CLOSE WINDOW

S83: འཕགས་པ་སུམ་བཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། ཨཱརྱ་ཏྲ་ཡ་སྟིང་ཤད་པ་རི་བརྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། ། ། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་ན། ཤིང་ཡོངས་འདུའི་དྲུང་ན། ཨ་ར་མོ་ནི་ག་ལྟ་བུའི་རྡོ་ལེབས་ལ་བཞུགས་ཏེ། སྐུ་བསྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་ཕྱིར། དགེ་སློང་བརྒྱད་སྟོང་གི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་། དགྲ་བཅོམ་པ་ཟག་པ་ཟད་པ། རྫུ་འཕྲུལ་ཆེ་བ། དབང་ཆེ་བར་གྲགས་པ། མཐུ་ཆེན་པོ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང། ཐམས་ཅད་ཀྱང་། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས། མངོན་པར་ཤེས་པ། བཟོད་པ་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཕལ་ཆེར་འཇིག་རྟེན་གྱི་ཁམས་ཐ་དད་པ་ནས། འདུས་པ་ཤ་སྟག་དང་ཐབས་ཅིག་ཏུ། དབྱར་གནས་པར་ཞལ་གྱིས་བཞེས་ནས། དེ་ནས་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། ། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ཞེས་བྱ་བ་དང་། ཟླ་མཆོག་ཅེས་བྱ་བ་གཉིས་འཁོར་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་གོ། དེ་ནས་ལྷའི་བུ་ཟ་བསྟན་ལས་ལངས་སྟེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱི་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཟླ་བ་ཁྱོད་སུའི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་འདོད། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་ཚིགས་སུ་བཅད་དེ་གསོལ་པ། གང་བདག་བདག་ལ་སྨན་དང་སེམས་ཅན་གཞན་ལ་སྨན་སླད་ཞུགས། ། སེམས་ཅན་ཀུན་ལ་སྙིང་རྗེ་སྙིང་བརྩེ་ལེགས་པར་བསྐྱེད་ནས་ནི།། བྱང་ཆུབ་རྡུལ་བྲལ་བདུད་རྩི་འཚལ་ཞིང་དོན་དུ་སྒྲུབ་བགྱི་པ། @་སེང་གེ་བདག་ནི་དེ་དག་དོན་དུ་ཞུ་བ་ཞུ། ། གང་དག་མ་ཞུམ་སེམས་ཀྱིས་བསྐལ་པ་བྱེ་བར་སྤྱོད་བགྱིད་ཅིང་།། སྡུག་བསྔལ་སྤོངས་ལ་འགྲོ་བ་ཐམས་ཅད་ཀྱང་ནི་གྲོལ་བར་བགྱིད།། གང་ངག་སེམས་ཅན་ཀུན་ལ་སེམས་སྙོམས་སྦྱོར་བ་སྒོམ་པར་བགྱིད། ། བདག་ནི་མི་འཛིན་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལེགས།། གང་དག་སངས་རྒྱས་མཚན་མཆོག་སུམ་ཅུ་རྩ་གཉིས་རྣམས་ཀྱིས། ། སྐུ་སྤྲུལ་རྡུལ་དང་བྲལ་བ་བསོད་ནམས་ཞིང་ཆེན་མཐོང་གྱུར་ནས།། ཡོན་ཏན་རྒྱ་མཚོ་གང་ཆེན་མཚོ་རྣམས་དེ་དག་འདོད་བགྱིད་པ།། གཟི་བརྗིད་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། ། གང་དག་རྟག་ཏུ་སྐྱེས་བུ་ཁྱུ་མཆོག་ཡེ་ཤེས་མ་གཏོགས་པར།། གཞན་དུ་བློ་གྲོས་མི་སྐྱེད་གཞན་དུ་སེམས་པར་མི་བགྱིད་དང་།། ངག་དག་ཉན་ཐོས་རང་རྒྱལ་དག་ཏུ་བློ་གྲོས་མི་སྐྱེད་པ། ། རྩལ་རབ་བརྟན་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྙེད་དང་མ་རྙེད་གྲགས་དང་མ་གྲགས་མཉམ་པར་སེམས།། སྨད་དང་བསྔགས་དང་བདེ་དང་སྡུག་བསྔལ་དག་གིས་བསྐྱོད་མི་འགྱུར། ། འཇིག་རྟེན་ཆོས་རྣམས་ཟིལ་གྱིས་མནན་ཏེ་གནས་ཤིང་བསྐྱོད་མ་མཆིས།། འཇིགས་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་བདག་ཕངས་མཚུངས་འདྲར་གཞན་དག་ལ་ཡང་ཕངས་པར་འཛིན། ། སྲིད་པ་གསུམ་ན་ཐ་དད་འབྱེད་པ་མ་མཆིས་སྦྱོར་བ་མཉམ།། གང་དག་བྱམས་པར་སེམས་ཤིང་ཚུལ་འཆོས་ཐབ་སྐྱོན་མ་མཆིས། ། སྐྱེ་བོ་དེ་དག་རྣམས་ཀྱི་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྟག་ཏུ་སྦྱིན་དང་ཚུལ་ཁྲིམས་དག་ཅིང་སྤྱོད་རྣམས་སྤྱོད།། བདག་ཉིད་སྤོང་བར། བགྱིད་ཀྱིས་ཚུལ་ཁྲིམས་ཕུང་པོ་གཏོང་མི་བགྱིད།། གང་དག་རྟག་ཏུ་ལུས་དང་ངག་དང་ཡིད་རྣམས་ལེགས་པར་བསྡམས།། བདག་ནི་དྲི་མེད་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས།། གང་དག་བཟོད་པ་སྨྲ་ཞིང་ལེགས་པར་བསྡམས་པའི་ཤེས་དང་ལྡན། ། སྡུག་བསྔལ་དང་ནི་བསད་དང་བཅིངས་དང་བརྡེག་པ་རྣམས་ཀྱང་བཟོད།། ཀུན་གྱིས་དཀྲུགས་ཀྱང་ཁྲོ་བ་དང་ནི་ཐ་བ་སྐྱེད་པར་མི་བགྱིད་པ། ། ངེས་པར་བགྱིས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་མཐུ་དང་བརྩོན་འགྲུས་སྟོབས་གནས་དམ་པའི་དོན་དང་ལྡན།། འཇིག་རྟེན་དོན་གྱི་སླད་དུ་རྒྱུ་ཞིང་བདག་གི་ཕྱིར་མ་ལགས། ། དཀར་པོ་སྤྱོད་པ་རྣམས་ཀྱིས་མི་ངོམས་རྒྱ་མཚོ་ཆབ་དང་འདྲ།། ཡོན་ཏན་རྒྱ་མཚོ་དེ་དག་དོན་དུ་རྒྱལ་ལ་ཞུ་བ་ལགས།། གང་དག་རྣམ་པར་རྟོག་པ་སྣ་ཚོགས་ཤས་ཆེར་མི་འཇུག་པ། ། གང་དག་ཉོན་མོངས་སྣ་ཚོགས་ཕམ་བགྱིས་འཕགས་པའི་ཡེ་ཤེས་ལྡན།། གང་དག་བསམ་གཏན་མངོན་ཤེས་རྣམ་རྩེན་རྫུ་འཕྲུལ་རྐང་པར་ལྡན།། བསམ་གཏན་གནས་པ་དེ་དག་དོན་དུ་བདག་ནི་ཞུ་བ་ལེགས།། གང་དག་ཤེས་རབ་ཕ་རོལ་སོན་ཅིང་ཡེ་ཤེས་མཐའ་ཡས་ལྡན།། རྟོག་དང་ཀུན་རྟོག་བྲལ་ཞིང་སྤྲོས་པ་མ་མཆིས་ཞི་བར་གྱུར། ། གང་གིས་ཆོས་འདི་དབེན་ཞིང་ཡ་མ་བརླར་ཡང་རྟོགས་གྱུར་པ།། གང་ཟག་ཆེན་པོ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་རྫུ་འཕྲུལ་ཤེས་ལ་མཁས་ཤིང་ཤིན་ཏུ་རབ་ཞི་སྤྱོད། ། ཞིང་རྣམས་ཁྲག་ཁྲིག་མཆིལ་མ་ཞིང་དུ་འཛིན་པའང་མ་མཆིས་དང་།། སངས་རྒྱས་ཁྲག་ཁྲིག་ཕྱག་འཚལ་སངས་རྒྱས་འཛིན་པའང་མ་མཆིས་པ།། བཐོབ་ན་དགའ་བ་དེ་དག་དོན་དུ་རྒྱལ་བ་ཞུ་བ་ལགས། ། གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང་།། གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷ་ཡི་བདུད་བཅོམ་དང་།། གང་དག་བདུད་ཀུན་ངེས་བཅོམ་ནས་ནི་བྱང་ཆུབ་རེག་གྱུར་པ།། མུན་དང་བྲལ་བ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས།། གང་དག་ནགས་དང་ཚལ་དུ་བཅས་པའི་ས་གཞི་བསྐྱོད་ནས་ཀྱང་བྱང་ཆུབ་རྡུལ་མེད་སངས་རྒྱས་ཡེ་ཤེས་མཆོག་ནི་འཚང་རྒྱ་དང་། ། གང་དག་སེམས་གཅིག་ལ་ནི་ཤེས་པ་ཅི་མཆིས་འབྱུང་འགྱུར་བ།། རྡོ་རྗེ་ལྟ་བུ་དེ་དག་དོན་དུ་བདག་ནི་ཞུ་བ་ལགས། ། གང་དག་ཡེ་ཤེས་ཀུན་མཁས་གཟི་བརྗིད་ཆེན་པོ་གཟི་བསྐྱེད་དང་།། གང་དག་རྟག་ཏུ་སངས་རྒྱས་གདུང་ཕྱིར་ཆོས་སྤྱོད་རབ་ཏུ་བསྟན།། གང་དག་འདྲེན་པ་དང་ནི་དགེ་འདུན་མཁས་རྣམས་དགྱེས་དགུར་སྦྱོར། ། དེ་དག་དོན་དུ་སྲིད་གསུམ་དག་ན་བདག་ནི་ཞུ་བ་ལགས།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ཤེས་པ་དང་ལྡན་པ་རྣམས་ལགས། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བསྟན་པ་གཅིག་པ་ཤེས་པ་རྗེས་སུ་ཐོབ་པ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོའི་ཚུལ་ཁྲིམས་ཅན་བག་མཆིས་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་ལགས། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཟླ་བ་ལེགས་སོ་ལེགས་སོ།། ཟླ་བ་ཁྱོད་ཀྱིས་གོ་ཆ་ཆེན་པོ་བགོས་པ་རྣམས་དང་། འདྲོན་པོ་ཕལ་པོ་ཆེ་སྒྲོལ་བར་འདོད་པ་རྣམས་དང་། ཆོས་ཀྱི་སྒྲོན་མེ་ཆེན་པོ་སྦར་བར་འདོད་པ་རྣམས་དང་། ཆོས་ཀྱི་གླུ་ཆེན་པོ་སྒྲོལ་བར་འདོད་པ་རྣམ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་འདོད་པ་རྣམས་དང་། ཆོས་ཀྱི་རྔ་བོ་ཆེ་ཆེན་པོ་རྡུང་བར་འདོད་པ་རྣམས་དང་། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འདོད་པ་རྣམས་དང་། ཆོས་ཀྱི་རྟོག་ཆེན་པོ་གཟུང་བར་འདོད་པ་རྣམས་དང་། ཤེས་རབ་ཀྱི་སྣང་བ་ཆེན་པོ་བྱ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོའི་རྗེས་སུ་འགྲོ་བར་འདོད་པ་རྣམས་དང་། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་འདོད་པ་དེ་དག་དང་། དེ་ལྟ་བུར་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སེམས་ཅན་དེ་དག་གི་དོན་དུ་དེ་བཞིན་གཤེགས་པ་ལ་ཞུ་བར་བྱེད་པ་ཁྱོད་ལེགས་སོ།། ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ། ཚུལ་བཞིན་དུ་ཡིད་ལ་བྱོས་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མངོན་པར་ཤེས་པ་ཆེན་པོ་དང་ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གྱིས་མི་ཁྱབ་པའི་ཐབས་ལ་མཁས་པས་ཡོད་སུ་བསྔོ་བ་ཤེས་པ་དང་ལྡན་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཚུལ་གཅིག་པ་དང་། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བཤད་པ་གཅིག་པ་ཤེས་པ་རྗེས་སུ་ཐོབ་པ་ཡིན་པ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་སྤྱོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཡིན་པར་ངས་ཁྱོད་ལ་བསྟན་ཏོ།། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏོ། ། ལྷའི་བུ་ཟླ་བས་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ཏེ། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཤེས་པ་ལ་ཡང་མཁས་ལ། ཆོས་ཐམས་ཅད་ལ་ཡང་མངོན་པར་ཞེན་པ་མེད་དོ།། དེ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པར་རིག་པ་དང་། ཤེས་པ་དང་། ཐོབ་པ་དང་། མངོན་སུམ་དུ་གྱུར་པ་ཡང་ཡིན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ཆོས་ཀྱིས་དབྱིངས་ལ་མ་གཏོགས་པར་ཆོས་གཞན་ཅི་ཡང་ཡང་དག་པར་མི་མཐོང་ངོ་།། ལྷའི་བུ་དེ་ལ་ཆོས་ཐམས་ཅད་ཚུལ་གཅིག་པ་གང་ཞེ་ན། སྔོན་གྱི་མཐའ་ཐམས་ཅད་ཇི་ལྟར་སྟོང་པ་དེ་ཁོ་ན་བཞིན་དུ། ཕྱི་མའི་མཐའ་ཡང་སྟོང་ལ། ད་ལྟར་བྱང་བ་གང་ཡིན་པ་དེ་ཡང་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང་སྟེ། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་ཞེས་བྱའོ། ། དེ་ལ་འབྱེད་པ་དང་། ཤེས་པ་དང་། སྟོན་པ་དང་། འདོག་པ་དང་། འགྲེལ་པ་དང་། རྣམ་པར་འབྱེད་པ་དང་།། གསལ་བར་བྱེད་པ་དང་། འཆད་པ་འདི་ནི་མཁས་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་ཅེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་བདག་ཉིད་ཀྱི་ཀུན་ནས་སློང་བས་ཀུན་ནས་བསླང་བ་སྟེ། དེས་ཆོས་ཐམས་ཅད་དྲན་པ་ཉེ་བར་གཞག་པས། ཀུན་ནས་བསླང་བར་རིག་ནས། བདག་ལ་མངོན་པར་ཞེན་པ་མེད་དོ།། དེ་བདག་ལ་མངོན་པར་ཞེན་པ་མེད་པས། ཆོས་གཞན་རྣམས་སློང་བར་མི་བྱེད་དོ།། ཆོས་གང་ཡང་མི་ཤེས་ཤིང་མ་བསླངས་པས་ན། དེ་ལ་མངོན་པར་ཞེན་པར་མི་ནུས་སོ།། དེ་ལ་མངོན་པར་ཞེན་པ་མེད་པས་ན། ཆོས་རྣམ་པར་བཞག་པར་ཡང་བྱེད་ལ། ཆོས་གང་ལ་ཡང་མངོན་པར་ཞེན་པར་མི་འགྱུར་རོ།། ལྷའི་བུ་དེ་ལ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཤེས་ཞེ་ན། ལྷའི་བུ་ཁམས་གསུམ་པ་ནི་སེམས་ཙམ་དུ་ཟད་ལ། སེམས་དེ་ཡང་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྣམ་པར་རིག་པར་བྱེད་པ་མ་ཡིན་པ། སྒྱུ་མ་ལྟ་བུ་སྟེ། སེམས་དེ་ཡང་སེམས་ཀྱི་ཆོས་ཉིད་ཀྱིས་ཡོངས་སུ་བཙལ་ཀྱང་མི་རྙེད་དོ།། སེམས་གང་གིས་སེམས་ཡོངས་སུ་བཙལ་བའི་སེམས་དེ་ཡང་མི་རྙེད་དོ། ། དེ་སེམས་མི་དམིགས་པས། ཆོས་ཐམས་ཅད་མི་དམིགས་སོ།། ཆོས་ཐམས་ཅད་མི་དམིགས་པས། ཆོས་གང་ཡང་མཚན་མ་འམ། རྫས་སུ་ཡང་དག་པར་མི་མཐོང་སྟེ། ཆོས་ཐམས་ཅད་ལ་ཆགས་པར་མི་འགྱུར་རོ།། ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པའི་ཕྱིར་ནམ་མཁའ་དང་འདྲ་བར་ཤེས་སོ། ། ལྷའི་བུ་དཔེར་ན། ནམ་མཁའ་མ་སྐྱེས་ཤིང་ཡོངས་སུ་མ་གྲུབ་པའི་དེ་བཞིན་དུ། དེས་ཆོས་ཐམས་ཅད་ཤེས་སོ།། ཇི་ལྟར་ནམ་མཁའ་ཞེས་བྱ་བ་དེ་ཡང་དབེན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མིང་ཙམ་དུ་ཟད་དེ། དེ་དག་ཀྱང་དབེན་པའོ།། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཉིད་དང་ཐུན་པར་སྤྱོད་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལ་སོ་སོ་ཡང་དག་པར་བསླབས་ན་ཆོས་འདི་དག་ཐམས་ཅད་གཅིག་གིས་གཅིག་མི་ཤེས་ཤིང་། མི་མཐོང་སྟེ། མིག་གིས་ཀྱང་རྣ་བ་མི་ཤེས་ཤིང་མི་མཐོང་ལ། རྣ་བས་ཀྱང་མིག་མི་ཤེས་ཤིང་མི་མཐོང་ལ། སྣས་ཀྱང་ལྕེ་མི་ཤེས་ཤིང་མི་མཐོང་ལ། ལྕེས་ཀྱང་སྣ་མི་ཤེས་ཤིང་མི་མཐོང་ངོ་།། ལུས་ཀྱིས་ཀྱང་ཡིད་མི་ཤེས་ཤིང་མི་མཐོང་ལ། ཡིད་ཀྱིས་ཀྱང་ལུས་མི་ཤེས་ཤིང་མི་མཐོང་ངོ་།། ཆོས་འདི་དག་ཐམས་ཅད་ནི་བེམས་པོ་སྤྱོད་པ་མེད་པ། བྱེད་པ་མེད་པའོ།། དེས་དེ་ཆོས་ཀྱི་དབྱིངས་དང་འདྲ་བར་ཤེས་ཏེ། དེ་ལྟ་བུའི་ཤེས་རབ་དང་ལྡན་པ་དེ་ནི་ཡུལ་དྲུག་ལས་ཆོས་གང་སྣང་བར་གྱུར་པ་ན། དེ་འདི་སྙམས་དུ་སེམས་ཏེ། འདི་ལ་ནི་གང་ཕྱི་རོལ་རིག་པར་བྱེད་པའི་ནང་གི་ཆོས་གང་ཡང་མེད་དོ། ། འདི་ལ་ནི་གང་ནང་རིག་པར་བྱེད་པའི་ཕྱི་རོལ་གྱི་ཆོས་གང་ཡང་མེད་དོ།། དེས་དེ་ལྟར་ཤེས་ཤིང་དེ་ལྟར་མཐོང་བས་ཆོས་གང་གི་ཡང་སྐྱེ་བ་འམ། གནས་པ་ཡང་དག་པར་མི་མཐོང་ངོ་། ། ལྷའི་བུ་གང་ལ་སྐྱེ་བ་ཡང་མེད། འགག་པ་ཡང་མེད། གནས་པ་ཡང་མེད་པ་དེ་ནི། ཆོས་ཀྱི་དབྱིངས་སོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་གནས་པ་སྟེ། གཏན་དུ་མི་སྐྱེ་བར་གནས་པའི་ཕྱིར་རོ་སྙམ་མོ།། དེ་དེ་ལྟར་ཆོས་ཐམས་ཅད་ལ་ཡང་དག་པ་ཇི་ལྟར་བཞིན་དུ་སོ་སོར་ཏོག་པ་དང་ལྡན་པས་ན། ཆོས་ཉིད་ལ་མ་གཏོགས་པའི་ཆོས་གང་ཡང་མི་མཐོང་བ་ལ་ཆོས་ཐམས་ཅད་ཀྱང་ཆོས་ཉིད་དང་འཐུན་པར་སྦྱོར་ཏེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། མངོན་པར་ཤེས་པ་ཆེན་པོ་དང་། ཡེ་ཤེས་ཀྱི་ཁྱད་པར་དམ་པའི་ཕ་རོལ་ཏུ་སོན་པ་ཡིན་ནོ།། ལྷའི་བུ་དེ་ལ་མངོན་པར་ཤེས་པ་གང་ཞེ་ན། ལྷའི་བུ་མངོན་པར་ཤེས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པའི་ཤེས་པ་གང་ཡིན་པའོ།། ལྷའི་བུ་ཡེ་ཤེས་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་གཉིས་སུ་མི་འབྱེད་པ་གང་ཡིན་པའོ། ། ལྷའི་བུ་གཉིས་སུ་མེད་པ་ཞེས་བྱ་བ་ནི་གང་ལ་མིག་དང་། གཟུགས་འདོགས་པར་མི་བྱེད། རྣ་བ་དང་། སྒྲ་འདོགས་པར་མི་བྱེད། སྣ་དང་དྲི་འདོགས་པར་མི་བྱེད་ལྕེ་དང་རོ་འདོགས་པར་མི་བྱེད། ལུས་དང་རེག་བྱ་བདོགས་པར་མི་བྱེད། ཡིད་དང་ཆོས་འདོགས་པར་མི་བྱེད་པའོ།། བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏོ། ། དེ་ཡང་བསམ་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་ཡོངས་སུ་རྫོགས་ནས་ཐོབ་པར་འགྱུར་རོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི། ལྷའི་མིག་གིས་ཕྱོགས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་དག་མཐོང་ངོ་།། སངས་རྒྱས་ཀྱི་ཞིང་དེ་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་དག་བཞུགས་པ་དེ་དག་ཀྱང་མཐོང་ངོ་།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ལྷའི་རྣ་བའི་ཁམས་ཀྱིས་ཐམས་ཅད་ཐོས་སོ། ། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་རྣམས་ཀྱི་བསམ་པ་དང་། སྤྱོད་པ་ཐ་མ་དང་། འབྲིང་དང་། རབ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་སོ།། སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་ཡང་སྐད་ཅིག་དེ་ལ་འགྲོའོ།། དེ་བདག་ཉིད་ཀྱིས་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པ་ལས་ཀྱང་བཙམས་ནས་ཆོས་སྟོན་པར་བྱེད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་དེ་ལྟ་བུ་དང་ལྡན་པ་ནི་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཡང་། སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བྱ་བས་ཉེ་བར་གནས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ། ཐབས་ཤེས་པ་ལ་མཁས་ཤིང་གསལ་བ་ནི།། མངོན་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱེད།། རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུ་ཤེས།། དེ་ནི།། ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། ཆོས་རྣམས་ཐམས་ཅད་ཇི་བཞིན་ཤེས་པ་ཡི།། མཁས་པ་མངོན་པར་ཞེན་པར་མི་བྱེད་དེ།། རྟག་ཏུ་ཆོས་ཀུན་ནམ་མཁའ་ལྟ་བུ་དང་།། རྟག་ཏུ་སྟོང་པའི་བདག་མེད་ཤེས་པ་ཡིན།། ཆོས་དང་ཆོས་ཀྱི་དབྱིངས་ལ་འཐུན་པར་སྦྱོར།། ཆོས་ཀྱི་དབྱིངས་ལ་མ་གཏོགས་མཐོང་བ་མེད།། གང་གིས་དེ་མཐོང་དེ་ཡང་ལྷག་པར་མཐོང་། ། དེ་ལྟར་མངོན་པར་བརྩོན་པས་མངོན་ཤེས་ཐོབ།། སྔོན་གྱི་ཆོས་རྣམས་ཇི་ལྟར་སྟོང་པ་བཞིན།། མ་འོངས་པ་རྣམས་དེ་བཞིན་སྟོང་པ་དང་།། དེས་ནི་ད་ལྟར་བྱུང་བའང། དེ་བཞིན་མཐོང་།། དེ་དག་སྔན་ཆད་ཇི་བཞིན་བརྗོད་པ་ཡིན།། ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང་།། མཁས་པ་མི་རྟོག་རྣམ་པར་རྟོག་མི་བྱེད།། མེ་ཏོག་རྣམ་པར་རྟོག་པར་མི་བྱེད་ན། ། ཇི་བཞིན་མཐོང་བ་ལ་ནི་འཇིགས་པ་མེད།། དེ་ཉིད་ཤེས་ལྡན་མཁས་ལ་གསལ་བ་སྟེ།། ཆོས་ཀྱང་སྟོན་ལ་ཆོས་ཀྱི་འདུ་ཤེས་མེད།། རློམ་སེམས་མེད་པ་ལ་ནི་སྟེན་པའང་མེད།། རྟེན་པ་མེད་པ་ལ་ནི་གཡོ་བའང་མེད།། ཆོས་འདི་ཐམས་ཅད་བདག་ལས་བྱུང་བ་ཏེ།། དེ་ནི་བདག་མེད་རང་བཞིན་བདག་མེད་དེ།། ཆོས་འདི། ཐམས་ཅད་བདག་མེད་རྟོགས་ནས་ཀྱང་།། མཁས་པ་ཆོས་གཞན་དུ་ནི་སློང་མི་བྱེད།། མ་སྐྱེད་གང་ཡིན་དེ་ནི་འབྱུང་མི་འགྱུར།། དེ་ནི་དེ་ལ་མངོན་པར་ཞེན་པ་མེད།། རྣམ་པར་བཞག་པས་ཆོས་ཀུན་སྟོན་པར་བྱེད། ། ཆོས་རྣམས་སྟོན་ཀྱང་བདག་ལ་སེམས་པ་མེད།། སྲིད་གསུམ་ཐམས་ཅད་སེམས་ལས་གྲུབ་པར་འགྱུར།། སེམས་དེ་ཉིད་ཀྱང་རྟག་ཏུ་བསྟན་དུ་མེད།། གཟུགས་མེད་ལུང་དུ་མ་བསྟན་སྒྱུ་མ་འདྲ།། མཁས་པ་དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ།། དེ་ནི་སེམས་ཀྱི་ཆོས་ཉིད་ཚོལ་བ་ན།། སེམས་དང་སེམས་ཀྱི་ཆོས་ཉིད་མཐོང་བ་མེད།། སེམས་དེ་སེམས་གང་གིས་ནི་ཚོལ་བྱེད་པ། ། སེམས་དེ་ཡང་ནི་རང་བཞིན་མཐོང་བ་མེད།། དེ་ནི་ཆོས་རྣམས་ཀུན་གྱིས་མི་གོས་ཏེ།། དེ་ཡི་མཚན་མ་འདོད་ཆགས་འཇུག་པ་མེད།། དེ་ནི་ཆོས་ཀུན་མ་གྲུབ་ཤེས་ནས་ཀྱང་། ། དེ་ཡིས་རྟག་ཏུ་ནམ་མཁའ་ལྟ་བུར་ཤེས།། ཇི་ལྟར་ནམ་མཁའ་སྐྱེས་པར་མ་གྱུར་པ།། དེ་བཞིན་དེ་ཡིས་ཆོས་རྣམས་ཐམས་ཅད་ཤེས།། སྙིང་པོ་མེད་པ་ནམ་མཁའ་མིང་གིས་བྱས། ། ཆོས་རྣམས་སྟོང་པ་མིང་གིས་བྱས།། ཆོས་རྣམས་སྟོང་པ་མིང་གིས་རྣམ་པར་བརྗོད།། ནམས་ཀྱང་རྣ་བས་མིག་ནི་མཐོང་བ་མེད།། རྣ་བ་ཡིས་ནི་ནམ་ཡང་། མིག་མ་མཐོང་།། སྣས་ཀྱང་ལྕེ་མིན་ལྕེས་ཀྱང་སྣ་མ་ཡིན།། དེ་དག་གཅིག་ལ་གཅིག་ནི་མཐོང་བ་མེད།། ལུས་ཀྱིས་ནམས་ཀྱང་ཡིད་ནི་མཐོང་མི་འགྱུར།། ཡིད་ཀྱིས་ནམས་ཀྱང་ལུས་ནི་མཐོང་བ་མེད། ། འདི་དག་ཕན་ཚུན་འདོགས་པར་མི་བྱེད་དེ།། དེ་ཕྱིར་འདི་དག་རྟག་ཏུ་དབེན་པ་ཡིན།། སྤྱོད་མེད་བྱེད་པ་མེད་ལ་བེམས་པོ་སྟེ། ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཚུངས་ཞིང་མཉམ། ། ནང་ཡང་ཕྱི་རོལ་དག་གིས་མི་ཤེས་ལ།། ཕྱི་རོབ་དག་ཀྱང་ནང་གིས་མི་ཤེས་སོ།། དེ་ཕྱིར་ཆོས་རྣམས་འདི་དག་རབ་ཤེས་པ།། རྟག་ཏུ་དེ་ཡིས་ཤེས་པ་མཐའ་ཡང་ཡས། ། ཕྱོགས་བཅུར་སངས་རྒྱས་བྱེ་བ་ཉན་ཐོས་བཅས།། མཐོང་དུ་ཟིན་ཀྱང་རྟོག་པར་མི་བྱེད་དོ།། ཤེས་རབ་མཐའ་ཡས་ཚུལ་ཁྲིམས་རབ་དག་པ།། དེ་དག་ཆོས་རྣམས་སྟོན་པ་གང་ཡིན་པ། ། ལེགས་པར་གསུངས་པ་དེ་དག་ཐམས་ཅད་ཐོས།། བཟུང་ནས་ཀྱང་ནི་ཡང་དག་འཛིན་པར་བྱེད།། དེས་ནི་སེམས་ཅན་ཀུན་གྱི་སེམས་ཀྱང་ཤེས།། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བྱེ་བར་འགྲོ། ། བསྐལ་པ་བྱེ་བ་བསམ་གྱིས་མི་ཁྱབ་པ།། གངྒཱའི་བྱེ་སྙེད་སྔོན་གྱི་གནས་ཀྱང་དྲན།། དེ་ཕྱིར་མངོན་ཤེས་ལྔ་པོ་འདི་བསྒོམས་ན།། བདེ་གཤེགས་ཡེ་ཤེས་དང་ཡང་ཉེ་བར་འགྱུར། ། མཁས་དེ་རྟག་ཏུ་སངས་རྒྱས་བྱེ་བས་གནས།། བྱང་ཆུབ་མ་ཐོབ་པར་ཡང་དོརན་བྱེད་འགྱུར།། གང་ཞིག་འདི་འདྲའི་ཆོས་བསྟན་ཐོས་ནས་ཀྱང་། ། དགའ་བ་རྒྱ་ཆེན་གཙོ་བོ་སྐྱེད་འགྱུར་བ།། དེ་ལ་བདུད་ཀྱིས་ཚུགས་པར་མི་འགྱུར་ཏེ།། མྱུར་དུ་བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་པར་རིག་པར་བྱའོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐབས་ལ་མཁས་པ་ཡིན་ཏེ། ། དེ་ཇི་ལྟ་ཇི་ལྟར་བདག་ཉིད་སྡུག་བསྔལ་བ་དང་།། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ཀྱི་གནོད་པར་གྱུར་པ་མཐོང་བ་དེ་ལྟ་དེ་ལྟར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་བརྩོན་འགྲུས་རྩོམ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱང་།། བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་ལ་ཆོས་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སེམས་ལ་ངེས་པར་འདོགས་སོ། ། དེ་སེམས་ཅན་ཐམས་ཅད་ཀྱི་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱིས་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་ལ། ། སངས་རྒྱས་ཐམས་ཅད་ཀྱིས་དུས་གསུམ་དུ་ཡང་དག་པར་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་དེ།། དགེ་བའི་རྩ་བ་དེ་ཡང་སེམས་ཅན་དེ་དག་ཐམས་ཅད་ཉིད་ལ་འདོར་ཞིང་ཡོངས་སུ་གཏོང་བར་བྱེད་དེ། ། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མི་སྔོ་བའི་སེམས་བསྐྱེད་པ་ཅི་ཡང་མེད་ལ། སེམས་ལ་མ་གཏོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་མ་མཐོང་ངོ་།། བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ།། སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་པར་ཤེས་ནས་འདྲི་བར་བྱེད་དོ།། སེམས་དང་བྱང་ཆུབ་ལ་ཡང་མངོན་པར་ཞེན་པ་མེད་ལ།། ཐབས་ཤེས་པས་དགེ་བའི་རྩ་བ་ཡང་རྣམ་པར་འཕེལ་བར་བྱེད་དོ།། དེས་ཆོས་ཀྱི་དབྱིངས་ཀྱང་རྣམ་པར་དག་པར་མི་མཐོང་ལ། ། བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་རྟོགས་པའི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པ་ལ་ཡང་མཆོག་མི་ཤེས་སོ།། སེམས་ཀྱི་ལས་དང་། དགེ་བའི་སེམས་ལ་ཡང་མཆོག་ཏུ་འཛིན་པ་ཡང་མེད་དོ། ། དེ་སྦྱིན་པ་ཡང་སྦྱིན་པར་བྱེད་ལ། དེ་ལ་ཡང་རྣམ་པར་མི་རྟོག་གོ།། ཚུལ་ཁྲིམས་ཀྱང་སྲུང་ལ། དེ་ལ་མཆོག་ཏུ་འཛིན་པ་ཡང་མེད་དོ།། བཟོད་པ་ཡང་སྒོམ་ལ། དེ་ལ་ཡང་མི་གནས་སོ།། བརྩོན་འགྲུས་ཀྱང་རྩོམ་ལ། དེ་ཡང་དབེན་པར་ཤེས་སོ།། བསམ་གཏན་ལ་ཡང་སྙོམས་པར་འཇུག་ལ་དེ་ལ་ཡང་མི་རྟེན་ཏོ། ། ཤེས་རབ་ལ་ཡང་སྤྱོད་ལ། དེ་ལ་ཡང་ཀུན་ཏུ་སྤྱོད་དོ།། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་ལ། དེ་ཡང་མི་དམིགས་པར་སྤྱོད་དོ།། ཞིང་ཡང་ཡོངས་སུ་དག་པར་བྱེད་ལ། ཕན་གདགས་པའི་ཚུལ་གྱིས་བྱེད་དོ།། ཡེ་ཤེས་ཀྱང་ཡོངས་སུ་ཚོལ་ལ། དེ་ལ་ཡོངས་སུ་ཚོལ་བ་མེད་པའི་ཚུལ་གྱིས་བྱེད་དོ།། ཆོས་ཀྱང་སྟོན་ལ་དེ་ཡང་བརྗོད་དུ་མེད་པའི་ཚུལ་གྱིས་བྱེད་དེ། ལྷའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་ཡང་ཚད་མེད་པར་བྱེད་དོ། ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དགེ་བའི་རྩ་བ་ཇི་ཙམ་དུ་ཆུང་བ་ཡང་ཚད་མེད་པར་བྱེད་ཅེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ལ་ཚད་མེད་པའི་འདུ་ཤེས་སྐྱེད་པར་བྱེད་དེ། གང་ལ་མུ་ཐུག་པ་ཡོད་པ་དེ་ལྟ་བུའི་ཆོས་ནི་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡིན་ལ། སྟོང་པ་གང་ཡིན་པ་དེ་ནི་ཚད་མེད་པའི་ཕྱིར་རོ།། ཚད་མེད་པར་བྱས་པའི་སེམས་ཀྱི་ཆོས་ཀྱི་ཕྱིར། སྦྱིན་པ་ཇི་ཙམ་དུ་ཆུང་བ་ཡང་ཐབས་ལ་མཁས་པས་ཚད་མེད་པར་བྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། གང་དུ་བྱང་ཆུབ་ཀྱི་སེམས་དེ་ཡོངས་སུ་བསྔོ་བའི་བྱང་ཆུབ་དེ་ཚད་མེད་པའི་ཕྱིར་རོ།། དེ་ཚད་མེད་པའི་སྤྱོད་པས་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཚད་མེད་པའི་ཆོས་ཉིད་རྟོག་པར་འགྱུར་རོ།། ལྷའི་བུ་གཞན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་གྱིས་སྤྱོད་པ་ལ་འཇུག་ཏེ། དེ་ཐབས་ལ་མཁས་པས་ཆོས་ཇི་ལྟ་བུ་ལ་མོས་པའི་སེམས་ཅན་རྣམས་ལ་དེ་ལྟ་བུའི་མོས་པས་གནས་ཏེ། སྦྱིན་པ་འམ། རབ་ཏུ་སྦྱིན་པ་འམ། ཆོས་བསྟན་པས་གནས་སོ། ། ལྷའི་བུ་གཞན་ཡང་སྦྱིན་པ་སྦྱིན་པའི་སྒོ་ནས་དེའི་རང་བཞིན་དུ་གནས་ཏེ། ཚུལ་ཁྲིམས་ཀྱི་རང་བཞིན་དུ་མ་ཡིན། བཟོད་པའི་རང་བཞིན་དུ་མ་ཡིན། བརྩོན་འགྲུས་ཀྱི་རང་བཞིན་དུ་མ་ཡིན། བསམ་གཏན་གྱི་རང་བཞིན་དུ་མ་ཡིན། ཤེས་རབ་ཀྱི་རང་བཞིན་དུ་མ་ཡིན་མོད་ཀྱི། འོན་ཀྱང་སྦྱིན་པ་ཡང་སྦྱིན་པར་བྱེད། ཚུལ་ཁྲིམས་ཀྱང་སྲུང་ལ་དེས་ཀྱང་རློམ་སེམས་སུ་མི་བྱེད་དོ། ། ཚུལ་ཁྲིམས་དང་ཡང་ལྡན་ཞིང་། བཟོད་པ་ཡང་ཕུན་སུམ་ཚོགས་ལ། གཞན་དག་གིས་བྱས་པ་དང་། མ་བྱས་པ་རྣམས་ཀྱང་བཟོད་དོ།། དཀར་པོའི་སྤྱོད་པ་ཐམས་ཅད་ལ་ཡང་བརྩོན་འགྲུས་རྩོམ་ལ། བསམ་གཏན་ལ་ཡང་བསམ་གཏན་བྱེད་ཅིང་། ཤེས་རབ་ཀྱིས་ལྷག་པར་མཐོང་བ་ལ་ཡང་མཁས་སོ།། ལྷའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ཤེས་པ་ལ་མཁས་པ་ནི། ཉན་ཐོས་རྣམས་དང་ལྷན་ཅིག་འཁོད་ན་ཡང་དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེའི་སྙིང་པོ་གང་ཡིན་པ་དེས་ཀྱང། ཉེ་བར་འཚོ་བར་བྱེད་དོ།། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་ཐེག་པ་པ་དག་དང་ལྷན་ཅིག་འཁོད་ན་ཡང་། དེ་དག་ལ་འདོད་པར་ཡང་མི་བྱེད་ལ། དེ་སྙིང་པོ་གང་ཡིན་པ་དེས་ཀྱང་ཉེ་བར་བྱེད་དེ་ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བསམ་གྱིས་མི་ཁྱབ་པའི་ཐབས་ཤེས་པ་ལ་མཁས་པ་ཡིན་ནོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པའི་ངག་བཀའ་སྩལ་ཏོ། ། བདག་ཉིད་དང་ནི་གཞན་བདག་གི། གཉིས་ཀའི་སྡུག་བསྔལ་རབ་ཤེས་ནས།། བདག་གི་སྡུག་བསྔལ་ཞི་བྱེད་ཅིང་།། ། གཞན་གྱི་སྡུག་བསྔལ་ཀུན་ཞི་བྱེད།། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས།། སེམས་དེ་ལ་ནི་འདོགས་པར་བྱེད།། སེམས་ལ་ཆོས་རྣམས་ཐམས་ཅད་ཀྱང་།། དོན་གཅི་ཏུ་ནི་འདོགས་པར་བྱེད། ། སེམས་ཅན་ཀུན་གྱི་བསོད་ནམས་གང་།། དུས་གསུམ་གྱིས་ནི་བསྡུས་རྣམས་དང་།། སངས་རྒྱས་ཀུན་གྱི་བསོད་ནམས་གང་།། དེ་དག་ཀུན་གྱི་རྗེས་སུ་ཡི་རང་། ། དགེ་བ་དེ་དག་ཐམས་ཅད་ཀྱང་།། སེམས་ཅན་ཀུན་ལ་སྦྱིན་པར་བྱེད།། སངས་རྒྱས་ཀྱི་ནི་ཡེ་ཤེས་ཕྱིར།། ལྷག་པའི་བསམ་པས་འཇུག་པར་བྱེད།། སེམས་ནི་སྐྱེས་པ་ཐམས་ཅད་ཀྱང་།། བྱང་ཆུབ་ཏུ་ནི་ཡོངས་སུ་སྔོ།། ཆོས་གཉིས་མ་གཏོགས་སེམས་གཞན་ནམ།། བྱང་ཆུབ་ཀྱང་ནི་མཐོང་བ་མེད།། དེ་ནི་སེམས་དང་བྱང་ཆུབ་ཀྱང་། ། རྣམ་པ་གཉིས་སུ་མི་མཐོང་སྟེ།། བྱང་ཆུབ་དེ་ཡི་མཚན་ཉིད་གང་།། སེམས་ཀྱང་དེ་ཡི་མཚན་ཉིད་ཡིན།། མཉམ་པ་ཉིད་ཀྱིས་ཆོས་རྣམས་མཉམ།། དེ་ནི་གནས་པ་ཡོང་མེད་དེ།། མཛངས་པ་ཐབས་ལ་མཁས་པ་ནི།། དཀར་པོའི་ཆོས་ཀྱིས་རྒྱས་པར་འགྱུར།། དབྱིངས་དེ་ལ་ནི་འཕེལ་བ་མེད།། ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱག། སངས་རྒྱས་ཆོས་རྣམས་ཚོལ་བ་ལ།། རྟག་ཏུ་ཆོག་པར་འཛིན་པ་མེད།། བདག་ནི་དཀར་པོས་རྒྱས་སོ་སྙམ།། དེ་ནི་སེམས་ཀྱིས་བསམ་མི་བྱེད།། དེ་ནི་གང་དུ་བསྔོ་བ་ཡིས།། བྱང་ཆུབ་དེ་ཡང་མཆོག་མི་འཛིན།། སྦྱིན་པ་མི་རྟོག་སྦྱིན་པར་བྱེད།། རློམ་སེམས་མེད་པར་ཚུལ་ཁྲིམས་སྲུང་།། རྟག་ཏུ་བཟོད་པ་སྒོམ་བྱེད་ལ།། སེམས་ཅན་ལབང་གནས་པ་མེད། ། སེམས་དང་ལུས་ནི་དབེན་པ་ཡིན།། རྟག་ཏུ་བརྩོན་འགྲུས་རྩོམ་པར་བྱེད།། རྟེན་མེད་བསམ་གཏན་ཕུན་སུམ་ཚོགས།། ཤེས་རབ་ཀྱིས་ནི་ཕ་རོལ་སོན།། སེམས་ཅན་རྣམས་ཀྱང་སྨིན་བྱེད་ལ།། དེ་ནི་དམིགས་པས་གནས་པ་མེད།། ཞིང་ཡང་ཡོངས་སུ་སྦྱོང་བྱེད་ལ།། ལྷག་པར་འཛིན་པའང་ཡོད་མ་ཡིན།། དེ་ནི་སདྨ་རྒྱས་ཡེ་ཤེས་ཚོལ། ། ཡི་གེ་རྣམས་ལའང་ཆགས་པ་མེད།། དེ་ལྟར་སྤྱོད་པ་དེ་ལ་ནི།། བྱང་ཆུབ་པོ་རྙེད་པར་དཀའ་བ་མེད།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། སྟོང་པ་ཉིད་དང་མཚན་མེད་དང་།། སྨོན་པ་མེད་ལ་མོས་ན་ནི།། དེ་ལ་ཚན་ཀྱང་མེད་པར་འགྱུར།། མོས་པ་ཇི་བཞིན་གཟུང་ཕྱིར་སེམས་ཅན་ལ།། སྦྱིན་པ་སྤྱོད་ཀྱང་དེ་བཞིན་གན་པ་མེད་སྦྱིན་པའང་སྦྱིན་བྱེད་ཡང་ན་ལེན་པར་བྱེད། ། དེ་དང་འཐུན་པར་ཆོས་ཀྱང་སྤྱོད་པར་བྱེད།། སྦྱིན་པ་བྱས་ཀྱང་དེ་ལ་ཆག་པ་མེད།། ཚུལ་ཁྲིམས་མཆོག་མིན་བཟོད་ལ་ཆགས་པ་མེད། ། བརྩོན་འགྲུས་མཆོག་མིན་བསམ་གཏན་ཆགས་པ་མེད།། ཤེས་རབ་ཡེ་ཤེས་ལ་ནི་སེར་སྣ་མེད།། སྦྱིན་པ་སྦྱིན་ཡང་དེ་ནི་ཚུལ་ཁྲིམས་སྤྱོད་བཟོད་པ་སྒོམ་ཡང་རྟག་ཏུ་བརྩོན་འགྲུས་ལྡན། ། བསམ་གཏན་གྱིས་ནི་རྟག་ཏུ་གནས་པ་མེད།། སྦྱིན་བྱེད་དེ་ནི་ཤེས་པས་ངེས་པར་འབྱུང་།། རང་སངས་རྒྱས་དང་ཉན་ཐོས་དེ་དག་དང་། ། རྟག་ཏུ་གནས་ཀྱང་བྱང་ཆུབ་སེམས་དཔའ་ནི།། རྟག་ཏུ་སྙིང་པོ་ཅི་ཡོད་འཚོ་བྱེད་ཀྱང་།། འཇིགས་མེད་དེ་དག་ལ་ནི་འདོད་པ་མེད།། ཆོས་འདི་དག་གིས་གནས་པ་རྫོགས་པ་ཡི། ། བྱང་ཆུབ་སེམས་དཔའ་སྨད་དུ་མེད་པ་རྣམས།། ཐབས་ཀྱི་ཤེས་པ་བསམ་གྱིས་མི་ཁྱབ་ཏེ།། དེ་དག་བྱིན་པ་ཆུང་ངུ་མཐའ་ཡས་འགྱུར།། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ། ཆོས་ཐམས་ཅད་ཚུལ་གཅིག་པ་དང་།། རོ་གཅིག་པ་དང་འཇུག་པ་གཅིག་པ་དང་། བསྟན་པ་གཅིག་པར་རབ་ཏུ་ཤེས་སོ།། བཞི་གང་ཞེ་ན།། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་མ་འདྲེས་པའི་ཤེས་པ་ལ་མཁས་པ་དང་།། ཆོས་ཐམས་ཅད་སྟོང་པའི་རྗེས་སུ་འགྲོ་བ་དང་།། ཆོས་གང་ལ་ཡང་སྒྲོ་འདོགས་པར་མི་བྱེད་དེ། ། བདག་ཏུ་སྒྲོ་འདོགས་པ་འམ།། གཞན་དུ་སྒྲོ་འདོག་པར་མི་བྱེད་པ་དང་། དབེན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་ལྡན་ན། ། ཆོས་ཐམས་ཅད་ཚུལ་གཅིག་པ་དང་།། རོ་གཅིག་པ་དང་། འཇུག་པ་གཅིག་པ་དང་། བསྟན་པ་གཅིག་གིས་རབ་ཏུ་ཤེས་སོ།། དེས་དེ་ལྟར་ཤེས་པས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱིས་རྣམ་པ་གཉིས་སུ་མི་འཇུག་སྟེ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་རྣམས་དང་། འདུས་བྱས་དང་།། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་གཉིས་སུ་མི་འཇུག་གོ།། དེས་ན་ཆོས་གང་ལ་ཡང་མཆོག་གམ། ཐ་མ་ཡང་དག་པར་མི་ཐོང་ངོ་། ། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། དགྲ་བཅོམ་པའི་ཆོས་རྣམས་ཐ་དད་པར་ཡང་དག་པར་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་དགྲ་བཅོམ་པའི་ཆོས་། རྣམས་ཀྱི་རང་བཞིན་ཡིན་ནོ།། དབྱེར་ཡང་མེད་ལ། བསྣན་དུ་ཡང་མེད་དོ།། ཚུལ་གཅིག་པ་ཡང་ཤེས་ཏེ། འདི་ལྟ་སྟེ། དབེན་པའི་ཚུལ་ལོ།། ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་ཡང་སྟོན་ལ། ཆོས་ཀྱི་དབྱིངས་ཆད་པར་ཡང་དག་པར་མི་མཐོང་ངོ་། ། བཟོད་པ་གཅིག་པ་དང་ཡང་ལྡན་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་བཟོད་པའོ།། སྟོང་པ་ཉིད་དང་གཟོད་པ་ཡང་རྣམ་པ་གཉིས་སུ་མི་འབྱེད་དོ།། འཇུག་པ་གཅིག་གིས་ཆོས་ཐམས་ཅད་ལ་འཇུག་སྟེ། འདི་ལྟ་སྟེ། མི་སྐྱེ་བའི་འཇུག་པས་སོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས། པའི་བྱང་ཆུབ་དང་ཉེ་བ་ཡིན་ཏེ། དེ་འདི་སྙམ་དུ་བདག་ཉེ་བར་འགྱུར་ཏམ། འོན་ཏེ་ཉེ་བར་མ་གྱུར་ཅིག་གུ་སྙམ་དུ་ཡང་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། དེས་ཚུལ་ཅིག་པ་ལས་སེམས་ཅན་རྣམས་ཀྱང་གཞན་ལ། བྱང་ཆུབ་ཀྱང་གཞན་པར་ཡང་དག་པར་མི་མཐོང་བའི་ཕྱིར་རོ།། གཞན་ཡང་འདི་ལ་སེམས་ཅན་མི་དམིགས་པ་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་ནོ།། དེ་ནས་བཅོས་ལྡན་འདས་ཀྱིས་དོན་དེ་ཉིད་ཐུགས་སུ་ཆུད་ནས། ། ཡང་རྒྱས་པར་དཔྱད་དེ།། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཆོས་ཀྱི་དབྱིང་ནི་འབྱེད་པར་མི་བྱེད་དེ།། ཆོས་ཀྱི་དབྱིབྲ་ལ་ཡང་དག་མི་མ་པ་མེད། ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ།། འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད།། ཆོས་ཀུན་སྟོང་པ་ཉིད་ཀྱི་རྗེས་སུ་འགྲོ།། ནང་དང་ཕྱི་རོལ་འདུས་བྱས་གང་ཡིན་པའི།། ཆོས་ཀུན་ཡ་མ་བརླ་སྟེ་བྱེད་པ་མེད།། ཆོས་རྣམས་ཐམས་ཅད་ཚུལ་གཅིག་ཡིན་པར་ཤེས།། ཆོས་རྣམས་གང་ལའང་སྒྲོ་ནི་འདོགས་མི་བྱེད།། བདག་གམ་གཞན་ལའང་རྟེན་པར་མི་བྱེད་དེ། ། བདག་དང་བདག་གི་སྙམ་པ་སལ་བྱས་པས།། དེ་ལ་ནམས་ཀྱང་ཐ་དད་དབྱེ་བ་མེད།། དབེན་པ་སྤྱོད་ཅིང་རབ་ཏུ་དབེན་ལ་གུས།། ཆོས་ཀུན་སྟོང་པ་ཉིད་དུ་ལྟ་བར་བྱེད།། དེ་ནི་ཆོས་རྣམས་ཀུན་ལ་ལྟ་བ་ན།། དབེན་པ་ལ་ཡང་རྟོག་པར་མི་བྱེད་དོ།། འཇིག་རྟེན་འཇིག་རྟེན་འདས་པའི་ཆོས་བསྟན་ལ།། དེ་ནི་ཤེས་ཆེར་གཉིས་སུ་མི་འཇུག་སྟེ།། ཁ་ན་མཐོ་ཁ་ན་མ་ཐོ་མེད། ། ཟག་བཅས་ཟག་མེད་ཆོས་ལ་དེ་མི་རློམ།། འདུས་བྱས་རྣམས་དང་འདུས་མ་བྱས་རྣམས་ལ།། གཉིས་སུ་མི་འབྱེད་རྟག་ཏུ་གཅིག་ལ་ལྟ།། སོ་སོའི་སྐྱེ་བོ་འམ་དགྲ་བཅོམ་གང་ཡིན་པ། ། ཕན་གདགས་འོངས་སུ་གྱུར་པའི་ཆོས་མ་མཐོང་།། སོ་སོའི་སྐྱེ་བོའི་རང་བཞིན་གང་བསྟན་པ།། དེ་དག་ཉིད་ནི་དགྲ་བཅོམ་པ་རྣམས་ཡིན།། དབྱེར་ཡང་མེད་ལ་བསྟན་དུའང་ཅིའང་མེད། ། དབེན་པའི་སྒོ་ནས་ཚུལ་གཅིག་ཁོང་དུ་ཆུད།། དེ་ནི་ཆོས་ཀུན་རབ་དབྱེ་ཤེས་མོད་ཀྱི།། ཆོས་ཀྱི་དབྱིངས་ལ་འབྱེད་པར་ཡོང་མི་བྱེད།། ཆོས་འདི་ཐམས་ཅད་སྟོང་པ་མ་གཏོགས་པར། ། གཟོད་པའང་གཞན་ལ་འདོད་པའང་གཞན་མ་ཡིན།། སྟོང་པ་ཉིད་ལ་མི་རློམ་སོམ་ཉི་མེད།། འདི་དག་སྐྱེ་མེད་རང་བཞིན་འབྱུང་བ་མེད།། དེས་ན་འཇུག་པ་གཅིག་པ་ཐམས་ཅད་ཤེས།། དེ་ལྟར་སྤྱོད་པ་དེ་ལ་བྱང་ཆུབ་སླ།། བྱང་ཆུབ་མཚུངས་མེད་ལ་ནི་ཉེ་བར་འགྱུར།། བདག་དང་བྱང་ཆུབ་ལ་ཡང་སེམས་པ་མེད།། ཆོས་རྣམས་འདི་བདག་ཐམས་ཅད་བདག་མི་དམིགས།། དེས་ནི་དམིགས་སུ་མེད་པར་བྱང་ཆུབ་རྟོགས།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་དག་ཡོད་པར་གནས་པ་ཞེས་བྱའོ།། བཞི་གང་ཞེ་ན། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མཟད་སྙམ་དུ་སེམས་ཏེ། ཚུལ་ཁྲིམས་ཤེས་བྱ་བ་འདི་གང་ཡིན་སྙམ་མོ།། དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོགས་པ་ནི་འདི་སྙམ་དུ་སེམས་ཏེ། ལུས་ཀྱིས་ལེགས་པར་སྤྱོད་པ་དང་།། ང་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཤེས་བྱ་བ་ཡིན་ནོ་སྙམ་མོ།། དེ་འདི་སྙམ་དུ་སེམས་ཏེ། དེ་ལ་ལུས་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། ། ལུས་ཀྱིས་སྲོག་གཅོད་པ་འམ། མ་བྱིན་པ་ལེན་པ་འམ། འདོད་པ་ལ་ལོག་པར་གཡེམ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ལུས་ཀྱིས་ལེགས་པར་སྤྱོད་པ་ཡིན་ནོ། ། དེ་ལ་ངག་གིས་ལེགས་པར་སྤྱོད་པ་གང་ཞེ་ན། ངག་གིས་བརྫུན་དུ་སྨྲ་བ་འམ། ཕྲ་མ་འམ་ངག་རྩུབ་པོ་འམ། ཚིག་ཀྱལ་པའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ངག་གིས་ལེགས་པར་སྤྱོད་པ་ཡིན་ནོ། ། དེ་ལ་ཡིད་ཀྱིས་ལེགས་པར་སྤྱོད་པ་གང་ཞེ་ན། ཡིད་ཀྱིས་རྣབ་སེམས་སམ། གནོད་སེམས་སམ། ལོག་པར་ལྟ་བའི་ལས་མ་བྱས་པ་གང་ཡིན་པ་དེ་ནི། ཡིད་ཀྱིས་ལེགས་པར་སྤྱོད་པ་ཡིན་ནོ་སྙམ་མོ།། དེ་དེ་ལྟར་ཚུལ་བཞིན་དུ་སོ་སོར་རྟོག་པ་ན། དེ་འདི་སྙམ་དུ་སེམས་ཏེ། ལུས་སམ། ངག་གམ།། ཡིད་ཀྱིས་ལས་བྱས་པ་གང་ཡིན་པ་དེ་ནི། སྔོན་པོ་ཞེས་བྱ་བ་འམ། སེར་པོ་ཞེས་བྱ་བ་འམ། དམར་པོ་ཞེས་བྱ་བ་འམ། དཀར་པོ་ཞེས་བྱ་བ་འམ། བཅོད་ཀའམ། ཤེལ་གྱི་ཁ་དོག་ལྟ་བུ་ཞེས་བྱ་བར་གདག་པར་མི་ནུས་ལ། དེ་ནི་མིག་གིས་རྣམ་པར་ཤེས་པར་བྱ་བ་འམ། རྣ་བས་རྣམ་པར་ཤེས་པར་བྱ་བ་འམ། སྣས་རྣམ་པར་ཤེས་པར་བྱ་བ་འམ། ལྕེས་རྣམ་པར་ཤེས་པར་བྱ་བ་འམ། ལུས་ཀྱིས་རྣམ་པར་ཤེས་པར་བྱ་བ་འམ། ཡིད་ཀྱིས་རྣམ་པར་ཤེས་པར་བྱ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བསྐྲུན་པ་དང་། མ་བཀག་པའི་ཕྱིར་རོ།། གང་མ་སྐྱེས་པ་དང་། མ་བསྐྱེད་པ་དང་། མ་བསྐྲུན་པ་དང་། མ་བཀག་པ་དེ་ནི། ཆོས་གང་གིས་ཀྱང་རྣམ་པར་ཤེས་པ་མ་ཡིན་པའི་ཕྱིར་རེ།། སྙམ་མོ།། དེ་འདི་སྙམ་དུ་སེམས་ཏེ། གང་འདུས་མ་བྱས་པ་དེ་ནི་ཚུལ་ཁྲིམས་ཡིན་ཏེ། དེ་ལ་ནི་གདགས་པ་ཅི་ཡང་མེད་དོ།། གང་གདགས་སུ་མེད་པ་དེ་ལ་ནི་བདག་གིས་ཀྱང་མངོན་པར་ཞེན་པར་བྱར་མེད་དོ་སྙམ་སྟེ། དེ་དེ་ལྟར་སྤྱོད་པ་ན་ཚུལ་ཁྲིམས་དེ་ཡང་དག་པར་མི་མཐོང་ངོ་།། གང་དུ་ཚུལ་ཁྲིམས་དེ་ཡོངས་སུ་བསྔོས་པ་དེ་ཡང་ཡང་དག་པར་མ་མཐོང་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ།། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་ཤེས་པའི་ཤེས་པ་དང་ལྡན་པ་ཡིན་ཏེ། ལྟ་བ་གང་གིས་ཚུལ་ཁྲིམས་དང་ལྡན་པ་འམ། ཚུལ་ཁྲིམས་འཆལ་པ་ཞེས་སྤྲོས་པར་འགྱུར་བའི་འཇིག་འཚོགས་ལ་ལྟ་བ་སློང་བར་མི་བྱེད་དོ། ། ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཟབ་མོའི་ཚུལ་ལ་ཞུགས་པ་ཡིན་ཏེ། དེ་ནི་ལུས་དང་ངག་གིས་སྤྱོད་པ་དང་། སྤྱོད་ཡུལ་ཤེས་བཞིན་དུ་སྤྱོད་པས་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱའོ། ། དེ་ཡང་བདག་ལ་དམིགས་པ་དང་། གཞན་ལ་དམིགས་པས་སྤྱོད་པར་མི་བྱེད་དེ། དེས་ན་ཟབ་མོའི་ཚུལ་ཁྲིམས་ཅན་ཞེས་བྱའོ། ། ལྷོའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ནོ།། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་མ་ཉམས་པ་དང་། ཚུལ་ཁྲིམས་མ་ཞིག་པ་ཡིན་ཞེ་ན། ལྷའི་བུ་བདག་ལ་དམིགས་པ་ནི་ཚུལ་ཁྲིམས་ལ་དམིགས་པར་འགྱུར་རོ། ། ལྷའི་བུ་གང་དག་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ལ་མི་དམིགས་སོ།། གང་ཚུལ་ཁྲིམས་ལ་མི་དམིགས་པ་དེ་ནི་ཚུལ་ཁྲིམས་ཉམས་པར་མི་བྱེད་ཅིང་།། དེ་ནི་ཚུལ་ཁྲིམས་འཇིག་པར་མི་བྱེད་དོ། ། དེ་ཅིའི་ཕྱིར་ཉམས་པར་མི་བྱེད། འཇིག་པར་མི་བྱེད་ཅེ་ན། དེ་ནི་གཞན་ལ་ཆོས་ཐམས་ཅད་ཤེས་པ་ཡིན་ཏེ། གང་གཞན་ལས་འགྱུར་བ་དེ་ལ་ནི་བདག་ཀྱང་མེད། བདག་གིས་པ་ཡང་མེད་དོ།། གང་ལ་བདག་མེད་པ་དེ་ལ་ནི་འཇིག་པར་འགྱུར་པ་ཅི་ཡང་མེད་དེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན། ཟབ་མོའི་ཚུལ་ཁྲིམས་ཅན་བག་ཡོད་པར་གནས་པ་ཞེས་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ལུས་དག་ངག་དག་ཡིད་ཀྱང་དག་པ་གང་། ། དེ་ནི་རྟག་ཏུ་དག་པར་སྤྱོད་པ་སྟེ།། རྟག་ཏུ་ལེགས་པར་བསམས་ཤིང་གནས་པ་དེ།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ལྡན་ཞེས་བྱ།། ལས་ལམ་བཅུ་པོ་རབ་དགེ་འདི་དག་རྣམས། ། བྱང་ཆུབ་སེམས་དཔའ་མཁས་པ་གང་གསུང་ཞིང་།། ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ།། དེ་ནི་མཁས་རྣམས་ཚུལ་ཁྲིམས་ཡིན་ཞེས་བརྗོད།། མ་བྱས་མ་སྐྱེད་མ་སྐྱེས་གང་ཡིན་པ།། དེ་ལ་བསྔགས་པ་མེད་ཅིང་གནས་པའང་མེད།། གང་ལ་བསྔགས་པའང་མེད་ཅིང་གནས་པའང་མེད།། དེ་ལ་ནམས་ཀྱང་གདགས་པ་རྙེད་མི་འགྱུར། ། རྟག་ཏུ་ཚུལ་ཁྲིམས་མ་ཉམས་མ་ཞིག་གང་།། དེ་ནི་མིག་གིས་ཤེས་པར་མི་ནུས་ལ།། རྣ་བས་མི་ཤེས་སྣ་དང་ལྕེས་མ་ཡིན།། ལུས་དང་ཡིད་ཀྱིས་རྣམ་པར་མི་ཤེས་སོ། ། དབང་པོ་དྲུག་གིས་མི་ཤེས་གང་ཡིན་པ།། དེ་ལ་གནས་པར་བྱ་བར་མི་ནུས་ཏེ། དེ་ཉིད་ཚུལ་ཁྲིམས་ཡོངས་སུ་དག་པར་མཐོང་།། ནམས་ཀྱང་ཚུལ་ཁྲིམས་དམིགས། ཏེ་གནས་པ་མེད།། དེ་ནི་ཚུལ་ཁྲིམས་ཙམ་དེས་རློམ་པ་མེད།། དེ་ནི་བདག་ཏུ་འདུ་ཤེས་ཁྲིམས་མི་སྲུང་།། ཚུལ་ཁྲིམས་སྲུང་ཡང་ཚུལ་ཁྲིམས་འདུ་ཤེས་མེད། ། དྲན་ལྡན་ཟབ་མོའི་ཚུལ་ཁྲིམས་ལྡན་པ་ཡིན།། འཇིག་ཚོགས་ལྟ་ལ་རྣམ་པར་བསལ་བྱས་པ།། དེ་ལ་ལྟ་བར་བྱས་པ་འབྱུང་མི་འགྱུར།། གང་ལ་ལྷ་མེད་ལྟ་བའི་གནས་མེ་ད་པ། ། དེ་ནི་ཚུལ་ཁྲིམས་ཚུལ་ཁྲིམ་ས་འཆལ་མི་རློམ།། ཟབ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པ་སྟེ།། དེ་ཡི་ཆོ་ག་བ་རྟག་པ་མ་མཆིས་ལ།། ཤིན་ཏུ་ཤེས་བཞིན་ལྡན་ཞིང་ལེགས་པར་གསུངས། ། ཚུལ་ཁྲིམས་སྒོ་ནས་གཞན་གྱིས་བརྙས་མི་འགྱུར།། བདག་ཏུ་དམིགས་པས་ཚུལ་ཁྲིམས་དམིགས་པར་འགྱུར།། གང་ལ་བདག་མེད་དེ་ལ་བདག་ཁྲིམས་མེད། བདག་གམ་ཡང་ན་ཚུལ་ཁྲིམས་རློམ་པ་མེད།། མཐའ་ཞེས་བྱ་བ་སྟེ་གཉིས་ཀ་འཇིག་མ་ཡིན།། བདག་མེད་སྨྲ་བ་ཚུལ་ཁྲིམས་རློམ་པ་མེད།། བདག་མེད་སྨྲ་ལ་ཚུལ་ཁྲིམས་རྟེན་པ་མེད། ། བདག་མེད་སྨྲ་ལ་ཚུལ་ཁྲིམས་རློམ་པ་མེད།། བདག་མེད་སྨྲ་ལ་ཚུལ་ཁྲིམས་སེམས་པ་མེད།། ཚུལ་ཁྲིམས་མ་ཉམས་ཚུལ་ཁྲིམས་མ་རྨོངས་པ།། བདག་ནི་ཚུལ་ཁྲིམས་ལྡན་ཞེས་བདག་མི་སློང་། ། གང་ལ་བདག་དང་ཚུལ་ཁྲིམས་འདུ་ཤེས་མེད།། དེ་འདྲ་འདི་ནི་ཟབ་མོ་ཞེས་ཀྱང་བརྗོད།། གང་གིས་ཚུལ་ཁྲིམས་དེ་འདྲར་འཇིགས་མེད་པ།། དེ་ལ་ནམས་ཀྱང་འཆལ་པའི་ཚུལ་ཁྲིམས་འབྱུང་།། ཆོས་ཀུན་དམིགས་སུ་མེད་པ་གང་ཡིན་པ།། དེ་འདྲའི་ཚུལ་ཁྲིམས་འཕགས་པ་རྣམས་ཀྱིས་བསྔགས།། བྱིས་པ་གང་དག་བདག་དུ་ལྟ་ལ་གནས། ། ཚུལ་ཁྲིམས་སྲུང་ཞིང་བདག་ནི་ཁྲིམས་ལྡན་སྙམ།། ཚུལ་ཁྲིམས་བདེ་བ་མ་ལུས་ཟད་གྱུར་ནས།། དེ་དག་ངན་འགྲོ་གསུམ་ལས་ཐར་མི་འགྱུར།། གང་དག་བདག་ཏུ་ལྟ་བ་མཐའ་ངག་བསལ། ། དེ་དག་འདིར་ནི་བདག་དང་བདག་གི་མེད།། བདག་ཏུ་ལྟ་མེད་གང་དེ་ཚུལ་ཁྲིམས་ལྡན།། དེ་ལ་ཕྱིན་ཆད་ལོག་པར་ལྷུང་འཇིགས་མེད།། གང་ཞིག་ཚུལ་ཁྲིམས་རྣམ་པར་འདི་འདྲར་ཤེས། ། འདི་ལ་འཆལ་པའི་ཚུལ་ཁྲིམས་ལྟ་མ་ནུས།། བདག་དང་དེ་བཞིན་རྣམ་གསུམ་མི་མཐོང་ན།། ཚུལ་ཁྲིམས་ཚུལ་ཁྲིམས་འཆལ་ལྟ་ཅི་ཞིག་སྨོས།། དེ་སྐད་ཅེས་བཀའ་སྩལ་པ་དང་། ། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ཇི་ཙམ་དུ་ཟབ་པ་ནི་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་མི་གནས་པ་དང་།། ལེན་པ་མ་མཆིས་པས་ཆོས་ཇི་ལྟ་བ་བཞིན་དུ་གནས་ལ། ། རྣམ་པར་རྟོག་པ་ཐམས་ཅད་ཡང་དག་པར་ཆད་པ་དང་། བདག་ཏུ་འདུ་ཤེས་པ་དང་བྲལ་བ་དང་། བསྐལ་པ་གྲངས་མ་མཆིས་པར་ཡང་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་མ་རྫོགས་ཀྱི་བར་དུ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ན། བར་མ་དོར་རྣམ་པར་བྱང་བར་ཡང་མི་འགྱུར་བར་ངོ་མཚར་ཆེ་ལགས་སོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དུ་དང་ལྡན་ན། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བགྱིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ་ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དེ། བཞི་གང་ཞེ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པའི་ཕྱིར་དམ་བཅས་ལ་བརྟན་པས། སྙིང་པོ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བར་གནས་པའི་ཕྱིར་ཞུམ་པ་མེད་པའི་བརྩོན་འགྲུས་དང་ལྡན་པ་དང་། སངས་རྒྱས་ཀྱི་གདུང་རྒྱན་མི་འཆད་པ་ལ་ཞུགས་པའི་ཕྱིར། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བསྔོ་བ་ལ་མཁས་པའི་ཕྱིར་ཐབས་ལ་མཁས་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དེ་དག་དང་ལྡན་ན།། ཆོས་ཟབ་མོ་རྣམས་ལ་ཡང་སྤྱོད་ལ། བར་མ་དོར་ཡང་དག་པའི་མཐའ་མངོན་སུམ་དུའང་མི་སྤྱོད་དོ། ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མཁས་པ་རྟག་ཏུ་ཡིད་དམ་བཅས་ལ་བརྟན།། སྔོན་ཆད་ཡིད་དམ་བཅས་པ་སྤོང་མི་བྱེད། ། དཔའ་བོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིར།། ཐེག་པ་གཞན་ལ་འདོད་པ་སྐྱེད་མི་བྱེད།། རྟག་ཏུ་བག་དང་ལྡན་ཞིང་བརྩོན་འགྲུས་བརྩོམ།། ཞུམ་པ་མེད་པའི་སེམས་ཀྱིས་རྟག་ཏུ་སྤྱོད།། དེ་ཡིས་སེམས་ཅན་གང་ཡང་གཏང་བ་མེད།། དེ་ཡི་སེམས་ནི་སེམས་ཅན་ཀུན་ལ་སྙོམས།། འཇིག་རྟེན་འདི་དག་ཀུན་ལ་སྙིང་རྗེ་བས།། ། སྡུག་བསྔལ་བཟོད་ཅིང་སེམས་ཀྱང་ཞུམ་པ་མེད།། ཅི་ནས་སངས་རྒྱས་གདུང་ནི་མི་འཆད་པ།། དེ་ཕྱིར་དཀོན་མཆོག་མང་པོ་འབྱུང་བར་བྱེད།། མཁས་རྣམས་ཐབས་ཤེས་པ་ལ་ལེག་པར་བསླབས། ། ལེ་ལོ་མེད་པར་དགེ་བ་ཡོངས་སུ་སྔོ།། འཁོར་བའི་ཆུ་བོ་ལ་ནི་ཕན་ཕྱིར་བརྩེ།། བར་མ་དོར་ནི་ཟག་རྣམས་ཟད་མི་བྱེད།། བྱང་ཆུབ་སེམས་དཔའ་འཇིགས་མེད་གང་དག་གིས། ། ཆོས་འདི་དག་ནི་ལེགས་པར་བསྡུས་པར་གྱུར།། དེ་དག་ཟབ་མོའི་ཆོས་རྣམས་སྤྱོད་པ་སྟེ།། ནམ་ཀྱང་ཡང་དག་མཐའ་ལ་རེག་མི་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན།། སོ་སོའི་སྐྱེ་བོའི་ཆོས་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་ཡང་ཡོངས་སུ་ཚོལ་བར་མི་བྱེད་ལ། སོ་སོའི་སྐྱེ་བོའི་ཆོས་རྣམས་བསལ་བར་ཡང་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཀྱང་རྣམ་པར་དག་པར་མི་མཐོང་སྟེ། སོ་སོའི་སྐྱེ་བོའི་ཆོས་མ་གཏོགས་པར་སངས་རྒྱས་ཀྱི་ཆོས་ཐོབ་པ་ཡོངས་སུ་མི་ཚོལ་ལོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་ནོ་ཞེས་དེ་ལྟར་མི་སྤྱོད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཆུང་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་རྒྱ་ཆེའོ་ཞེས་དེ་ལྟར་མི་སྤྱོད་དོ།། སོ་སོའི་སྐྱེ་བོའི་ཆོས་རྣམས་ནི་ཟག་པ་དང་བཅས་པ་ཡིན་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་ཟག་པ་མེད་པའོ་ཞེས་དེ་ལྟར་མི་སྤྱོད་དོ།། གཞན་ཡང་དེ་འདི་སྙམ་དུ་སེམས་ཏེ། སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དེ་རྣམས་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་རྣམས་མི་ཤེས་པ་འམ།། མཐོང་བ་འམ། ཉེ་བར་བརྟག་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྟོང་པ་ཡིན་ལ། སྟོང་པ་ཉིད་ལ་ནི་ཤེས་པ་འམ། མཐོང་བ་འམ། ཉེ་བར་རྟོག་པ་མེད་དེ། འདི་ལྟ་སྟེ། རང་བཞིན་གྱི་བེམས་པོ་ཡིན་པའི་ཕྱིར་རོ་སྙམ་མོ།། ལྷའི་བུ་འདི་ལྟར་ཆོས་རྣམས་ཀྱི་ཆས་ཉིད་དང་། ཆོས་ཀྱང་མ་ཉིད་དང་། ཆས་གནས་པ་ཉིད་དང་། ཆོས་ཇི་ལྟ་བ་བཞིན་པ་གང་ཡིན་པ་དེ་ན་གཉིས་པོ་གང་གིས་ས་སརྦ་སྐྱེ་བའི་ཞེས་བ་འམ། ཉན་ཐོས་ཞེས་བྱ་བ་འམ། རང་སངས་རྒྱས་ཞེས་བྱ་བ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་བར་གཉིས་སུ་དབྱེ་བའི་གཉིས་པོ་ཅི་ཡང་མེད་དོ།། ལྷའི་བུ་ཟབ་མོ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པ་དེ་ལྟ་བུ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་རྣམས་ཀྱི་ཆོས་སྨྲས་པར་བྱ་བ་གང་ཡིན་པ་དེ་ནི་སླར་མེད་པའོ། ། སྨྲར་མེད་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའོ།། བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་ཡོད་པ་མེད་དོ།། གང་ལ་ཡོད་པ་མེད་པ་དེ་ལ་ནི་འབྱུང་བ་མེད་དོ། ། གང་ལ་འབྱུང་བ་མེད་པ་དེ་ལ་ནི་དངོས་པོའི་རྣམ་པར་རིག་པ་མེད་དོ།། ལྷའི་བུ་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡང་ཡིན་ཏེ། གང་ན་ཆོས་ཐམས་ཅད་ཀྱི་བགྲང་བ་དེ་ལས་གྲོལ་བ་ནི་སངས་རྒྱས་ཀྱི་ཆོས་རྣམས་ཡིན་ཏེ། ལྷའི་བུ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་རྣམ་པར་རྟོག་པའི་སྤྱོད་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་རྣམས་ཡིན་ནོ་ཞེས་དེ་ལྟར་རིག་པར་བྱའོ། ། གང་རྣམ་པར་རྟོག་པ་ལ་སྤྱོད་པ་དེ་དག་ལ་ནི་གཉིས་སུ་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་ཡོད་དེ། དེ་དག་ནི་རྣམ་པར་ཤེས་པའི་སྤྱོད་ཡུལ་སྤྱོད་པའོ། ། གང་དག་སངས་རྒྱས་ཆོས་ཟག་པ་མེད་པ་གང་དག་ཡིན་པ་དེ་དག་ལ་ཡང་རྟོག་ལ། དེ་དག་ལ་བརྟགས་ནས་ཀྱང་ཟག་པ་རྣམས་སློང་བར་བྱེད་པ་དེ་དག་གིས་ནི། ཆོས་ཀྱི་དབྱིངས་ལ་ཀུན་ནས་ཉོན་མོངས་པ་འམ་རྣམ་པར་བྱང་བ་མེད་པར་མི་ཤེས་སོ།། ཆོས་ཐམས་ཅད་རང་བཞིན་ཤེས་པ་གང་ཡིན་པ་དེ་དག་ནི། ཆོས་གང་ལ་ཡང་ཉོན་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་འཛིན་པ་ཡང་མེད་ན། ཀུན་ནས་ཉོན་མོངས་པའི་ཆོས་སམ། རྣམ་པར་བྱང་བའི་ཆོས་སུ་དམིགས་པ་ལྟ་ག་ལ་ཡོད་དེ། དེ་ནི། གནས་མེད་དོ།། ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟབ་མོ་ལ་སྤྱོད་པ་ཡིན་ཏེ། གང་སངས་རྒྱས་ཀྱི་ཆོས་མ་ཡིན་པའི་ཆོས་གང་ཡང་མེད་པར་མཐོང་ལ། གང་གིས་མཐོང་བ་དེ་ཡང་ལྷག་པར་མཐོང་བ་དང་། ཇི་ལྟར་མི་མཐོང་བ་དེ་ལྟ་བུར་མཐོང་སྟེ། དེ་ལྟར་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་མི་ཚུགས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འདི་ལྟ་བུའི་ཆོས་རྣམས་ལ་ཡང་ཉེ་བར་རྟོག་ལ། སྐྱེ་བ་ཡང་རྩོམ་པར་བགྱིད་དོ།། སྐྱེ་བ་དང་། འགུམ་པ་དང་། གུམ་ནས་ཀྱང་སྐྱེ་བར་འགྱུར་བ་ནི་ངོ་མཚར་ལགས་སོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ལྷའི་བུ་དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པ་ནི་འོང་བ་དང་། འགྲོ་བ་དང་། འདུག་པ་དང་། ཉལ་བ་དང་། སྨྲ་བར་ཡང་བྱེད་ལ། དེ་ཡང་རྣམ་པར་མི་རྟོག་པ་དེ་བཞིན་དུ། ལྷའི་བུ་གང་གིས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པ་དེ་ནི། འགྲོ་བ་དང་། སྐྱེ་བ་ཐམས་ཅད་ཀྱང་སྟོན་ལ། དེ་ཡང་རྣམ་པར་མི་རྟོག་གོ།། ལྷའི་བུ་བྱང་ཆུབ་སེམས་དཔ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམས་སུ་མི་བྱེད་ལ། སྔོན་གྱི་སྦྱིན་གྱིས་རླབས་ཀྱིས་སྐྱེ་བ་དྲན་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སྐྱེ་བ་དང་། འབྱུང་བ་ཡང་རློམ་སེམས་སུ་མི་བྱེད་ཅེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་བདས་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་འཁྲུངས་ཏེ། སྐུ་བསྐྲུན་པའི་ཡུམ་ལ་ཐུགས་བརྩེ་བའི་སླད་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་དབྱར་གནས་པར་ཞལ་གྱིས་བཞེས་ན། ཇི་ལྟར་དེ་བཞིན་གཤེགས་པས་རློམ་སེམས་སུ་མི་མཛད་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ལྷ་མོ་སྒྱུ་འཕྲུལ་ལས་མ་སྐྱེས་སོ།། གསོལ་པ། འོ་ན་དེ་བཞིན་གཤེགས་པ་གང་ལས་འཁྲུངས་ལགས། བཀའ་སྩལ་པ། ལྷའི་བུ་དེ་བཞིན་གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཏེ། ལྷའི་བུ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ་ཞེས་སྨྲ་བ་ནི། ཡང་དག་པར་སྨྲ་བ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐྱེད་པའི་ཡུམ་ཡིན་ནོ།། ཞེས་སྨྲ་བ་ནི། ཡང་དག་པར་སྨྲ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། ལྷའི་བུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརླབས་པས་མངོན་པར་གྲུབ་པ་ཡིན་ནོ། ། ལྷའི་བུ་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། ཤེས་རབ་ཀྱི་ཕྱིན་པ་ལ་བསླབས་པས། མངོན་པར་གྲུབ་པ་ཡིན་ནོ།། ལྷའི་བུ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་པོ་འདི་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ་མ་ཡིན་ནོ།། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། སྤྱི་གཙུག་ལྟར་མི་མཐོང་བ་དང་། གཤེགས། བ་དོན་ཡོད་པ་དང་། སངས་རྒྱས་སྤྱན་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སོ་སོ་ཡང་དག་པར་རིག་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ལྷའི་བུ་མདོར་བསྡུ་ན། གང་དག་གིས་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་སངས་རྒྱས་ཀྱི་ཆོས་དེ་ལྟ་བུ་གང་དག་ཡིན་པ་དེ་དག་ནི། ལྷ་མོ་སྒྱུ་འཕྲུལ་ལས་སྐྱེས་པ། མ་ཡིན་ཏེ། ལྷའི་བུ་དེ་ལྟར་ན། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་གང་བདག་གིས་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དེ་ལྟ་བུ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་པས་མངོན་པར་གྲུབ་པ་ཡིན་ཏེ། ལྷའི་བུ་ཁྱོད་ཀྱིས་རྣམ་གྲངས་འདིས་ཀྱང་ཅི་ནས་དེ་བཞིན་གཤེགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སྐྱེས་ཀྱིས། ལྷ་མོ་སྒྱུ་འཕྲུལ་ལས་མ་ཡིན་པ་དེ་ལྟར་རིག་པར་བྱའོ།། །། བམ་པོ་གཉིས་པ། ། །། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་གིས་ཡང་སྐྱེས་པ་མ་ལགས། བསྐྲུན་པ་མ་ལགས། འགག་པར་བགྱིད་པ་མ་ལགས་ན། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་བཞིན་གཤེགས་པ་བསྐྲུན་པ་ལགས། བཀའ་སྩལ་པ། ལྷའི་བུ་ཆོས་གང་དག་གིས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའི་ཆོས་དེ་དག་ནི་སྐྱེ་བ་ཡང་མེད། འཆི་འཕོ་བ་ཡང་མེད། འབྱུང་བ་ཡང་མེད་དོ། ། ལྷའི་བུ་གང་སྐྱེས་པ་ཡང་མེད། འཆི་འཕོ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ལྟ་བུའི་ཡེ་ཤེས་དེ་སྐྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ནི་གང་སྐྱེ་བ་མེད་པ་དང་། འཆི་འཕོ་བ་མེད་པ་དང་། འབྱུང་བ་མེད་པའི་དེ་བཞིན་གཤེགས་པ་སྐྱེས་སོ།། ལྷའི་བུ་གང་ལ་སྐྱེ་བ་ཡང་མེད། འཆི་འཕོབ་ཡང་མེད། འབྱུང་བ་ཡང་མེད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པ་ལས་ཡང་དག་པར་ངེས་པར་འབྱུང་ཡོད་མོད་ཀྱིས། ཤེས་རབ་ཀྱིས་ཕ་རོལ་ཏུ་ཕྱིན་པ་མེད་པ་ལས་ནི་ངེས་པར་འབྱུང་བ་མེད་དོ། ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་མ་མཆིས་ན། ངེས་པར་འབྱུང་བར་མཆིས་པ་ལས་ན། ཅི་ཤེས་རབ་ལ་སེམས་པ་འམ། འཆལ་པ་མཆིས་སམ། བཀའ་སྩལ་པ། ལྷའི་བུ་ཤེས་རབ་ལ་ནི་སེམས་པ་འམ། ཤེས་པ་ཡང་མེད་དོ།། ལྷའི་བུ་གལ་ཏེ་ཤེས་རབ་སེམས་པ་འམ། ཤེས་པ་ཞིག་ཡིན་པར་གྱུར་ན། ཤེས་རབ་ལས་རྟག་ཏུ་ངེས་པར་འབྱུང་བ་མེད་པར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་གང་ལ་སེམས། ཚོར་བ་ཡོད་ན་དེ་ངེས་པར་འབྱུང་བ་ཅི་ཡང་མེད་པའི་ཕྱིར་རོ།། ལྷའི་བུ་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་པ་མེད་ཅིང་ཤེས་པ་མེད་པ་དེའི་ཕྱིར། ཤེས་རབ་རྟག་ཏུ་ངེས་པར་འབྱུང་བ་ཡིན་ནོ།། གསོལ་པ་བཅོམ་ལྡན་འདས་ངེས་པར་འབྱུང་བ་ཞེས་གྱི་བ་དེ་གང་གི་ཚིག་བླ་དགས་ལགས་བཀའ་སྩལ་པ། ལྷའི་བུ་སྤྲོས་པ་མེད་པའི་ཚིག་བླ་དགས་སོ།། གསོལ་པ། བཅོམ་ལྡན་འདས་སྤྲོས་པ་མ་མཆིས་པས་ཅི་ཞིག་ངེས་པར་འབྱུང་བར་བགྱིད་ལགས། བཀའ་སྩལ་པ། ལྷའི་བུ་གང་དག་སྤྲོས་པ་ལ་སྤྱོད་པ་དེ་དག་ནི། ཁམས་གསུམ་དུ་སྐྱེ་བ་མི་དོར་རོ།། གང་དག་སྤྲོས་པར་མི་བྱེད་པ་དེ་དག་ནི་ཁམས་གསུམ་དུ་སྐྱེ་བ་འདོར་བ་བྱེད་དོ། ། ལྷའི་བུ་དེ་ལྟ་བས་ན། གང་ཁྱོད་སྤྲོས་པ་མེད་པར་ངེས་པར་འབྱུང་བས་ཅི་ཞིག་ངེས་པར་འབྱིན་ཅེས་ཟེར་བ་ནི། ཁམས་གསུམ་དུ་སྐྱེ་བ་ངེས་པར་འབྱིན་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་ཁམས་གསུམ་ལས་ཡང་དག་པར་འདའ་བར་བགྱི་བའི་སླད་དུ། ཉན་ཐོས་རྣམས་ལ་ཆོས་བསྟན་ལགས་སམ། བཀའ་སྩལ་པ། ལྷའི་བུ་ང་ནི་འདོད་པའི་ཁམས་ལས་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་འདོད་པའི་ཁམས་མི་དམིགས་སོ།། ལྷའི་བུ་ང་ནི་གཟུགས་ཀྱི་ཁམས་ལས་ཀྱང་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གཟུགས་ཀྱི་ཁམས་ཀྱང་མི་དམིགས་སོ།། ལྷའི་བུ་ང་ནི་གཟུགས་མེད་པའི་ཁམས་ལས་ཀྱང་བརྩམས་ཏེ། ཉན་ཐོས་རྣམས་ལ་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གཟུགས་མེད་པའི་ཁམས་ཀྱང་མི་དམིགས་སོ།། ལྷའི་བུ་ང་ནི་ཡང་དག་པར་འདའ་བའི་ཕྱིར་ཆོས་སྟོན་ལ། དེ་བཞིན་གཤེགས་པས་གང་ཡང་དག་པར་འདའ་བའི་ཆོས་དེ་ཡང་དག་པར་མ་མཐོང་ངོ་།། ལྷའི་བུ་ངའི་ཉན་ཐོས་རྣམས་ནི་འདོད་པའི་ཁམས་ལ་དམིགས་ནས། འདོད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།། ངའི་ཉན་ཐོས་རྣམས་ནི་གཟུགས་ཀྱི་ཁམས་ལས་དམིགས་ནས། གཟུགས་ཀྱི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ། ། ངའི་ཉན་ཐོས་རྣམས་ནི་གཟུགས་མེད་པའི་ཁམས་དམིགས་ནས། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མི་བྱེད་དོ།། ལྷའི་བུ་གཞན་ཡང་ངའི་ཉན་ཐོས་རྣམས་ནི་ཁམས་གསུམ་པ་མི་དམིགས་པས་ཁམས་གསུམ་པ་ལ་རྟེན་ཏེ། ཆོས་རྣམས་སྟོང་པ་ཉིད་དུ་དམིགས་པས། འདོད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ། ། གཟུགས་ཀྱི་ཁམས་སུ་སྨོན་ལམ་མི་འདེབས་སོ།། གཟུགས་མེད་པའི་ཁམས་སུ་སྨོན་ལམ་མི་འདེབས་སོ།། ཁམས་གསུམ་པར་སྨོན་ལམ་མི་བདེབས་པས་ན། ཁམས་གསུམ་པར་མི་སྐྱེའོ།། མ་སྐྱེས་པ་དེ་དག་གི་འགྲོ་བ་ནི་དགས་སུ་མེད་དོ།། ཀྱེ་ལྷའི་བུ་འོན་ཀྱང་འཕགས་པ་རྣམས་ནི་ཡང་དག་པར་འདའ་བ་ཞེས་དེ་སྐད་ཅེས་རྗོད་པར་མཛད་དོ། ། འོན་ཀྱང་དོན་དམ་པར་ན། འདི་ལ་སུ་ཡང་ཡང་དག་པར་འདའ་བ་ཡང་མེད་འོང་བ་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཡང་དག་པ་འདའ་བ་མེད་པ་ཡས་བལྟ་བར་བྱའོ། ། ལྷའི་བུ་དཔེར་ན། ནམ་མཁའ་ནི་མ་སྐྱེས་པ། མ་བྱས་པ། མངོན་པར་མ་གྲུབ་པ། འཕོ་བ་མེད་པ། འོང་བ་མེད་པ་སྟེ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་ལྟ་བར་བྱའོ། ། གཏམ་འདི་བསྟན་པ་ན། ལྷའི་བུ་འཁོར་དེའི་ནང་ནས། ལྷའི་བུ་བདུན་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་། དྲི་མ་དང་བྲལ་བ་སྐྱེས་སོ།། སྔོན་དགེ་བའི་རྩ་བ་བསྐྱེད་པའི་ལྷའི་བུ་ཁྲི་དྲུག་སྟོང་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། དགེ་བའི་རྩ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། ། དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཀྱི་མཐུས་སྔོན་མ་མཐོང་བའི་མེ་ཏོག་གི་སྣོད་བྱུང་བར་གྱུར་ཏེ། མེ་ཏོག་གི་སྣོད་དེ་དག་ནས་དེ་བཞིན་གཤེགས་པ་ལ་གཏོར་རོ། ། མེ་ཏོག་དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པའི་གནས་ཁོ་ར་ཁོར་ཡུག་ཏུ་ཁེབས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལ་ལྷའི་བུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་ལ་མེ་ཏོག་གཏོར་པ་གང་དག་ལགས་པ་འདི་དག་ནི་སྔོན་མ་མཐོངས་ལགས་སོ།། ། དེ་ནས་ལྷའི་བུ་ཟླ་བས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀོའུ་ཤི་ཀ་ད་ལྟར་གང་ལ་མེ་ཏོག་དག་གིས་གཏོར་བའི་དེ་བཞིན་གཤེགས་པ་འདི་ཡང་སྔོན་མ་མཐོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཀོའུ་ཤི་ཀ་སེམས་ཅན་གང་གིས་དེ་བཞིན་གཤེགས་པ་མ་མཐོང་བའི་སེམས་དེ་ནི་འགགས་ཤིང་མེད་པར་གྱུར་ཏེ། མཐོང་བར་མི་ནུས་སོ།། ཀོའུ་ཤི་ཀ་དེ་བས་ན་གང་ཅི་མཐོང་བ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་མཐོང་བའོ།། གང་ཅི་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་ནི་སྔོན་མ་ཐོས་པའོ།། སྨྲས་པ་ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མཐོང་ངམ། སྨྲས་པ་ཀོའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་གཟུགས་ཤེས་བྱ་བ་ཡིན་ན་ནི། བདག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།། ཀོའུ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་ཡིན་ན་ནི། བདག་གི་དེ་བཞིན་གཤེགས་པ་མཐོང་ན། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་ནི་གཟུགས་ཤེས་བྱ་བ་འམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཞེས་བྱ་བ་མ་ཡིན་ནོ།། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་ནི་ཕུང་པོ་ལྔའི་ཆོས་ཀྱི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་ཏེ། དེ་ནི་མཐོང་བར་སླ་བ་མ་ཡིན་ནོ།། ཀོའུ་ཤི་ཀ་གཞན་ཡང་གང་ཁྱོད་འདི་སྐད་དུ། ལྷའི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་བ་མཐོང་ངམ་ཞེས་ཟེར་བ་ནི། ཇི་ལྟར་དེ་བཞིན་གཤེགས་པས་བདག་གཟིགས་པ་དེ་བཞིན་དུ་བདག་གི་དེ་བཞིན་གཤེགས་པ་མཐོང་ངོ་།། སྨྲས་པ། ལྷའི་བུ་ཁྱོད་ཀྱི་དེ་བཞིན་གཤེགས་པ་ག་ཇི་ལྟར་མཐོང་། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་མདུན་ན་ཞུགས་པ་འདི་ལ་ཞུས་ཤིག། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་ཇི་ལྟར་གཟིགས་ལགས། བཀའ་སྩལ་པ། ཀོའུ་ཤི་ཀ་གཟུགས་སུ་མི་མཐོངས་།། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པར་མི་མཐོང་ངོ་། ། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བར་མི་མཐོང་ངོ་།། ལངས་པ་དང་། འདུག་པ་དང་། འགྲོ་བ་དང་། འོང་བ་དང་། རྒྱབ་དང་། གློ་དང་། མདུན་དང་། ཆོས་ལ་མ་གཏོགས་པར་མི་མཐོང་ངོ་།། སློབ་པར་མི་མཐོང་ངོ་།། མི་སློབ་པར་མི་མཐོང་ངོ་།། མི་སློབ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།། དགྲ་བཅོམ་པར་མི་མཐོང་ངོ་། ། དགྲ་བཅོམ་པའི་ཆོས་དང་ལྡན་པར་མི་མཐོང་ངོ་།། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། སངས་རྒྱས་ཀྱི་སར་མི་མཐོང་སྟེ། ཀོའུ་ཤི་ཀ། དེ་ལྟར་མཐོང་ངོ་། ཀོ་འུ་ཤི་ཀ་སུ་ས་དེ་ལྟར་མཐོང་བ་དེས་ནི། ཡང་དག་པར་མཐོང་སྟེ། ལོག་པར་མཐོང་བ་མ་ཡིན་ནོ་སུ་ཡང་དག་པར་མཐོང་བ་དེས་ནི་ཅི་ཡང་མི་མཐོང་ངོ་།། སུ་ཅི་ཡང་མི་མཐོང་བ་དེས་ནི་མཉམ་པར་མཐོང་སྟེ། མི་མཉམ་པར་མི་མཐོང་ངོ་།། ཀོའུ་ཤི་ཀ། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པ་ནི་ཐམས་ཅད་གཟིགས་པ་ཞེས་བྱའོ།། ཀོའུ་ཤི་ཀ་དེ་ལྟར་གཟིགས་པའི་ར། བཞིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། འོན་ཀྱང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་འདྲེས་པར་ཡང་མི་མཛད་དོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་ལྟར་གཟིགས་པའི་དེ་བཞིན་གཤེགས་པས་ཅི་ཞིག་གཟིགས་པར་འགྱུར། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ནི་མི་གཟིགས་པ་མ་ལགས།། གཟུགས་གཟིགས་པ་མ་ལགས་སྟེ། བཅོམ་ལྡན་འདས་འདི་ལ་ནི་ཆོས་འགའ་ཙམ་ཡང་གྲངས་སུ་བགྱིད་པ་མ་མཆིས་སོ།། བཅོམ་ལྡན་འདས་ཅི་དེ་བཞིན་གཤེགས་པས་ཇི་ལྟར་གཟིགས་པ་དེ་བཞིན་དུ། ལྷའི་བུ་ཟླ་བས་ཀྱང་དེ་ལྟར་མཐོང་ལགས་སམ། བཀའ་སྩལ་པ། ཀོཊ་ཤི་ཀ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་ཡང་རུང་བ་དེ་དག་པཅཝ་ཅད་ཀྱིས་ནི་ཆོས་ཀྱི་དབྱིངས་ཀྱི་ལུགས་ཀྱི་ཆོས་འགའ་ཙམ་ཡང་གཟུང་བའི་ཕྱིར་ཆོས་གང་ཡང་མི་མཐོང་ངོ་། ། གསོལ་པ། བཅོམ་ལྡན་འདས་ཅི་ལྷའི་བ་ཟླ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་ཁྱོད་ཀྱིས་ལྷའི་བུ་ཟླ་བ་འདི་ཉིད་ལ་འདྲི་ཤིག་དང་། འདི་ཉིད་ཀྱི་ཁྱོད་ལ་ལན་ལྡོན་ནོ།། དེ་ནས་ལྷའི་དབང་པོ་བྱིན་གྱིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་ཁྱོད་མི་སྐྱེས་པའི་ཆོས་རྣམས་ལ་བཟོད་པ་སྐྱེས་སམ། སྤྲས་པ། ཀོའུ་ཤི་ཀ་མི་སྐྱེ་བ་སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ། ། སྨྲས་པ། ཀོཊ་ཤི་ཀ་གལ་ཏེ་མི་སྐྱེ་བ་སྐྱེ་བར་འགྱུར་ན། མི་སྐྱེ་བའི་ཆོས་རྣམས་ལ་སུའི་བཟོད་པ་སྐྱེ་བར་འགྱུར། ཀོལླ་ཤི་ཀ་མི་སྐྱེ་བ་ཞེས་བྱ་བ་དེ་ནི། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ལ་ནི་སྐྱེ་བ་འམ། འགག་པ་མི་དམིགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམས་དུ་སེམས་ཏེ། ལྷའི་བུ་འདིའི་བསྟན་པ་དེ་འདྲ་བ་ལས་ན། སྐྱེ་མ་ལྷའི་བུ་འདི་ནི་བཟོད་པ་ཐོབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བོ་སྙམ་མོ།། དེ་ནས་ལྷའི་དུ་ཟླ་བས། ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཀོའུ་ཤི་ཀ་བཟོད་པ་ཐོབ་པ་གང་དག་ཡིན་པ་དེ་དག་ནི། སངས་རྒྱས་ཀྱི་བྱང་ཆུབ་དང་ཉེ་བ་མ་ཡིན་ནོ། ། སྨྲས་པ། ལྷའི་བུ་ཁྱོད་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྨྲས་པ། ཀོའུ་ཤི་ཀ་ཐོབ་ཅེས་བྱ་བ་དེ་ནི་དམིགས་པའི་ཚིག་བླ་དགས་ཡིན་ལ། དམིགས་པས་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། ། མི་སྐྱེ་བའི་བཟོད་པ་ཞེས་བྱ་བ་དེ་ནི་མི་སྐྱེ་བའི་ཚིགས་བླ་དགས་སོ།། མི་སྐྱེ་བ་གང་ཡིན་པ་དེ་ཉིད་ནི་བྱང་ཆུབ་བོ།། སྨྲས་པ་ལྷའི་བུ་ཟླ་བས་བྱང་ཆུབ་ཉིད་གང་ལས་བཙལ་བར་བྱ། སྨྲས་པ། ཀོའུ་ཤི་ཀ་བྱང་ཆུབ་ནི་བདག་གི་ངོ་བོ་ཉིད་ལས་བཙལ་བར་བྱའོ།། སྨྲས་པ། བདག་གི་ངོ་བོ་ཉིད་གང་ལས་བཙལ་བར་བྱ། སྨྲས་པ། ཆོས་གང་མ་སྐྱེས་མི་སྐྱེས་སྐྱེས་པར་མི་འགྱུར་བ་དེ་ལས་བཙལ་བར་བྱའི། ཅི་ནས་ཀྱང་ཚོལ་བ་ན། གང་བཙལ་ཡང་། གང་གིས་བཙལ་བ། དེ་ལ་སློང་བར་མི་བྱེད་པ་དེ་ལྟར་བཙལ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་དེ་ལྟར་ཟབ་མོའི་ཤེས་རབ་དང་ལྡན་པ་ངོ་མཚར་ལགས་སོ། ། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས་ལགས། དེ་ནས་ལྷའི་བུ་ཟླ་བས།། ལྷའི་དབང་པོ་བརྒྱ་བྱིན་ལ་བ་དི་སྐད་ཅེས་སྨྲས་སོ། ། ཀོའུ་ཤི་ཀ་སྒྱུ་མ་མཁན་གྱི་སྐྱེས་པའམ། བུད་མེད་སྤྲུལ་པ་གང་དག་ཡིན་དེ་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་གྱུར་སྨྲས་པ། ལྷའི་བུ་སྒྱུ་མ་སྤྲུལ་པ་ལ་ནི་འཆི་འཕོ་འམ་སྐྱེ་བ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། སྨྲས་པ། ཀོའུ་ཤི་ཀ་ཁྱོད་འདི་སྐད་དུ་སྤྲུལ་པ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ཟེར་བ་དེ་ཅི་མཁས་པ་རྣམས་ཀྱི་སྨད་པར་མི་འགྱུར་རམ། སྨྲས་པ། ལྷའི་བུ་དེ་དེ་བཞིན་ནོ།། སྨྲས་པ་ཀོའུ་ཤི་ཀ། བདག་ནི་ཁྱོད་ཀྱིས་དྲི་བ་དེ་ལ་འདི་སྙམས་བྱེད་དེ། གང་ཁྱོད་ཀྱིས་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་མཆིས། འདི་ནས་ཤི་འཕོས་ནས་གར་སྐྱེ་བར་འགྱུར་ཞེས་ཞུས་པ་ནི།། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་དེ་སྐད་འདྲི་བར་ཟད་དོ་སྙམ་མོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་པར་མཛད་པ་གང་ཡིན་པ་དེ་འོང་ངམ། འཆི་འཕོ་འམ། སྐྱེ་འམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། ཅི་བྱ་བ་གང་གི་ཕྱིར། སྤྲུལ་པ་བྱ་བ་དེ་བྱེད་དམ། སྨྲས་པ། ལྷའི་བུ་བྱེད་དོ།། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུར་རྟོག་པ་དེ་ནི། འགྲོ་བ་དང་། འོང་བ་དང་། འཆི་འཕོ་དང་། སྐྱེ་བ་ཡང་སྟོན་ལ། དེ་ནི་ཅི་ལ་ཡང་རྣམ་པར་མི་རྟོག་སྟེ། བྱ་བ་དེ་ཡང་བྱེད་དོ།། ཀོའུ་ཤི་ཀ་འདི་ཇི་སྙམ་དུ་སེམས། གང་རྨི་ལམ་དུ་གཟུགས་མཐོང་བ་འམ། སྒྲ་ཟོས་པ་འམ། དྲི་སྣོམ་པ་འམ། རོ་མྱོང་བ་འམ། རེག་བྱ་རེག་པ་འམ། ཆོས་རྣམ་པར་ཤེས་པ་དེ་དག་ཅི་དེ་ནི་ཅི་ཡང་ཡོད་དམ་སྨྲས་པ། ལྷའི་བུ་དེ་ནི་མེད་དོ།། སྨྲས་པ། ཀོའུ་ཤི་ཀ་དེ་བཞིན་དུ་གང་གིས་ཆོས་ཐམས་ཅད་རྨི་ལམ་གྱི་ངོ་བོ་ཉིད་དུ་རྟོག་པ་དེ་ནི་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཆོས་ལ་ཆགས་པར་མི་འགྱུར། རྗེས་སུ་ཆགས་པར་མི་འགྱུར། ཁོང་ཁྲོ་བར་མི་འགྱུར་རོ།། མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་ཆོས་རྣམས་ཀྱང་གཞན་དག་ལ་རྗོད་པར་བྱེད་ལ། རྗོད་པ་དེ་ཡང་མངོན་པར་ཞེན་པ་མེད་དོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ། ཏོ།། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་སྐྱེ་བ་ཡང་མི་དམིགས། འཆི་འཕོ་བ་ཡང་མི་དམིགས་ལགས་ན། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པ་བགྱི་བར་རྟོགས་ཤིང་བགྱིད་པར་འགྱུར་ལགས། གང་ལ་སྐྱེས་པ་ཡང་མ་མཆིས། འཆི་འཕོ་ཡང་མ་མཆིས་པ་དེ་ནི། ཉན་ཐོས་ཀྱི་ས་ལགས་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་ས་མ་ལགས་སོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་བསྐལ་པ་སྟོང་ཕྲག་མང་པོར་འཁོར་བར་བགྱི་འཚལ་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀོའུ་ཤི་ཀ་བྱང་ཆུབ་སེསྤ་པའ་མི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་པ་ནི་སུ་ཡང་རུང་སྟེ། དེ་ནི་སྐྱེ་བ་ལ་ཡང་རློམ་སེམས་མེད་ལ། འཆི་འཕོ་ལ་ཡང་རློམ་སེམས་མེད་དེ། དེ་ནི་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ཇི་ལྟ་བ་དེ་བཞིན་དུ། གཟུང་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ནི་བདག་ཏུ་འདུ་ཤེས་དང་། གཞན་དུ་འདུ་ཤེས་མི་འཇུག་པའི་ཕྱིར་རོ། ། ཀོའུ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་དེ་ལྟར་སྐྱེ་བ་ལ་ཡང་རློམ་སེམས་མི་བྱེད། འཆི་། འཕོ་བ་ལ་ཡང་རློམ་སེམས་སུ་མི་བྱེད་པ་དང་། བདག་ཏུ་འདུ་ཤེས་པ་ཡང་མི་བྱེད། གཞན་དུ་འདུ་ཤེས་པར་ཡང་མི་བྱེད་ལ། སེམས་ཅན་གང་ཆོས་ཀྱི་ཚུལ་གྱི་བཟོད་པ་འདི་མི་ཤེས་པ་དེ་དག་ལ་བརྡ་སྤྲད་པའི་ཕྱིར། སྙིང་རྗེ་ཆེན་པོས་ཆེད་དུ་བསྐལ་པ་འབུམ་ཕྲག་གྲངས་མེད་པར་འཁོར་ཡང་སྐྱོ་བ་མེད་པ་ནི་མཆོག་ཏུ་དགའ་བ་བྱེད་པ་ཡིན་ནོ།། ཀོའུ་ཤི་ཀ་དཔེར་ན། མི་ལ་ལ་ཞིག་མེ་མངག་གི་དོང་དུ་ལྷུང་ནས། ཚིག་ཅིང་འདུག་པ་དེ་ལ་མི་སྙིང་རྗེ་ཆེན་པོ་དང་ལྡན་པ་འགའ་ཞིག་གིས་ལུས་དང་སྲོག་ལ་ཡང་མ་བལྟས་ཏེ། འདོད་པའི་ཡོན་ཏན་ལྔ་ལ་དགའ་ཞིང་འདུག་པ་ལས། དགའ་ཞིང་རྩེ་བ་བོར་ནས། མེའི་ཕུང་པོ་དེའི་ནང་ནས་མི་དེ་ཕྱུང་སྟེ། བདག་ཉིད་ཚིག་པ་ནི་དང་དུ་བླངས་ནས། ཀོའུ་ཤི་ཀ་འདི་ཇི་སྙམས་དུ་སེམས། མི་དེ་དཀའ་བ་བྱེད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པ་ལགས་སོ།། བཀའ་སྩལ་པ། ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་ལ། སྲིད་པ་ལེན་པར་བྱེད་པ་ནི། དེ་བས་ཀྱང་ཆེས་དཀའ་བ་བྱེད་པ་ཡིན་ནོ། ། ཀོའུ་ཤི་ཀ་དེ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཅི་ནས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཟིལ་གྱིས་མནན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་འགྱུར་རོ།། ཀོའུ་ཤི་ཀ་ཁྱོད་འདི་སྐད་དུ་ལྷའི་བུ་འདི་གང་ནས་ཤི་འཕོས་ཏེ་འདིར་འོངས་ཤེས་ཟེར་ན་དེངས་བཤད་ཀྱིས་ཉོན་ཅིག། ཀོའུ་ཤི་ཀ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་གཉིས་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོས་བཀྲམ་པ་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་དུ་མས་བརྒྱན་པའི་ཤིང་ལྗོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་རྒྱས་པ་དག་དང་། འཆག་སའི་སྐྱེད་མོས་མཚལ་གྱི་ཁང་པ་བརྩེགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་ཟམ་པ་དང་ལྡན་པ་དག་ཡོད་དོ།། ས་གཞི་ཆེན་པོ་དེ་ཡང་བཻ་ཌཱུཪྻ་ལས་གྲུབ་པ་སྟེ། རིན་པོ་ཆེ་འབུམ་ཕྲག་མང་པོས་སྨྲས་སོ།། ཀོའུ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་ཆོས་སྟོན་ཏོ། ། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པ་མེད་དོ།། སངས་རྒྱས་ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབའ་ཤིག་གི་ཡོངས་སུ་གང་ངོ་།། ཀོའུ་ཤི་ཀ་དེ་བཞིན་ག་ཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན་རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཆོས་བསྟན་པ་རོ་རོལ་བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ། བྱང་ཆུབ་སེམས་དཔའ་དེ་དག་ཏ་ལ་བདུན་སྲིད་ཙམ་གྱིས་ནམ་མཁའ་ལ་འཕགས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་བྱས་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་པདྨ་འདབ་མ་འབུམ་ཡོད་པ་ཤ་ཏག་གིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་ནས། དེ་ལྟར་འཁོད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དག་ལ་བལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བྱ་བ་དང་། ཆོས་མཉན་པའི་ཕྱིར་བར་སྣང་ལས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འདོད་པར་བྱེད་དོ། ། ཀོའུ་ཤི་ཀ་སངས་རྒྱས་ཀྱི་ཞིང་དེར་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སུ་ཡང་མི་གནས་ཏེ། བཟོད་པ་ཐོབ་པའི་མོད་ལས་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་ངོ་། ། ཀོའུ་ཤི་ཀ་དེ་བཞིན་གཤེགས་པ་དེ་བྱུང་ནས། བསྐལ་པ་བཅུ་གཉིས་ཀྱི་བར་དུ་ཉིན་གཅིག་བཞིན་དུ་ཉིན་ལན་གསུམ།། མཚན་ལན་གསུམ་དུ་ཆོས་བསྟན་པ་འབྱུང་སྟེ། ཆོས་བསྟན་པ་རེ་རེ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་བཟོད་པ་ཐོབ་པར་གྱུར་ཏེ། བཟོད་པ་ཐོབ་པའི་མོད་ལ་སངས་རྒྱས་ཀྱི་ཞིང་གཞན་དུ་འདོང་ངོ་། ། ཀོའུ་ཤི་ཀ་བྱང་ཆུབ་སེམས་དཔའ་ཇི་སྙེད་བཟོད་པ་ཐོབ་ནས། ས་བྱས་ཀྱི་ཞིང་གཞན་དུ་འདོང་བ་དེ་སྙེད་ཀྱི་བྱང་ཆུབ་སེམས་དཔའ་དག། སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཏེ། ཀོའུ་ཤི་ཀ་དེ་ལ་བུའི་ཚུལ་གྱི་ས་རྩཝ་རྩི་ཞིང་དེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་གིས་མི་སྟོངས་སོ། ། ཀོའུ་ཤི་ཀ་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་ཕུང་པོ་བཀྲམ་པ་དེ་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་ན། རིན་ཆེན་གཟི་བརྗིད་མངོན་པར་འཕགས་པའི་རྒྱལ་པོ་དེའི་ཐད་ནས་ལྷའི་བུ་ཟླ་བ་འདི་མི་སྣང་བར་གྱུར་ཏེ། ང་ལ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བསྐུར་བྱ་བ་དང་། ཞུ་བ་དང་། དྲིས་པར་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡང་སྐྱེ་བ་མང་པོ་ལ་རྒྱས་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་གཞན་དག་གིས་ཡང་ཆོས་ཀྱི་བཟོད། པ་འདི་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སུམ་ཅུ་རྩ་གསུམ་གྱི་གནས་འདིར་གནས་པར་གྱུར་རོ།། ཀོའུ་ཤི་ཀ་ལྷའི་བུ་ཟླ་བ་འདི་ནི་ང་ཡི་ཚེའི་མཐས་གཏུགས་ཀྱི་བར་དུ་དམ་པའི་ཆོས་ཡོངས་སུ་བཟུང་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱི་མའི་ཚེ། ཕྱི་མའི་དུས་དམ་པའི་ཆོས་ནུབ་པའི་དུས་ལ་བབ་པ་ན། འདི་ནས་ཤི་འཕོ་ནས་འཛམ་བུ་གླིང་དུ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ཀྱི་རྣམ་གྲངས་འདི་ཟབ་མོ་ཟབ་པར་སྣང་བ་འདི་བདག་ཡོངས་སུ་འཛིན་པ་ལ་བརྩོན་པར་འགྱུར་རོ། ། དེ་ཕྱི་མའི་ཚེ། ཕྱི་མའི་དུས་དམ་པའི་ཆོས་ནུབ་པ་ན། མིའི་འཇིག་རྟེན་ནས་ཤི་འཕོས་ནས། དགའ་ལྡན་གྱི་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། དགའ་ལྡན་གྱི་གནས་ན་གནས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྷན་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འདི་འཛིན་དུ་འཇུག་པར་འགྱུར་རོ། ། ལྷའི་བུ་འབུམ་ཕྲག་དཔག་ཏུ་མེད་པ་སྡོམ་བྱང་ཆུབ་ཏུ་རབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་སྐྱེད་དུ་འཇུག་པར་འགྱུར་རོ། ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེའི་ཚེ་ནི། ལྷའི་བུ་འདི་འཛམ་བུའི་གླིང་དུ་གནས་ནས། ལོ་བཅུའི་བར་དུ་ཁྱིམ་པར་འདུག་ཅིང་དེ་བཞིན་གཤེག་པ་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བཀུར་སྟི་བྱེད། བླ་མར་བྱེད་པར་འགྱུར་རོ།། དེ་དེའི་འོག་ཏུ་མི་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འགྱུར་ཏེ། རབ་ཏུ་བྱུང་ནས་ཀྱང་དེ་བཞིན་གཤེགས་པ་བྱམས་པའི་ཚེ་མཐས་གཏུགས་པའི་བར་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ། ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ཇི་སྲིད་དུ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ། ། བསྐལ་པ་བཟང་པོའི་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་གང་དག་ཡིན་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པར་འགྱུར་རོ། ། མཉེས་པར་བྱས་ནས་ཀྱང་བཀུར་སྟི་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཐད་དུ་ཚངས་པར་སྤྱོད་པར་འགྱུར་རོ།། དེ་དེའི་འོག་ཏུ་བསྐལ་པ་གངྒཱའི་ཀླུང་བདུན་བཅུའི་བྱེ་མ་སྙེད་འདས་པ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། དེ་ནས་ལྷའི་བུ་ཟླ་མཆོག་གིས་ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་ཁྱོད་བཅོམ་ལྡན་པ་དས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ན། ཅི་ཁྱོད་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་དང་། དང་པ་དང་། གུས་པ་སྐྱེས་བམ། དེ་སྐད་ཅེས་སྨྲས་པ་དང་། ལྷའི་བུ་ཟླ་བས། ལྷའི་བུ་ཟླ་བ་མཆོག་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་བུ་དེ་བཞིན་གཤེགས་པ་ནི་འདུན་པའི་དབང་དུ་འགྲོ་བ་འམ། འཇིག་པའི་དབང་དུ་འགྲོ་བས། ལུང་སྟོན་པ་ཅུང་ཟད་ཀྱང་མེད་དེ། ལྷའི་བུ་དེ་བཞིན་གཤེགས་པ་ནི་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་སེམས་རཔའི་བསླབ་པ་ལ་སློབ་པར་ལུང་སྙན་པར་ཟད་ན། གང་གིས་དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་འམ། དང་བ་འམ། གུས་པ་སྐྱེད་དུ་ཅིག་ཞིག་ཡོད། སྨྲས་པ། ལྷའི་བུ་དང་བ་གང་ལས་ཡོངས་སུ་བཙལ་བར་བྱ། སྨྲས་པ། དང་བ་སེམས་ལས་ཡོངས་སུ་བཙལ་བར་བྱའོ།། སྨྲས་པ། གང་སེམས་ལ་སེམས་སུ་འདུ་ཤེས་པ་དེས་དང་བ་གང་ལས་བཅལ་བར་བྱ། སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་དང་བ་ཡོད་དོ།། སྨྲས་པ། གང་ལ་འཛིན་པ་མེད་པ་དེ་ལ་མཆོག་ཏུ་དང་བ་ཡོད་དམ། སྨྲས་པ། ལྷའི་བུ་དེ་ནི་དད་བ་ཡིན་ཏེ། གང་ལ་སྡང་བ་ཡང་མེད།། རབ་ཏུ་སྡང་བ་ཡང་མེད། དང་བ་ཡང་མེད་པ་དང་། གང་ལ་སོ་སོའི་སྐྱེ་བོའི་དང་པ་མེད་པ་དེ་ལ་ནི་དང་བ་ཡོད་དོ།། དེ་དེ་ལྟར་དང་བར་གྱུར་པས། དེ་ལ་རང་བཞིན་གྱིས་དང་བ་ཡང་མེད་ལ། དེ་ནི་དེ་ཕྱིན་ཆད་ཀྱང་སྣང་བར་མི་འགྱུར་རོ།། ལྷའི་བུ་དེ་བས་ན་དང་བ་ཐོབ་པར་འདོད་པས་མྱུར་དུ་ཆོས་ལྔ་ལ་སྦྱོར་བར་བྱ་སྟེ། ཅི་ནས་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད་པ་དེ་ལྟར་སྐྱོ་བར་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ལ་ནི་སྦྱོར་བ་ཡང་མེད། འབྲལ་བ་ཡང་མེད་པའི་ཕྱིར་རོ།། དེ་ནས་ལྷའི་བུ་ཟླ་བ་མཆོག་གིས། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་བྱང་ཆུབ་སེམས་དཔའི་བསླབ་པ་ཞེས་བྱ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་རྣམས་གང་ཡིན། སྨྲས་པ། ལྷའི་བུ་གང་ལ་ལུས་ཀྱང་མེད། ལུས་ཀྱི་སྡེམས་པ་ཡང་མེད། ངག་ཀྱང་མེད། ངག་གི་སྡོམ་པ་ཡང་མེད། ཡིད་ཀྱང་མེད་ཡིད་ཀྱི་སྡོམ་པ་ཡང་མེད་པ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡོམ་པའི་མཆོག་ཡིན་ནོ།། གང་ལ་ཡིད་ཀྱང་མེད། འཛིན་པ་ཡང་མེད། སོགས་པ་ཡང་མེད། འབྲི་བ་ཡང་མེད་པ་དེ་ནི། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ཡིན་ནོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས།། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ།། སའི་བུ་ཁྱོད་བསླབ་པ་འདི་ལ་བསླབས་པས་དེ་བཞིན་གཤེགས་པས་ལུང་བསྟན་ཏམ། སྨྲས་པ། ལྷའི་བུ་བདག་ནི་བསླབ་པ་འདི་ལ་བསླབས་པས། དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བསླབ་པ་འདི་ལ་ནི་གང་གིས་ཤེས་པར་འགྱུར་བའི་བདག་གམ། བདག་གིས་ཞེས་བྱ་བ་འམ། བདག་སྒྲུབ་བོ་སྙམ་དུ་འཛིན་པ་མེད་དེ། ཡང་དག་པར་ཞུགས་པ་དེ་ནི་བདག་སློབ་བོ་སྙམ་དུ་དེ་ལྟར་མི་སེམས་སོ། ། སྨྲས་པ། ཇི་ཙམ་གྱིས་ན་ཡང་དག་པར་ཞུགས་པར་འགྱུར་རོ།། སྨྲས་པ། གང་མཉམ་པ་ཉིད་ལ་སྣོན་པར་མི་བྱེད། འབྲི་བར་ཡང་མི་བྱེད།། ལེན་པར་ཡང་མི་བྱེད། འདོར་བར་ཡང་མི་བྱེད་པ་དང་། གང་མཉམ་པ་ཉིད་ལ་ཆོས་འདི་དག་ནི་མཆོག་གོ།། ཆོས་འདི་དག་ནི་ངན་པའོ་ཞེས་གཉིས་སུ་མི་འབྱེད་ཅིང་ཆོས་འདི་ལ་ཡང་དག་པར་སོ་སོར་ཤེས་ཏེ། དེ་ལྟར་ཞུགས་པ་གང་ཡིན་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ།། དེ་ནས་ལྷའི་བུ་ཟླ་མཆོག་གིས། ལྷའི་བུ་ཟླ་བ་ལ་འདི་སྐད་ཅེས་སྨྲས་སོ། ། ལྷའི་བུ་ཁྱོད་ཀྱིས་ཆོས་གང་དག་ཐོབ་པ་དང་། ཆོས་གང་དག་སྤང་བའི་ཕྱིར་དེ་བཞིན་གཤེགས་པས་ལུང་བསྟན། སྨྲས་པ། ལྷའི་བུ་བདག་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་སྤངས་པ་དང་། སངས་རྒྱས་ཀྱིས་ཆོས་རྣམས་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་ལུང་བསྟན་པ་མ་ཡིན་པ་མ་ཡིན་གྱིས། ལྷའི་བུ་དག་ནི་ཆོས་འདི་ངག་མ་སྤངས་མ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། སྨྲས་པ། དེ་ལྟ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལུང་བསྟན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སོ་སོ་སྐྱེ་བོ་རྣམས་ནི་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་སྤངས་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་ཐོབ་པའི་ཕྱིར་རོ།། སྨྲས་པ། ལྷའི་བུ་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ། སྟོང་པ་ཉིད་དང་། ཆོས་ཉིད་སྤྲོས་པར་བྱེད་དོ།། སྨྲས་པ། སངས་རྒྱས་ཀྱི་ཆོས་དེ་དག་གིས་ཅི་ཞིག་སྤྲོས་པར་བྱེད། སྨྲས་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སྤྲོས་པར་བྱེད་དོ། ། སྨྲས་པ། སྟོང་པ་ཉིད་དང་། ཆོས་ཉིད་སྤྲོས་པར་ནུས་སམ། སྨྲས་པ། ལྷའི་བུ་དེ་ནི་མ་ཡིན་ནོ།། སྨྲས་པ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་སྤྲོས་པར་ནུས་སམ། སྨྲས་པ་དེ་ནི་མ་ཡིན་ནོ།། ལྷའི་བུ་བདག་གིས་དེ་ལས་བསམས་ཏེ་སོ་སོའི་སྐྱེ་བའི་ཆོས་རྣམས་མ་སྤངས་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་པའི་ཕྱིར། དེ་བཞིན་གཤེགས་པས་བདག་ལུང་བསྟན་ཏོ་ཞེས་སྨྲས་སོ།། སྨྲས་པ། ཅི་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་བྱང་ཆུབ་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་ཁྱོད་དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ལུང་བསྟན་ནམ། སྨྲས་པ། བདག་ནི་སྟོང་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ།། ལྷའི་བུ་ཆོས་འདི་དག་གིས་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུ་བསྟན་པ་ཡང་དེ་བཞིན་ཏེ། གང་ལུང་བསྟན་ཟིན་པ་ཡང་དེ་བཞིན་ནོ།། གང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འམ། མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ལྷའི་བུ་ཟླ་བ་འདི་ནི་ཟབ་མོའི་ཤེས་རབ་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ཏེ། ལན་ཅི་དང་ཅི་འདེབས་པ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་ཁོ་ནས་འདེབས་ལ། ཆོས་ཀྱི་དབྱིངས་ནི་བསྟན་པ་འམ། ལན་གདབ་པ་འམ། བརྗོད་པར་ཡང་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ནི་བརྗོད་དུ་མེད་ཅིང་བསྙད་དུ་མེད་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་སེམས་ཅན་གྱི་ཁམས་དེ་དང་འདྲའོ། ། སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཡུལ་ཡང་དེ་དང་འདྲའོ།། ཆོས་ཐམས་ཅད་ཀྱང་དེ་དང་འདྲའོ།། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་དག་དེ་ལྟར་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་འགྲོ་བ་དེ་དག་ནི་གཞན་གྱི་དྲིང་མི་འཇོག་པ་ཞེས་བྱའོ།། གཏམ་འདི་བརྗོད་པ་ན། ཚེ་དང་ལྡན་པ་མོ་བུ་འགལ་གྱི་བུ་ཆེན་པོ་ཁང་བཟངས་རྣམ་པར་རྒྱལ་བྱེད་ན་འདུག་སྟེ། འཁོར་ཆེན་པོ་ལ་ཆོས་སྟོན་ཅིང་འདུག་གོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་སྟན་ལས་ལངས་ཏེ། འཆག་པར་བྱེད་དོ།། དེ་ནས་ཚེ་དང་ལྡན་པ་མོའུ་བགལ་གྱི་བུ་ཆེན་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འཛམ་བུ་གླིང་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྟོངས་སོ། ། སེམས་ཅན་དགེ་བའི་བསམ་པ་ཅན་དག་ཀྱང་མང་ན་དེ་དག་ཀྱང་ཆོས་མི་ཐོས་པས་ཡོངས་སུ་ཉམས་པར་འགྱུར་རོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་དེ་ཉིད་ཀྱི་ཕྱིར། ལྷའི་མིག་གིས་འཛམ་བུ་གླིང་འདིར་རྣམ་པར་བལྟས་ནས། དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁང་པ་ན་བཤོས་གསོལ་བ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ན་བདག་དང་འདྲ་བའི་དགེ་སློང་འགའ་ལྟ་ཡོད་དམ་སྙམས་པ་དང་། དེས་བདག་དང་འདྲའི་དགེ་སློང་ཞིག་བཅོམ་ལྡན་འདས་ཀྱི་གཡོན་ལོགས་ན་ཟན་ཟ་ཞིང་འདུག་པ་མཐོང་ནས། དེས་བདག་གི་ལུས་ལ་བརྟགས་སོ།། དེ་བརྟགས་ནས་དེ་ལ་ཅུང་ཟད་ཀྱང་ཐ་དད་པར་མ་མཐོང་སྟེ། བདག་ཉིད་ཀྱི་ཆུ་ཞེང་ཅི་འདྲ་བ་དེའི་ཆུ་ཞེང་ཡང་དེ་ཁོ་ན་འདྲ་ལ། ལྷག་ཆད་མེད་དེ། ཁ་དོག་དེ་དང་། རྟགས་དེ་དང་། དབྱིབས་ཐ་དད་མེད་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འཛམ་བུ་གླིང་དུ་གཤེགས་སམ་སྙམ་མོ། ། དེས་ཤིང་ཡོངས་འདུའི་དྲུང་དུ་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་ནི་ལྷའི་ཚོགས་ཀྱིས་བསྐོར་ཏེ་ཆོས་སྟོན་ཅིང་བཞུགས་ལ། ཤཱ་རིའི་བུ་ཡང་གཡས་ལོགས་ན་འདུག་པ་དང་མོའུ་འགལ་གྱི་བུ་འདྲ་བའི་དགེ་སློང་ཡང་གཡོན་ལོགས་ན་འདུག་པ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་དེ་ན་འཁོད་པར་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་ལྟར་ངོ་མཚར་ཆེ་བར་གྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཆེའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྫུ་འཕྲུལ་ཆེའོ།། ཆེ་བར་ཡང་གྲགས་སོ། མཐུ་ཡང་ཆེ་སྟེ། འདི་ལྟར་འཛམ་བུ་གླིང་ན་ཡང་ཆོས་སྟོན་པའི་རྒྱུན་མི་འཆད་ལ་སུམ་ཅུ་རྩ་གསུམ་གྱི་གནས་ན་ཡང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་ཆོས་སྟོན་ཏོ་སྙམ་མོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། འཛམ་བུ་གླིང་དུ་རྣམ་པར་བལྟས་ན། དེས་དེ་བཞིན་གཤེགས་པ་རྒྱལ་བུ་རྒྱལ་བྱེད་ཀྱི་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། འཁོར་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། ཆོས་སྟོན་ཅིང་བཞུགས་པ་མཐོང་ངོ་།། དེ་ན་ཡང་བདག་ཁོན་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འཛྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་ཞིག་མཐོང་ངོ་།། ཤཱ་རིའི་བུ་དང་འོད་སྲུངས་ཆེན་པོ་དང་། ཀ་ཏྱའི་བུ་ཆེན་པོ་དང་། གང་པོ་དང་། རབ་འབྱོར་དང་། ནམ་གྲུ་དང་། རྟ་ཐུལ་དང་ཀ་པི་ན་དང་། ཉན་ཐོས་ཆེན་པོ་ཐམས་ཅད་ཀྱང་ཆུ་ཞེང་དེ་ཁོ་ན་བཞིན་དུ་མཐོང་ངོ་།། རྒྱལ་པོའི་ཁབ་ན་ཇི་ལྟ་བ་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡང་དེ་དང་འདྲའོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་གྱི་གནས་ན་ཡང་དེ་དང་འདྲའོ།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། བ་ཛམ་བུ་གླིང་དུ་རྣམ་པར་བལྟས་ན། དེས་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན་ཤིང་ནྱ་གྲོ་དའི་ཀུན་དག་བ་ར་བ་ན་བཞུགས་པ་དང་། སེར་སྐྱའི་གྲོང་ཁྱེར་ཆེན་པོ་ན་བསོད་སྙོམས་ལ་གཤེགས་པ་མཐོང་སྟེ། དེར་ཡང་མོའུ་འགལ་གྱི་བུ་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡངས་པའི་གྲོང་ཁྱེར་ཆེན་པོ་ན། ལི་རྩ་བྱི་གཞོན་ནུ་དྲི་མ་མེད་པའི་ཟླ་བའི་ཁྱིམ་ན་བཤོས་གསོལ་ཞིང་བཞུགས་པ་མཐོང་སྟེ། དེར་ཡང་བདག་ཁོ་ན་འདྲ་བའི་དགེ་སློང་ཁ་དོག་དེ་འདྲ་བ་དང་། རྟགས་དེ་འདྲ་བ་དང་། དབྱིབས་དེ་འདྲ། བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། དེ་བཞིན་གཤེགས་པ་བཱ་ར་ན་སེའི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་ནས། སླར་གཤེགས་པ་མཐོང་སྟེ་དེར་ཡང་བདག་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་དང་འདྲ་བ་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོ་བུ་འ་གལ་གྱི་བུ་ཆེན་པོས། བཛམ་བུ་གླིང་འདིར་རྣམ་པར་བལྟས་ནས། དེ་བཞིན་གཤེགས་པ་གང་ཡང་རུང་སྟེ། གཙུག་ལག་ཁང་ངམ། འཆག་ས་འམ། ཤིང་དྲུང་འམ། རྡོ་ལེབ་བམ། ས་ཕྱོགས་གང་ཡང་རུང་བའི་ས་ཕྱོགས་ཇི་སྙེད་པ་དེ་དག་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་པ་སྤྱོད་ལམ་སྣ་ཚོགས་ཀྱིས་བཞུགས་པ་མཐོང་ངོ་། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ། བྱང་གི་སྒྲ་མི་སྙན་གྱི་གླིང་ན་བསོད་སྙོམ་ལ་གཤེགས་པ་དང་། བསོད་སྙོམས་བཞེས་ནས་བཤོས་གསོལ་གྱི་བཞུགས་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས། ཤར་གྱི་ལུས་འཕགས་གླིང་དུ་རྣམ་པར་བལྟས་ན། དེས་དེར་ཡང་དེ་བཞིན་གཤེགས་པ་སྐྱེ་བོའི་ཚོགས་ཆེན་པོའི་དབུས་ན་ཆོས་སྟོན་ཅིང་བཞུགས་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་མཐོང་ངོ་།། དེ་བཞིན་དུ་ནུབ་ཀྱི་བ་ལ་ང་སྤྱོད་ཀྱི་གླིང་ན་ཡང་། དེ་བཞིན་གཤེགས་པས་བསམ་གཏན་ནང་དུ་ཡང་དག་པར་འཇོག་ལ་ཞུགས་ཏེ། སྲོག་ཆགས་སྟོང་ཕྲག་དུ་མ་ཕྱག་འཚལ་ཞིང་འདུག་པ་དང་། ཉན་ཐོས་ཆེན་པོ་ཐམས་ཅད་མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དག་ཀྱང་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་ཞིག་མཐོང་ངོ་།། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་རྒྱ་ཆེར་ངོ་མཚར་དུ་གྱུར་ནས། ས་བླའི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་། ཐབས་ཅིག་ཏུ་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་བར་སྣང་གི་ལྷ་རྣམས་ཀྱི་གནས་སུ་རྣམ་པར་བལྟས་ན། དེ་ན་ཡང་དེ་བཞིན་གཤེགས་པ་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་དང་། དེ་མ་ཡིན་པའི་ཉན་ཐོས་ཆེན་པོ་དག་ཀྱང་མཐོང་ངོ་།། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་སུ་ཡང་དེ་དང་འདྲའོ། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཚངས་པའི་འཇིག་རྟེན་གྱི་བར་དུ་རྣམ་པར་བལྟས་ན། ཚངས་པའི་འཇིག་རྟེན་ན་ཡང་དེ་བཞིན་གཤེགས་པ་ཚངས་པ་འབུམ་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་སྟེ། དེ་ན་ཡང་བདག་ཉིད་དང་འདྲ་བའི་དགེ་སློང་ཁ་དོག་ཀྱང་དེ་དང་འདྲ། རྟགས་ཀྱང་དེ་དང་འདྲ། དབྱིབས་ཀྱང་དེ་འདྲ་ཆུ་ཞེང་ཡང་དེ་ཁོ་ན་འདྲ་བ་མཐོང་ངོ་།། མོའུ་འགལ་གྱི་བུ་འདྲ་བའི་དགེ་སློང་དེ་དག་ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱི་ཆོས་སྟོན་ཏེ། ཐམས་ཅད་ཀྱང་མོའུ་འགལ་གྱི་བུ་ཞེས་བྱ་བར་ཤེས་སོ། ། ཤཱ་རིའི་བུ་འདྲའི་དགེ་སློང་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་སྣང་བ་ཆེན་པོས་འཁོར་གྱི་མདུན་སེང་གེའི་སྒྲ་སྒྲོགས་ཏེ། དེ་དག་ཐམས་ཅད་ཤཱ་རིའི་བུ་ཐམས་ཅད་ཀྱང་ཞེས་གྲགས་ཏེ། དེ་ལྟར་ཉན་ཐོས་ཆེན་པོ་དེ་དག་རང་རང་གི་སྟོབས་བསྐྱེད་པས་ཆོས་སྟོན་ཏོ།། དེ་ནས་མོའུ་འགལ་གྱི་བུ་ཆེན་པོ་དགའ་ཞིང་མགུ་ལ། སྤུ་ཟིང་ཞེས་བྱེད་ནས་ངོ་མཚར་དུ་གྱུར་ཏེ་དགའ་བ་དང་། མཆོག་ཏུ་དགའ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ངོ་མཚར་ཏོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཆོག་ཏུ་ངོ་མཚར་ཏོ་ཞེས་ལན་གསུམ་དུ་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་མོའུ་འགལ་གྱི་བུ་ཆེན་པོ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ།། ཞེས་ངག་ཏུ་སྨྲ་ཞིང་། ཁང་བཟངས་རྣམ་པར་རྒྱལ་བྱེད་ནས། ཤུགས་ཆེན་པོ་ཡན་ལག་ལྔས་ཕྱག་བྱས་སོ།། དེའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་འཇིག་རྟེན་དུ་གྲགས་ཏེ། སུམ་ཅུ་རྩ་གསུམ་པའི་གནས་ཐམས་ཅད་གཡོས་སོ།། དེ་ནས་ལྷའི་བུ་འབུམ་ཕྲག་དུ་མ་མི་དགའ་བར་གྱུར་ཏེ། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང་གིས་ཅ་ཅོའི་སྒྲ་ཆེན་པོ་དང་། ས་ཆེན་པོ་གཡོ་བ་འཇིག་རྟེན་དུ་བྱུང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་དག་དགེ་སློང་མོའུ་འགལ་གྱི་བུ་འདི་སངས་རྒྱས་ལ་གཅེས་པར་འཛིན་པའི་ཕྱིར། ས་ཆེན་བོའི་སྟེང་དུ་ཕྱག་བྱས་ཏེ་འདི་ནི་དེའི་མཐུ་ཡིན་ནོ། ། གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ། དགེ་སློང་མོའུ་འགལ་གྱི་བུ་ཆེན་པོ་ས་ཆེན་པོའི་སྟེང་དུ་ཕྱག་འཚལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དགེ་སློང་མོའུ་འགལ་གྱི་བུ་དེ་འོང་གི་དེ་ལ་དྲིས་ཤིག། དེ་ནས་གནས་བརྟན་མོའུ་འགལ་གྱི་བུ་ཆེན་པོ་ཁང་བཟངས་རྣམ་པར་རྒྱལ་བྱེད་ནས་ལངས་ཏེ། ཤིན་ཏུ་མྱུར་བ་དང་། ཤིན་ཏུ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། སོར་མོ་བཅུའི་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་བསྟོད་པ་མགོན་པོ་མཚུངས་མེད་མི་ཡི་དབང་པོ་ཁྱད་པར་བསྙེས། ། དྲི་མེད་གསུམ་གྱི་ཐ་བ་སྤངས་པ་སེམས་དུལ་བ།། མི་མཆོག་ལྷ་དང་མི་ཡི་མཆོད་པའི་གནས་གྱུར་པ།། རྒྱལ་བའི་བློ་ཡི་སྤྱོད་པ་བསམ་གྱིས་ཡོངས་མི་ཁྱབ། ། ཉི་མ་འབུམ་ཕྲག་མང་པོ་དག་ནི་ཤར་བ་ན།། སེམས་ཅན་ལོང་བ་ཀུན་གྱིས་མཐོང་བར་མི་འགྱུར་བ།། དེ་བཞིན་སྟོབས་བཅུ་མངའ་པ་ཀུན་ཏུ་འོད་ཟེར་ལྡན། ། ཉན་ཐོས་ཀུན་གྱིས་ཤེས་པར་སླ་བར་མ་ལགས་སོ།། ཉན་ཐོས་འདི་དག་ཐམས་ཅད་དམུས་ལོང་འདྲ་བ་ཏེ།། སངས་རྒྱས་ཐེག་པ་ཞེས་ནི་འཛིན་པར་ཡོང་མི་བགྱིད།། དེ་བཞིན་གཤེགས་པ་ལ་ནི་དད་པས་མཆི་མོད་ཀྱི།། རྒྱལ་པོ་དག་གི་ཆོས་ཉིད་ཀྱང་ནི་ཡོད་མ་འཚལ།། རྒྱ་མཚོ་ཆེན་པོའི་དྲུང་ན་བརྗེས་ལྟ་བུ་དང་།། རི་རབ་རྒྱལ་པོ་དང་ནི་ཡུངས་འབྲུ་གཅིག་པུ་དང་། ། ཉི་མའི་འོད་དང་སྲིན་བུ་མེ་ཁྱེར་འདྲ་བ་སྟེ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ།། ལྷུན་པོ་རྣམས་ཀྱང་ཡུངས་འབྲུ་དག་ལ་འདོད་མི་བགྱིད།། མཁའ་ལ་ཉི་མ་གནས་པ་མི་ཁྱེར་འདོད་མི་བགྱིད།། རྒྱ་མཚོ་ཆེན་པོ་པ་རྗེས་ཚུ་ལ་འདོད་མི་བགྱིད།། བྱང་ཆུབ་སེམས་དཔའ་ཉན་ཐོས་རྣམས་ལ་འདོད་མི་བགྱིད།། དམུས་ལོང་མིག་དང་ལྷ་ཡི་མིག་ལྡན་ཅི་འདྲ་དང་། ཕལ་པའི་མིག་དང་འཁོར་ལོས་སྒྱུར་བ་ཅི་འདྲ་དང་། ཟླ་བའི་འོད་ཀྱི་སྐར་མ་རྣམས་ནི་ཟིལ་གནོན་པ།། སངས་རྒྱས་སྤྱན་སྔར་ཉན་ཐོས་འཁོད་རྣམས་དེ་དང་འདྲ། ། ལྷ་མོ་སྒྱུ་འཕྲུལ་ལ་ནི་ཐུགས་བརྩེ་བའི་དོན་སླད་དུ།། ལྷུན་པོའི་རྩེ་མོ་འདི་ན་རྒྱལ་བ་བཞུགས་པ་ན།། སངས་རྒྱས་དང་ནི་དགེ་སློང་གི་དགེ་འདུན་མི་ཞུགས་པས།། བདག་ནི་འཛམ་བུ་གླིང་འདི་སྟོང་སྙམས་ཡིད་ལ་འགྱིད། ། བཅོམ་ལྡན་འདས་བདག་ནི་རྣམ་པར་རྒྱལ་བྱེད་ནང་ན་མཆིས།། ལྷ་ཡི་བུ་མོ་རྣམས་ལ་ཆོས་ནི་སྟོན་པ་ན།། བདག་ནི་ལྷ་ཡི་མིག་གིས་འཛམ་བུ་གླིང་དུ་བལྟས། ། གྲོང་ཁྱེར་དང་ནི་ཚོང་དུས་བརྒྱ་ཕྲག་རྟགས་པ་བགྱིས།། བརྟགས་པའི་ཚེ་ན་བདག་གིས་དེར་ནི་རྒྱལ་བ་མཐོང་།། རྒྱལ་པོའི་ཁབ་ན་མཐུ་ཆེན་གཟུགས་ཅན་སྙིང་པོའི་ཁང་། ། གྲོང་རྡལ་མི་དང་འཁོར་གྱིས་བལྟས་པ་ན།། ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་ནི་བཤོས་ཀྱང་གསོལ།། གཡོན་ལོགས་ན་ནི་བདག་གིས་ཁ་དོག་འདྲ་བ་ཡི།། མོའུ་འགལ་གྱི་བུ་ནི་མཆིས་པའང་བདག་གི་མཐོང་། ། གཡས་ལོགས་ན་ནི་ཤཱ་རིའི་བུ་མཆིས་གཞན་བདག་ཀྱང་།། རྒྱལ་བ་ཡི་ནི་ཉན་ཐོས་ཐམས་ཅད་འཁོད་པ་མཐོང་།། ལྷུན་པོ་ཡི་ནི་སྟེང་དུ་རྒྱལ་བ་གཤེགས་སྙམ་བགྱིད། ། བདག་གི་བརྟགས་ན་ལྷུན་པོའི་ཟོམ་ན་བཞུགས་པ་མཐོང་།། བདག་ཉིད་ཀྱང་ནི་རྒྱལ་པོའི་ཁབ་ན་མཆིས་པ་དང་།། ལྷུན་པོའི་རྩེ་མོ་དེ་ཉིད་ན་ཡང་མཆིས་པ་མཐོང་། ། གྲོང་ཁྱེར་མཉན་ཡོད་ན་ཡང་འཇིག་རྟེན་མགོན་པོ་ནི།། སྲོག་ཆགས་བྱེ་བ་མང་པོ་དག་ལ་ཆོས་སྟོན་མཐོང་།། དེ་དག་ན་ཡང་བདག་དང་ཤཱ་རི་བུ་དང་ནི། ། ཉན་ཐོས་གཞན་རྣམས་གང་ལགས་དེ་དག་མཐོང་བར་གྱུར།། ཤཱཀྱ་བདག་གི་ནང་དུ་བསོད་སྙོམས་གཤེགས་པ་མཐོང་།། ཡངས་པ་ནས་ནི་སླར་གཤེགས་པ་ཡང་མཐོང་བར་འགྱུར། བཱ་ར་ན་སེར་ཡང་ནི་དེ་བཞིན་མཐོང་བར་གྱུར།། ཐམས་ཅད་དུ་ཡང་བདག་ཉིད་ཀྱི་ནི་ལུས་ཀྱང་མཐོང་།། བྱང་གི་སྒྲ་མི་སྙན་གྱི་གླིང་ན་དེ་བཞིན་དུ།། ཚོགས་དང་ལྷན་ཅིག་བསོད་སྙོམས་དག་ལ་རྒྱུ་བ་མཐོང་། ། མ་དྲོས་མཚོ་ཡི་ནང་དག་ན་ཡང་ཉན་ཐོས་བཅས།། བསོད་སྙོམས་ཞལ་ཟས་གསོལ་བ་བདག་གིས་མཐོང་བར་གྱུར།། དེ་བཞིན་དུ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དག་ན། ། སེམས་ཅན་བྱེ་བ་ཁྲག་ཁྲིག་མང་པོའི་དོན་མཛད་མཐོང་།། ཐམས་ཅད་དུ་ནི་མོའུ་འགལ་གྱི་བུ་ཡང་རྫུ་འཕྲུལ་གྱི།། སྟོབས་ཀྱིས་འགྲོ་བ་རྣམས་ནི་འདུལ་བར་བགྱིད་པ་མཐོང་། ། དེ་བཞིན་དུ་ཡང་ཤར་གྱི་ལུས་འཕགས་གླིང་དག་ན།། མི་རྣམས་ལ་ནི་ཆོས་སྣ་ཚོགས་སྟོན་པ་མཐོང་།། དེ་ན་ཡང་ནི་བདག་དང་ཤཱ་རིའི་བུ་དག་དང་།། གཞན་ཡང་ཉན་ཐོས་གང་ལགས་དེ་དག་བདག་གིས་མཐོང་། ། དེ་བཞིན་ས་བླའི་ལྷ་ཡི་གནས་རྣམས་དང་།། བར་སྣང་དག་ན་ཆོས་ནི་སྟོན་ཅིང་བཞུགས་པ་མཐོང་།། ཆོས་ཀྱི་མངའ་བདག་དམ་པ་ཁྱོད་ནི་འཇིག་རྟེན་སྐྱོང་། ། བཞི་པོ་དག་ལ་ཆོས་རྣམས་སྟོན་ཅིང་བཞུགས་པ་མཐོང་།། དེ་བཞིན་དུ་ཡང་འཐབ་བྲལ་ལྷ་རྣམས་ནང་དུ་མཐོང་།། དེ་ནས་ཤཱཀྱ་སེང་གེ་དགའ་ལྡན་དག་ཏུ་མཐོང་།། རབ་འཕྲུལ་དག་དང་གཞན་འཕྲུལ་དབང་བྱེད་དག་ན་ཡང་།། མགོན་པོ་ཉན་ཐོས་རྣམས་དང་བཅས་པ་བདག་གིས་མཐོང་།། ཚངས་པའི་འཇིག་རྟེན་དག་ན་ཚངས་པ་བྱེ་བ་ལ།། ཆོས་རྣམས་སྟོན་ཅིང་བཞུགས་པ་དག་གིས་མཐོང་བར་འགྱུར། ། ཐམས་ཅད་དུ་ཡང་བདག་གིས་ལུས་དང་དེ་བཞིན་དུ།། གཞན་ཡང་རྒྱལ་བའི་ཉན་ཐོས་རྣམས་ནི་བདག་གིས་མཐོང་།། གཙུག་ལག་ཁང་དང་འཆགས་ཤིང་གི་གནས་རྣམས་དང་། ། ཕུག་རྣམས་གང་ན་སྔན་ཆད་སངས་རྒྱས་བཞུགས་བཞུགས་པ།། ཐམས་ཅད་དུ་ཡང་ཤཱཀྱ་སེང་གེ་ཅི་འདྲ་བ།། དེ་བ་དྲའི་ཆོས་རྒྱལ་བདག་གིས་མཐོང་བར་འགྱུར། ། དཔའ་བོ་ཁྱོད་ཀྱི་ཆོས་ཉིད་འདི་ནི་བདག་གིས་སུ།། མཐོང་ནས་བདག་ནི་ངོ་མཚར་རྨད་དུ་འཛིན་པར་འགྱུར།། སངས་རྒྱས་འོད་མཛད་དེ་དག་རྣམས་ཀྱི་རྫུ་འཕྲུལ་མཆོག། འདི་འདྲ་དེ་དག་ངོ་མཚར་རབ་ཏུ་ཆེ་བ་ལགས།། རྣམ་འདྲེན་སུམ་ཅུ་རྩ་གསུམ་བཞུགས་པར་མ་བས་ཀྱིས།། འཛམ་བུ་གླིང་ན་ཐམས་ཅད་དུ་ཡང་སྣང་ཞིང་བཞུགས།། གྲོང་རྣམས་དང་ནི་ཡུལ་ཁོར་གྲོང་ཁྱེར་དག་ན་ཡང་།། ཁ་དོག་འཐུན་པ་ཡིས་ནི་ཆོས་རྣམས་སྟོན་ཅིང་བཞུགས།། འཇིག་རྟེན་མགོན་པོ་ཁྱོད་ནི་ཇི་ལྟར་མཐོང་བ་བཞིན།། དེ་སྙེད་ཀྱི་ནི་ཤཱ་རིའི་བུ་དང་གསུས་པོ་ཆེ། ། ཀ་པི་ན་དང་ནམ་གྲུ་ཀ་ཏྱ་ན་ཡི་བུ།། གླང་པོ་དང་ནི་རབ་འབྱོར་འོད་སྲུངས་མཐོང་བར་གྱུར།། ཟོས་པ་རྒྱ་མཚོ་ལྟ་བུ་དགེ་སློང་ཀུན་དགའ་བོ།། ཀུན་ཏུ་སངས་རྒྱས་རྣམས་ལ་བཞུ་བ་བདག་གིས་མཐོང་།། ཐམས་ཅད་དུ་ཡང་བདག་གིས་ལུས་ནི་མདོག་དང་རྟགས།། མཚུངས་ཤིང་ལྷག་པ་མ་མཆིས་བདག་གིས་མཐོང་བར་འགྱུར།། སངས་རྒྱས་བསམ་གྱིས་མི་ཁྱབ་རྣམས་ལ་ཕྱག་འཚལ་ཞེས།། བདག་གིས་ལྷུན་པོའི་ཟོམ་ལ་ཆེད་དུ་རྗོད་པ་བརྗོད།། བདག་གི་སྤུ་ཡང་ཟིང་ཞེས་བགྱིད་དེ་གུས་པས་གནས།། ཡན་ལག་ལྔ་པོ་རྣམས་ཀྱིས་ནི་ཕྱག་བགྱིས་ལགས། ། སྒྲ་སྐད་ཆེན་པོ་དག་ཀྱང་ཡོངས་སུ་གྲགས་པར་འགྱུར།། སྟོང་གསུམ་ས་ཞིག་བདག་ཀྱང་རབ་ཏུ་གཡོས་པར་འགྱུར།། ལྷུན་པོའི་རྩེ་མོ་འདི་ཡང་ཀུན་ཏུ་སྣང་བར་འགྱུར། ། རྒྱལ་བ་དེ་དག་གི་ནི་མཐུ་ནི་མཐོང་གྱུར་ནས།། དེ་ལྟར་བདག་ནི་ཤིན་ཏུ་རིངས་པའི་ཚུལ་གྱིས་སུ།། མི་མཆོག་ག་ལ་བཞུགས་པ་དེར་ནི་བདག་མཆིས་ཏེ།། ཆོས་ཀྱིས་རྣམ་པར་དབྱེ་ལ་མཁས་པ་ཁྱོད་ལ་ཞུ། ། རྒྱལ་བ་དེ་བཞིན་གཤེགས་རྣམས་ཇི་ལྟར་རྣམ་པར་འཕྲུལ།། འཛམ་བུ་གླིང་དང་ལྷ་ཡི་འཇིག་རྟེན་དག་དང་ནི།། ལྷོ་ཕྱོགས་དང་ནི་ཤར་ཕྱོགས་བྱང་གི་ཕྱོགས་རྣམས་དང་། ། ཚངས་པའི་འཇིག་རྟེན་དང་ནི་བར་སྣང་གནས་བཞུགས་པ།། རྒྱལ་བ་རྣམས་ཀྱིས་དེ་ཉིད་གང་ལགས་གསུངས།། སྟོན་པ་ཆེན་པོ་རྫུ་འཕྲུལ་ཆེ་བ་འདི་མཐོང་བས་དེང་ནི་བདག་གིས་རྙེད་པ་ལེགས་པར་རྙེད་པར་འགྱུར། ། དེ་ཡི་འོག་ཏུ་སངས་རྒྱས་ཐེག་པ་འདི་དག་ལས།། བདག་ཉིད་དམན་པར་གྱུར་པ་དེང་དུ་མྱ་ངན་བགྱིད།། གལ་ཏེ་བདག་སེམས་རྣམ་པར་གྲོལ་བར་མ་གྱུར་ན། ། བྱང་ཆུབ་ཏུ་ནི་ད་ལྟར་སེམས་ཀྱང་སྐྱེད་པ་ཞིག། བཅོམ་ལྡན་པདག་གི་ཟག་པ་ཟད་པས་བགྱིར་མ་མཆིས།། བདག་ནི་སངས་རྒྱས་ཡེ་ཤེས་འདི་ཡི་སྣོད་མ་ལགས།། ཇི་ལྟར་རྒྱ་མཚོར་རིན་ཆེན་དོན་དུ་སོང་སོང་ན།། ཀྱི་ཧུད་ནོར་བུ་རིན་ཆེན་པོར་ཏེ་མཆིང་བུ་བླངས།། བྱང་ཆུབ་བོར་ནས་ཉན་ཐོས་གྱུར་པར་གང་ལགས་པའི།། སེམས་ཅན་རྣམས་ཀྱང་ད་ནི་དེ་འདྲར་མཁྱེན་པར་མཛོད། ། སེམས་ཅན་དམན་པ་ངན་པའི་ལྟ་བ་ཅན་དག་ནི།། རྒྱ་ཆེར་བྱང་ཆུབ་ཏུ་ནི་སེམས་ཀྱང་བསྐྱེད་མི་འགྱུར།། བརྩོན་འགྲུས་ལྡན་ཞིང་མཐུ་རྩལ་བརྟན་ལགས་པ།། དེ་དག་སངས་རྒྱས་ཡེ་ཤེས་ལ་ནི་མདུན་པ་སྐྱེད། ། མགོན་པོ་བདག་ནི་ཐལ་མོ་སྦྱར་ནས་སངས་རྒྱས་ཀྱི།། ཡེ་ཤེས་མཆོག་ཞུགས་གང་ལགས་པ་ལ་ཕྱག་ཀྱང་འཚལ།། ཤཱཀྱ་སེང་གེ་བཞིན་དུ་དེ་ངག་རྣམ་པར་འཕྲུལ། ། བདག་ནི་འདི་ལ་ཡིད་གཉིས་མི་ལ་དོགས་མ་མཆིས།། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ།། མོའུ་འགལ་གྱི་བུ་ཆེན་པོ་ཁྱོད་ཀྱིས་ཡུལ་ཇི་ལྟ་བ་དེ་བཞིན་དུ། ། ཁྱོད་ཀྱིས་མཐོང་ཞིང་ལྟ་བར་ཟད་ཀྱིས།། མོའུ་འགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་གང་ཡིན་པ་དེ་ནི། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པས་ཀྱང་ཀུན་ཤེས་པ་འམ།། རྣམ་པར་མི་ནུས་ན། ཉན་ཐོས་ཕྱོགས་གཅིག་པ་ལ་སྤྱོད་ཅིང་། ཕྱོགས་གཅིག་གི་ཤེས་པ་དང་ལྡན་པ་ཁྱོད་ཀྱི་ལྟ་ག་ལ་ཤེས།། མོའུ་འགལ་གྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྟོན་གྱིས། དེའི་བར་དུ་འཁོར་མ་འོངས་པ་རྣམས་ནི་སྡུས་ཤིག། འཁོར་འདུས་པ་རྣམས་ནི་འཁོད་དུ་ཆུག་ཅིག་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས།། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ལུས་འབར་ཞིང་འོད་ཟེར་དག་འགྱེད་བཞིན་དུ། དེའི་ཚེ་འཚངས་པའི་འཇིག་རྟེན་དུ་འདུག་ནས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུ་སྐད་ཀྱི་བསྒོ་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། བསྐལ་པ་བྱེ་བ་ཁྲག་ཁྲིག་རྣམས་སུ་ཡང་།། དེ་བཞིན་གཤེགས་པ་འབྱུང་བ་ཤིན་ཏུ་དཀོན། ། ཨུ་དུམ་བཱ་རའི་མེ་ཏོག་ཇི་ལྟ་བ།། འདྲེན་པ་རྣམས་མཐོང་བ་ཡང་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྫུ་འཕྲུལ་ཆེ།། བསོད་ནམས་བསྟོབས་དང་ལྡན་ཞིང་བུ་སྟོང་དང་། ། རིན་ཆེན་བདུན་ལྡན་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་སངས་རྒྱས་ཆོས་ཉོན་ཅིག། བརྒྱ་བྱིན་མཚངས་པར་འགྱུར་བར་སུ་འདོད་དང་།། འདིར་ནི་ལྷ་མིའི་བདེ་བ་བཞན་བདག་གིས། ། དགའ་ཞིང་རྩེ་ལ་རྟག་ཏུ་བདེ་ལྡན་འདོད།། དེ་ནི་ཆོས་ཀྱི་རྒྱལ་པོ་ལྟར་སོང་ཤིག། ཉོན་མོངས་ཀུན་པ་སྐམས་ཞི་བ་མྱ་ངན་འདས།། བདུད་རྩི་རེག་དང་རྫུ་འཕྲུལ་སྟོབས་གནས་ནས། ། རྣམ་པར་འཕྲུལ་པར་འདོད་པ་གང་ཡིན་པ།། དེ་ནི་སོང་ལ་རྒྱལ་བའི་ཆོས་ཉོན་ཅིག། རང་སངས་རྒྱས་བསམ་ཉན་ཐོས་འགྱུར་བ་འམ།། ཡང་ན་སྟོབས་བཅས་དཔུང་བཅས་བདུད་བཏུལ་ནས། ། སངས་རྒྱས་རྐང་གཉིས་མཆོག་འགྱུར་འདོད་པ་གང་།། དེ་ནི་ཆོས་ཀྱི་མངའ་བདག་བལྟར་སོང་ཤིག། དེ་ནས་གནས་བརྟན་མོ་བུ་འགལ་གྱི་བུས་བསྐུལ་བའི་ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་། ། འདོད་པ་ན་སྤྱོད་པ་དང་།། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་མྱུར་དུ་མྱུར་བར་ཤིན་ཏུ་རིངས་པར་མེ་ཏོག་དང་།། མེ་ཏོག་འཕྲེང་དང་སྤོས་དང་། ཕྱེ་མ་ཁྱེར་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས།། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ནས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུས་རྫུ་འཕྲུལ་དེ་བཏང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བཀའ་སྩལ་པ། མོའུ་འགལ་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ངས་བཤད་དོ། ། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡིན་ནོ།། མོ་འུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། གླིང་ཆེན་པོ་བཞི་པ་འདི་འབའ་ཤིག་ཏུ་ང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་གླིང་གཞན་དུ་མ་ཡིན་ནོ་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པ་བཞིན་དུ་ང་ཆོས་སྟོན་ཏོ།། ཁ་གཅིག་ཏུ་ནི་མངོན་པར་རྫོགས་པར་སངས་རྒྱས། ཁ་ཅིག་ཏུ་ནི་ད་དུང་མའི་མངལན་གནས། ཁ་ཅིག་ཏུ་ནི་དགའ་ལྡན་གྱི་གནས་ན་འདུག། ཁ་ཅིག་ཏུ་ནི་ཡོངས་སུ་མྱ་ངན་ལས་འདས་པར་ངས་ཡང་དག་པར་ཤེས་སོ།། བམ་པོ་གསུམ་པ་སྟེ་ཐ་མའོ།། མོའུ་འགལ་གྱི་བུ་ཆེན་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འདི་ཉིད་ཀྱི་ཤར་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་ཤེས་བྱ་བ་ད་ལྟར་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་སེམས་ཅན་དེ་དག་ནི་འདོད་ཆགས་ཆུང་བ་དང་། ཞེ་སྡང་ཆུང་བ་དང་། གཏི་མུག་ཆུང་བ་དང་། བྱད་བཟང་བ་དང་། ལེགས་པར་བཤད་ཀྱིས་བྱང་བར་བྱེད་པ་ཡིན། ནོ། དེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ནི་ཉུང་བ་སྟེ། ཕལ་ཆེར་ཉན་ཐོས་ཀྱི་ཐེག་པ་པ་ཡིན་ནོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡུལ་བྲལ་བློ་གྲོས་དེས། ཆོས་བསྟན་པ་རེ་རེ་ལ་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་གདུལ་བར་བྱེད་དེ། ད་ལྟར་འདི་རྒྱུན་དུ་ཞུགས་པ་ཞེས་བྱ་བ་དང་། ལན་ཅིག་ཕྱིར་བོང་བ་ཞེས་བྱ་བ་དང་། ཕྱིར་མི་འོང་བ་ཞེས་བྱ་བ་བསྟན་པ་དེ་ལྟ་བུའི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་རྣམ་པར་གཞག་པ་ནི་དེ་ན་མེད་ཀྱི། དེ་དག་ཐམས་ཅད་ནི་སྟན་གཅིག་ལ། འདུག་པ་ཤ་སྟག་སྟེ། ཁ་ཅིག་ནི་མངོན་པར་ཤེས་པ་མངོན་སུམ་དུ་བྱེད་ཅིང་། རྣམ་པར་ཐར་པ་བརྒྱད་རྗེས་སུ་ཐོབ་པ་དང་། ཡེ་ཤེས་ཆེན་པོ་ཐོབ་ནས། ཏྲ་ལ་བདུན་སྲིད་ཙམ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ནས། རང་གི་མེའི་ཁམས་ཀྱིས་རང་གི་ལུས་མེས་སྲེག་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་ཐལ་བའི་བག་ཙམ་མེད་དོ། ། མོའུ་འགལ་གྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་རྒྱུན་མི་འཆད་པར་ཆོས་སྟོན་ཅིང་། སེམས་ཅན་རྣམས་རྣམ་པར་གྲོལ་བྱེད་ལ། རྒྱུན་མི་འཆད་པར་ཉན་ཐོས་ནས་ཡོངས་སུ་མྱ་ངན་ལས་ཟློ་བར་བྱེད་དོ། ། དེ་ན་སྦྱིན་པ་ཡང་མེད། ལེན་པ་ཡང་མེད་དོ།། བཟའ་བ་དང་། བཏུང་བ་དང་། གོས་རྣམས་ཀྱང་བསམས་པ་ཙམ་གྱི་འབྱུང་བར་འགྱུར་ཏེ། དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འདྲའོ།། དེ་ན་སེམས་ཅན་རྣམས་མངལ་ན། གནས་པ་མེད་དེ་རྫུས་ཏེ་སྐྱེའོ།། ས་གཞི་ཆེན་པོ་དེ་ཡང་གསེར་ལས་གྲུབ་པ་ཡིན་ནོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་དེའི་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ཐུབ་སྟེ། བར་མ་དོར་འཆི་བ་མེད་དོ།། མོ་འུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས་འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྡུལ་བྲལ་བློ་གྲོས་ཤེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན། མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ལྷོ་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད་སྟོང་པ་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་ཞེས་བྱ་བ། རིན་པོ་ཆེ་སྣ་བཞི་འདི་ལྟ་སྟེ། གསེར་དང་། དངུལ་དང་། ཤེལ་དང་། རྡོའི་སྙིང་པོ་ལས་གྲུབ་པ་ཞིག་ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཕུང་པོ་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཤས་ཆེར་རང་སངས་རྒྱས་ཀྱི་ཐེག་པ་རྣམས་ལས་བཙམ་ནས་ཆོས་སྟོན་ཏེ་དེ་ནི་ཉན་ཐོས་ཐེག་པ་པ་དག་ཀྱང་ཉུང་ངོ་། ། བྱང་ཆུབ་སེམས་དཔའི་ཐེག་པ་པ་བདག་ཀྱང་ཉུང་ངོ་། ། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་གང་དག་ཡིན་པ་དེ་དག་འཇིག་རྟེན་གྱི་ཁམས་དེ་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་གཞན་སངས་རྒྱས་ཀྱི་ཞིང་།། སྟོང་པ་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་དག་རྐྱེན་གཉིས་ཀྱི་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ།། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན། གཤེགས་པ་རིན་ཆེན་ཕུང་པོ་ཞེས་བྱ་བ་དེ་གཞན་ཞིག་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན། མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། ། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ནུབ་ཕྱོགས་སུ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཉི་ཁྲི་ཉིས་སྟོང་འདས་པ་ན། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རིན་ཆེན་སྣ་ཚོགས་ཅན་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་ཏེ་གསེར་དང་། དངུལ་དང་། བཻ་ཌཱུཪྻ་དང་། ཤེལ་དང་། རྡོའི་སྙིང་པོ་དང་མུ་ཏིག་དམར་པོ་དང་། སྤུག་ལས་གྲུབ་པ་ཞིག་ཡོད་དེ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེ་ན་རིན་པོ་ཆེ་ལས་བྱས་པའི་འཆག་ས་དང་། རིན་པོ་ཆེ་ལས་བྱས་པའི་ཁང་པ་རྩེགས་པ་དག་དང་། རིན་པོ་ཆེའི་སྟེགས་བུས་བརྒྱན་པའི་རྫིང་དག་ཀྱང་ཡོད་དོ།། བཟའ་བ་དང་། བཏུང་བ་དང་། གོས་ཀྱང་བསམས་པ་ཙམ་གྱིས་འབྱུང་བར་འགྱུར་ཏེ། དཔེར་ན་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་འཁོད་པའི་མི་དེ་དག་གི་ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་ཀྱང་དེ་དང་འདྲའོ། ། དེ་ན་བུད་མེད་ཀྱི་མིང་ཡང་མི་གྲག་གོ་དེ་ན་བུད་མེད་སྐྱེ་བ་ཡང་མེད་དོ།། དེ་ན་སེམས་ཅན་དེ་དག་འཁྲིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡང་མེད་དོ།། སེམས་ཅན་དེ་དག་འདོད་པའི་རྟོག་པ་ཡང་མི་བྱེད། གནོད་སེམས་ཀྱི་རྟོག་པ་ཡང་མི་བྱེད། རྣམ་པར་འཚེ་བའི་རྟོག་པ་ཡང་མི་བྱེད་དོ།། དེ་ན་ཡང་མ་ངལ་ན་གནས་པ་མེད་དོ།། སེམས་ཅན་དེ་དག་རྫུས་ཏེ་སྐྱེ་ཞིང་སྐྱིལ་མོ་ཀྲུང་བཅས་བཞིན་དུ་འབྱུང་ངོ་། ། མོའུ་འགལ་གྱི་བུ་རིན་ཆེན་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཀྱི་རྡོ་རྗེའི་ཚིག་འཁོར་གསུམ་ཡོངས་སུ་ཆད་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་མ་རྟོགས་པར་གཏམ་གཞན་མི་གསུང་ངོ་། ། དེ་ན་སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དོ། ། སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ།། སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། ། དེ་ན་ཐེག་པ་གཉིས་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་གཞག་པའང་མེད་དེ། བྱང་ཆུབ་སེམས་དཔའ་གཉིས་པའི་དྲིང་བ་མེད་ཅིང་། འཁྲིག་པ་དང་བྲལ་བ་འབའ་ཤིག་གིས། གླང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡོངས་སུ་གང་ངོ་།། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་ལོ་བརྒྱ་ཁྲི་བཞི་སྟོང་ཐུབ་བོ།། མ་དེ་དག་ནི་བར་མ་དོར་འཆི་འཕོ་བ་ཡོད་དེ་སེམས་ཅན་སུ་ཡང་དེ་ནས་ཤི་འཕོས་ནས་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ།། མ་ཁོམ་པ་རྣམས་སུ་སྐྱེ་བ་མེད་དོ།། བྱང་ཆུབ་སེམས་དཔའ་དེ་དག་ཕལ་ཆེར་དེ་ནས་ཤི་འཕོས་ནས།། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་འགྱུར་རོ།། གླིང་དེ་དག་དང་། ལྷ་དང་།། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་འཁོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བློ་གྲོས་སུ་བློ་གྲོས་གཅིག་གོ། ལྷ་དང་། ཀླ་དང་། གནོད་སྤྲིན་དང་། དྲི་ཟ་དེ་དག་སངས་རྒྱས་ཀྱི་ཆོས་ལ་དགའ་བ་མ་ཏོགས་པར་གཞན་ལ་དགའ་བ་མི་སྐེད་དོ། ལྟུ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དེ་དག་ཀྱང་ལྷ་ཞེ་ཟླ་བ་འམ། ཀླུ་ཞེས་བྱ་བ་འཚོ། དྲི་ཟ་ཞེས་བྱ་བའམ། མི་ཞེས་བྱ་བར་མིང་དུ་བཏགས་པ་ཙམ་ཡོད་པ་མ་གཏོགས་པར་བླ་དད་དུ་དབྱེར་མེད་དོ། ། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་འཇིག་རྟེན་གྱི་ཁམས་དེ་ན་ཆོས་སྟོན་པ་གང་ཡིན་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱས་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོས་འཕྲུལ་ཡིན་ཏེ། དེ་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཤེས་པར་སླབ་མ་ཡིན་ནོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱིས་ཁམས་འདི་ཉིད་ནས། བྱང་ཕྱོགས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སུམ་ཁྲི་དྲུག་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་འཇིགས་མེད་ཅེས་བྱ་བ་རིན་པོ་ཆེ་སྣ་གཉིས་ཏེ། གསེར་དང་། དངུལ་ལས་གྲུབ་པ་ཞིག་ཡོད་དེ། དེ་ན་སེམས་ཅན་དམྱལ་བའི་འཇིགས་པ་ཡང་མེད། དུད་འགྲོའི་སྐྱེ་གནས་ཀྱི་འཇིགས་པ་ཡང་མེད། གཤིན་རྗེའི་འཇིག་རྟེན་གྱི་འཇིགས་པ་ཡང་མེད། མི་ཁོམ་པའི་འཇིགས་པ་ཡང་མེད། ངན་འགྲོའི་འཇིགས་པ་ཡང་མེད་དོ།། དེ་ན་སེམས་ཅན་སུ་ཡང་ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པ་འམ། ཆོ་ག་ཉམས་པ་མེད་དོ།། དེ་ན་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ཀྱི་མིང་དུ་གདགས་པ་ཡང་མེད་དོ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་འཇིགས་མེད་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་མོད་སྦྱིན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་འདི་ལྟ་སྟེ། ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཐེག་པ་གསུམ། ལས་བརྩམས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་གང་གི་ཚེ། བྱང་ཆུབ་མངོན་པར་རྫོགས་པར་མ་ཚང་རྒྱ་བར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བར་འདོད་པ་ན། བྱང་ཆུབ་ཀྱི་ཤིང་དྲུང་ན་འདུག་པ་དེ་ལ་བདུད་བློ་གྲོས་བཟང་པོ་ཞེས་བྱ་བ་ལ་སོགས་པ་འདུད་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་འོང་བར་འགྱུར་རོ།། དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔར་གྱུར་པ་ད་དུང་ཐམས་ཅད་མཁྱེན་པ་མ་ཐོབ་པ་དེས་བདུད་ཇི་སྙེད་ཡོད་བདེ་སྙེད་ཀྱི་བྱང་ཆུབ་ཀྱི་ཤིང་སྤྲུལ་པར་བྱེད་དོ། ། བྱང་ཆུབ་ཀྱི་ཤིང་ཇི་སྙེད་ཀྱི་བྱང་ཆུབ་སེམས་དཔའ་རང་རང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་འདུགས་པ་དག་སྤྲུལ་ཏེ། དེར་བདུད་དེ་དག་ངོ་མཚར་དུ་གྱུར་ནས། ཡང་དག་པའི་བྱང་ཆུབ་སེམས་དཔའ་དེ་གང་ཡིན། བདག་ཅག་གིས་གང་གི་བར་ཆད་བྱ་སྙམ་མོ། ། དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བདུད་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་ཡིན་ན། འདི་ལ་ཇི་ལྟར་ཁྱེད་ཀྱིས་བར་ཆད་བྱ། ། གཞན་ཡང་ཁྱེད་ཀུན་གྱིས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འམ། གང་ཡང་དག་པར་འཛུད་པ་དེའི་བསོད་ནམས་ཇི་སྙེད་འཕེལ་བར་འགྱུར་བར་ཤེས་སམ། ཁྱེད་ཀྱིས་ནི་དེ་ཡང་མི་རྟོགས་སོ།། གལ་ཏེ་ཁྱེད་ཀྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཞུགས་པའི་བར་ཆད་བྱེད་པའི་བསོད་ནམས་མ་ཡིན་པ་ཇི་སྙེད་འཕེལ་བར་འགྱུར་བར་ཤེས་ན་ནི། ཁྱེད་པར་ཆད་བྱེད་པའི་ཕྱིར། བརྟུལ་བར་མ་བྱེད་ཅིག། དེ་ནས་བདུད་རྣམས་ཀྱིས་སྨྲས་པ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པ་འམ། གང་གཞན་ལ་ཁོང་དུ་ཆུད་པར་བགྱིས་ཏེ། ཡང་དག་པར་འཛིན་དུ་འཇུག་པ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་བགྱིད། སྨྲས་པ། གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི། བྱེ་མ་སྙེད་རིན་པོ་ཆེས་ཡོངས་སུ་བཀང་སྟེ། སྦྱིན་པ་བྱིན་པ་བས། གང་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། ། གྲོགས་པོ་དག་གང་གིས་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྐལ་པ་འབུམ་གྱི་བར་དུ་བཀུར་སྟི་བྱས་པ་བས། གང་གིས་གཞན་ལ་ཁོང་དུ་ཆུད་པར་བྱས་ཏེ། ཡང་དག་པར་འཛིན་དུ་བཅུག་ན། དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ།། དེ་དག་གི་སྨྲས་པ། གང་གིས་བླ་ན་མེད།། པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བྱང་ཆུབ་སེམས་དཔའི་བར་ཆད་བགྱིད་ན། དེ་བསོད་ནམས་མ་ལགས་པ་ཇི་སྙེད་ཅིག་བསྐྱེད་པ་འགྱུར། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྨྲས་པ། སེམས་ཅན་དེ་དག་གི་མིག་ཕྱུང་ན། དེ་བསོད་ནམས་མ་ཡིན་པ་ཇི་ཙམ་ཞིག་བསྐྱེད་པར་འགྱུར། དེ་དག་གིས་སྨྲས་པ། མང་ངོ་།། སྨྲས་པ། བླ་ན་མེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལས། བྱང་ཆུབ་སེམས་དཔའི་བར་ཆད་བྱས་པ་ནི། དེ་བས་ཆེས་བསོད་ནམས་མ་ཡིན་པ་མང་དུ་བསྐྱེད་པར་འགྱུར་རོ།། དེ་ནས་བདུད་མང་བ་དེ་དག་གདམས་ངག་འདི་དག་བསྟན་པ་དང་། ཆོ་འཕྲུལ་འདི་ལྟ་བུ་མཐོང་ནས། ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་སེམས་བསྐྱེད་དོ།། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་ཡང་ལྷའི་མེ་ཏོག་དང་། མེ་ཏོག་འཕྲེང་དང་། བྱུགས་པ་རྣམས་ཀྱིས་མངོན་པར་གཏོར་ཏོ།། སིལ་སྙན་བརྒྱ་སྟོང་དག་ཀྱང་ཀུན་ཏུ་བཀྲོལ་ཏེ། ཚིག་འདི་སྐད་དུ་དེད་དཔོན་ཆེན་པོ་ཁྱོད་མྱུར་བར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། དེའི་འོག་ཏུ་བདག་ཅག་ཀྱང་བྱང་ཆུབ་ལ་དགོད་དུ་གསོལ་ཞེས་ཀྱང་འཛེར་ཏོ།། དེར་ལྷ་གཞན་བདག་གི་ཀྱང་སྒྲ་ཕྱུང་སྟེ། ཀྱེ་མ་བདུད་འདི་དག་གིས་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར། འདི་རྣམས་ནི་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རབ་ཏུ་དགྲོའོ།། ཀྱེ་མ་དེ་བཞིན་གཤེགས་པ་འདི་ནི་འཇིགས་པ་མེད་པར་སྦྱིན་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་འདིའི་མཚན་ནི་འཇིགས་མེད་སྦྱིན་འཇིགས་མེད་སྦྱིན་ཞེས་བྱའོ།། ཞེས་འཛེར་ཏོ་མོའུ་འགལ་གྱི་བུ་འདི་ཇི་སྙམས་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་འདི་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། ། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ཤར་དང་། ལྕེའི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་བཞི་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ནས་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བ་ཆོས་སྟོན་ཏོ། ། མོའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ཡང་བཀྲ་ཞིང་བལྟ་ན་སྡུག་ལ། མིག་མངས་རིས་སུ་འདུག་ཅིང་རིན་པོ་ཆེའི་དྲ་བས་ཁེབས་ལ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བའི་རྩཝ་སྔོན་པོ་ཁྲུན་དུ་སོར་བཞི་ཙམ་གྱི་ཀུན་ཏུ་ཁྱབ་པར་འདུག་གོ། ། ས་ཆེན་པོ་དེ་ཡང་རྐང་པ་བཏེག་ན་ནི་འཕར་ཅེས་བྱེ་ལ། རྐང་པ་གཞག་ན་ནི་ནེམས་ཞེས་བྱེད་དོ། ། ས་ཆེན་པོ་དེ་ལག་མཐིལ་ལྟར་མཉམ་པར་འདུག་གོ། མོའུ་འགལ་གྱི་བུ་ཀུན་ནས་སྣ་ཚོགས་ཅན་གྱི་འཇིག་རྟེན་གྱི་ཁམས་དེ་ན། གྲོང་ཁྱེར་ཆེན་པོ་བཟངས་མཆོག་ཅེས་བྱ་བ་འབྱོར་ཅིང་རྒྱས་ལ། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་ཞིག་ཡོད་དོ།། གྲོང་ཁྱེར་དེའི་ཤར་ཕྱོགས་ནས་ན་ནུབ་ཕྱོགས་ཀྱི་ཆུར་ནི་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དོ། ། ལྷོ་ཕྱོགས་ནས་བྱང་ཕྱོགས་ཞེང་དུ་ནི་དཔག་ཚད་བཅུ་གཉིས་ཡོད་དོ།། མོའུ་འགལ་གྱི་བུ་གྲོང་ཁྱེར་ཆེན་པོ་བཟངས་མཆོག་དེའི་ནང་ན་སེམས་ཅན་ཆེས་མང་པོ་དག་གི། ཡུལ་ཨང་ག་དང་། མ་ག་དྷ་དང་། ཀུ་རུ་འདི་དག་ན་ནི་དེ་མ་ཡིན་ནོ།། མོའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་མེ་ཏོག་སྣ་ཚོགས་ཅན་ནི་གྲོང་ཁྱེར་ཆེན་པོ་བཟང་མཆོག་ན་གནས་ཤིང་བཞུགས་ཏེ། དེའི་ཆོས་བསྟན་པ་གཅིག་གིས་སེམས་ཅན་ཁྲག་ཁྲིག་ཕྲག་སུམ་ཅུ་ནི་དགྲ་བཅོམ་པ་ཉིད་དུ་བཏུལ་ཏོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་བཏུལ་ཏོ། ། ཁྲག་ཁྲིག་ཕྲག་ཅུ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཏུལ་ཏོ།། ཁྲག་ཁྲིག་ཕྲག་སུམ་ཅུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཏུལ་ཏེ།། ཁྲག་ཁྲིག་ཕྲག་སུམ་བཅུ་ནི་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། ། དེའི་ཉིས་གྱུར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱས་སོ། ། མོའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན། སྦྲང་རྩི་འབྱུང་ཞེས་བྱ་བའི་ཤིང་འཛིན་པ་རྟག་ཏུ་མེ་ཏོག་དང་ལྡན་པ་དང་། རྟག་ཏུ་འབྲས་བུ་དང་ལྡན་པ་དག་ཡོད་དེ། མེ་ཏོག་དང་། འབྲས་བུ་དེ་དག་གི་རོ་ནི་དཔེར་ན། རོ་བརྒྱ་དང་སྦྱར་བའི་འབྲས་ཆེན་དང་འདྲ་སྟེ། དེ་ལས་སྐྱེས་པའམ། བུད་མེད་དག་གིས་མེ་ཏོག་གཅིག་གམ་འབྲས་བུ་གཅིག་ཟོས་ན། དེ་ཉིད་མཚན་བདུན་གྱི་བར་དུ་དེས་འཚོ་བར་འགྱུར་ཏེ། སྤྲོ་བ་དང་། མདོག་ཀྱང་ཉམས་པར་མི་འགྱུར་ལ། ལུས་གཟི་བྱིན་དང་། ཁ་དོག་དང་ལྡན་པར་ཡང་ཉམས་སུ་ཚོར་བ་འགྱུར་བ་དང་། ཟོ་བ་དོག་ཡང་པར་འགྱུར་རོ།། ཟོས་ནས་ཀྱང་ཕྱི་ས་དང་། གཅི་བ་མེད་ལ། ངར་སྣབས་དང་། སྣབས་ཀྱང་མེད་དོ།། འཇིག་རྟེན་གྱི་ཁམས་དེ་ན་ཞིང་རྨོད་པ་ཡང་མེད་ཚོང་བྱེད་པ་ཡང་མེད། རྩིས་བྱེད་པ་ཡང་མེད། ལས་སུ་བྱ་བ་ཡང་མེད་དེ། སེམས་ཅན་དེ་དག་ནི་མེ་ཏོག་དང་འབྲས་བུ་ཟའོ།། དེ་ན་ཕྱུག་པོ་ཡང་མེད། དབུལ་པོ་ཡང་མེད། སེམས་ཅན་དེ་དག་ལོངས་སྤྱོད་མཉམ་མོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ནི་འབུམ་ཕྲག་དགུ་བཅུ་རྩ་དགུ་ཡོད་དོ། ། དེ་བཞིན་གཤེགས་པ་དེ་ཡང་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བའི་བསྐྱེད་མོས་ཚལ་དེ་ན་བཞུགས་ཏེ། བཅོམ་ལྡན་འདས་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པར་བཞུགས་ནས་གདུག་ཚོད་ལ་འབབ་པ་ན། ཤིང་ལྗོན་པ་རྣམས་དེར་འདུད་པར་འགྱུར་ཏེ། མེ་ཏོག་དང་། འབྲས་བུ་དེ་དག་བཅོམ་ལྡན་འདས་དགེ་སློང་རྣམས་ཀྱི་ལྷུང་བཟེད་ནང་དུ་འབྲུལ་བར་འགྱུར་ལ། བཤོས་གསོལ་ཟིན་པར་རིག་ནས། ཤིན་ལྗོན་པ་དེ་དག་ཕྱིར་རངས་ཏེ། སྔ་མཁོ་བཞིན་དུ་འདུག་གོ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དེའི་ཡོན་ཏན་ནི་དེ་དག་ཡིན་ཏེ། དེ་བས་ཀྱང་ལྷག་པར་ཡོད་དོ།། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ལ་ཆོས་སྟོན་པ་དེ་བཞིན་ཞིག་ཡིན་པར་ཁྱོད་སོམ་ཉིའམ། ཡིད་གཉིས་སམ། ཐེ་རྩོམ་ཟ་ན། ཁྱོད་ཀྱིས་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན། མེ་ཏོག་སྣ་ཚོགས་ཅན་ཞེས་བྱ་བའི་མིང་གིས་ཆོས་སྟོན་ཏོ། ། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། ། མོའུ་འགལ་གྱི་བུ་སྟོང་སུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ལྷོ་དང་ནུབ་ཀྱི་ཕྱོགས་མཚམ་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བདུན་ཁྲི་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་ཤེས་བྱ་བ་ཞིག་ཡོད་དེ། དེ་ན་གླིང་གཅིག་ན་ཡང་རྒྱལ་པོ་བརྒྱད་ཁྲི་ཡོད་དོ།། གླིང་གཅིག་ན་ཡང་གྲོང་ཁྱེར་བརྒྱད་ཁྲི་དང་། ཚོང་དུས་བརྒྱད་ཁྲིས་ཡོད་དོ། ། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དེ་དག་ཐམས་ཅད་ནི་ཡང་མི་བྱེ་བ་ཕྲག་འབུམ་དག་གིས་ཡོངས་སུ་གང་ངོ་།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་རང་རང་གི་རྒྱལ་སྲིད་ཀྱིས་ཆོག་པར་འཛིན་ཏོ། ། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆོས་དང་ལྡན་པའི་རྒྱལ་པོ་སྟེ། ཆོས་མ་ཡིན་པ་སྤངས་པ་ཤ་སྟག་གོ།། རྒྱལ་པོ་དེ་དག་ཐམས་ཅད་ལ་ཡང་བཙུན་མོ་བུད་མེད་། བརྒྱད་ཁྲི་བཞི་སྟོང་། བརྒྱད་ཁྲི་བཞི་སྟོང་ཡོད་དེ། བུད་མེད་དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ། རྒྱལ་པོ་རེ་རེ་ལ་བུ་ལྔ་བརྒྱ་ལྔ་བརྒྱ་ཡོད་དོ།། རྒྱལ་པོ་རེ་རེ་ལ་ཡང་བུ་མོ་ཁྲི་ཉིས་སྟོང་ཉིས་སྟོང་ཡོད་དེ། ། ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ།། རྒྱལ་པོ་དེ་དག་ཐམས་ཅད་ཀྱང་ཆད་པ་མེད་པ་དང་། མཚོན་ཆ་མེད་པ་རང་རང་གི་འོག་ཏུ་གཏོགས་པ་འདུལ་བར་བྱེད་དོ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་རྣམ་པར་ཕྱེ་བའི་བློ་གྲོས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བ་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེར་ཏ་ལ་འདུན་སྲིད་ཙམ་གྱི་ནམ་མཁའ་ལ་མངོན་པར་འཕགས་ནས། སྐྱིལ་མོ་ཀྲུང་བཅས་ཏེ། སྐྱིལ་ཀྲུང་གཅིག་གིས་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཁྱད་པར་བྱས་ནས། འོད་གཟེར་དག་རབ་ཏུ་འགྱེད་པ་དང་། མེ་ཏོག་གི་ཆར་འབེབས་པ་དང་། སིལ་སྙན་བརྒྱད་སྟོང་པོ་དག་དཀྲོལ་བཞིང་། ས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་བསྐྱོད་ནས། ཚངས་པའི་སྒྲ་སྐད་ལྟ་བུ་དགེ་བའི་རྩ་བ་འབུམ་ཕྲག་དུ་མས་ཡང་དག་པར་སྒྲུབས་པའི་གསུང་གི་ཆེས་ཀྱི་འཁོར་ལོ་བསྐོར་ཏེ། འདི་ལྟ་སྟེ། ཉོན་མོངས་པའི་ཐམས་ཅད་ཟད་པར་བྱ་བའི་ཕྱིར། རྡུལ་མེད་པར་མྱ་ངན་ལས་འདས་པ་ཡང་དག་པར་སྟེན་ཏོ།། བྱང་ཆུབ་སེམས་དཔའ་རྣབས་བསྡུ་བའི་ཕྱིར། ཆོས་སྟོན་ཏོ།། དེས་དེ་ལྟ་དེ་ལྟར་ཆོས་བསྟན་པས་གླིང་བཞི་པའི་རྒྱལ་པོ་བརྒྱད་ཁྲི་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པ་དེ་དག་མ་གཏོགས་པའི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ།། རྒྱལ་པོ་དེ་དག་བུ་དང་བཅས། ཆུང་མ་དང་བཅས། བུ་མོ་དང་བཅས་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱི་ཚིག་འཐུན་པར་དེ་བཞིན་གཤེགས་པ་ལ་རབ་ཏུ་འབྱུང་བར་གསོལ་བ་འདེབས་སོ།། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་དགེ་སློང་ཚུར་ཤོག་ཅེས་གསུངས་པས་རབ་ཏུ་བྱུང་ངོ་།། དེ་ལྟར་ཐམས་ཅད་རབ་ཏུ་བྱུང་ནས། སོ་སོའི་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཚོང་འདུས་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་གནས་པའི་ལོངས་སྤྱོད་ཀྱིས་གནས་སོ།། མ་རྨོས་མ་བཏབ་པའི་འབྲས་སཱ་ལུ་ཡང་བྱུང་ངོ་།། ལྷ་རྣམས་ཀྱང་དེ་དག་ལ་བསྙེན་བཀུར་བྱེད་དོ།། ། དེ་ནས་དེ་བཞིན་གཤེགས་པ་དེའི་ཆོས་བསྟན་པ་གཉིས་པ་ལ་ཉན་ཐོས་ཀྱི་ཐེག་པ་པོ་ཐམས་ཅད་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་ལ་ནི་མི་སྐྱེ་བ་དང་འཐུན་པའི་བཟོད་པ་ལ་འགོད་དོ། ། ཆོས་བསྟན་པ་གསུམ་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་འགོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་མངོན་པར་ཤེས་པ་ལྔ་ཐོབ་བོ། ། ཆོས་བསྟན་པ་བཞི་པ་ལ་ནི་ཉན་ཐོས་ཀྱི་ཐེག་པ་པ་ཐམས་ཅད་ནི་དགྲ་བཅོམ་པ་ཉིད་ལ་འགོད་དོ།། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ནི་ཆོས་རྣམས་ལ་མི་སྐྱེ་བར་བཟོད་བཐོབ་བོ། ། རྒྱལ་པོའི་བཙུན་མོ་དེ་དག་དང་། སྲས་དེ་དག་དང་། རྒྱལ་པོའི་བུ་མོ་དེ་དག་ནི་ལུས་དེ་ཉིད་ཀྱིས་བུད་མེད་ཀྱི་ལུས་ལས་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། མོའུ་འགལ་གྱི་བུ་འདི་ཇི་སྙམས་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་ཆོས་སྟོན་པ་དེ་བཞིན་ཞིག་ཡིན་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱི་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། ནུབ་དང་བྱང་གི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ལྔ་ཁྲི་ལྔ་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ཙན་དན་སྦྲུལ་གྱི་སྙིང་པོ་འབའ་ཤིག་ཡོད་ལ། སྤོས་དེ་སྲང་གཅིག་ནི་འཛམ་བུའི་གླིང་འདི་རིའོ།། དེ་ན་ཤིང་ལྗོན་པ་སྤོས་ཀྱི་ངང་ཀུན་ནས་ལྡང་བ་ཞེས་བྱ་བ་དག་ཀྱང་ཡོད་དེཿཤིང་གཅིག་ལ་ཁོ་ར་ཁོར་ཡུག་དུ་དཔག་ཚད་བཅུར་སྤོས་ཀྱི་ངད་ལྡང་ངོ་། ། དེ་ནས་ས་ཆེན་པོ་ལས་པདྨ་ཤིང་ཏའི་འཕང་ལོ་ཙམ་ལ་འདབ་མ་འབུམ་འཕྲག་དུ་མ་དང་། ཁ་དོག་འབུམ་འཕྲག་དུ་མ་དང་ལྡན་པ། འཇམ་ཞིང་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། འཕང་དུ་ཁྲུ་བཅུ་པ་ཙམ་དག་སྐྱེད་དེ། པདྨ་རེ་རེའི་དྲིས་ཀྱང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་དྲི་བསུང་ཞིང་ཞིམ་པར་བྱེད་དོ། ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་ཙན་དན་གྱི་ཁང་པ་བརྩེགས་པ་དང་། ཙན་དན་གྱི་འཆགས་པདྨ་དང་། མེ་ཏོག་གིས་གང་པར་འདུག་གོ།། ཁང་པ་བརྩེག་པ་ཤ་སྟག་འབུམ་ཕྲག་དུ་མས་འཇིག་རྟེན་གྱི་ཁམས་དེ་ཁྱབ་པར་འདུག་གོ། ། དེ་ན་གྲོང་དང་གྲོང་ཁྱེར་གྱི་ཡོངས་སུ་འཛིན་པ་མེད་དེ། དཔེར་ན་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་གིས་ཉེ་བར་སྤྱད་པ་དང་། ལོངས་སྤྱོད་ཀྱང་དེ་དང་འདྲའོ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་སྤོས་ལྡན་དེ་ན། དེ་བཞིན་གཤེགས་པ་སྤོས་འགྱེད་འོད་གཟེར་ཅན་ཞེས་བྱ་བ་ད་ལྟར་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་གཏམ་ཡོངས་སུ་སྤངས་པ། བྱང་ཆུབ་སེམས། དཔའི་གཏམ་འབའ་ཤིག་གསུང་ངོ་།། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱང་རྫུ་འཕྲུལ་ཐོབ་པ་ཤ་སྟག་གིས་ཡོངས་སུ་གང་ངོ་། ། བྱང་ཆུབ་སེམས་དཔའི་འཁོར་དེ་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་བསམ་གྱིས་མི་ཁྱབ་པའི་འཇུག་པ་དང་ལྡན་པ། བཟོད་པ་གཉིས་པ་ཐོབ་པ། མངོན་པར་ཤེས་པ་རྣམས་ལ་མཁས་པ། སྤོབས་པས་རྟོགས་པར་ཁོང་དུ་ཆུད་པ། སངས་རྒྱས་འབུམ་ཕྲག་དུ་མ་མང་པོ་ལ་སྙེན་བཀུར་བྱས་པ་འདུག་སྟེ། མོའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དེ་བཞིན་གཤེགས་པ་དེས་བསྐུལ་ཏེ། སྐབས་ཕྱེ་ནས་ཆོས་སྟོན་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་སྟན་ལས་ལངས་ནས། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ནས། སྟེང་གི་བར་སྣང་ལ་མངོན་པར་འཕགས་ཏེ། སྐྱིལ་མོ་ཀྲུང་གིས་ཁོར་ཁོར་ཡུག་ཏུ་དཔག་ཚད་བཅུར་ཁྱད་པར་བྱས་ནས། སྤུའི་ཁུང་པོ་ཐམས་ཅད་ནས་འོད་ཟེར་དག་འགྱེ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱད་པར་བྱས་ནས། མེ་ཏོག་ཁ་དོག་སྣ་ཚོགས་འབུམ་དང་ལྡན་པ། ཤིང་རྟའི་པང་མོ་ཙམ་བདག་གི་སེཾས་ཆེན་པོ་དེ་དག་ལ་མི་འཐེབ་ཙམ་དུ་བཀྲམས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷ་དང་མིའི་སིལ་སྙན་དག་གི་སྒྲ་འབྱིན་ཏོ།། སིལ་སྣ་དེ་དག་ལས་ཀྱང་ཆོས་ཀྱི་ཕྱག་རྒྱའི་སྒྲ་བརྒྱད་བརྒྱ་འབྱུང་ངོ་། ། ཆོས་ཀྱི་ཕྱག་རྒྱ་རེ་རེ་ལ་ཡང་མདོ་བྱེ་བ་ཕྲག་རྒྱ་བཅུ་རྩ་བཞི་བསྡུས་སོ།། མདོ་རེ་རེ་ལ་ཡང་ཚིགས་སུ་བཅས་པ་བདུན་ཁྲི་ཉིས་སྟོང་གིས་བརྗོད་དོ། ། དེས་སྐྱིལ་པོ་ཀྲུང་དེ་ལས་མ་ལངས་པར་སེམས་ཅན་བྱེ་བ་ཁྲག་སྡིག་འབྲུམ་ཕྲག་དགུ་ཅུརྩ་དྲུག་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་རྫོག་པ་ལ་བཀོད་དེ། ཐམས་ཅད་ཀྱང་ཆོས་རྣམས་མི་སྐྱེ་བར་བཟོད་པ་ཐོབ་པར་བྱས་སོ།། མོའུ་འགལ་གྱི་བུ་འཇིག་རྟེན་གྱི་ཁམས་དྲི་དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དག་གི་ཡོངས་སུ་གང་ངོ་།། དེན་སེམས་ཅན་ཞར་བའམ། ཐེང་པོ་འམ། གྱོལ་པོའམ། འོན་པའམ། དབུལ་པོ་འམ། མདོག་ངན་པ་འགའ་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་ཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གོ། ། སེམས་ཅན་དེ་དག་ནི་ཆོས་ཀྱི་དགའ་བའི་དགའ་བ་མ་གཏོགས་པར་གཞན་ཅི་ལ་ཡང་དགའ་བ་མེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ནི་བསམ་གཏན་གྱི་དགའི་ཟས་མེ་ཏོག་པར་ཟས་གཞན་ཅི་ཡང་མེད་དོ། ། དེ་ན་མི་ཁོམ་པར་ལྟུང་ཞིང་སྐྱེ་བ་ཡང་མེད་དོ།། དེ་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པའི་འགྲོ་བ་མ་གཏོགས་པར་ཟས་གཞན་དུ་འགྲོ་བ་མེད་དོ། ། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཙུགས་པའི། དེ་བཞིན་གཤེགས་པ་སྤོས་འགྱེད་འོད་ཟེར་ཅན་ཞེས་བྱ་བ་དེ་གས་གཞིག་ཡིན་སྙམ་དུ་སེམས་ན། མོའུ་འགལ་གྱི་བུ་ཁྱོད་ཀྱི་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱ་བས། སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འབྲུལ་བའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་འཇུག་པར་མི་ནུས་སོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ནས། བྱང་དང་ཤར་གྱི་ཕྱོགས་མཚམས་སུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བཞི་ཁྲི་ཉིས་སྟོང་འདས་པ་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་མྱ་ངན་གྱིས་འཇོམས་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་སེམས་ཅན་འཁོད་པ་རྣམས་ནི་འདོད་ཆགས་ཀྱི་ཆགས་པ་དང་། ཞེ་སྡང་གིས་སྡང་བ་དང་། གཏི་མུག་གིས་རྨོངས་པ་དང་། བརྐམ་པ་དང་། བརླང་བ་དང་། རྒོད་པ་དང་། མུ་ཅོར་སྨྲ་བ་དང་། དབང་པོ་ཞན་པ་དང་། སེར་སྣ་ཅན་དང་། ཚུལ་ཁྲིམས་འཆལ་པ་དང་། གནོད་སེམས་ཆེ་བ་དང་། ལེ་ལོ་ཅན་དང་། སྙོམས་ལས་ཅན་དང་། བརྗེད་ངས་པ་དང་། ཤེས་བཞིན་མེད་པ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་། གང་ཟག་ཏུ་ལྟ་བ་དང་། ཤེས་རབ་འཆལ་བ་དང་། ལུག་ལྟར་ལྐུགས་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མི་ཤེས་པ་དང་། གུས་པ་མེད་པ་དང་། སེམས་འཁྲུགས་པ་ཤ་སྟག་གོ།། སེམས་ཅན་དེ་དག་ནི་ཁ་དོག་ངན་པ་དང་། ཆུང་པར་གྲགས་པ་དང་། བྱང་ངན་པ་དང་། དཀའ་བས་འཚོ་བ་དང་། གཅིག་ལ་གཅིག་འདྲིད་པར་གནས་པ་ཤ་སྟག་གོ། དེ་ན་ཟླ་བ་དྲུག་ཏུ་ཆར་མི་འབབ་སྟེ། ལོ་ཏོག་ལེགས་པར་མི་སྨིན་ཏོ།། ས་ཆེན་པོ་དེ་ནི་རྩུབ་པ་དང་། མཁྲང་བ་དང་། ཚེར་མ་སྣ་ཚོགས་ཅན་དང་། ག་ཡང་ས་དང་། རི་བྲག་གིས་གང་ངོ་།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་དེ་དག་ཆུ་ནི་འབྲུ་མར་གྱི་སྙིགས་མ་དང་དྲི་མ་དང་འདྲའོ།། སེམས་ཅན་དེ་དག་ནི་གོས་དང་། ཆོས་གོས་དང་། ལོངས་སྤྱོད་དག་གིས་དབུལ་བ་དང་། བཀྲེན་པ་དང་། གཞན་གྱི་ནོར་འཕྲོག་པ་ཤ་སྟག་གོ།། འཇིག་རྟེན་གྱི་ཁམས་དེ་ལ་རྒྱལ་པོ་སྡང་ཆག་ཞེས་བྱ་བ་ཞིག་ཡོད། སེམས་ཅན་དེ་དག་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ། སེམས་ཅན་དེ་དག་གི་ནོར་དང་། འབྲུ་བྱུང་ངོ་ཅོག་རྒྱལ་པོའི་མཛོད་དུ་འདྲུབ་པར་བྱེད་དོ།། སེམས་ཅན་དེ་དག་ནི་ཆད་པ་དང་། བརྡེབ་པ་འབའ་ཤིག་གིས་གཟིར་བ་ཤ་སྟག་གོ།། མོའུ་འགལ་གྱི་བུ་དེ་དག་ནི་འཇིག་རྟེན་གྱི་ཁམས་དེ་ན་ཚེ་དེའི་སྡུག་བསྔལ་ཡིན་ནོ།། གང་འཆི་བ་དེ་དག་ཀྱང་ཤི་ནས་ཕལ་ཆེར་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོའི་སྐྱེ་གནས་རྣམས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།། མོའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་བརྩེ་བ་དང་། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་ཆོས་སྟོན་ཏེ། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེ་ནི་ཆོ་འཕྲུལ་རྣམ་པ་བཅོ་བརྒྱད་ཀྱི་ཆོས་སྟོན་ཏོ། ། དེས་ལོ་བདུན་བརྒྱའི་བར་དུ་ཆོས་བསྟན་ཀྱང་སེམས་ཅན་གཙིགས་ཀྱང་ཆོས་མངོན་པར་རྟོགས་པར་མ་གྱུར་ལ། དེ་བཞིན་གཤེགས་པ་དེ་ཡང་སྐྱོ་བ་མེད་པའི་སྟེང་དུ་སྙིང་རྗེ་ཆེན་པོས་ཆོས་ཀྱང་སྟོན་ཏོ། ། མོའུ་འགལ་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་གྲོང་ངམ། གྲོང་ཁྱེར་རམ་གྲོང་རྡལ་དུ་གནས་ཤིང་བཞུགས་ལ། སེམས་ཅན་དེ་དག་གིས་སྤྲོས་ཤིང་བརྒྱད་བཀག་སྟེ། སྨད་ཅིང་གཤུད་པར་བྱེད་ཀྱང་དེར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོས་དེ་དག་བཟོད་པར་མཛད་དོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་དེས་ལོ་བདུན་བརྒྱ་པས་ཀྱང་ལྷག་བར་སེམས་ཅན་ཁ་གཅིག་ཡོངས་སུ་སྨིན་པར་མཛད་དེ། ཆོས་བསྟན་པ་ལན་ཅིག་ལ་སེམས་ཅན་ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་དགྲ་བཅོམ་པ་ཉིད་ཐོབ་བོ།། ཁྲག་ཁྲིག་ཕྲག་བརྒྱད་བཅུ་རྩ་བཞིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། ། ཁྲག་ཁྲིག་ཕྲག་བརྒྱ་བཅུ་རྩ་བཞིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་བོ།། ཁྲག་ཁྲིག་བརྒྱད་བཅུ་རྩ་བཞིས་ནི་རྒྱུན་ཏུ་བཞུགས་པའི་འབྲས་བུ་འཐོབ་སྟེ། དེ་དག་ཀྱང་ཉི་མ་གཅིག་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་སོ།། སློབ་པ་དང་། མི་སློབ་པ་དེ་དག་ཐམས་ཅད་ཀྱང་གཅིག་ལ་གཅིག་ལུང་བསྟན་པས། ཉི་མ་གཅིག་གིས་ཡོངས་སུ་མྱ་ནམས་འདས་སོ།། ། དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའ་ལྔ་ལས་ཀྱི་སྒྲིབ་པས་དེར་སྐྱེས་ཏེ། སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་དེ་དག་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ད་དུང་ཡང་བཞུགསོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་གང་གིས་ན། བྱང་ཆུབ་སེམས་དཔའ་རྣམས་རེ་ཤིག་འཇིག་རྟེན་གྱི་ཁམས་ཉོན་མོངས་པར་སྐྱེ་བར་འགྱུར་ལགས། བཀའ་སྩལ་པ། མོའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ནརེ་ཤིག་སྐྱེ་བ་ངན་པ་ལེན་པར་འགྱུར་རོ། ། བཞི་གང་ཞེ་ན། མོའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་མིང་གི་རྙེད་པས་འཚོ་བར་བྱེད་ལ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་མི་སློབ་པ་དང་། མོའུ་འགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་སྤོང་བ་ཡལ་བར་འདོར་ཞིང་ཟློག་པར་མི་བྱེད་པ་དང་། མོའུ་འགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་གཞན་དག་གི་སྙེད་པའི་བར་ཆད་བྱེད་ཅིང་བསྔགས་པ་མ་ཡིན་པ་བརྗོད་པ་དང་། མོའུ་འགལ་གྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ལུས་ཀྱི་ལས་དང་། ངག་གིས་ལས་དང་། ཡིད་ཀྱི་ལས་མ་སྲུངས་པ་དང་ལྡན་པ་སྟེ། མོའུ་འགལ་གྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རེ་ཤིག་འགྲོ་བ་ངན་པར་འགྲོ་བར་འགྱུར་རོ།། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་ན་བཞུགས་པའི་དེ་བཞིན་གཤེགས་པ་སྙིང་བརྩེ་བ་དང་། སྙིང་རྗེའི་སེམས་ཡིད་ལ་བྱེད་པ་ཞེས་བྱ་བ་དེ་བཞིན་ཞིག་ཡིན་སྙམ་དུ་སེམས་ནནམོའུ་འགལ་གྱི་བུ་ཁྱོད་ཀྱིས་དེ་ལྟར་མི་ལྟའོ། ། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་འཇིག་རྟེན་གྱི་ཁམས་དེ་ན་མིང་དེ་སྐད་ཅེས་བྱས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཡང་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་ཡིན་ཏེ། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ།། མོའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ། སངས་རྒྱས་ཀྱི་འཕྲིན་ལས་མཛད་དེ། དེ་ལ་ནི་སྟོན་པས་མ་བསྟན་གྱི་བར་དུ། ཁྱེད་ཉན་ཐོས་རྣམས་ཀྱིས་འཇུག་པར་མི་ནུས་སོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནས། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གང་ན། ཚངས་པའི་གཟུགས་ཀྱིས་ཆོས་སྟོན་ཏེ། དེ་བཞིན་གཤེགས་པ་རབ་ཏུ་འབྱུང་བ་དང་། གོས་ངུར་སྨྲིག་མི་སྟོན་པ་ཡང་ཡོད་དོ།། དེ་བཞིན་དུ་བརྒྱ་བྱིན་གྱི་གཟུགས་ཀྱིས་ཀྱང་ང་ཆོས་སྟོན་ཏོ། ། དེ་བཞིན་དུ་སྐྱེ་བ་ཐམས་ཅད་ཀྱིས་ཀྱང་ཆོས་སྟོན་ཏོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན། ཇི་ལྟ་བུར་མོས་པའི་སེམས་ཅན་རྣམས་ལ་ཇི་ལྟར་མོས་པ་བཞིན་དུ་ང་ཆོས་སྟོན་ཏོ། ། སངས་རྒྱས་ཀྱི་ཞིང་ཚད་མེད་པ་གཞན་དང་། གཞན་དག་ཏུ་ཡང་ང་ཆོས་སྟོན་ཏེ།། དེ་ལ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་འཇུག་པར་མི་ནུས་སོ། ། མོའུ་འགལ་གྱི་བུ་དཔེར་ན། ཟླ་བའི་དཀྱིལ་འཁོར་རམ། ཉི་མའི་དཀྱིལ་འཁོར་ནི་གཞལ་མེད་ཁང་ནས་ཀྱང་མི་ཡོ་ལ། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་ཁོར་དང་། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་ཡང་དག་པར་སྣང་ངོ་།། མོའུ་འགལ་གྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རང་གི་སངས་རྒྱས་ཀྱི་ཞིང་ལས་ཀྱང་མ་གཡོས་ལ། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་དག་ཏུ་ཡང་དག་པར་སྣང་སྟེ། སེམས་ཅན་ཇི་ལྟར་ཡོངས་སུ་སྨིན་པར་གྱུར་པ་རྣམས་ལ་ཆོས་སྟོན་ཏོ། ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གང་སུམ་ཅུ་རྩ་གསུམ་འག་ན་བཞུགས་པ་དང་འཛུམ་བུ་གླིང་དང་། ལྷའི་གནས་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་གཞན་དང་། གཞན་དག་ན་ཆོས་སྟོན་ཅིང་བཞུགས་པ་ལ། དེ་བཞིན་གཤེགས་པ་ཡང་དག་པ་གང་ལགས། གང་ལ་ཡོན་ཕུལ་ན་མཐུ་ཆེ་བར་འགྱུར་བའི་དེ་བཞིན་གཤེགས་པའི་ཡང་དག་པ་ནི་འདི་ལགས་སོ་སྙམས་དུ། བདག་གིས་ཇི་ལྟར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། མོའུ་འགལ་ཀྱི་བུ་དེའི་ཕྱིར་ཁྱོད་ཉིད་ལ་ཕྱིར་དྲི་བར་བྱས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྐྱེ་བ་འམ། བུད་མེད་གང་ཡིན་པ་དེ་ལ་ཡང་དག་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཡང་དག་པ་ཅི་ཡང་མ་མཆིས་སོ།། དེ་ཅིའི་སླད་ཞེ་ན། སྒྱུ་མ་མཁན་གྱིས་གསང་སྔགས་དང་། རིག་སྔགས་སྟོབས་ཀྱིས་བསྐྱེད་དེ། སྤྲུལ་པ་སྤྲུལ་པར་བྱས་པས་ན། དེ་དག་ལ་ནི་ཁྱད་པར་མ་མཆིས་སོ།། བཀའ་སྩལ་པ། མོའུ་འགལ་གྱི་བུ་ཅི་གང་གི་ཕྱིར་སྤྲུལ་པ་དེའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་བགྱིད་ལེགསོ།། བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་བཞིན་དུ་སྒྱུ་མ་ལྟ་བུའི་ཆོས་ཐམས་ཅད་ལ་ནི་ཁྱད་པར་རམ་ཐ་དད་དུ་དབྱེ་བ་མེད་དོ།། མོའུ་འགལ་གྱི་བུ་ཇི་ལྟར་སྒྱུ་མ་མཁན་གྱིས་གསང་སྔགས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་སྤྲུལ་པ་མང་པོ་སྤྲུལ་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པ་དེ་བཞིན་དུ། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པའི་ཤེས་རབ་དང་། རིག་པ་དང་། ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སྟོན་པར་མཛད་ལ། དེ་དག་ཀྱང་མཉམ་ཞིང་ཁྱད་པར་མེད་པར་འདི་ལྟ་སྟེ། སངས་རྒྱས་ཀྱི་འཕྲིན་ལས་ཀྱི་བྱ་བ་བྱེད་དེ། དེ་ལ་ཡོན་ཕུལ་བ་གང་ཡིན་པ་དེ་དག་གིས་རྣམ་པར་སྨིན་པ་ཡང་མཉམ་པར་འགྱུར་རོ། ། མོའུ་འགལ་གྱི་བུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཅུང་ཟད་ཀྱང་ཐ་དད་དུ་དབྱེར་མེད་དོ།། མོའུ་འགལ་གྱི་བུདེ་ལྟ་བས་ན། ཡང་དག་པ་མ་ཡིན་པ་དང་། སྒྱུ་མ་ལྟ་བུར་གྱུར་པའི་ཆོས་ཐམས་ཅད་ནི། ཆོས་ཀྱིས་དབྱིངས་སུ་ཁྱད་པར་རམ་ཐ་དད་དུ་དབྱེར་མེད་དོ།། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་ནི་བཞེད་ན། འཇིག་རྟེན་གྱི་ཁམས་གཅིག་ཏུ་ཡང་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་དེ་བཞིན་གཤེགས་པ་དེའི་རང་བཞིན་དང་། ཆུ་ཞེང་ལྡན་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་པར་མཛད་དེ། དེ་དག་ཀྱང་རྣམ་པ་དྲུག་ཅུ་ལྡན་པའི་ངག་གི་ལས་ཀྱི་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་མཁྱེན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་མོས་པའི་སེམས་ཅན་རྣམས་ལ་མོས་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཤེས་པ་སྐྱེད་པའི་ཕྱིར་ཆོས་སྟོན་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་ཆོས་བསྟན་པས་སེམས་ཅན་སྣ་ཚོགས་ངེས་པར་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཆོ་འཕྲུལ་རྣམ་པ་བཞིས་ཆོས་སྟོན་ཏོ། ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་ཡང་དག་པར་སྟོན་ཏོ།། མོའུ་འགལ་གྱི་བུ་འདི་ཇི་སྙམ་དུ་སེམས། དེ་དག་ལ་ཆེས་ཁྱད་པར་དུ་འཕགས་པ་འམ། ཆེས་གཟུགས་དང་ལྡན་པའམ། ཆེས་ཁ་དོག་དང་ལྡན་པའམ། ཆེས་སྤོབས་པ་དང་ལྡན་པའམ། ཆེས་ཡེ་ཤེས་དང་ལྡན་པ་འམ། ཆེས་རྫུ་འཕྲུལ་དང་ལྡན་པའམ། ཆེས་ཆོས་སྟོན་པ་དང་ལྡན་པ་འམ། ཆེས་སེམས་ཅན་ཡོངས་སུ་དགྲོལ་བ་དང་ལྡན་པ་གང་ཡིན། གསོལ་པ། བཅོམ་ལྡན་འདས་དེ་ལ་ནི་ཐ་དད་པར་བསྟན་པར་མི་ནུས་ལགས་སོ། ། བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཆོས་ཐམས་ཅད་ནི་སྤྲུལ་པའི་ངོ་བོ་ཉིད་དེ། ཁྱད་པར་ཡང་མེད། ཐ་དད་དུ་དབྱེར་ཡང་མེད་པ་དེ་ལྟར་ན་རིག་པར་བྱའོ། ། མོའུ་འགལ་གྱི་བུ་ཆོས་ཐམས་ཅད་སྤྲུལ་པའི་ངོ་བོ་ཉིད་དུ་ཤེས་པ་གང་ཡིན་པ་དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་ལ་ཡང་ཐ་དད་པར་དབྱེ་བར་མི་འདོད་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། མོའུ་འགལ་གྱི་བུ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་པ། ཀུན་དུ་རྟག་པ་དང་། ཡོངས་སུ་བརྟག་པ་ལས་བྱུང་བ་སྟེ། དེ་དག་ལ་ཇི་ལྟར་འདོད་པ་དེ་བཞིན་དུ་རྣམ་པར་བསྒྲུབ་པ་སོད་ཀྱི། ཆོས་ཀྱི་དབྱིངས་ནི་སྐྱེ་བ་ཡང་མེད། འཇིག་པ་ཡང་མེད་དོ།། མོའུ་འགལ་གྱི་བུ་ཆོས་ཀྱི་དབྱིངས་དེ་ནི་དེ་བཞིན་གཤེགས་པས་དེ་བཞིན་དུ་ཐུགས་སུ་ཆུད་དེ། དེ་ཐུགས་སུ་ཆུད་པའི་ཕྱི་དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ནས་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་བདུན་དུ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མེའུ་འགལ་གྱི་བུ་འཛམ་བུ་གླིང་ལྟ་ཞོག་གི་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལྷའབ། མི་འམ། དེ་མ་ཡིན་པའི་སྐྱེ་བའི་གནས་ན་གནས་པ་ཇི་སྙེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱི་མདུན་དུ་དེ་བཞིན་གཤེགས་པར་ཆུ་ཆུང་བུ་གཅིག་ནས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་ཡང་དག་པར་སྟོན་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མོའུ་འགལ་གྱི་བུ་གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་སེམས་ཅན་རྣམས་ལྟ་བཞོག་གི། མོའུ་འགལ་གྱི་བུ་ནན་གྱིས་དཔེར་བྱས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དུ་བསྔསྡུ་བར་བསྡུས་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱེ་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། མོའུ་འགལ་གྱི་བུ་སེམས་ཅན་མིར་གྱུར་པ་དེ་དག་ཐམས་ཅད་ཀྱི་མདུན་དུ། དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་མཛད་ལ། དེ་དག་ཀྱང་གཅིག་གིས་གཅིག་མི་ཤེས་སོ།། མོའུ་འགལ་གྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལྟ་ཞོག་གི། མོའུ་འགལ་གྱི་བུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གིས། སའི་ཁམས་ནི་དེ་ལྟར་མ་ཡིན་ནོ། ། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་དང་། ཕྱོགས་ཚམས་དང་། འོག་དང་སྟེང་གི་ཕྱོགས་བཅུར་ཁོ་ར་ཁོར་ཡུག་དུ། ཕྱོགས་རེ་རེ་ཡང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་དུ་སྨོས་པ་གང་ཡིན་པའི་སེམས་ཅན་གྱི་ཁམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟར་མ་ཡིན་ནོ།། མོའུ་འགལ་གྱི་བུ་ནན་གྱིས་དཔེར་བྱས་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཀྱང་། མོའུ་འགལ་གྱི་བུ་སེམས་ཅན་དེ་དག་ཐམས་ཅད་ལ་ཡང་། དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས་རེ་རེ་བདུན་དུ། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པར་ཡང་དག་པར་སྟོན་ལ། སེམས་ཅན་དེ་དག་ཀྱང་ཅིག་གིས་ཅིག་མི་ཤེས་སོ།། མོའུ་འགལ་གྱི་བུ་ཕྱོགས་བཅུར་གངྒཱའི་ཀླུང་གི་བྱེ་མ་སྙེད་འཇིག་རྟེན་གྱི་ཁམས་དག་ན། སེམས་ཅན་འཁོད་པ་རྣམས་ལྟ་ཞོག་གི། མོའུ་འགལ་གྱི་བུ་དེ་བཞིན་གཤེགས་པ་ནི་གདན་འདི་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་རྣམས་གཟིགས་ཏེ། དེ་དག་ནི་ངས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་མ་མཉམ་པས། བསྐལ་པ་འབུམ་དུ་ཡང་དཔེར་བླངས་པ་འགྲངས་པའི་ཚུལ་གྱིས་བསྟན་པར་སླ་བ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ནི་དེ་ཙམ་དུ་དཔག་དུ་མེད་དོ།། ངས་གདན་འདི་ལ་བཞུགས་བཞིན་དུ་གང་གཟིགས་པ་དང་། དེ་བཞིན་གཤེགས་པས་དཔེར་བླང་བ་བགྲངས་པ་དག་གིས་བསྟན་པ་གང་ཡིན་པ་དེ་ནི། སེམས་ཅན་ཐམས་ཅད་རང་སངས་རྒྱས་དང་འདྲ་བར་གྱུར་པས་ཀྱང་། ཤེས་པའམ། གཞལ་བ་འམ། བརྟག་པར་སླ་བ་མ་ཡིན་ན། ཉན་ཐོས་རྣམས་ཀྱིས་ལྟ་ཅི་སྨོས་ཏེ། དེ་བཞིན་གཤེགས་པ་འབའ་ཤིག་གིས་སངས་རྒྱས་ཀྱི་ཞིང་དེ་དག་རྒྱ་བྲག་ཇི་སྙེད་ཡོད་པ་དང་། སྟོང་ཕྲག་ཇི་སྙེད་ཡོད་པ་དང་། འབུམ་ཕྲག་ཇི་སྙེད་ཡོད་པ་དང་། བྱེ་བ་འབུམ་ཕྲག་ཇི་སྙེད་ཡོད་པ་དང་། གཏམས་ཕྲག་ཇི་སྙེད་ཡོད་པ་དང་། དཀྲིགས་ཕྲག་ཇི་སྙེད་ཡོད་པ་དང་། མི་འཁྲུགས་ཕྲག་ཇི་སྙེད་ཡོད་པ་དང་། གྲངས་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། དཔག་ཏུ་མེད་པ་ཕྲག་ཇི་སྙེད་ཡོད་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཕྲག་ཇི་སྙེད་ཡོད་པ་དང་། སྟོང་གསུམ་གྱི་རྡུལ་ཕྲ་རབ་ཀྱི་རྡུལ་ཡོངས་སུ་གང་བ་ཇི་སྙེད་ཡོད་པ་མཁྱེན་ཏོ། ། མོའུ་འགལ་གྱི་བུ་སངས་རྒྱས་ཀྱི་སྤྱན་སྒྲིབས་པ་མེད་པ་དང་། ཐོགས་པ་མེད་པས་སངས་རྒྱས་ཀྱི་ཞིང་ཇི་སྙེད་མཐོང་བའི་སངས་རྒྱས་ཀྱི་ཞིང་དེ་དག་ན། སེམས་ཅན་གང་སེམས་ཅན་དུ་བསྡུ་བར་བསྡུས་ཤིང་སྨོས་པའི་སེམས་ཅན་གྱི་ཁམས་རྣམས་ནི་ཆེས་མང་གི། སའི་ཁམས་ནི་དེ་ལྟ་མ་ཡིན་ཏོ།། སེམས་ཅན་དེ་དག་ཐམས་ཅད་ཀྱིས་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། ཐོབ་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་ལ་ཡང་དེ་སྙེད་ཀྱི་འཁོར་ཡོད་པར་གྱུར་ཀྱང་། མོའུ་འགལ་གྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པ་དེ་དག་ཐམས་ཅད་ལ་དེ་བཞིན་གཤེགས་པས་སྤུའི་ཁུང་བུ་གཅིག་ནས། རེ་རེའི་བདུན་དུ་དེ་བཞིན་གཤེགས་པས་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ལ། གཅིག་གིས་གཅིག་ཀྱང་མི་ཤེས་ཏེ། རང་གི་དེ་བཞིན་གཤེགས་པ་མཐོང་ངོ་།། དེ་བཞིན་དུ་སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་དེ་བཞིན་གཤེགས་པའི་དགེ་སློང་གི་དགེ་འདུན་དང་བཅས་པ་ཡང་དག་པར་སྟོན་ཀྱང་། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་གྱི་བརྒྱའི་ཆའམ། སྟོང་གི་ཆའམ། འབུམ་གྱི་ཆ་འམ། བྱེ་བ་ཕྲག་འབུམ་གྱི་ཆ་འམ། གྲངས་སམ། ཆའམ། བགྲང་བ་འམ། དཔེའམ། རྒྱུ་ཙམ་ཡང་ཡང་དག་པར་བསྟན་པར་མི་འགྱུར་ཏེ། མོའུ་འགལ་གྱི་བུ་དེ་ལྟར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་དཔག་ཏུ་མེད་པ་དང་ལྡན་ནོ།། མོའུ་འགལ་བུ་འདི་ཇི་སྙམ་དུ་སེམས། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་གང་གིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་དང་། རིན་པོ་ཆེ་སྣ་བདུན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་མང་ངམ། གསོལ་པ་བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་དཔག་ཏུ་མ་མཆིས་སོ། ། བཀའ་སྩལ་པ། མོའུ་འགལ་གྱི་བུ་ཁྱོད་མོས་པར་བྱའོ།། ཁོང་དུ་ཆུད་པར་བྱའོ།། སེམས་ཅན་འཁོར་ལོས་སྒྱུར་བར་གྱུར་པ་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་བའི་བསོད་ནམས་ཀྱི་ཕུང་པོས། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་གཅིག་ཡོངས་སུ་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གི་སྟོན་པ་འདི་ལྟར་རྫུ་འཕྲུལ་ཆེ་བ་དང་། འདི་ལྟར་མཐུ་ཆེ་བར་གྲགས་པ་དང་འདི་ལྟར་མཐུ་ཆེ་བ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་ལགས་སོ། ། དེ་ལྟ་ལགས་ཀྱིས་ཀྱང་བདག་ནི་རྒྱུའི་རྗེས་སུ་འགྲོ་བའི་ཆོས་ཐམས་ཅད་ལ་ཐོག་པ་མ་མཆིས་པའི་ཡེ་ཤེས་འདི་ལྟ་བུ་ལས་དམན་པར་འགྱུར་ལགས་སོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོ་འཕྲུལ་འདི་ཐོས་ནས། ལན་ཅིག་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་རྙེད་པ་ལེགས་པར་རྙེད་ལགས་ན། གང་དག་མོས་པར་བགྱིད་ལ་མོས་ཤིང་ཡིད་ཆེས་ནས་ཀྱང་། རྫུ་འཕྲུལ་དང་། ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྷ་མོས་ཀྱང་ཅི་འཚལ་ཏེ། སེམས་ཅན་དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་ན་ཕྱག་བགྱི་བའི་གནས་ལགས་སོ།། བཀའ་སྩལ་པ། མོའུ་འགལ་གྱི་བུ་དེ་ནི་དེ་བཞིན་ཏེ། ཁྱོད་ཇི་སྐད་ཟེར་བ་བཞིན་དུ། སེམས་ཅན་གང་དག་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ལ་ཡིད་ཆེས་པ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་དོ།། དེ་དག་ནི་ལོག་པར་ལྟུང་བའི་དོགས་པ་མེད་པར་བྱའོ། ། དེ་ནས་ལྷ་དེ་དག་དང་། ཀླུ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས་བཅོམ་ལྡན་འདས་ལས་སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་འཕྲལ་པའི་ཆོ་འཕྲུལ་འདི་ཐོས་ནས། ཚིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ།། སེམས་ཅན་གང་དག་གིས་ཡེ་ཤེས་འདི་ལྟ་བུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སེམས་བསྐྱེད་པ་འམ། སྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཕྱག་འཚལ་ལོ།། ཇི་ལྟར་ད་ལྟར་ན་དེ་བཞིན་གཤེགས་པ་རྣམ་པར་འཕྲུལ་པ་དེ་བཞིན་དུ། དེ་དག་ཀྱང་རྣམ་པར་འཕྲུལ་པར་འགྱུར་ཏེ། དེ་བས་བདག་རྩག་གིས་འདི་ལ་སོམ་ཉིའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་མི་བྱའོ་ཞེས་ཆེད་དུ་རྗོད་པ་ཆེད་དུ་བརྗོད་དོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་དང་། བརྒྱ་བྱིན་དེ་དག་དང་། ཚངས་པ་དེ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་བྱ་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་སེལ་སྙན་འབུམ་སྒྲག་ཕྱུང་ངོ་། ། ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུད་དང་། པདྨ་དཀར་པོ་དག་གིས་སུམ་ཅུ་རྩ་གསུམ་གྱི་གནས་ཐམས་ཅད་ལ་མངོན་པར་གཏོར་ཏོ།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལྷ་ཁྲག་ཁྲིག་ཕྲག་བདུན་བཅུ་རྩ་གཉིས་སེམས་བསྐྱེད་དེ། ཚིག་འདི་སྐད་དུ་ཇི་ལྟར་ད་ལྟར་ན། དེ་བཞིན་གཤེགས་པས་སྒྲོགས་པ་དེ་བཞིན་དུ་བདག་ཅག་ཀྱང་མ་འོངས་པའི་དུས་ན། ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་དུ་བླ་ན་མེད་པའི་སེང་གེའི་སྒྲ་སྒྲོགས་པར་གྱུར་ཅིག་ཅེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཟླ་བ་དང་། ཟླ་བ་མཆོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ལགས།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དང་། ཟླ་མཆོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་དག་ཉིད་ཀྱང་འཆང་ལ། གཞན་དག་ལ་ཡང་སྟོན་པ་དེ་ནི། དཀོན་མཆོག་གསུམ་རྒྱུན་མི་འཆད་པའི་ཕྱིར་ཞུགས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན། ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་མི་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཤིག་ཏུ་སེམས་སྐྱེད་པར་འགྱུར་བའི་ཕྱིར།། དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་རྒྱ་ཆེན་པོ་ལ་མོ་ལ་དབང་པོ་རྣོན་པོ།། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ་རྣམས་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་དགའ་བ་སྐྱེད་པར་འགྱུར་གྱི་ཆུང་ངུ་ལ་མོས་པ་རྣམས་ནི་དེ་ལྟར་མ་ཡིན་ནོ། ། ལྷའི་བུ་རྣམ་གྲངས་འདིས་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་འཆང་བ་དང་། ཀློག་པ་རྣམས་ནི་ཅི་ནས་དཀོན་མཆོག་གསུམ་གྱི་རྒྱུན་མི་བཅད་པའི་ཕྱིར་གནས་པ་པ་དེ་ལྟར་རིག་པར་བྱའོ། ། ལྷའི་བུ་དི་ཇི་སྙམ་དུ་སེམས། གང་དཀོན་མཆོག་གསུམ་རྒྱུན་མི་གཅད་པའི་ཕྱིར་གནས་པ་དེའི་བསྔགས་པའི་མཐའ་འམ། བསོད་ནམས་ཀྱི་མཐའ་སངས་རྒྱས་འབུམ་སྐུ་ཚེའི་ཚད་བསྐལ་པར་ཞུགས་པས་ཀྱང་བསྟན་པའམ། བཤད་པར་སྤྱོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། ལྷའི་བུ་རྣམ་གྲངས་འདིས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་འཆད་པ་དང་། གཞན་དག་ལ་སྟོན་པ་དེ་བསོད་ནམས་ཚད་མེད་པ་སྐྱེད་པར་འགྱུར་བར་མཁས་པས་དེ་ལྟར་རིག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱ་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་འཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བྱམས་པ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སུམ་བཅུ་རྩ་གསུམ་གྱི་ལེའུ་ཞེས་བྱ་བར་ཟུང་ཤིག། སངས་རྒྱས་ཀྱི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་ཞེས་བྱ་བར་ཡང་ཟུང་ཤིག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་བུ་ཟླ་བ་དང་། ཟླ་མཆོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚངས་པ་དེ་དག་དང་། བརྒྱ་བྱི་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་སུམ་ཅུ་རྩ་སུམ་པའི་ལེའུ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་བ་ར་མ་དང་།

CLOSE WINDOW