CLOSE WINDOW

S80: འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་མདོ་ཐེག་པ་ཆེན་པོ
Wyliee-texts produced with ocr Programm

ལ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་གཏན་ལ་ཕབ་པ། རྒྱ་གར་སྐད་དུ། ཨཱརྱ་དྷ་མེ་ཀ་། དུདྷ་ཛ་པ་རི་པྲིཙྪ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་བུ་ཆོས་ཀྱི་རྒྱལ་མཚན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་འཁོར་དྲིར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་མ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།། བཅུ་གང་ཞེ་ན། འདིར་བྱང་ཆུབ་སེམས་དཔའ་དང་པ་དང་ལྡན་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་བ་དང་། དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏོང་བ་དང་། དགོན་པ་བརྟན་ཅིང་འདུ་འཛི་སྤངས་པ་དང་། བླ་མ་དང་མཁན་པོའི་གང་མ་ངག་ཡོངས་སུ་བཙལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། མང་དུ་ཐོས་པ་དང་། ཏིང་ངེ་འཛིན་དང་། ཚུལ་ཁྲིམས་དང་ལྡན་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་སྒྲུབ་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དགྲ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།

CLOSE WINDOW