CLOSE WINDOW

S86: འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

འཕགས་བརྟེན་ཅིང་འབྲེལ་བ.རའབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་བོ་དྷི་སད་ཏྲ་ཙཱཪྻ་ནི་དེ་ཤན་ནཱ་མ་མཧཱ་ཡཱ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན། ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་སྟོང་ཐམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ།། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ།། བྱ་བ་བྱས་པ། བྱེད་པ་བྱེད་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་བའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ། སྤྱོད་ལམ་ཞི་བ་དང་། དུལ་བ་དང་། རྣམ་པར་གྲོལ་བ་དང་། མ་བརྟགས་པ་དང་། ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་གང་ཟག་གཅིག་ནི་མ་གཏོགས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཉམས་སུ་ལེན་པར་བཀའ་སྩལ་ཏེ། ཚེ་འདི་ཉིད་ལ་ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྟོང་ཐམ་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། ཐམས་ཅད་ཀྱང་གཟུངས་ཐོབ་པ། ཐམས་ཅད་ཀྱང་མཉམ་པ་ཉིད་ཀྱི་བཟོད་པ་དང་ལྡན་པ། ཐམས་ཅད་ཀྱ་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི་ས་ཐོབ་པ། མཁས་པ་དྲང་པོ་དད་པ་དང་ལྡན་པ། རྟོག་པ་མང་བ། དང་བ། གཙོ་བོར་བྱེད་པ། བཞིན་འཛུམ་པ། ཁྲོ་གཉེར་མེད་པ། གཡོ་མེད་པ་གྲུབ་པ་དང་ལྡན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པ། ཆོས་བསྟན་པས་ཡོངས་སུ་མི་སྐྱོ་བ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་སྐྱེས་པ། ཡོངས་སུ་སྨིན་པར་བྱེད་པ། ལྡེམ་པོ་དག་ལ་ཕྱིན་ཅི་མ་ལོག་པའི་བཟོད་པ་དང་ལྡན་པ། ཡུལ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་ས་དང་ལྡན་པ། དུས་ཤེས་པ། ཚོད་ཤེས་པ། སྐབས་ཤེས་པ། རན་པ་ཤེས་པ། རྒོད་པ་མེད་པ། ཁེངས་པ་མེད་པ། སྤྱོད་ལམ་ཐ་མལ་པ། ཕུན་སུམ་ཚོགས་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཁས་པ་འབྱུང་བ་དང་། འཇིག་པ་ཡོངས་སུ་སྤངས་པ་སྨོན་པ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། འཁོར་བ་ལ་ཡུན་རིང་དུ་སྤྱོད་པ་ལ་བཞུགས་པ། མཚན་མ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། སྤྲོས་པའི་རྣམ་པ་ཐམས་ཅད་ཀྱི་མཚན་མ་ལེགས་པར་བཟུང་བ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ། འདུ་ཤེས་ཐམས་ཅད་དང་འབྲལ་བ། ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞག་པ་ལ་མཁས་པ། ཆོས་བསྟན་པ་ཡང་དག་པབཔར་དབྱེ་བར་འཇུག་པར་བྱེད་པ། རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་ཉེ་བར་ཞི་བའི་བསྔགས་པ་བརྗོད་པར། བྱང་ཆུབ་སེམས་དཔའ་ཡང་དག་པར་སློང་བ། སྤྱོད་པ་ཇི་ལྟ་བ་བཞིན་དུ་ཞེས་འགྲས་བ་མེད་པར་སྟོན་པ་ཤ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤོབས་པ་རྩེགས་པ་དང་།། ལག་ན་རིན་ཆེན་ལྡན་དང་། སྤོས་འོད་དང་། མཐའ་ཡས་སྣང་བློ་གྲོས་དང་། ངན་སོང་སྤོང་དང་། དོན་གྲུབ་སེམས་དཔའ་དང་། ཡོན་ཏན་རྒྱལ་པོ་སྣང་དང་། མྱ་ངན་གྱི་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་དང་། མི་མཉམ་པ་ཐམས་ཅད་སྟོན་པ་དང་། དེའི་རང་བཞིན་དུ་མི་གནས་པ་དང་། བློ་མཐའ་ཡས་དང་། བརྩོན་འགྲུས་དང་། རྩལ་བརྟན་པོར་སེམས་པ་དང་། རིན་ཆེན་འབྱུང་གནས་དང་། བཀོད་པའི་རྒྱལ་པོ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། འཁྲུལ་པ་མེད་པའི་མཐུ་རྩལ་དང་། ཁྱད་པར་བློ་གྲོས་དང་། ཀུན་ནས་མཛེས་དང་། སྒྲིབ་མེད་སྟོན་དང་། རྣམ་པར་རྩེ་དང་། གསེར་མཆོག་འོད་དཔལ་དང་ཆོས་ཐམས་ཅད་ལ་རྟག་ཏུ་ལྟ་བའི་བློ་ལྡན་དང་། སྤོས་དྲི་མྱུར་སྤྱན་མེ་ཏོག་ཀུན་ཏུ་རྒྱས་དང་། གཙོ་བོ་རྩེགས་དང་། མྱ་ངན་མེད་པའི་དཔལ་དང་། ལྷུན་པོའི་ལྟོ་དང་། སྤྱན་རས་གཟིགས་དབང་ཕྱག་དང་། སྤོས་ཀྱི་དབང་ཕྱུག་རྒྱལ་པོ་དང་། མཆོག་དགའ་བའི་རྒྱལོ་དང་། བློ་མཐའ་ཡས་བསྒྲུབ་པ་དང་། དམ་པའི་ཆོས་ཐམས་ཅད་མི་བརྗེད་པར་གནས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་ལྟར་སྒྲ་མངོན་པར་བསྒྲགས་པ་དང་། དེ་དག་དང་བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་གཞན་དག་དང་ཡང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས། དགེ་སློང་ཉིས་སྟོང་གིས་བསྐོར་ཅིང་མདུན་དུ་བདར་ཏེ་ཡངས་པའི་གྲོང་ཁྱེར་ཆེན་པོར་བསོད། སྙོམ་ལ་གཤེགས་ནས། བཅོམ་ལྡན་འདས་ཀྱི་ཞབས་སྒོའི་ཐེམ་པ་ལ་བཞག་མ་ཐག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་གྲོང་ཁྱེར་དུ་གཤེགས་པ་ན། ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་བྱུང་སྟེ། ལོང་བ་རྣམས་ནི་མཐོང་བར་གྱུར། འོན་པ་རྣམས་ནི་ཐོས་པར་གྱུར། སྨྱོན་པ་རྣམས་ནི་དྲན་པ་རྙེད་པར་གྱུར་ཏོ།། ལྷའི་མེ་ཏོག་གི་ཆར་ཡང་བབ་བོ། ། སྣང་བ་ཆེན་པོ་ཡང་བྱུང་ངོ་།། སྲང་ཡང་དྲི་མེད་པར་གྱུར་ཏོ།། ལྷའི་སིལ་སྙན་ཡིད་དུ་འོང་བ་དག་ཀྱང་མ་བརྡུངས་པར་གྲག་གོ།། མནར་མེད་པའི་སེམས་ཅན་དམྱལ་བ་ལ་ཐུག་པ་ནསའོག་མིན་གྱི་གནས་མན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་ངེས་པར་བདེ་བ་དང་ལྡན་པར་གྱུར་ཏོ། ། དེའི་ཚེ་ཡངས་པའི་གྲོང་ཁྱེར་ཆེན་པོ་ནཱ་ལི་ཙ་བྱི་སེང་གེའི་བུ་རིན་ཆེན་བྱིན་ཞེས་བྱ་བ་སྐྱེས་ནས་ལོ་སུམ་ལོན་པ། མ་མའི་ཕང་པ་ན་འདུག་པ། ཁང་བཟངས་རྒྱན་གྱིས་བརྒྱན་པའི་ཁང་བཟངས་ཀྱི་སྟེང་ན་འདུག་སྟེ། ཁྱེའུ་རིན་ཆེན་བྱིན་གྱིས་རྨད་དུ་འབྱུང་བའི་མཚན་མ་དག་མཐོང་ངོ་། ། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རང་གི་མ་མ་ལ་ཚིགས་སུ་བཅད་དེ་སྨྲས་པ།། མ་མ་གང་གི་མཐུ་སྟོབས་ཀྱིས།། ཤིན་ཏུ་ཡ་མཚན་བྱུང་བ་སྣང་།། ཉི་མ་བྱེ་བ་རྣམས་ཀྱི་འོད། ། ཟིལ་གནོན་སྣང་འདི་སུ་ཞིག་ཡིན།། སྟོང་གསུམ་ས་གཞི་ཁྱབ་གྱུར་ནས།། ངན་གྲོ་སྐེམས་པར་བྱེད་པ་ཡི།། རྫུ་འཕྲུལ་སྣང་བ་གང་ཡིན་འདི།། མ་མ་བདག་ལ་མྱུར་དུ་སྨྲས།། དུས་མིན་མེ་ཏོག་ཆར་བ་ཡིན། ། སངས་རྒྱས་ཞིང་མཚམས་མེད་པར་མཛེས།། ཕྱོགས་རྣམས་བྱ་ཡི་ཚོགས་རྣམས་ཀྱིས།། སྐད་སྙན་པས་ནི་ཁྱབ་པར་གྱུར།། སྲུང་ཡང་མེ་ཏོག་རྣམས་ཀྱིས་ཁེབས།། མེ་ཏོག་གདུགས་ཀྱང་རྣམ་པར་བྲེས། ། སྐྱེས་པ་བུད་མེད་དགའ་རྣམས་ཀྱིས།། ཀུན་ནས་རབ་ཏུ་མཛེས་པར་འདུག། ལོང་བ་རྣམས་ཀྱིས་མིག་ཀྱང་ཐོབ།། འོན་པ་རྣམས་ཀྱི་སྒྲ་ཡང་ཐོས།། བྱང་ངན་བྱད་གཟུགས་ཕུན་སུམ་ཚོགས། ། མདོག་ངན་ཁ་དོག་ཕུན་སུམ་ཚོགས།། གཡེང་བ་རྣམས་ཀྱང་དྲན་པ་རྙེད།། ལྕེ་མེད་ཚིག་ནི་རྣམ་པར་དག། སེམས་ཅན་བྱམས་པའི་སེམས་མེད་པ།། བྱམས་པའི་སེམས་དང་ལྡན་པར་གྱུར། ། མ་མ་སེམས་ཅན་ཁྱད་པར་ཅན།། རྫུ་འཕྲུལ་གྲུབ་པ་མཐུ་ལྡན་པ།། འཇིག་རྟེན་དག་ན་རྒྱུ་བ་འདི།། སུ་ཡིན་དག་ལ་ཀུན་མྱུར་སྨྲོས།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་མ་མས་ཁྱེའུ་རིན་ཆེན་བྱིན་ལ་ཚིགས་སུ་བཅད་དེ་སྨྲས་པ། ། རྣམ་པར་དག་པ་སྤྱོད་མཆོག་ལྡན།། རྒྱལ་བ་དྲི་མེད་བློ་མི་དམན།། བསམ་ཡས་མ་ལུས་ཡོངས་སུ་དག། དབང་ལྡན་ཡོན་ཏན་རིན་ཆེན་འཕགས། ། འཇིག་རྟེན་མགོན་པོ་འཁྲས་ས་མིག། དེ་བཞིན་གཤེགས་པ་རྩ་ལག་འདི།། བློ་ལྡན་བསོད་སྙོམས་དོན་ཏུ་གཤེགས།། འཇིག་རྟེན་ཆོས་ལ་རྟེན་པ་མེད།། འདི་ལ་སྡུག་དང་མི་སྡུག་སོགས། ། འཇིག་རྟེན་པ་ཡི་རྟོག་མི་མངའ།། པདྨ་ཆུ་ལས་སྐྱེས་པར་ལྟར།། མངའ་བདག་མི་གོས་སྤྱོད་པར་མཛད།། བློ་གྲོས་ལྡན་པ་ཐེ་ཙོམ་གཅོད།། ཕན་མཛད་ཐུགས་རྗེར་ལྡན་པ་དེ། འགྲོ་བའི་སྡུག་བསྔལ་བསལ་བའི་ཕྱིར།། རྣམ་པར་འདྲེན་པ་འདིར་གཤེགས་སོ།། བསྟོད་ཀྱང་དགྱེས་པར་མི་འགྱུར་ལ།། སྨད་ཀྱང་འཁྲུག་པར་མི་འགྱུར་ཏེ།། ཁོང་ཁྲོ་རྗེས་སུ་ཆགས་པ་སྤ།། ། ཆགས་མེད་རྒྱུ་བ་རླུང་དང་འདྲ།། འདི་ནི་ཆོས་རྒྱལ་དམ་པ་སྟེ།། ཡེ་ཤེས་ཟབ་མོ་ཕུན་སུམ་ཚོགས།། དོན་དམ་ངོན་ལ་མཁས་པ་པོ།། འགྲོ་བའི་སློབ་དཔོན་གཤེགས་པ་ཡིན།། དེ་ནི་དབུ་མ་སྟོན་པ་སྟེ། ། ཡོད་མེད་འཛིན་ལས་རྣམ་པར་གྲོལ།། ཆོས་ལམ་ལྡན་ཞིང་ཞི་བ་སྟེ།། རྟེན་པ་ཐམས་ཅད་ཡོངས་སུ་སྤངས།། ཡེ་ཤེས་ཕུང་པོ་བདག་མེད་བདག། བསོད་ནམས་ཆོག་རྣམས་བསགས་པ་ཡི། ། བདེ་གཤེགས་འཇིག་རྟེན་འདྲེན་པའོ།། མཐའ་ཡས་གཟུགས་ཅན་དེང་གཤེགས་སོ།། དབུ་སྐྲ་གཡས་སུ་འཁྱིལ་བར་གནས།། འཇམ་ཞིང་མདོག་སྣུམ་ལྷུང་ལོ་ཅན། ། གནག་ཅིང་འཛིངས་པ་མེད་རྣམས་ཀྱིས།། དེ་ཡི་དབུ་ནི་རྣམ་པར་མཛེས།། གཙུག་ཏོར་གཡས་སུ་འཁྱིལ་བ་སྟེ།། དབུ་སྐྲ་འཁྱིལ་ཅིང་ལེགས་པར་གནས།། རི་རབ་རྩེ་མོ་འདྲ་བར་ནི། ། དེ་ཡི་སྨིན་མཚམས་མཛོད་སྤུ་མཛེས།། འཇམ་ཞིང་གཡས་སུ་འཁྱིལ་བ་སྟེ།། འོད་ནི་ཤེལ་དང་ཟླ་བ་ཡི།། འོད་ཟེར་དྲ་བ་མང་བྲིས་ལྷག། དེ་ཡི་ཞལ་ནས་སྨན་མཛེས་བཱ། མེ་ཏོག་ཨུཏྤལ་སྔོན་པོ་འདྲ།། བ་ཡི་རྫི་མི་ཡོངས་སུ་དག། མི་དམར་མ་འཛིངས་ཞི་བར་གཟིགས།། དཔལ་ལྡན་སེང་གེ་འགྲམ་པ་འདྲ།། དེ་ནི་རྟག་ཏུ་ཞལ་ཡང་འཛུམ།། སྤྲོས་ནི་བིམ་པ་བཞིན་དུ་དམར། ། ཞལ་མཛེས་ལུས་ཅན་ཀུན་འདྲེན་པ།། མཐུ་སྟོབས་ཆེན་པོ་ཕུན་སུམ་ཚོགས།། བསོད་ནམས་བརྒྱ་པའི་སྟོབས་མངའ་བ།། ཚེམས་ཀྱི་འཕྲེང་བ་སྤ་བའི་འོད། ། སྙོམས་ཤིང་ཐགས་བཟང་ཡོངས་སུ་དགྲ། དེ་ཡི་ཚེམས་ནི་ཤིན་ཏུ་དཀར།། ལྗགས་ནི་ཤིན་ཏུ་རིང་ཞིང་སྲབ།། བདག་ཉིད་ཀྱི་ནི་ཞལ་གྱི་ངོས།། དེ་ཡིས་ཀུན་ཏུ་ཁྱབ་པར་གནས། ། དཔལ་ལྡན་དབུ་ནི་གདུགས་དང་འདྲ།། དེ་བཞིན་དེ་ནི་ཤངས་ཀྱང་མཐོ།། མདོག་ནི་བཙོ་མའི་གསེར་དང་འདྲ།། དེ་ཡི་ཞལ་གྱི་འཕྲལ་བ་ཛེས།། དེ་ཡི་ཞལ་གྱི་སྨིན་ཚུགས་ན།། 9་། དོག་མཐོན་མཐིང་ཤིན་ཏུ་སྡུག། ཞི་བའི་སྤྱན་ནི་མཛེས་པ་སྟེ།། སྙན་གྱི་དྲུང་དུ་ཐུག་པར་གནས།། སྙན་ཤལ་རིང་ལ་རབ་ཏུ་འཕྱང་།། ཞལ་མཛེས་སྟོན་གྱི་ཟླ་བས་ལྷག། ཞལ་རཱས་པདྨ་རྣམ་དག་འདྲ། ། ཞལ་མདངས་དཀར་ལ་དང་ས་གིང་བས་པ། རྟན་པོ་ཚས་པའི་སྒྲ་གད་ལྔན།། དེ་གསུང་ཀ་ལ་བང་ཀའི་འདྲ། དེ་ཡི་གསུང་བཟང་ཡིད་དུ་འོང་།། འཇམ་ཞིང་སེམས་ཅན་ཚིམ་པར་བྱེད།། རྨ་བྱ་ངང་པ་མི་འམ་ཅི། ནེ་ཙོ་རི་སྐེགས་ཁུ་བྱུག་དང་།། འབྲུག་སྒྲ་ཁྲུང་ཁྲུང་ཀུན་ལ།། ཤང་ཤང་ཏེའུ་དང་གླིང་བུ་དང་།། རྫ་རྫའི་སྒྲ་དང་གཞན་དག་ཀྱང་།། སྒྲ་སྐད་སྙན་པ་ཅི་ཡང་རུང་།། དེ་དག་དེ་བཞིན་གཤེགས་པ་ཡི།། ། གསུང་གི་བཅུ་དྲུག་ཆར་མི་ཕོད།། སྐུལ་མཛད་དེ་བཞིན་མཉེན་པ་སྟེ།། དེ་ནི་སྙན་ཅིང་འཇམ་པ་དང་།། ཡིད་འོང་དགའ་བྱེད་གསལ་བ་ཏེ།། སྐྱོན་དང་བྲལ་ཞིང་འཇིགས་པ་མེད།། ར་བ་རྣམས་ལ་ཆར་རྒྱུན་ལྟར།། སེམས་རྒྱུན་ཚིམ་པར་བྱེད་ལ་ཞི།། མ་ཉམས་མ་འཁྲུལ་རབ་ཏུ་ཞི།། དེ་བཞིན་དག་ཅིང་བརྡ་ཕྲད་སླ།། སྐལ་དང་ལྡན་ཞིང་སྙན་པར་ལྡན།། དོན་དང་ཡོན་ཏན་ཐམས་ཅད་ཚོགས།། གསུང་གི་རྒྱན་རྣམས་ཕུན་སུམ་ཚོགས། ། དེ་ཡི་གསུང་ནི་དགེ་སྐྱེད་པ།། སེམས་ཅན་མོས་པ་ཐ་དད་དང་།། དེ་བཞིན་དེས་ཚིགས་ཐ་དད་རྣམས།། དེ་ཡི་གསུང་ལ་ངེས་པར་དད་།། ཡིད་ཀྱང་རབ་ཏུ་དགའ་བར་འགྱུར།། དེས་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས། ། གནས་པའི་སེམས་ཅན་གསུང་གིས་ཁྱབ།། མགོན་པོ་དེ་ཡི་གསུངས་ཚིག་ནི།། སེམས་ཅན་རྣམས་ལ་དོན་ཡོད་འཇུག། ཐུབ་པ་སྐྱེ་མཆོག་དེ་ཡི་ན།། མགུར་ཡང་དུང་འདྲ་དཔུང་འགོ་ཟླུམ།། དེ་ཡི་ཐལ་གོང་རྒྱས་པ་སྟེ།། དེ་ནི་བདུན་པོ་མཐོ་བ་མངའ།། དེ་ཡི་ཕྱག་ཀྱང་རབ་ཏུ་རིང་།། ལྤགས་པ་གསེར་མཆོག་འདྲ་བ་སྟེ།། གསེར་གྱི་སྡོང་པོ་བཞིན་དུ་མཐོ།། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ།། ཐུགས་ཀ་དཔལ་གྱི་བེའུས་བརྒྱན་ཏེ།། འཁོར་ལོའི་མཚན་ཅན་པདྨའི་ཕྱག། ཤིང་བལ་འདབ་ལྟར་རེག་ན་འཇམ།། དེ་ཡི་ཕྱག་གི་སོར་མོ་རིང་། ། སྤུ་རྣམས་རེ་རེར་སྐྱེ་ཞིང་ཡང་ཕྱོགས་སྟུག་ལ་འཇམ།། བྲང་གི་ཕེལ་ཀ་ཆེ་ལར་བུ་ལྟེ་བ་ཟག། ཕྱལ་དབྱིབས་གཞུ་འདྲ་གླང་ཆེན་བཞིན་དུ་སྦུབས་སུ་ནུབ།། རྫ་ངར་ཨེ་ནེ་ཡ་འདྲ་མདངས་དཀར་འདམ་བུའི་སྦུབས། ། ལོང་བུ་མི་མངོན་དེ་ཡི་རྟིང་པ་ལེགས་པར་གྲུབ།། དེ་བཞིན་དྲང་སྲོང་སོར་མོ་རང་ཞིང་སེན་མོ་དམར།། བདེ་བར་གཤེགས་ཀྱི་ཞབས་ཀྱི་ལོང་བུ་མི་མངོན་ཏེ།། འཁོར་ལོ། ཐུགས་ཀྱུ་བཀྲ་ཤིས་ལྡན་དང་དུང་གིས་སྨྲས།། མགོན་པོ་དེ་ཡི་ཞབས་གཉིས་མཉམ་ཞིང་ལེགས་གནས་དང་།། ཤིང་བལ་བཞིན་དུ་རེག་ན་འཇམ་ཞིང་བཟང་བ་དང་།། མེ་ཏོག་ཨུཏྤལ་དམར་པོ་ལེགས་པར་སྐྱེས་པ་ཡི། ། ཁ་དོག་འདྲ་བས་ས་གཞི་བདག་ལ་གཤེགས་པར་མཛད།། དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་བདེ་སྦྱིན་པ།། འགྲོ་བ་རྣམས་ཀྱི་གཙོ་བོ་དེ་ནི་འདིར་གཤེགས་ཏེ།། གཡོད་གིས་འཇིགས་པ་མེད་པར་སེང་གེའི་སྒྲ་སྐད་ཀྱིས། ། གཉིས་སུ་མེད་ཅིང་སྤྲོས་པ་མེད་པའི་ཆོས་ཀྱང་སྟོན།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་བདག་གིས་མ་མ་ལ་འདི་སྐད་ཅེས་སྨྲས་སོ།། མ་མ་བདག་སྐར་ཁུང་འདིར་ཞོག་ཤིག་དང་། ། དེ་བཞིན་གཤེགས་པ་ལ་བལྟའོ།། དེ་ནས་མ་མ་དེས་ཁྱེའུ་རིན་ཆེན་བྱིན་སྐར་ཁུང་དུ་བཞག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་གྱིས་སེམས་ཀྱི་ཡོངསུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས། ། སྲང་དེ་ཁོ་ནར་གཤེགས་སོ།། ཁྱེའུ་རིན་ཆེན་གྱིས་ཀྱང་།། བཅོམ་ལྡན་འདས་གཤེགས་པ་མཐོང་ངོ་།། མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ།། གང་དག་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་འདི་ལྟ་བུ་མཐོང་ན། ། བྱང་ཆུབ་ཀྱི་སེམས་སྐྱེད་པར་མི་བྱེད་པ་དེ་དག་ནི་རྙེད་པ་ཉེས་པར་རྙེད་པའོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱིས་སྒོའི་དྲུང་དུ་གཤེགས་སོ། ། དེ་ནས་ཁྱེའུ་རིན་ཆེན་བྱིན་འདི་སྙམ་དུ་སེམས་ཏེ། སེམས་ཅན་ཁྱད་པར་ཅན་འདི་ལྟ་བུ་ནི་བསྐལ་པ་བྱེ་བ་ཕྲག་འབུམ་དུ་ཡང་རྙེད་པར་དཀས། ཁང་བཟངས་འདི་ལས་བདག་གིས་མཆོང་བར་བྱའོ་སྙམ་མོ། ། དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པདྨ་འདབ་མ་འབུ་མ་དང་ལྡན་པ་རྩེན་པ་ལག་མཐིལ་དུ་ཁྱེར་རོ།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཁང་བཟངས་དེ་ལས་བདག་ཉིད་ཀྱིས་མཆོངས་སོ། ། དེ་སངས་རྒྱས་ཀྱི་མཐུས་ནམ་མཁའ་བར་སྣང་ལ་འདུག་གོ། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པདྨ་འདབ་མ་འབུམ་དང་ལྡན་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ། ། དེ་ཁྱེའུ་རིན་ཆེན་བྱིན་གྱི་ལག་ནས་བཏང་ནས། བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་ནམ་མཁའ་བར་སྣང་ལ་པདྨའི་གདུགས་སུ་བྱས་ཏེ་རིན་པོ་ཆེའི་དྲ་བ་ཡང་བྲེས་སོ། ། དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་པདྨ་འདི་ཕུལ་ག། བདག་ནི་ཅི་ཡང་མི་འཚལ་ཏེ།། དོན་རྣམས་ཐམས་ཅད་གྲུབ་སླད་དུ།། བདག་ནི་བྱང་ཆུབ་མཆོག་འཚལ་ལོ།། ཇི་ལྟར་བྱང་ཆུབ་མ་སྐྱེས་ལ།། ཐོབ་པ་མ་མཆིས་གཤེགས་མ་མཆིས།། བླང་དུ་མ་མཆིས་དོར་མ་མཆིས། ། དེ་ལྟར་བདག་གིས་མེ་ཏོག་འབུལ།། བྱིས་པ་རྣམས་ཀྱི་དོན་གང་བརྟགས།། རྟགས་པ་དེ་ནི་དོན་མ་མཆིས།། རྟོག་པ་ཐམས་ཅད་སླད་དུ།། གང་ཟག་མཆོག་ལ་བདག་མཆོད་བགྱིད། ། དེ་ཕྱིར་མེ་ཏོག་ཕུལ་བ་འདི།། བདག་ལ་རྣམ་སྨིན་འབྲས་མ་གྱུར།། དངོས་པོ་ཐམས་ཅད་གཅད་སླད་དུ།། པདྨ་འདི་ནི་བདག་གིས་ཕུལ།། བདག་གིས་སངས་རྒྱས་ཞིང་དུ་ནི། རྒྱལ་མཆོག་ཐེག་པས་འགྲོ་མ་གཏོགས།། ཉན་ཐོས་ཀྱི་ནི་མིང་ཡང་རུང་།། རང་རྒྱལ་མིང་འབྱུང་བ་འགྱུར།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཁྱེའུ་རིན་ཆེན་ལ་ཚིགས་སུ་བཅད་དེ་སྨྲས་པ། ། ཁྱོད་ནི་སྟོན་པ་འདི་འདྲལ།། དད་པས་མཆོད་པ་བྱེད་མོས་ཀྱིས།། བློ་གྲོས་ཕྱིན་ཅི་ལོག་གྱུར་ན།། སངསཱ་རྒྱས་སུ་ནི་ཇི་ལྟར་འགྱུར།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ། འདི་དག་ཐམས་ཅད་མ་སྐྱེས་ཏེ།། འདུས་བྱས་དག་ནི་གསོབ་དང་གསོག། དེ་འདྲ་བ་ཡི་ཆོས་རྣམས་ལ།། དངོས་ཁོར་འགྱུར་བ་ག་ལ་ཡོད། ། ཁྱོད་ཀྱིས་ཆོས་གོས་ངུར་སྨྲིག་བགོས།། དགྲ་བཅོམ་ཉིད་དུ་འཛིན་པར་བྱེད།། རྣམ་ཤེས་འདི་དང་སྤྱོད་ཡུལ་ཡང་།། སྟོང་པ་ཁོ་ན་མ་ཡིན་ནམ།། དམིགས་པ་ནི་གནས་བཅས་པས། ། སངས་རྒྱས་བྱེ་བ་མ་མཉེས་བྱས།། བྱེ་བ་དེ་ཡང་ཞི་བར་མཐོང་།། སུ་ཡང་མ་མཉེས་བྱས་པ་མེད།། མོའུ་འགལ་གྱི་བུ་ལ་ད་དུང་ཡང་།། དམིགས་པ་འཇུག་པ་ཡོད་དམ་ཅི། ། ཁྱོད་ཀྱི་སེམས་ནི་གང་ཞིག་གིས།། ཡོན་ཡང་ཡོངས་སུ་སྦྱོང་བར་བྱེད།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེའུ་ཅི་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སྤངས་མ་རྒྱས་སམ། ཆོས་ཀྱང་མ་བསྟན་ཏམ། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། མེའུ་འགལ་གྱི་བུ་མཁས་པས་ནི་བྱང་ཆུབ་སྤྲོས་པར་མི་བྱའོ། ། དེ་བཞིན་གཤེགས་པ་ཡང་རློམ་སེམས་སུ་མི་བྱའོ།། ཆོས་མི་སྐྱེའོ་སྙམ་དུ་སྐྲག་པར་མི་བྱའོ།། ཆོས་ཐམས་ཅད་འདུས་བྱས་སོ་སྙམ་དུ་སྐྲག་པར་མི་བྱའོ། ། ཆོས་ཐམས་ཅད་འདུས་མ་བྱས་སོ་སྙམ་དུ་སྐྲག་པར་མི་བྱའོ།། དེ་བཞིན་སྦྱར་ཏེ།། ཆོས་ཐམས་ཅད་སྐྱེ་བ་དང་། མི་སྐྱེ་བ་དང་། དངོས་པོ་དང་། དངོས་པོ་མེད་པ་ཞེས་བྱ་བ་དང་། འཛིན་པ་དང་། གཏོང་བ་ཞེས་བྱ་བ་དང་། ཕྲད་པ་དང་བྲལ་བ་ཞེས་བྱ་བ་དང་། འགྲོ་བ་དང་འོང་བ་དང་། གནས་པ་དང་། ཕོ་བ་དང་། འདོད་ཆགས་ཀྱིས་ཆོས་དང་ཞེ་སྡང་གི་ཆོས་དང་། གཏི་མུག་གི་ཆོས་དང་། ཆོས་དང་། ཆོས་མ་ཡིན་པ་ཞེས་བརྟག་པར་མི་བྱའོ།། མ་རིག་པ་ལ་སོགས་པ་ནས། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་དང་། རྣམ་པར་བྱང་བའི་ཆོས་རྣམས་དང་གཟུག་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་དང་། འདུ་ཤེས་མེད་པ་དང་། མཚན་ཉིད་དང་། མཚན་ཉིད་མེད་པ་དང་། སྤྱོད་པ་ཡོངསུ་དག་པ་དང་། མཉམ་པ་ཉིད་དང་། མི་མཉམ་པ་ཉིད་དང་། ལུས་དང་། སེམས་དང་། ཆོས་ཐམས་ཅད་ཚུལ་བཞིན་དང་། ཚུལ་བཞིན་མ་ཡིན་པ་ཞེས་བྱ་བའི་བར་དུ་སྐྱེས་པར་འགྱུར་ཞེས་སྐྲག་པར་མི་བྱའོ།། མོའུ་འགལ་གྱི་བུ་དི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་འམ། སྨྲས་པ། དེ་ནི་མ་ཡིན་ནོ།། སྨྲས་པ། ཅི་དེ་བཞིན་གཤེགས་པ་དེ་བཞིན་ཉིད་ལ་མ་གཏོགས་པ་དང་། བྱང་ཆུབ་དེ་བཞིན་ཉིད་ལ་མ་གཏོགས་པ་དང་། སོ་སོའི་སྐྱེ་བོ་དེ་བཞིན་ཉིད་ལ་མ་གཏོགས་པར་འདོད་དམ། མོའུ་འགལ་གྱི་བུས་སྨྲས་པ། དེ་ནི་མ་ཡིན་ནོ།། ཁྱེའུས་སྨྲས་པ། མེའུ་འགལ་གྱི་བུ་ཁྱོད་སྤྲོས་པ་མེད་པ་ལ་སྤྲོས་པར་བྱེད་དམ། མོའུ་འགལ་གྱི་བུས་སྨྲས་པ། ཁོ་བོ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་སྒོ་ནས་སྟོན་ཏོ། ། ཁྱེའུས་སྨྲས་པ། མོའུ་འགལ་གྱི་བུ་འཇིག་རྟེན་ནི་བརྫུན་པ་སླུ་བ་སྒྱུ་མའི་རྣམ་པ་བྱིས་པ་འདྲིས་པར་བྱེད་པའོ།། མོའུ་འགལ་གྱི་བུས་སྨྲས་པ། གལ་ཏེ་འཇིག་རྟེན་འདི་བརྫུན་པ་སླུ་བའི་ཆོས་ཅན་ཡིན་ན། བསྟན་པ་འདི་ཡང་བརྫུན་པ་སླུ་བའི་ཆོས་ཅན་ཡིན་ན།། ཁྱོད་ཅིའི་ཕྱིར་སྟོན་པར་བྱེད། སྨྲས་པ། མོའུ་འགལ་གྱི་བུ་ཆོས་ཐམས་ཅད་ནི་བསྟན་དུ་མེད་པ་སྟེ། དེ་དག་ནི་བསྟན་པར་བྱ་བ་མ་ཡིན། ཐོབ་པར་བྱ་བ་མ་ཡིན། མངོན་སུམ་དུ་བྱ་བ་མ་ཡིན། སྤང་བར་བྱ་བ་མ་ཡིན། ཡོངས་སུ་ཤེས་པར་བྱ་བ་མ་ཡིན། བསྒོམ་པར་བྱ་བ་མ་ཡིན་ནོ། ། མོའུ་འགལ་གྱི་བུས་སྨྲས་པ། འོ་ན་ཁྱོད་ཀྱིས་གང་གིས་དོན་དུ་དེ་བཞིན་གཤེགས་པ་མཆོད། ཁྱེའུས་སྨྲས་པ། མོའུ་འགལ་གྱི་བུ་ཁྱོད་དེ་བཞིན་གཤེགས་པ་འམ། སྦྱིན་པ་པོའམ། སྦྱིན་པར་དམིགས་སམ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཅང་མི་སྨྲ་བར་གྱུར་ཏོ།། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། མོའུ་འགལ་གྱི་བུ་བདག་གིས་དེ་ལས་བསམས་ནས། དེ་བཞིན་གཤེགས་པར་འགྱུར་བ་ཡོངས་སུ་སྤངས་ཏེ། ཉན་ཐོས་ཀྱི་ཐེག་པ་ལ་སེམས་སྐྱེད་པར་བྱེད་པ་གང་དག་ཡིན་པ་དེ་དག་ནི། རྙེད་པ་ཉེས་པར་རྙེད་པའོ་ཞེས་དེ་སྐད་ཀྱི་ཚིག་སྨྲས་སོ།། མོའུ་འགལ། གྱི་བུ་སྨྲས་པ།། ཁྱོད་ནི་ན་ཆོད་ཤིན་ཏུ་གཞོན།། ཤེས་རབ་ཀྱིས་ནི་རྒྱ་མཚོ་བཞིན།། ཁྱོད་ཀྱིས་ཇི་སྲིད་ཙམ་ཞིག་ནས།། ཆོས་འདི་དག་ལ་བསླབས་པར་གྱུར།། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། བསླབ་པ་ཐམས་ཅད་རྣམ་འཇིག་པ། ། བསླབ་པ་གང་ཡིན་དེ་བསླབ་མིན།། གང་ལྔ་བསླབ་པ་མེད་པ་དེ།། མཁས་པ་རྣམས་ཀྱི་བསླབ་པ་ཡིན།། དོན་གང་ཁྱོད་ཀྱིས་བདག་དྲིས་ལ།། སེམས་ཅན་འདུ་ཤེས་གནས་པ་སྟེ།། འདིར་ནི་ཆོས་རྣམས་ཐམས་ཅད་ལ།། གང་ལའང་སྐྱེ་བ་མི་རྙེད་དོ།། བྱིས་པ་རྣམས་ནི་བྱང་ཆུབ་དང་།། འཁོར་བ་ཉིད་དུ་རྟོག་པར་བྱེད།། འདིར་ནི་ད་དུང་བཙུན་པ་ཁྱོད། ། བྱིས་པའི་ཆོས་ལ་འབྲང་ངམ་ཅི།། རིང་པོ་འམ་ཡང་ན་ཐུང་ངུ་ཞེས།། མཁས་པ་དག་ནི་རྟོག་མི་བྱེད།། ཆོས་ཀུན་སྙིང་པོ་མེད་པར་ནི།། དེ་བཞིན་དེ་དག་ཁོང་དུ་ཆུད།། བྱིས་པ་འམ་བྱས་པའི་ཆོས་རྣམས་སམ། ། སངས་རྒྱས་ཆོས་སམ་རྒྱལ་བའང་རུང་།། བློ་ལྡན་ཐ་དད་མི་འབྱེད་ཀྱིས།། སྟོང་པ་ཉིད་ལ་དེ་ལྟར་ལྟོས།། དྲང་སྲོང་ཆེན་པོས་བྱང་ཆུབ་ཐོབ།། དེ་ནི་མི་རིགས་བརྟགས་པ་ཡིན། ། ཆོས་འདི་ལ་ནི་སྐྱེ་མེད་ན།། མྱ་ངན་ལས་འདས་པ་ཇི་ལྟར་ཐོབ།། ཆོས་རྣམས་མཐའ་ཡས་རབ་ཏུ་གསུངས།། སེམས་ཅན་འགྲོ་བའང་དངོས་པོ་མེད།། མྱ་ངན་འདས་དང་འཁོར་བ་ལ།། ཐ་དད་དབྱེར་མེད་གཟུང་བར་གྱིས།། འདི་ལ་རྣམ་པ་ཐམས་ཅད་དུ།། བསྣན་དང་དབྲི་བ་ཅི་ཡང་མེད།། ཐ་དད་མེད་པའི་ཆོས་རྣམས་ལ།། མཁས་པ་རྣམས་ནི་རྨོངས་མི་འགྱུར།། བྱིས་པ་རྣམས་ཀྱིས་ཐོབ་ཅིང་སྙེད། ། བྱིས་པས་མྱ་ངན་འདས་པ་ཐོབ།། འཁོར་བ་ལནི་ཀུན་ཆགས།། རློམ་སེམས་བདུད་ཀྱི་འཆིང་བ་ཡིན།། གང་གིས་བློ་ལ་ངས་ཐོབ་སྙམ།། ངས་ནི་ཅི་ཡང་ཐོབ་པ་མེད། དེ་ཡི་ཡང་སྲིད་འགྲོ་བ་ཡི།། མ་རིག་པ་ལའང་འཇུག་པར་འགྱུར།། བྱང་ཆུབ་སྙིང་པོར་འདུག་ནས་ནི།། མཐོང་བ་མེད་ཅིང་སྤངས་པའང་མེད།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་འདི། ། ཐ་སྙད་ཡིན་ཏེ་དོན་དུ་མིན།། བྱང་ཆུབ་དང་ནི་མྱ་ངན་འདས།། ཐ་སྙད་དག་གིས་བརྗོད་མི་ནུས།། གང་དག་དེ་ལྟར་ཡང་དག་མཐོང་།། དེ་དག་ཆོས་ཉིད་རྣམ་པར་ཤེས།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱིས་ཡུན་ཇི་སྲིད་གཅིག་ནས་ཆོས་འདི་ལ་སྤྱོད་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྤྲུལ་པ། ། གང་གི་ཚེ་དེ་བཞིན་གཤེགས་པ་མར་མི་མཛད་ཀྱིས་ང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་ལུང་བསྟན་པ་དེའི་ཚེ། འདི་མར་མེད་མཛད་ཀྱི་གསུང་རབ་ལ་སྟོང་པ་ཉིད་ལ་གནསཔ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། ། གང་གི་ཚེ་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་པ་དེའི་ཚེ། འདིས་བཟོད་པ་ཐོབ་ནས་བསྐལ་པ་སུམ་འབུམ་ལོན་ནོ། ། ཤཱ་རིའི་བུས་གསོལ་པ།། བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་ཁྱེའུ་རིན་ཆེན་བྱིན་འདི་ཉིད་པ་དྲིས་ཤིག་དང་། འདི་ཉིད་ཀྱིས་ཁྱོད་ལ་སྟོན་པར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས། རིན་ཆེན་བྱིན་གྱིས་སྨྲས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་དམིགས་པས་ན། དེའི་ཕྱིར་བདག་མངོན་པར་རྫོགས་པར་འཚང་མི་རྒྱའོ།། ཤཱ་རིའི་བུས་སྨྲས་པ། འོ་ན་ཅི་དེ་བཞིན་གཤེགས་པ་འདི་མངོན་པར་རྫོགས་པར་སངས་རྒྱས་པ་ལས་ན་དམིགས་པ་ལ་སྤྱོད་དམ། རིན་ཆེན་བྱིན་གྱིས་སྨྲས་པ། གལ་ཏེ་དེ་བཞིན་གཤེགས་པ་མངོན་པར་རྫོགས་པར་སངས་རྒྱས་པར་འཛིན་ན་ནི། དེ་དམིགས་པར་འགྱུར་བ་ཞིག་ན། ཆོས་གསུང་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་མི་མཛད་ལ། སྤོང་བར་ཡང་མི་མཛད་དོ།། ཤཱ་རའི་བུས་སྨྲས་པ།། ཁྱོད་ཆོས་བཞི་སྒྲུབ་པ་དང་། ཡོངས་སུ་སྨིན་པ་མཉམ་པས། བཟོད་པ་གང་ལ་གནས། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། བདག་གིས་ནི་ཆོས་ཅིག་ཀྱང་ཡོངས་སུ་གྲུབ་པར་ཡང་དག་པར་མ་མཐོང་ན། བཞི་ལྟ་ཅི་སྨོས། འདི་ལ་ཡང་དག་པར་འགྲུབ་པ་གང་ཞིག་ཡོད་དེ། ཆོས་རྣམ་པར་རིག་པ་ཞེས་བྱ་བ་འདི་ནི་དམིགས་པའོ།། བྱང་ཆུབ་ཅེས་བྱ་བ་འདི་ནི་དམིགས་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་འདི་ནི་འཛིན་པའོ།། གྲོལ་བ་ཞེས་བྱ་བ་འདི་ནི་སྤྲོས་པའོ། ། ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཁྱོད་འདི་ལྟ་བུའི་ཆོས་རྣམས་ལ་སྤྱོད་ལ། རྫུས་ཏེ་སྐྱེ་བས་སངས་རྒྱས་རྣམས་མངོན་སུམ་དུ་གྱུར་པར་སྐྱེ་ཞིང་། རྟག་ཏུ་རབ་ཏུ་བྱུང་བ་འདི་ནི་ངོ་མཚར་ཏོ། ། དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སྐྱེ་དང་དེ་བཞིན་སྐྱེ་མེད་གཉིས་ནི་སྤྲོས་པ་ཏེ། ཀུན་ཏུ་རྟོག་པའི་ས་དང་བདུད་ཀྱི་སྤྱོད་ཡུ་ཡིན། ལུས་ལ་སོགས་པའི་ཆོས་འཛིན་རློམ་སེམས་འདོད་པ་ཡི།། ལྷ་དང་ལྷ་མིན་འགྲོ་བ་རྣམས་ནི་འདིར་བརླག་གོ།། རྒྱལ་བས་བདུད་རྩི་འདུས་མ་བྱས་པ་བརྙེས་སྙམ་དུ།། དེ་ལྟར་གང་དག་བསམ་པ་རབ་ཏུ་འཇུག་བྱེད་པ། ། དེ་དག་སངས་རྒྱས་ལ་ནི་སྐུ་ངས་གསོལ་བར་བྱེད།། བརྙེས་ཀྱང་འདི་ལ་འདྲེན་པ་རྣམས་ཀྱི་བརྙེད་པ་མེད།། འདིར་ནི་སྐྱེ་བོ་མང་པོ་དག། རབ་ཏུ་བྱུང་ནས་རང་བྱུང་རློམ། ། སེམས་ཀྱི་དམིགས་པས་རྣམས་འཁྲུལ་ནས།། བསྟན་པ་ལ་ནི་སུན་འབྱིན་རྣམས།། བདུད་རྩི་བདག་གིས་ཐོབ་བོ་ཞེས།། ཐོབ་པའི་ང་རྒྱལ་ཅན་དག་སྨྲ།། སྐྱོབས་པ། ཤཱཀྱ་སེང་གེ་ཡི།། བསྟན་པ་ལ་ནི་སྤྲོས་པ་མེད།། སེམས་ཀྱི་རྣམ་པ་ཐམས་ཅད་དུ།། སེམས་ཀྱིས་ངོ་བོ་ཉིད་མི་རྟོགས།། དེ་བཞིན་རྣམ་འདྲེན་གསུངས་པ་ཡི།། ལྟ་བ་དེ་ནི་རང་བཞིན་མེད། སྤྱན་དག་རྒྱལ་བས་གསུངས་པ་ཡི།། ལྔ་པ་ལ་ནི་ལྟ་བ་མེད།། དེ་ཕྱིར་ཤེས་རབ་ལྡན་པ་ནི།། བདག་ཉིད་གྲོལ་སྙམས་འཛིན་པ་མེད།། མཚན་མར་འཛིན་པ་སྒོམ་པ་རྣམས།། བདག་ཏུ་དམིགས་པས་རྨོངས་པར་གྱུར། ། མཁས་པ་མ་ཡིན་ཁ་ཅིག་ནི།། ཡང་དག་མ་ཡིན་སྟོང་པ་སྤོང་།། དངོས་པོ་རྨི་ལམ་སྒྱུ་མ་འདྲ།། རང་གི་བློས་ནི་བཏག་ནས་ཀྱང་།། མི་མཁས་དེ་དག་དངོས་པོ་རྣམས། ། གཞིག་ཕྱིར་མྱ་ངན་འདས་པ་སྨྲ།། ལུས་ལ་ཡང་ནི་རྟེན་བཅས་ནས།། ཚུལ་ཁྲིམས་འདུ་ཤེས་རྣམ་པར་འཇིག། སེམས་ཀྱི་དམིགས་པདག་ལ་ཡང་།། བསམ་གཏན་འདུ་ཤེས་རྣམ་པར་འཇིག། དེ་བཞིན་བཤེས་རབ་དམིགས་ནས་ཀྱང་།། ས་བོན་འདུ་ཤེས་རྣམ་པར་རྨོངས།། འཇིག་རྟེན་འཇིག་རྟེན་མཁས་རྣམས་གྱིས།། དེ་དག་ཆོས་ཀྱི་རྐུན་པོར་བརྗོད།། འདི་འདྲ་བ་ཡི་ཆོས་རྣམས་ལ།། ཆོས་རྣམས་འོད་གསལ་ཉོན་མོངས་མེད།། འོ་ན་རབ་ཏུ་བྱུང་བའི་དོན།། ཁྱོད་ཀྱིས་བདག་ལ་ཇི་སྐད་བརྗོད།། ཆོས་རྣམས་ཐམས་ཅད་ཐ་དད་མེད།། འདི་དག་བྲག་ཆ་འདྲ་བ་ཡིན། ། མཁས་པ་དེ་དག་ནམ་དུ་ཡང་།། འཕགས་པའི་སྤྱོད་ཡུལ་རྟོག་མི་བྱེད།། གཞན་མིན་མཚན་ཉིད་དེ་བཞིན་ཉིད།། གཞན་དག་ཏུ་ནི་ཡོང་མི་འགྱུར།། ཆོས་རྣམས་འགྱུར་བ་མེད་པ་ལ། ། རང་འབྱུང་བརྟགས་པས་ཅི་ཞིག་བྱ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེའུ་བྱང་ཆུབ་ཅེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་བྱང་ཆུབ་ནི་ཚིག་གི་བླ་དགས་མེད་པའོ།། འཇམ་དཔལ་གྱིས་སྨྲས་པ། ཁྱོད་ཅི་ལས་བསམས་ཏེ་དེ་སྐད་སྨྲ། རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་ཆོས་ཉིད་ནི་བསམ་དུ་མེད་པ་ཡིན་ན། དེ་དག་གིས་ཇི་སྐད་བསམས་ཏེ་བསྟན་པར་བྱ། འཇམ་དཔལ་གྱིས་སྨྲས་པ། འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་ཇི་ལྟར་གདམས་ངག་བསྟན་པར་བྱ། ཇི་ལྟར་རྗེས་སུ་བསྟན་པར་བྱ།། རན་ཆེན་བྱན་གྱིས་སྨྲས་པ། འདི་སྐད་དུ་འདོད་ཆགས་མ་སྤངས་ཤིག། ཞེ་སྡང་མ་གཞིལ་ཅིག། གཏི་མུག་མ་གསལ་ཅིག། རང་གི་ལུས་ལས་གྱེ་ལ་དུ་མ་སྐྱོད་ཅིག། མི་དགེ་བ་སྤྱོད་ཅིག། ལྟ་བ་ཚར་མ་གཅད་ཅིག། ཀུན་ཏུ་སྦྱོར་བ་རྣམས་མ་བཏོན་ཅིག། ཕུང་པོ་རྣམས་ཡོངས་སུ་ཟུང་ཤིག། ཁམས་རྣམས་རིལ་པོ་གྱིས་ཤིག། སྐྱེ་མཆེད་རྣམས་ལ་སྤྱོད་ཅིག། བྱིས་པའི་ས་ལས་འདའ་བར་མ་བྱེད་ཅིག། མི་དགེ་བ་ལ་རྟོགས་ཤིག། དགེ་བ་སྤོངས་ཤིག། སངས་རྒྱས་ཡིད་ལ་མ་བྱེད་ཅིག། ཆོས་མ་སེམས་ཤིག། དགེ་འདུན་ལ་མཆོད་པ་མ་བྱེད་ཅིག། བསླབ་པ་ཡང་དག་པར་མ་ལེན་ཅིག། སྲིད་པ་ཉེ་བར་ཞི་བ་དོན་དུ་མ་གཉེར་ཅིག། ཆུ་བོ་ལས་མརྒལ་ཅིག་ཅེས་གདམས་ངག་འདི་ལྟ་བུ་འདིས། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ལ་གདམས་པར་བྱའོ།། རྗེས་སུ་བསྟན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་གནས་པ་འདི་ནི། གནས་པ་ཁོ་ན་ཡིན་པའི་ཕྱིར་རོ།། བྱིས་པ་དེ་དག་ནི་སྐྱེ་བའི་ཆོས་སུ་ལུང་སྟོན་པར་བྱེད་དོ།། འགག་པའི་ཆོས་སུ་ལུང་སྟོན་པར་བྱེད་དོ།། ཆོས་ཀྱི་དབྱིངས་འདི་ནི་རྣམ་པར་མི་རྟོག་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཆོས་འདི་རྣམས་ཀྱི་རང་བཞིན་དེ་ལྟར་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི། བྱང་ཆུབ་བོ་ཞེས་དེ་ལྟར་གདམས་ན། གལ་ཏེ་མི་སྐྲག་མི་དངང་བར་མི་འགྱུར་ན། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཕྱིར་མི་ལྡོག་པ་སྟེ།། ཕྱིར་མི་ལྡོག་པའི་སའི་སྐལ་བ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ། གདམས་ངག་འདིས་ཡང་དང་ཡང་དུ་ཡང་དག་པར་དགའ་བ་སྐྱེད་པར་བྱའོ།། དེའི་ཚེ་དམིགས་པ་ཅན་གྱི་དགེ་སློང་བརྒྱད་ཀྱིས། ཆོས་ཀྱི་རྣམ་གྲངས་འདི་མ་བསྟེན་པར་སྤངས་ནས། འཁོར་དེ་ནས་སོང་སྟེ། ཁ་ནས་ཁྲག་དྲོན་པོ་བྱུང་ནས་ཤིའོ།། ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་དུ་སྐྱེས་སོ། ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་དགེ་སློང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདིས་ཐོས་པས་གནོད་པ་ཆེན་པོ་ཇི་ཙམ་དུ་གྱུར་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེ་སྐད་མ་ཟེར་ཅིག། གལ་ཏེ་དགེ་སློང་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་མ་མཐོས་སུ་ཟིན་ན། བསྐལ་པ་ས་ཡའི་བར་དུ་ནམས་ཀྱང་བཟང་འགྲོར་སྐྱེ་བར་ཡང་མི་འགྱུར་ན། སངས་རྒྱས་དང་ཕྲད་ཅིང་མཉེས་པར་བྱེད་པ་ལྟ་ཅི་སྨོས། དེ་ནི་དེ་དག་གིས་ཆོས་ཀྱིས་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ནས། དྲ་བཟོད་ཁོ་ནར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ནས་ཤི་འཕོས་ཏེ། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེའོ།། དེ་དག་བསྐལ་པ་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བཅུ་མཉེས་པར་བྱེད་པར་འགྱུར་ཏེ། ཐམས་ཅད་དུ་རྫུས་ཏེ་སྐྱེ་ཞིང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཤ་སྟག་ཏུ་འགྱུར་ལ་བསྐལ་པ་གཅིག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་དག་ཏུ་འགྱུར། དེ་ནས་ལྷའི་བུ་དེ་དག་གིས་བདག་ཅག། ལུང་བསྟན་པ། ལྷའི་རྣ་བའི་ཁམས་ཀྱིས་ཐོས་ནས། དེ་དག་ལྷའི་བུ་བརྒྱད་དང་ལྷན་ཅིག་ཏུ། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ལྷའི་མེ་ཏོག་གིས་ཡངས་པའི་གྲོང་ཁྱེར་ཐམས་ཅད་གཏོར་ཏོ་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་རྗེས་སུ་ཡི་རང་སྟེ། བཅོམ་ལྡན་འདས་བདག་རྗེས་སུ་ཡི་རང་ལགས་སོ།། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་ཚུལ་འཕེལ་བར་མཛད་དུ་གསོལ་ཞེས་ཀྱང་གསོལ་ཏོ། ། དེ་དག་རྗེས་སུ་ཡི་རང་བའི་མདོ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། ཡངས་པའི་གྲོང་ཁྱེར་ཆེན་པོའི་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། སྲོག་ཆགས་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉིད་དང་བཅས་པ་ཐོས་ནས། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་ན། གང་གིས་སོམ་ཉིད་མེད་པར་ཐོས་པ་ལྟ་ཅི་མོས། གང་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། འཆང་བ་དང་། གཞན་བདག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་ལྟ་ཅི་སྨོས། འཇམ་དཔལ་དེ་ལྟ་བས་ན། དགྲ་བཅོམ་པ་ཉིད་ཐོབ་པར་འདོད་པས་ཀྱང་། ཆོས་འདི་ལ་བསླབ་པར་བྱའོ།། རང་བྱང་ཆུབ་ཐོབ་པར་འདོད་པས་ཀྱང་ཆོས་འདི་ལ་བསླབ་པར་བྱའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་མ་ཚང་རྒྱ་བར་འདོད་པས་ཀྱང་། ཆོས་འདི་ལ་བསླབ་པར་བྱའོ།། དེ་ནས་ཁྱེའུ་རིན་ཆེན་གྱིས་རང་གི་མ་མ་ལ་འདི་སྐད་ཅེས་སྨྲས་སོ།། མ་མ་ཁོ་བོ་ལ་ཁ་ཟས་བྱིན་ཅིག་དང་། བཅོམ་ལྡན་འདས་ལ་ཞལ་ཟས་འབུལ་བར་བྱའོ། ། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་མ་མས་འཁར་བའི་སྣོད་ཟས་རོ་བརྒྱ་དང་ལྡན་པས་བཀང་སྟེ། ཁྱེའུ་རིན་ཆེན་ལ་བྱིན་ནོ།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་ཟད་པའི་བདེན་པ་གང་། ལག་པའི་བདེན་པ་དེས་ན་དགེ་སློང་གི་དགེ་འདུན་ཐམས་ཅད་ཚིམ་པར་མ་གྱུར་གྱིས་བར་དུ། ཁར་བའི་སྣོད་འདི་ཡོངས་སུ་འགྲིབ་པར་མ་གྱུར་ཅིག། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བཀང་ནས། དགེ་སློང་གི་དགེ་འདུན་ལ་སྨྲས་པ། བཙུན་པ་རྣམས་བདག་ལ་ཐུགས་བརྩེ་བའི་སླད་དུ། གང་གིས་བདག་ལ་འབྲས་བུ་ཆེན་པོར་འགྱུར་བའི་བསོད་ནམས་འདི་བཞེས་ཏེ། གང་ལུས་ཀྱིས་ཡོན་སྦྱོང་བར་མི་བྱེད་པ་དང་སེམས་ཀྱིས་སྦྱོང་བར་མི་བྱེད་པ་དང་། གང་ལ་ཕུལ་ན་བསོད་ནམས་སུ་མི་འགྱུར་བ་དང་། རྣམ་པར་སྨིན་པར་མི་འགྱུར་བ་དང་། གང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་མི་ལྡན་པ་དང་། གང་འདུས་བྱས་ལ་མི་གནས་པ་དང་། གང་འདུས་མ་བྱས་ལ་མི་གནས་པ་དང་། གང་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་མགོས་པ་དང་། ཉན་ཐོས་ཀྱི་ཆོས་རྣམས་ལ་མི་རྟེན་པ་དང་། སངས་རྒྱས་ཀྱི་ཐེག་པ་ལ་ངེས་པར་མི་འབྱུང་བ་དང་། ངེས་པར་འབྱུང་བར་མི་འདོད་པ་དེས་པ་ཞེས་ཤིག། དེ་ནས་དགེ་སློང་གི་དགེ་འདུན་དེ་དག་གི་ནང་ནས་སུས་ཀྱང་། སྣོད་དེ་མ་བླངས་སོ། ། ཁྱེའུ་རིན་ཆེན་བྱིན་གྱིས་སྨྲས་པ། བཙུན་པ་དག་བདག་ཀྱང་སྦྱིན་པར་འདོད་པ་ལགས། ཁྱེད་ཀྱང་གསོལ་པར་བཞེད་པ་ལགས་ཏེ། བདག་བཙུན་པ་རྣམས་ལས་ཅི་ཡང་རེ་བ་མ་མཆིས་ཀྱིས་བཞེས་ཤིག། འཇམ་དཔལ་གྱི་ཚད་དང་མཉམ་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་འབུམ་གྱི་སངས་རྒྱས་ཀྱི་ཞང་གི་ཡོན་ཏན་བཀོད་པ་དེ་བས་ཀྱང་ཕྱེ་བྱེ་བ་ཕྲག་འབུམ་ལས་ལྷག་པའི་སངས་ཞིང་གི་ཡོན་ཏན་བཀོད་པ། བདག་གི་སངས་རྒྱས་ཀྱི་ཞིང་དུ། འགྱུར་བའི་བདེན་པ་དང་། བདེན་པའི་ཚིག་གང་ཡིན་པའི་བདེན་པ་དང་། བདེན་པའི་ཚིག་དེས་ན། འཁར་བའི་སྣོད་འདི་ལས་ཁྱེད་ཐམས་ཅད་ཀྱི་ལྷུང་བཟེད་རྣམས་གང་བར་གྱུར་ཅིག། འཁར་བའི་སྣོད་འདི་ཡང་ཡོངས་སུ་ཟད་པར་མ་གྱུར་ཅིག་ཅེས་བྱས་སོ།། དེ་ནས་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱི་ལྷུང་བཟེད་དེ་དག་གང་བར་གྱུར་ཏོ། ། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཡངས་པའི་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་ཁ་ཟས་རོ་བརྒྱ་དང་ལྡན་པ་དེས་ཚམ་པར་བྱས་སོ།། བསོད་སྙོམས་དེ་ཡང་ཟད་པར་མ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིན་ཆེན་བྱིན་ལྔ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའི་ཡོན་ཡོངས་སུ་སྦྱོང་བ་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། ལུས་མི་དམིགས་པ་དང་། སེམས་མི་དམིགས་པ་དང་། སྦྱིན་པ་ལ་མངོན་པར་ཞེན་པ་མེད་པ་དང་། རྣམ་པར་སྨིན་པ་མི་འདོད་པ་དང་། ལེན་པ་པོ་རྣམས་ལ་རྣམ་པར་སྨིན་པ་མེད་པའོ། ། རིན་ཆེན་བྱིན་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྟག་ཏུ་མངོན་དུ་བྱ་བ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སངས་རྒྱུ་རྗེས་སུ་དྲན་པའི་དང་། སྙིང་རྗེ་ཆེན་པོ་དང་། བདག་གི་ལས་ཀྱི་རྣམ་པར་སྨིན་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཇམ་དཔལ་ཁྱེའུ་རིན་ཆེན་བྱིན་འདི་བསྐལ་པ་གསུམ་ཅུ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྟོབས་དང་། གྲགས་པ་དོན་ཡོད་པ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ།། དེའི་འཁོར་དུ་འདུས་པ་ཡང་མཐའ་ཡས་པར་འགྱུར་ཏེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། དེ་དག་ཀྱང་འོད་མཐའ་ཡས་པ་དང་། ཚེ་དཔག་ཏུ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་སྙམ་དུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བར་ཟུང་ཤིག། ཆོས་ཉིད་ཀྱི་སྐྱེ་བོ་ཞེས་བྱ་བར་ཡང་གཟུང་ཤིག། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བསོད་སྙོམས་པཞེས་ནས་གཤེགས་སོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རིན་ཆེན་བྱིན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། པྲ་ཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། རྒྱ་གར་སྐད་དུ། ཨཱརྱ་ཙིན་ཏུ་པྲ་བྷ་ས་ནིར་ཤོནཱ་མ་དྷརྨ་བརྱ་ཡ། བོད་སྐད་དུ། འཕགས་པ་སྣ་བ་བསམ་གྱི་མི་ཁྱབ་པ་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།

CLOSE WINDOW