Wylie | e-texts produced with ocr Programm |
ཨརྱ་ཀརྨ་ཨཱ་བ་རི་ན་པྲ་ཏི་ས་བ་དྷི་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་སངས་རྒྱས་ཀྱི་མཐོས། ཚེ་དང་ལྡན་པ་ཤཱ་རིའི་བྲིས་སྟན་ལས་ལངས་ནས། ཐ་གོས་ཟག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་རབ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། རམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ལས་ཀྱི་སྒྲིབ་པ་རྣམས་ཇི་ལྟར་སོ་སོར་བཤགས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦར་བ་བཏུད་ནས་ཚིག་འདི་སྐད་དུ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས།། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་རྔ་རབ་ཏུ་རྡུང་བ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་རྡུང་བ། ཆོས་ཀྱི་དུང་རབ་ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་འཛུད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོ་བགྱི་བའི་གནས། མཁྱེན་པར་གྱུར་པ། སྨན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་ལ་བདག་མགོ་དང་། ངག་དང་། ཡིད་ཀྱིས་ཕྱག་འཚལ་ལོ།། ཐོག་མ་དང་ཐ་མ་མ་མཆིས་པར་འཁོར་བ་ན་འཁོར་བའི་ཚེ། བདག་འདོད་ཆགས་ཀྱིས་གཟིར་བ་འམ། ཞེ་སྡང་གིས་གཟིར་པ། གཏི་མུག་གིས་གཟིར་བའི་ལུས་དང་། ངག་དང་། ཡིད་ཀྱིས་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུས་བགྱིས་པ། སངས་རྒྱས་སུ་མ་འཚལ་བ་དང་། ཆོས་སུ་མ་འཚལ་བ་དང་། དགེ་འདུན་དུ་མ་འཚལ་བ་དང་། དགེ་བ་དང་མི་དགེ་བར་མ་འཚལ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དགེ་སློང་དགྲ་བཅོམ་པ་བཀུམ་པ་དང་། ཕ་མ་བཀུམ་པ་དང་། ལུས་ཀྱི་རྣམ་གསུམ། ངག་གི་རྣམ་བཞི། ཡིད་ཀྱི་རྣམ་གསུམ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་། བགྱིད་དུ་སྦལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཁ་ཅིག་ལངག་རྩུབ་པོ་སྨྲས་པ་དང་། སྐུར་པ་བཏབ་པ་དང་། སྲང་ལ་གཡོ་བ་གྱིས་པ་དང་། གཞལ་བ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བར་འགྲོ་བ་ན་ཕ་མ་མི་དགའ་བར་བགྱིས་པ་དང་། གང་ཟག་གིའམ། མཆོད་རྟེན་གྱི་འམ། དགེ་འདུན་གྱི་འམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ནོར་བརྐུས་པ་དང་། ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་འགལ་བ་བགྱིས་པ་དང་། མཁན་པོ་དང་སློབ་དཔོན་གྱིས་བསྒོ་བ་མ་མཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རམ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པར་བགྱིས་པ་དང་། སྤོས་པ་དང་། བརྡེགས་པ་དང་། དེ་དག་ལ་ཐ་བ་དང་ཞེ་སྡང་བསྐྱེད་པ་དང་། ཕྲག་དོག་དང་སེར་སྣ་ལས་བྱུང་བའི་སེམས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་། ཆོས་ལ་ཆོས་མ་ལོགས་ཞེས་བགྱིས་པ་དང་། ཆོས་མ་ལགས་པ་ལ་ཆོས་ལགས་ཞེས་བགྱིས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ།། སྤུན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ།། འཐོལ་ལོ།། མི་འཆབ་བོ།། སླན་ཆད་ཀྱང་མི་བགྱིད་དོ།། བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ། སེམས་ཅན་དམྱལ་བ་དང་། དུང་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་མཉེས་པ་བགྱིད་པར་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་པའི་ལས་དེ་ལུས་འདི་ཉིད་ལ་རྣམ་པར་སྨིན་ཏེ། གཞན་དུ་མི་མྱོང་བར་ཤོག་ཅིག། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ།། འཐོལ་ལོ།། མི་འཆབ་བོ།། སླན་ཆད་ཀྱང་མི་བགྱིད་དོ།། ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་ནམས་སོ་སོར་བཤགས་པ་དང་། མ་བཅབས་པ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ། སོར་འཆགས་སོ།། ར་ཐོལ་ལོ།། མི་འཆབ་བོ།། སླན་ཆད་ཀྱང་མི་བགྱིད་དོ།། ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའི་སྤད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པར་འགྱུར་པ་དང་། མི་འཆབ་པ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ།། འཐོལ་ལོ།། མི་འཆབ་བོ།། སླད་ཆད་ཀྱང་མི་བགྱིད་དོ།། ཇི་ལྟར་ང་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་ཕྱིར་སྤོང་བ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པ་དང་། མི་འཆབ་པ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། ། འཐོལ་ལོ།། མི་འཆབ་བོ།། སླན་ཆད་མི་བགྱིད་དོ།། ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའ་སེམས་དཔའི་སྤད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། སོ་སོར་འཆགས་པ་དང་། སོ་སོར་འཆགས་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས། སོ།། འཐོལ་ལོ།། མི་འཆབ་བོ།། སླན་ཆད་མི་བགྱིད་དོ་ཞེས་བརྗོད་པར་བྱའོ།། ཤཱ་རིའི་བྲི་དེ་ལྟ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐོབ་པར་འདོད་པས། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་འཆབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་རྒྱལ་རིགས་ཀྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲ་མ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་འཆབ་པར་བྱའོ། ། ཕྱིན་ཆད་ཀྱང་མི་བྱའོ།། སུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་བྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགསོ་བར་བྱའོ།། མི་འཆབ་པར་བྱའོ། ། ཕྱིན་ཆད་ཀྱང་མི་བྱའོ།། སུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་། ར་དི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། ། མི་བཅབ་པར་བྱའོ།། ཕྱིན་རྨད་ཀྱང་མི་བྱའོ།། དེ་བཞིན་དུར་ཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེང་དང་། བསོད་ནམས་སྐྱེས་དང་། འབྲས་བུ་རེ་དང་། སེམས་ཅན་འདུ་ཤེས་མེད་པ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་མཚུང་པར་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ང་ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་རིག་པ་གསུམ་མམ། མངོན་པར་ཤེས་པ་དྲུག་གམ། སྟོབས་རྣམས་སམ། དབང་པོ་རྣམས་སམ། ཉན་ཐོས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ། ཉན་ཐོས་དབང་རྗེ་བར་གྲགས་པའམ། རང་བྱང་ཆུབ་མངོན་སུམ་དུ་བྱེད་པར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པར་དག་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། མཚུངས་པ་མེད་པའི་ཡེ་ཤེས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་སྒྲུབ་པར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། ། མི་བཅབ་པར་བྱའོ།། ཕྱིན་ཆད་ཀྱང་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བའོ་ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གཞན་དང་གཞན་གྱིས་གཞན་སྐྱེའོ།། གཞན་འགག་གོ།། དེ་ལ་འདས་པའི་ཆོས་གང་ཡིན་པ་དེ་དག་ནི་འགགས་པ། ཟད་པ། བྲལ་བ། རྣམ་པར་གྱུར་པ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དོ། ། ད་ལྟར་འདུ་བྱེད་པ་གང་ཡིན་པ་རྣམས་ཀྱང་མེད་པ་ལས་བྱུང་བ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཆུང་ཟད་ཀྱང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་སྟོང་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མ་སྐྱེས་པ། མ་འགགས་པ། འདུས་མ་བྱས་པ་ཞེས་གསུངས་པའི་ཕྱིར་རོ།། ཤཱ་རིའི་བུ་ཆོས་ཐམས་ཅད་བདག་ལས་བྱུང་ཡང་བདག་ཀྱང་།། ཡོད་པ་མ་ཡིན་ནོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདི་ལྟ་སྟེ། སེམས་ཅན་མེད་པའི་མཐའི་ཆོས་ཀྱི་ཚུལ་འདི་ལ་འཇུག་པ་འདི་ནི། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་སྟེ། ཤཱ་རིའི་བུ་འདི་ནི། སོ་སོར་བཤགས་པའོ།། དེ་ནས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་རམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཇི་ལྟར་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུས་བགྱིས་བདེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། ། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྲང་བར་ཅན་དང་། རབ་དང་། ཕུ་ལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། ཕྱོགས་བཅུའི་འཇིག་རྟེན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པར་འགྱུར་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་།། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྫས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་གང་དག་ད་ལྟ་ན་སེམས་དང་པོ་བསྐྱེད་པ་དེ་དག་གིས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱས་བྱུང་བ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་ཕུང་པོ་གང་ལགས་པ་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། ། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྦྱོར་བ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པར་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། ། རྗེས་སུ་ཡོ་རང་བ་དམ་པ་དང་། གཙ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བྱང་ཆུབ་ཀྱི་ཕྱིར་སྤོང་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། ། རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་ངོ་།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་རྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་པ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་བ། ཆོས་ཀྱི་ཆར་རབ་ཏུ་ཕབ་པ། ཆོས་ཀྱི་ཆར་རབ་ཏུ་བཏང་བ་ཆོས་ཀྱི་རྔ་རབ་ཏུ་བརྡུངས་པ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་བརྡུངས་པ། ཆོས་ཀྱི་དུང་རབ་ཏུ་བུས་པ། ཆོས་ཀྱི་སྲོག་ཤིང་བསྒྲེངས་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་བཙུད་པ་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་རམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱི་རྗེས་སུ་ཡི་རང་ངོ་། ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་པརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་ནམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར་བའི་བར་དག་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ། དེ་ལས་གཞན་པའི་སེམས་ཅན་དག་དགེ་བའི་རྩ་བསྐྱེད་པར་འགྱུར་པབ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སྲད་དུ། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བྲན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་ཆར་རབ་ཏུ་གཏོང་བ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་རྔ་རྡུང་བ། ཆོས་ཀྱི་རྔ་བོ་ཆེ་རྡུང་བ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་སྲོག་ཤིང་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་འཛུད་པ་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམོ། དེ་ལས་གཞན་པའི་སེམས་ཅན་དག་དགེ་བའི་རྩ་བ་སྐྱེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་ར། བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་མཉམ་པའི་བར་གྱི་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱའོ།། ཤཱ་རིའི་བུ་འདི་ནི་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཕུང་བོའོ། ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཕུང་པོ་འདིས་རྗེས་སུ་ཡི་རངས་ནས། བསོད་ནམས་ཀྱི་ཕུང་པོ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ།། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ནས། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཟག་པ་ཟད་པར་གྱུར་ལ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དེ་དག་ལ་ཇི་སྲིད་འཚོའི་བར་དུ་གོས་དང་། ཟས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཞིག་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ།། ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་བྱའོ།། བུད་མེད་སྐྱེས་པའི་དབང་པོ་ཐོབ་པར་འདྲོད་ཅིང་བུད་མེད་ཀྱི་དབང་པོ་བརྗེ་བར་འདོད་པས་ཀྱང་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པསྐྱེད་པར་འགྱུར་བའི་བསྐུལ་བའི་ཕུང་པོ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ།། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ་ཆོས་ཀྱི་ཚུལ་རབ་ཏུ་གཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་པ་གཟུང་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ། ཞེས་བརྗོད་པར་བྱའོ།། ཤཱ་རིའི་བུ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟན་ཕྱོགས་བཅུའི་འཇིག་རྟེན་ན་ཚེའི་འདུ་བྱེད་མ་གཏང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་རདས་དེ་དག་ལ་ཕྱག་འཚལ་ནས་གསོལ་བ་འདེབས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་སྐྱེ་བོ་མང་པོ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར།། ཆོས་ཀྱི་སྒྲོན་མ་ནི་འབར་བར་མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། ཆོས་ཀྱི་ཆར་ནི་རབ་ཏུ་གཏོང་། ཆོས་ཀྱི་རྔ་ནི་རབ་ཏུ་བརྡུང་། ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་བརྡུང་། ཆོས་ཀྱི་དུང་ནི་རབ་ཏུ་འབུ་ད་། ཆོས་ཀྱི་སྲོག་ཤིང་ནི་རབ་ཏུ་བསྒྲེང་། ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ནི་ཚོམ་པར་མཛད། ཉམ་བག་ཏུ་སྤྱོད་དུ་ནི་འཇུག་ཅིང་རེ་ཞིག་བཞུགས་སུ་གསོལ། གསོལ་བ་བཏབ་པའི་ཕུང་པོ་འདི་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཇི་ལྟར་བློན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་དེ་བཞིན་དུ། འདི་ཡང་ཡོངས་སུ་བསྔོའོ་ཞེས་བརྗོད་པར་བྱའོ། ཤཱ་རིའི་བུ་འདི་ནི་གསོལ་བ་གདབ་པའི་ཕུང་པོ་སྟེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གསོལ་བ་གདབ་པའི་ཕུང་པོ་འདིས་གསོལ་བ་འདེབས་ན། བསོད་ནམས་མང་པོ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ན། དེ་ནི་དེབས་ཆེས་བསོད་ནམས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ།། ཤཱ་རི་རི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་སྟེ། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་དང་མཉམ་པ་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་བཀའ་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་བཏབ་ན། དེ་ནི་དེ་བས་བསོད་ནམས་རྗེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་བཏབ་སྟེ། དགེ་བའི་རྩ་བ་དེས་ན་ང་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དྲང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་ཞེས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་བཏབ་བོ།། ཤཱ་རིའི་བུ་ངས་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་རིང་དུ་བཞུགས་པར་གསོལ་ཏེ། དགེ་བའི་རྩ་བ་དེས་ནང་མི་འཇིགས་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་སྟེ། ངའི་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཐམས་ཅད་མཁྱེན་པར་འགྱུར་པར་བགྱི་བའི་སླད་དུདགེ་བའི་རྩ་བ་རྣམས་ཇི་ལྟར་ཡོངས་སུ་བསྔོ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ།། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཚིག་འདི་སྐད་ཅེས་ཐོག་མ་དང་ཐ་མ་མ་མཆིས་པ་ནས། འཁོར་བ་ན་འཁོར་བའི་ཚེ། བདག་གིས་དགེ་བའི་རྩ་བ་མངོན་པར་འདུ་བགྱིས་པར་གྱུར་པ། སངས་རྒྱས་སམ། ཆོས་སམ། དགེ་བདུན་ནམ། གང་ཟག་གམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ། སེམས་ཅན་གཞན་དག་ལ་ཡང་རུང་སྟེ། ཟན་ཆང་གཅིག་ཙམ་སྩལ་བར་གྱུར་པ་གང་ལགས་པ་དང་། འཆགས་པ་གང་ལ་གས་པ་དང་། གསོལ་བ་གདབ་པ་གང་ལགས་པ་དང་། སྐྱབས་སུ་མཆི་བ་གང་ལགས་པ་དང་། བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སོ་སོར་འཆགས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང་། གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ་སེམས་དུལ་ཞིང་རྣམ་པར་གྲོལ་བ་དང་། གཟུང་བ་མ་མཆིས་པས་སེམས་ཅན་ཐམས་ཅད་ལ་སྩལ་ཏོ།། ཇི་ལྟར་དག་པའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་གཏང་བར་བགྱི་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བུས། ཇི་ལྟར་མཁྱེན་པ་དེ་ལྟ་བུས་བདག་གིས་དགེ་བའི་རྩ་བ་དེ་བཏང་ངོ་།། སེམས་ཅན་ཐམས་ཅད་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག། ནམ་མཁའི་མཛོད་དང་། ལོངས་སྤྱོད་ཟད་མི་ཤེས་པ་དང་། བསོད་ནམས་ཟང་མི་ཤེས་པ་དང་། ཆོས་ཟང་མི་ཤེས་པ་དང་། ཡེ་ཤེས་ཟད་མི་ཤེས་པ་དང་། སྤོབས་པ་བྲང་མི་ཤེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག། བདག་གིས་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ལ་སྩལ་བ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ། བཟླུམས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆིང་རྒྱ་བར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག། ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་དེ། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག། ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོ་བར་འགྱུར་བ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་པར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། ། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག། ཇི་ལྟར་ད་ལྟ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོ་བ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་པབར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་སྔོའོ།། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། ཤིན་ཏུ་དཀར་བ་ལ་བཞུགས་ནས། བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་། བལྟ་བར་བགྱི་བ་དང་། རྟོག་པར་བགྱི་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནམ་གྱི་ཐོ་རངས་སྐྱ་རེངས་འཆར་ཀར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ་འཆི་བ་མེད་པར་འགྲོ་བའི་ལམ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ། འོད་དཔག་མེད་དང་། འོད་མཆོག་དང་། འོད་དགེ་དང་། བསོད་ནམས་འོད་དང་། མི་འཁྲུགས་པ་དང་། སེང་གེ་དང་། འོད་ཟེར་བརྒྱ་པ་དང་། འོད་ཟེར་མཐོ་དང་། འོད་དྲ་བ་ཅན་དང་། རིན་ཆེན་འོད་འཕྲོ་དང་། འོད་འབར་དང་། སྣང་བའི་རྒྱལ་པོ་དང་། ཤིན་ཏུ་བརྒྱན་དང་། རིན་ཆེན་ཏོག་དང་། ཆོས་ཀྱི་རྒྱལ་མཚན་དང་། ཡན་ལག་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ཙམ་དུ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས།། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིག་ཅེས་བརྗོད་པར་བྱའོ། ། ཤཱ་རིའི་བུ་འདི་ནི་ཡོངས་སུ་བསྔོ་བའི་ཕུང་པོ་སྟེ། བསོད་ནམས་ཀྱི་ཕུང་པོ་སྔ་མྲ་ས། ཡོངས་སུ་བསྔོ་བའི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མདོ་འདི་ལེན་ཏམ། ཀུན་ཆུབ་པར་བྱེད་དམ། འཛིན་ཏམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་བསྐྱེད་དོ།། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། སྔ་ཕྱི་མེད་པར་མིའི་ལུས་ཐོབ་ནས་ཀྱང་རང་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་ངདག་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་བསྟི་སྟང་དང་ཕུ་དུད་བྱ་བའི་ཕྱིར། གོས་དང་། ཟ་ས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་ཇི་སྲིད་མ་ཚེའི་བར་དུ་བསྙེན་བཀུར་བྱས་ཏེ། རིམ་གྲོ་བྱ་བ་ལ་ལན་ཅིག་ཀྱང་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་གྱི་རིན་པོ་ཆེ་རྣམས་ཡོངས་སུ་ཟད་པར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ཏེ། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་ལས་འཕང་དུ་དཔག་ཚད་བཅུ་པར་བྱས་ཏེ། དེ་དག་ལ་གདུགས་དང་། རྒྱལ་མཚན་དང་། བདན་དང་། བདན་ཕྲ་མོ་རྣམས་ཀྱིས་མཆོད་པ་བྱས་ནས། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུམ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་མདོ་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འདོན་པར་བྱེད་དམ། ཀློག་གམ། སྐྱེ་བོ་མང་པོ་ལ་ཡང་དག་པར་རབ་ཏུ་སྟོན་ཏམ། བླ་ནི་མེད་པ་ཡང་དྲག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ན། དེ་ནི་དེ་བྲས་བསོད་ནམས་ཆེས་མང་དུ་སྐྱེད་དེ། བསོད་ནམས་ཀྱི་ཕུང་པོ་སྔ་མས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བ་སྒྲུབ་པ་འདི་ལ་གནས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདྲས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར་རོ། ། ཤཱ་རིའི་བུ་སྦྲོན་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ།། དེ་ནས་འཁོར་དེ་ལས་སྲོག་ཆགས་ཁྲི་སྟན་ལས་ལངས་ཏེ། སོ་སོ་ནས་བྲ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་མདོ་སྡེ་འདི་གཟུང་བར་བགྱིའོ།། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱིའོ།། བསྒྲུབ་པ་ལ་གནས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་དམ་པའི་ཆོས་དེ་ལྟ་བུ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་ཞིང་དོན་དུ་གཉེར་བ་ལགས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་ལྷའི་མེ་ཏོག་མནྡ་ར་བས་མངོན་པར་གཏོར་ཏོ།། མངོན་པར་གཏོར་ནས་ཀྱང་། ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་སྐྲུན་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཅེས་སྤྲས་བགྱིད་པ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེང་བཞིན་ནོ།། ཀོའུ་ཤི་ཀ་དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ངས་མངོན་པར་ཤེས་ཏེ། འདི་ནས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པར་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ཟ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་འབྱུང་ངོ་།། ལྷའི་དབང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོའི་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དྲུག་ཅུ་ཐུབ་པར་གྱུར་ཏོ། ། དེའི་ཉན་ཐོས་ཐོག་མ་འདུས་པ་ནི་བྱེ་བ་ཕྲག་འབུམ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཤ་སྟག་གོ། ། དེའི་ཉན་ཐོས་འདུས་པ་གཉིས་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཤ་སྟག་གོ། དེའི་ཉན་ཐོས་འདུས་པ་གསུམ་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཤ་སྟག་གོ། ལྷའི་དབང་པོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་དེ། ལྷ་དང་བཅས་པའི་འཇིག་རྟེན་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་དོན་གྱི་ཕྱིར་རྒྱུའོ། ། ལྷའི་དབང་པོ་དེའི་ཚེ་བུད་མེད་གངྒཱའི་ལྷ་མོ་ཞེས་བྱ་བ་ཞིག་འཁོར་འདུས་པ་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ་འདུག་པ་དེས་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་ཕུང་པོ་ཆེན་པོ་ལས་མངོན་སུམ་དུ་བཟུང་། ཀུན་ཆུབ་པར་བྱས། བླངས་ནས་སྐྱེ་བོ་མང་པོ་ལ་ཡང་དག་པར་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། ། དེར་ནས་ཤ་འཕོས་ནས་བུད་མེད་ཀྱི་ལུས་སྤངས་ཏེ། སྐྱེས་པའི་དབང་པོ་ཐོབ་ནས། རྟག་པར་རྒྱུན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལན་བརྒྱད་ཁྲི་བཞི་སྟོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་ནས། དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ཞེས་བྱ་བར་གྱུར་ཏོ།། ཀེའུ་ཤི་ཀ་འདི་ནས་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱན་ཆེས་སྟོན་ཏེ། ངས་ད་ལྟ་ན་ཡང་མཐོང་ངོ་།། ཀོའུ་ཤི་ཀ་སུ་དགྲ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེའི་མིང་ཐོས་པ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་ངེས་པར་འགྱུར་རོ། ། བུད་མེད་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེའི་མིང་ཐོས་སམ། འཆི་ཀར་ཡང་མངོན་སུམ་དུ་བྱེད་ན། དེ་ཉིད་བུད་མེད་དེའི་ལུས་ཀྱི་ཐ་མ་ཡིན་ནོ། ། ལྷའི་དབང་པོ་དེ་ལྟར་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་བསྒྲུབ་པ་དང་ལས་ཀྱི་སྒྲིབ་པ་སྒྲན་གཅོད་པ་གཅེས་སྨྲས་བྱེད་པ་ཡིན་ནོ། ། དེ་ནས་བཅོམ་ལྡན་འདས་ལ། སྐུ་དབང་པོ་བརྒྱ་བྱིན་གྱིས་འཇི་གད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀོའུ་ཤི་ཀ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་བར་ཟུང་ཞིག། འདི་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཞིག། འདི་སོམ་ཉི་གཅོད་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དཱ་ན་ཤྲཱི།
CLOSE WINDOW