་སུ་ཆུད་དོ།། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པར་ཐུག་སུ་ཆུད་དོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་ནི་གློག་དང་འདྲ་བར་ཐུགས་སུ་ཆུད་དོ། ། དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་མེད་པར་ལས་སྐྱེ་བ་མེད་པར་ཐུགས་སུ་ཆུད་དོ།། དེ་ལྟར་དེ་བཞིན་གཤེགས་པས་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཉིད་ཐུགས་སུ་ཆུད་དོ། ། ཅིའི་ཕྱིར་ཡོངས་སུ་རྟོགས་པ་པ་དག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་ཞེ་ན། རིགས་ཀྱི་བུ་འཇིག་རྟེན་པ་དང་། འཛི།། ། རྟེན་ལས་འདས་པའི་ཡེ་ཤེས་ལ་སོགས་པ་གང་དག་ཅི་འབྱུང་བའི་མངལ་དེ་ཡིན་པའི་ཕྱིར་རོ།། གང་གི་ཚེ་ཡེ་ཤེས་དེའི་རང་བཞིན་ལ་ཡོངས་སུ་རྟོག་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ། ཕྱིན་པ་ནི་མངལ་དུ་ཆུད་པ་ཡིན་ཏེ། དེའི་ཚེ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་མིང་ཐོབ་བོ།། རིགས་ཀྱི་བུ་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་འདྲ་བར་ཐུགས་སུ་ཆུད་དོ། ། དེ་བཞིན་གཤེགས་པས་རང་བཞིན་གྱིས་རྣམ་པར་གྲོལ་བའི་རང་གི་ཆོས་ཉིད་ཐུགས་སུ་ཆུད་དོ།། རྣམ་པར་གྲོལ་བ་གང་ཡིན་པ་དེ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཉིད་དོ། ། རིགས་ཀྱི་བུ་ཡང་དེ་བཞི་གཤེགས་པས་ཆོས་ཐམས་ཅད་ཀྱི་སྒོ་གཅིག་ཐུགས་སུ་ཆུད་དོ།། རིགས་ཀྱི་བུ་གང་ལ་འགྲོ་བ་མེད་པ་དང་། འོང་བ་མེད་པ་དང་། རྒྱུ་མེད་པ་དང་། རྐྱེན་མེད་པ་དང་། འཆི་འཕོ་མེད་པ་དང་། སྐྱེ་བ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། འགྲིབ་པ་མེད་པ་དང་། འཕེལ་བ་མེད་པ་དང་། རིགས་ཀྱི་བུ་གང་རང་བཞིན་མེད་དེ། གང་ལ་དཔེ་བྱ་བར་མི་ནུས་པ་དང་། གང་ཡི་གེ་དང་ངེས་པའི་ཚིག་གིས་བརྗོད་པར་མི་ནུས་པའི་ཆོས་ཀྱི་སྒོ་གཅིག་པོ་དེ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་དོ། ། བཀོད་པའི་རྒྱལ་པོ་བསྟན་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་མིག་ལ་རྡུལ་ཕྲ་རབ་ཇི་སྙེད་སྣང་བར་འགྱུར་བ་དེ་སྙེད་ཀྱི་སེམས་ཅན་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། དེ་སྙེད་ཅིག་གིས་དགྲ་བཅོམ་པ་ཉིད་མངོན་དུ་བྱས་སོ། ། དེ་བས་ཆེས་མང་བའི་སེམས་ཅན་ངག་སེམས་ཅན་མྱལ་བ་ནས་ཤི་འཕྲོས་ནས། ལྷ་དང་མིར་སྐྱེས་སོ།། བྱང་ཆུབ་སེམས་དཔའ་དུ་མ་ནི་ས་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་དུམ་ནི་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་གྱུར་ཏོ། ། མང་དུ་ཅི་དགོས་ཏེ། གཏམ་འདི་ནི་སུ་ལ་ཡང་དོན་མེད་པར་མ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་བཀའ་སྩལ་པ། སྒྲ་གཅན་ཟིན་ཁྱོད་ངའི་ཆོས་ཀྱི་ཚུལ་འདི་གཟུང་བར་སྨོས་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་འཁོར་དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་འདི་བདག་ཅག་གིས་གཟུང་བར་བགྱིའོ། ། སླད་མའི་ཚེ་སླད་མའི་དུས་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་འཚལ་བར་བགྱིས་ལ། འཇིག་རྟེན་གྱི་ཁམས་མི་མཇེད་དུ་ཡང་དག་པར་བཤད་པར་བགྱིའོ།། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་གང་དག་འདི་ལྟ་བུའི་ཆོས་ཆོས་ཀྱི་སྣོད་གྱུར་པར་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་གཟིགས་ནས་བཀའ་སྩལ་པ། གྲོགས་པོ་དག་ཤིན་ཏུ་རྒྱས་པ། བསྡུས་པ། ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་ནི། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པར་མི་འགྱུར།། དེ་ཅིའི་ཕྱིར་ཞེ་ན། ང་ལ་སྐྱེས་བུ་དམ་པ་དེ་དག་གིས། བཀུར་སྟི་བྱས། བླ་མར་བྱས། རི་མོར་བྱ། བཙུན་པར་བྱས་པའི་ཕྱིར་རོ།། རིགས་ཀྱི་བུ་དེ་དག་ནི། ངའི་བྱང་ཆུབ་ཕྲག་པ་ལ་ཐོགས་པར་གྱུར་རོ།། དེ་དག་གི་སྤོབས་པ་ཕུན་སུམ་ཚོགས་པ་རྒྱུན་མི་འཆད་པར་འགྱུར་རོ། ། དེ་དག་གསངས་རྒྱས་ཀྱི་ཞིང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་། ། བྱང་ཆུབ་སེམས་པའི་ཚོགས་ཀྱིས་མདུན་གྱིས་བལྟས་ནས། མདུན་ན་བཞུགས་པར་འགྱུར་ཏེ།། མཐོང་བར་འགྱུར་རོ།། ང་ཡང་བྱང་ཆུབ་སེམས་དཔའ་འདི་དག་ཉིད་དང་ཐབས་ཅིག་ཏུ་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པར་མཐོང་བར་འགྱུར་རོ། ། རིགས་ཀྱི་བུ་དེ་དག་གི་ཆོས་ཀྱི་མཛོད་མི་ཟད་པར་འགྱུར་རོ།། དེ་དག་ཚེ་རབས་དྲན་པར་འགྱུར་རོ། ། ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ།། རིགས་ཀྱི་བུ་ང་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཚིག་འདི་སྨྲ་སྟེ། རིགས་ཀྱི་བུ་དག་གལ་ཏེ་མཚམས་མེད་པ་ལྔ་བྱེད་པར་གྱུར་ལ། ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་བཏགས་སམ། ཡི་གེར་འདྲི་འམ། ཀློག་གམ། ཀུན་ཆུབ་པར་བྱེད་ན། དེ་ནི་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བ་ངས་མ་མཐོང་ངོ་།། བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་མིག་ལྔ་ཐོབ་པར་འགྱུར་རོ། ། དབང་པོ་ཉམས་པར་མི་འགྱུར་རོ།། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ངོ་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་ངོ་། ། དེའི་ལས་ཚད་མེད་པ་རྣམ་པར་དག་པར་འགྱུར་རོ།། རིགས་ཀྱི་བུ་ཚིག་འདི་ནི་ཐ་མར་སྨྲ་སྟེ། དེ་མངོན་པར་རྫོགས་པར་སངས་རྒྱས་པར་ངས་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཁྱད་པར་སེམས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་ལྷའི་བུ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཡི་གེ་མེད་པའི་ཟ་མ་ཏོག་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། རྒྱ་གར་སྐད་དུ། ཨཱརྱ་བནྡྷ་ཤྲིའི་ཀུ་མེ+ེ་ཏ་རིབ་རྟན་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོ་སད་དུ།
CLOSE WINDOW