Wylie | e-texts produced with ocr Programm |
། རྒྱ་བར་སྐད་དུ། སུ་སིདྡྷི་ཀར་མ་ཧཱ་ཏནྟྲ་ས་དྷ་ནོ་བ་མ་ཡི་ཀ་པ་ཌ་ལ། བོད་སྐད་དུ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་རིམ་པར་ཕྱེ་བ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་འཇམ་པའི་དབྱངས་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ།། དེ་ནས་རྡོ་རྗེ་འཆང་ལ་ཡང་།། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས།། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ། ཐལ་མོ་སྦྱར་ནས་འདི་སྐད་ཞུས།། བཅོམ་ལྡན་འདས་ལ་བདག་གིས་ནི།། རིག་པའི་རྒྱལ་པོ་དཀྱིལ་འཁོར་དང་།། མཐུང་ང་ཕ་རོལ་གནོན་པ་དང་།། འཁོར་གྱི་ཚོགས་འདི་ཐོས་ལྤགས་མ།། བཅོམ་ལྡན་ཇི་ལྟར་ཟློས་རྣམས་ལ། ། གསང་སྔགས་དུ་མར་རྣམ་བརྟགས་པའི།། དངོས་གྲུབ་མང་པོ་ཕྱེ་བ་དག། དེ་དག་མྱུར་དུ་གྲུབ་པར་འགྱུར།། གསང་སྔགས་མཚན་ཉིད་ཅི་འདྲ་ལ།། སློབ་དཔོན་མཚན་ཉི་ཇི་ལྟ་བུ།། སྒྲུབ་པ་པོ་ནི་ཅི་འདྲ་དང་། ། དེ་བཞིན་དུ་ནི་སྔགས་གཡོགས་གསུངས།། ཡུལ་ནི་ཇི་ལྟ་བུ་དག་བཞེད།། གནས་ནི་གང་དག་ལེགས་པ་གསུངས།། གསང་སྔགས་ཟློས་པའི་འདུལ་བ་དང་།། བསྡམ་པ་དག་ཀྱང་ཇི་ལྟ་བུ།། མེ་ཏོག་གང་དག་ཤིས་པ་དང་། ། དྲི་ནི་གང་དག་རབ་ཏུ་བསྒྲགས།། གཏོར་མའི་ལས་ཀྱི་ཆོ་ག་གང་།། བདུག་པ་མར་མེ་ཇི་ལྟ་བུ།། ཞི་དང་རྒྱས་དང་དྲག་སྤྱོད་པའི།། ལས་ཀྱི་དབྱེ་བ་ཅི་འདྲ་ལགས།། དངོས་གྲུབ་རབ་དང་འབྲིང་དང་ནི། ། ཐ་མ་ཡང་ནི་ཇི་ལྟ་བུ།། སྤྱན་དྲང་བ་ཡི་ཆོ་ག་དང་།། མཆོད་པ་ཡང་ནི་ངེས་པ་དང་།། སྲུང་བའི་ལས་ལ་སྦྱར་བ་དང་།། བཟླས་བརྗོད་བགྱི་བ་རྒྱ་ཆེར་གསུངས།། ཚིམ་པར་བྱ་དང་དབང་བསྐུར་དང་།། གསང་སྔག་སྟ་གོན་གནས་པ་དང་། ། ཡོངས་སུ་གཟུང་དང་བསྐང་བ་དང་།། གཟི་བྱིན་བསྐྱེད་པ་ཇི་ལྟ་བུ།། སྦྱིན་སྲེག་ལས་ཀྱི་ཆོ་ག་དང་།། སྒྲུབ་པའི་ཡན་ལག་ངེས་པ་དང་།། རྫས་ཀྱི་མཚན་ཉིད་རྒྱས་པ་དང་།། དེ་བཞིན་རྫས་ཀྱང་གཟུང་བ་དང་། ། སྦྱང་བར་བགྱི་བའི་ཆོ་ག་དང་།། དེ་བཞིན་ཚད་ནི་ངེས་པ་དང་།། དེ་དག་སྒྲུབ་པའི་ཆོ་ག་རྣམས།། མ་ལུས་པར་ནི་བསྒྲགས་པ་གང་།། བདག་དང་ཟློས་ལ་ཐུགས་བརྩེའི་ཕྱིར། དེ་སུན་བཅོམ་ལྡན་འདས་ཀྱིས་གསུངས།། དངོས་གྲུབ་རྫས་ཀྱི་སྲུང་བ་དང་།། ཇི་ལྟ་བུར་ཡང་བསྒོ་བ་དང་།། སྤྱད་པར་བགྱི་བ་ཆོ་ག་ཡི།། ངེས་པར་གཙོ་བོས་བདག་ལ་གསུངས། ཕྲོག་པ་སླར་ཡང་དགུགས་པ་དང་།། བསྲུང་ཞིང་ཕྱིར་ཡང་བཟློག་པ་དང་།། བགེགས་རྣམས་ཀྱི་ནི་སྔ་ལྟས་དག། རྒྱ་ཆེར་བདག་ལ་བཀའ་སྩོལ་ཅིག། དངོས་གྲུབ་ལས་ལ་དབང་བསྐུར་དང་།། དཀྱིལ་འཁོར་གང་དག་སྐྲག་པ་དང་། ། གཞན་ཡང་གསང་ཆེན་མ་ལུས་པར།། དེ་དག་རྒྱ་ཆེར་བཀའ་སྩོལ་ཅིག། བྱ་བའི་ཆོ་ག་འདིར་འཚལ་བའི།། ཕྱག་རྒྱ་གང་ལགས་གསང་སྔགས་དང་།། དངོས་གྲུབ་སྒྲུབ་པའི་མཚན་མ་དང་། ། ཟློས་པའི་རྨི་ལམ་གང་ལགས་པ།། སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར།། དེ་དག་མྱུར་དུ་བདག་ལ་གསུངས།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། རིག་སྔགས་འཆང་ཀུན་གྱིས་བསྟོད་པ།། བརྩོན་ཆེན་ཁྲོ་བ་ཆེན་པོ་ལ། ། གཟི་ཆེན་གྱིས་ནི་བཀའ་སྩལ་པ།། གང་ཕྱིར་ང་ལ་འདི་དྲིས་པ།། ཁྲོ་བོ་ཆེན་པོ་ལེགས་སོ་ལེགས།། དེ་ཕྱིར་རྩེ་གཅིག་ཡིད་ཀྱིས་ནི།། བཟང་པོ་ཆོ་ག་མཆོག་ཀུན་ཉོན།། རིག་པའི་རྒྱལ་པོ་བརྩོན་འགྲུས་ཆེ། ། དྲག་ལ་ནིས་ཀྱང་མི་བརྫི་བ།། ལེགས་པར་གྲུབ་བྱེད་ཅེས་བྱ་བ།། གསང་སྔགས་ལས་ནི་ཐམས་ཅད་པ།། སྔགས་རྒྱུད་འདི་ནི་མ་ལུས་པར།། སྒྲུབ་ཅིང་དེ་བཞིན་སྟོན་པར་བྱེད།། འདི་དང་ལྡན་པར་གསྡང་སྔགས་རྣམས། ། བསྙེན་ནས་མྱུར་དུ་འགྲུབ་པར་འགྱུར།། འདི་ནི་རིགས་རྣམས་ཐམས་ཅད་ཀྱི།། རིག་པའི་རྒྱལ་པོ་མཐུ་ཆེན་ཡིན།། བསྲུང་དང་ཕྱིར་བཟློག་ལ་སོགས་དང་།། མཆོད་དང་ཚིམ་པར་བྱ་བ་ཡི།། ལས་ཀུན་ལ་ནི་རིརི་སྦྱོར་བྱེད།། འདི་ནི་སྟོན་ཅིང་གཞན་བསྐུལ་འདེབས།། གསང་སྔགས་ཐམས་ཅད་འགྲུབ་པར་བྱེད།། ཡང་ན་དེ་ཡི་སྙིང་པོ་ན།། ཧཱུཾ་གསུམ་དང་ནི་ལྡན་པ་ཡིས།། རྒྱུད་ལས་གསུངས་པའི་ཆོ་ག་གཞིན་མཁས་པས་སྲུང་ལ་སྲོག་ལ་སྦྱར། ། སྒྲུབ་པ་པོ་ཡིས་དངོས་གྲུབ་ཀྱང་།། རྒྱུད་རྣམས་མཐོང་ནས་ཐོགས་མར་ནི།། དངོས་གྲུབ་རབ་འབྲིང་ཐ་མ་ཡི།། གསང་སྔགས་བྱེ་བྲག་རྣམ་ཤེས་བྱ།། གང་ཕྱིར་རིགས་ནི་གསུམ་པོ་ཡང་། ། དཀྱིལ་འཁོར་འདིར་ནི་ཀུན་ཏུ་འདུས།། དེ་བས་དེར་གསུངས་སྔགས་རྣམས་ཀྱི།། ཆོ་ག་ཐམས་ཅད་བཤད་པར་བྱ།། བདེ་བར་གཤེགས་པས་ཞི་བར་བྱ།། རྒྱས་པ་པདྨའི་རིགས་སྐྱེས་ཀྱིས།། རྡོ་རྗེ་རིགས་སྐྱེས་གསང་སྔགས་ཀྱིས། ། དྲག་ཤུལ་སྤྱད་པ་ལས་རྣམས་བྱ།། རོ་སྟོད་ལས་བྱུང་མཆོག་ཡིན་ཏེ།། ལྟེ་བ་མན་ཆད་ཐ་མ་ཡིན།། བར་གྱི་ལུས་ལས་བྱུང་བ་ཡི།། དངོས་གྲུབ་རབ་འབྲིང་ཐ་མ་ཡང་།། རྣམ་པར་རྟོག་པའི་མཐུ་དག་ལས། དངོས་གྲུབ་རྣམ་པ་གསུམ་རྣམས་སུ།། གསང་སྔགས་ཆོ་ག་མཁས་པས་བཤད།། མཁས་པས་རིགས་ནི་གསུམ་ཆར་ལའང་།། རབ་ལ་སོགས་པ་བསྟན་པ་དང་།། ཞི་བ་ལ་སོགས་བྱེ་བྲག་གིས།། ལས་ནི་རྣམ་པ་གསུམ་དུ་བྱ། ། དེ་ལ་དངོས་གྲུབ་རབ་ལ་ནི།། རིག་སྔགས་བདག་པོ་ཡིན་པར་བཤད།། མཁས་པ་ཤིན་ཏུ་ཐ་མ་ལ།། མངག་གཟུགས་ལ་སོགས་ཤེས་པར་བྱ།། ཞི་བ་དང་ནི་རྒྱས་པ་དང་།། གང་ཡང་དྲག་ཤུལ་སྤྱོད་པ་དག། རིགས་གསུམ་ལ་ཡང་དེ་དག་ཀུན།། གསང་སྔགས་དབྱེ་བས་ཤེས་པར་བྱ།། རིག་སྔགས་རྒྱལ་པོས་རྒྱས་པར་བྱ།། ཁྲོ་བོ་རྣམས་ཀྱིས་དྲག་ཤུལ་སྤྱད།། སྤྱན་ལ་སོགས་པས་ཞི་བ་བྱ།། རང་བཞིན་གསུམ་གྱི་ཆོ་ག་ཡིན། ། གསང་སྔགས་ཚིག་དང་ཡི་གེ་ཡིས།། མ་སྨོས་པ་ཡང་ཤེས་བྱ་ཞིང་།། ལས་གང་སུལ་བར་བྱེད་པའི་སྔགས།། ལས་དེ་སྒྲུབ་པར་ཤེས་པར་བྱ།། ཞི་བས་ཞི་བའི་ལས་རྣམས་བྱ། ། མཐུ་དང་ལྡན་པས་གསང་སྔགས་ཀྱི།། དེ་བཞིན་རྒྱས་པའི་ལས་རྣམས་སྤྱད།། དྲག་པོས་དྲག་ཤུལ་སྤྱད་པར་བྱ།། ཁྱད་པར་དུ་ནི་ཞི་བའི་ལས།། རྒྱལ་བས་གསུངས་པས་ཞི་བ་བྱ།། དཔལ་སྡོམ་རྒྱུད་ལས་གསུངས་པ་ཡི།། རྒྱས་པའི་ལས་རྣམས་བྱ་བར་ཤིས།། ཁྲོ་བོ་དྲག་ཤུལ་ཅན་དག་གིས།། དེ་ལ་སོགས་པ་བསྟན་པ་ཡིས།། ལས་ནི་རྣམ་པ་གསུམ་དུ་བསྒྲགས།། གསང་སྔགས་མ་པོ་ཕལ་ཆེར་ནི། ། བསྐུལ་བའི་ཚིག་དང་ལྡན་པས་ན།། དེ་དང་དེ་ཡི་ལས་རྣམས་ནི།། དེ་དག་ཉིད་ཀྱིས་རབ་ཏུ་བྱ།། རིག་སྔགས་རྒྱལ་པོ་བཅོམ་ལྡན་འདས།། ལེགས་པར་གྲུབ་བྱེད་ཅེས་བྱ་བ།། དེ་ཉིད་དཔལ་ལྡན་ཆེན་མོ་སྟེ། ། ཁྱད་པར་དུ་ནི་ལས་ཀུན་བྱེད།། རིག་སྔགས་འཆང་ཀུན་གྱིས་མཆོད་པ།། དཔལ་ལྡན་རྡོ་རྗེ་འཆང་དེ་ཉིད།། རིག་སྔགས་རྒྱུད་རྣམས་ཐམས་ཅད་དག། སྟོན་ཅིང་དེ་བཞིན་སྒྲུབ་པར་བྱེད།། དེ་ཡི་ཕོ་ཉ་། ཆུང་དང་།། ཁྲོ་བོ་གསང་སྔགས་ཕྱག་བརྙན་བཅས།། འཁོར་ནི་རྣམ་པ་སྣ་ཚོགས་ཀྱང་།། ཕ་རོལ་ནོན་པ་རྨད་དུ་གྲགས།། ལྷ་ཡི་ཡང་ནི་གྷ་འདི་ཡི།། གསང་སྔགས་མང་པོ་གང་གསུངས་པ།། གཟི་བརྗིད་ཆེ་ཞིང་ཁྱད་པར་འཕགས། ། དེ་ཀུན་ལས་རྣམས་ཐམས་ཅད་བྱེད།། རྒྱལ་དང་པདྨའི་རིགས་འདིར་ཡང་།། འདི་ཉིད་རྒྱལ་པོར་བསྐོས་པའི་ཕྱིར།། དམ་པར་ཡིན་པར་ཤེས་བྱ་སྟེ།། འདི་དང་མཚུངས་པ་གཞན་མེད་དོ། ། གསང་སྔགས་ཡི་གེ་ཉུང་ངུ་མ།། གང་དག་སཱཿོཾ་ལྡན་པའང་།། ཞི་བའི་ལས་རྣམས་ཐམས་ཅད་ནི།། དེ་ཡིས་དེ་དག་བྱུར་དུ་བྱེད།། ཧཱུ~ཾ་དང་བཅས་ཤིང་ཕཅཝ་དང་བཅས།། གང་དགར་དང་དཀན་། ཆགས་མང་།། གསང་སྔགས་དེ་དག་དྲག་སྤྱོད་ལ།། མཁས་པས་ཀུན་ཏུ་སྦྱར་བར་བྱ།། མཁས་པས་དེ་ལས་གཞན་པའི་སྔགས།། དོན་དང་ཚིག་ནི་ཞིང་ལྡན་པས།། རྒྱས་པའི་ལས་ནི་ཐམས་ཅད་ལ།། ལེགས་པར་རབ་ཏུ་སྦྱར་བ་བྱ། ། གདོན་ལ་སོགས་དབབ་ལས་ལ་ནི།། མཁས་པས་ཕོ་ཉ་སོགས་པས་བྱ།། གསང་སྔགས་གང་དག་དེའི་ལས་བྱེད།། དེ་དག་དེ་དང་དེར་སྦྱར་རོ།། ལས་ཀུན་བྱེད་པའི་གསང་སྔགས་ཀྱི།། ཆོ་ག་ཞིབ་མོ་རྒྱས་གསུངས་པར།། ཐོག་མར་ལས་ནི་གང་སྨོས་པ།། དེ་ནི་གཙོ་བོ་ཡིན་པར་བསྟན།། གླེང་གཞིའི་དབང་དུ་མཛད་ནས་ནི།། གསང་སྔག་གང་དག་གསུངས་གྱུར་པས།། དེ་ཉིད་དེ་ལ་གཙོ་བོར་བསྟན། ལྷག་མ་གཞན་དུ་ཤེས་པར་བྱ།། རིགས་དང་རང་བཞིན་མཐུ་རྣམས་དང་།། ལས་ཀྱང་རྣམ་པར་སྤྱད་ནས་ནི།། རང་གི་ཡིད་དང་མཐུན་པ་ཡི། གསང་སྔགས་ལ་ནི་བསྙེན་པ་བརྩམ།། གསང་སྔགས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ། ། ། དེ་ནས་གཞན་ཡང་གཞུང་དག་ལས།། ཆོ་གའི་རྩ་བར་འདོད་པ་ཡི།། སློབ་དཔོན་གྱི་ནི་མཚན་ཉིད་དང་།། ཇི་སྐད་བསྟན་པ་དེ་བཤད་དོ།། ཡན་ལག་ཐམས་ཅད་མཚན་དང་ལྡན། ། དཔལ་ལྡན་གཙུག་ལག་རྣམས་ལ་མཁས།། ཆོས་ལ་གཅིག་ཏུ་དགའ་བ་དང་།། རང་གི་བསླབ་པ་ལ་ཡང་གནས།། དེས་ལ་འགྲོགས་ན་བདེ་བ་དང་།། སྙིང་རྗེའི་བདག་ཉིད་བརྩེ་བ་ཅན།། ཆོ་རིགས་བཙུན་ཞིང་ངརྒྱལ་མེད། ། ཐོ་ལྡན་སྔ་མཁས་བཟོད་པ་ཆེ།། ཐེག་ཆེན་དོན་ལ་ཞུགས་པ་དང་།། ཟབ་མོའི་དོན་ལ་ལྷག་པར་མོས།། ཁ་ན་མ་ཐོ་ཆུང་ངུ་ལའང་།། འཇིགས་པར་ལྟ་ཞིང་ལེགས་བསྡམས་པ། ། གཟུང་ལ་སོགས་པའི་མདོ་སྡེ་རྣམས།། ཀློག་པ་ལ་ནི་ལྷག་པར་བརྩོན།། གསང་སྔགས་སྤྱོད་ལ་བརྩོན་པ་དང་།། གཙུག་ལག་མན་ངག་ལེགས་པར་བསྒོམ།། ལས་རྣམས་འགྲུབ་ཅིང་བཟླས་བརྗོད་ཅམ། ། དཀྱིལ་འཁོར་རྣམས་ཀྱི་ལས་ལ་མཁས།། སྡུག་ཅིང་ལེགས་པར་འགྱེད་པ་དང་།། ཆེན་པོ་འདོད་ཅིང་འཇུངས་དང་བྲལ།། དཀྱིལ་འཁོར་ཆེན་པོ་དག་ཏུ་ནི།། བླ་མས་ཚུལ་བཞིན་དབང་བསྐུར་ཞིང་། ། བླ་མ་ལ་ནི་ལུང་ཐོབ་པ།། དེ་ནི་སློབ་དཔོན་ཡིན་པར་བཤད།། དེ་ཉིད་ཀྱི་ནི་ཆོ་ག་བཞིན།། དམ་ཚིག་ལ་སོགས་དཀྱིལ་འཁོར་བྲི།། གསང་སྔགས་རྣམས་ཀྱི་ཆོ་ག་གང་།། དེ་ཉིད་ཀྱི་ནི་བསྟན་པར་འོས།། དེ་ཡིས་བསྟན་པའི་གསང་སྔགས་ཀུན།། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར། གཞན་དུ་ན་ནི་བསྙེན་བྱས་ཀྱང་།། བཟླས་བརྗོད་ཐམས་ཅད་འབྲས་བུ་མེད།། ཇི་ལྟར་དཀོན་མཆོག་གསུམ་དག་དང་།། རྒྱལ་བའི་སྲས་ལ་ལྟ་བ་ལྟར། ། ཟློས་པས་བླ་མ་མཐུ་ཆེན་ལ།། དེ་ལྟར་བལྟ་ཞིང་བཀུར་སྟི་བྱ།། དེ་ནི་ཀུན་ལ་སྐུལ་བར་བྱེད།། སྐྱབས་ལ་སོགས་པ་ཡོངས་སུ་འཛིན།། དེ་ནི་དགེ་བའི་ཕྱོགས་རྣམས་དང་།། མངོན་པར་འཐོབ་པ་ཀུན་གྱི་རྒྱུ། སློབ་དཔོན་རྟེན་དང་དངོས་གྲུབ་ནི།། ཁྱད་པར་ཅན་ཡང་མྱུར་དུ་སྐྱེ།། བྱང་ཆུབ་འབྲས་བུའི་བར་དུ་ཡང་།། དེ་ཉིད་རྒྱུ་ཞེས་རབ་ཏུ་གསུངས།། རིམ་གྲོ་ལ་སོགས་བསྙེན་པ་ཡིས།། དེ་ནི་ནམ་ཞིག་མགུ་གྱུར་པ། ཚེ་གསང་སྔགས་རིག་སྔགས་རྣམས།། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར།། སློབ་དཔོན་གྱི་མཚན་ཉིད་རིམ་པར་ཕྱེ་བའོ།། ། དེ་ནས་གསང་སྔགས་ཟློས་པའོ།། བྱ་བའི་ཆོ་ག་ལ་བརྩོན་པ། ། ཇི་ལྟ་བུ་ཡིས་མྱུར་འགྲུབ་པའི།། མཚན་ཉིད་གཞན་ཡང་བཤད་པར་བྱ།། གཙང་ཞིང་དུལ་ལ་བརྟན་པར་ལྡན།། མ་འཇུངས་བློ་ལྡན་གཡེར་བག་ཆེ།། སྨྲ་མཁས་མི་འཇིགས་ཤེས་ཉེན་ཅན།། བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། ། ནད་མེད་པ་ལ་བདེན་པར་སྨྲ།། གཟོ་ཞིང་བཤོར་ལ་དར་ལ་བབ།། དེ་བཞིན་ཡན་ལག་ཚང་བ་ཡི།། བློ་ལྡན་དེས་ནི་འགྲུབ་པར་ཤིས།། དཀོན་མཆོག་གསུམ་ལ་གང་དད་ཅིང་།། ཐེག་པ་ཆེན་པོ་ལ་ཡང་སྒོམ། ། དགེ་བའི་ཕྱོགས་ལ་བརྩོན་འགྲུས་ཅན།། དེ་ལ་རིག་སྔགས་མྱུར་དུ་འགྲུབ།། གང་ཞིག་བྱང་ཆུབ་སེམས་དཔའ་དང་།། གསང་སྔགས་གུས་ཤིང་རིམ་གྲོ་ཆ།། སེམས་ཅན་ཀུན་ལ་སྙིང་བརྩེ་ཅན།། དེས་ནི་རིག་སྔགས་འབྲས་བུ་ཐོབ། ། གཅིག་པུར་དབེན་པར་དགའ་བ་དང་།། བདེན་པར་སྨྲ་ཞིང་གཙང་སྦྲ་ཆེ།། ཞི་བ་ཡིད་ནི་མི་གེ་ཡང་བ།། རིག་སྔགས་དངོས་གྲུབ་ཐོབ་པར་འགྱུར།། གང་ཞིག་རྡོ་རྗེ་འཆང་བ་ཡིས།། མཐུ་ཆེན་ཐོས་སོ་ཅོག་ན་ཡང་། ། ཕྱིར་ཞིང་དགའ་བྱེད་དེའི་ལག་ན།། དངོས་གྲུབ་ཐམས་ཅད་མྱུར་བར་གནས།། ཟས་དང་སྟན་དང་མལ་ཆ་ལ།། བྱ་བ་ཉུང་ཞིང་འདོད་ཆེན་ཆུང་།། བརྩོན་ཞིང་ངལ་ནི་མི་ཤེས་པ།། དེས་ནི་ངེས་པར་འགྲུབ་པར་འགྱུར། ། ཆོ་ག་རྒྱས་པར་ཀློག་པ་ན།། གང་ཞིག་ཡིད་ནི་དགའ་འགྱུར་བའམ།། ཡང་ན་བ་སྤུ་ལྡང་འགྱུར་བ།། དེ་ནི་རིག་སྔགས་འབྲས་བུའི་སྣོད།། གང་ཞིག་དེ་དང་དེར་བཤད་དེའི།། རང་ཞིན་གྱུར་ཅིང་ཆགས་སྤངས་ལ། ། རྨི་ལམ་ན་ཡང་དངོས་གྲུབ་མཐོང་།། དེ་ལ་ཡང་ནི་དངོས་གྲུབ་ཡོད།། རིག་སྔགས་དམ་ཚིག་འཆད་པ་ཡི།། བླ་མ་ལ་ནི་སྟོན་པ་བཞིན།། གང་ཞིག་གུས་སེམས་ཤེས་རབ་ཅན། ། དེ་ཡི་ལག་ན་དངོས་གྲུབ་གནས།། བརྩམས་ཏེ་འབྲས་བུ་མེད་གྱུར་ཀྱང་།། གང་ཞིག་རིག་སྔགས་མི་གཏོང་ལ།། ཡིད་ཀྱང་སྐྱོ་བར་མི་འགྱུར་བའི།། བློ་ལྡན་དེས་ནི་དངོས་གྲུབ་ཐོབ།། སྒྲུབ་པ་པོའི་མཚན་ཉིད་རིམ་པར་ཕྱེ་བའོ། ། །། དེ་ནས་གཞན་ཡང་སྒྲུབ་པ་པོའི།། བྱ་བའི་ཆོ་ག་དག་ལ་ཡང་།། ཇི་ལྟ་བུ་དག་ཤིས་པ་ཡི།། སྔགས་གཡོག་དག་གི་མཚན་ཉིད་བཤད།། རིགས་བཙུན་ཆོས་སྤྱོད་དང་བ་ཅན། ། སེམས་སྟོབས་ཆེ་ལ་རྩོལ་ཕོད་པ།། བདེན་པར་སྨྲ་ཞིང་གུས་པ་ཆེ།། ཡན་ལག་མ་ཉམས་མ་སྨད་པ།། ཧ་ཅང་མི་རིང་མི་སྦོམ་ལ།། སྐེམ་པོ་མ་ཡིན་མེའུ་ཐུང་མིན།། ཧ་ཅང་ཁ་དོག་གཅིག་མིན་པའི། ། ནད་མེད་སྔགས་གཡོགས་རབ་ཏུ་ཤིས།། སྡུག་བསྔལ་ཐམས་ཅད་བཟོད་ཅིང་བརྟམ།། ལས་རྣམས་ཀུན་ལ་རབ་ཏུ་བཟོ།། བཟོད་དང་ལྡན་ཞིང་དཀའ་ཐུབ་ཅན།། རྗེས་སུ་མཐུན་ཞིང་དགའ་བར་སྨྲ།། བློ་ལྡན་དྲང་ཞིང་ང་རྒྱལ་མེད། ། ཕན་ཚུན་འགྲན་པ་དག་ཀྱང་སྤངས།། མཁས་ཤིང་བྱང་ལ་བྱམས་པ་ཅན།། དྲན་པ་ལྡན་ཞིང་གཏོང་ཡང་ཕོང་།། གསང་སྔགས་རིག་སྔགས་དབྱེ་བ་ཤེས།། གསང་སྔགས་བཟླས་ཤིང་ཤེས་རབ་རྣོ།། སྲུང་ལ་སོགས་པའི་ལས་རྣམས་ལ། ། མཁས་པ་སྔགས་ཀྱི་གཡོག་ཏུ་གཟུང་།། ལེགས་པར་བསྡམས་ཤིང་དམ་ཚིག་ཤེས།། བསྟན་པ་ལ་ནི་དགའ་བ་དང་།། བཟླས་བརྗོད་བྱེད་པའི་བརྡ་ཤེས་པ།། དད་པ་དེ་ནི་གྲོགས་སུ་འདོད། ། བསམ་པ་བཟང་ཞིང་མི་སྐྱོ་ལ།། མ་གྲུབ་བར་དུ་མི་གཏོང་ཞིང་།། སེམས་སྟོབས་ཆེ་བའི་གྲོགས་བསྟེན་ན།། ཟློས་པ་པོས་ནི་འགྲུབ་པར་འགྱུར།། ལོངས་སྤྱོད་ཆེན་པོ་དག་ལ་ཡང་། གང་ཞིག་ཆགས་པ་མེད་པ་དང་།། གུས་ཤིང་ཕན་པར་སྤྲོ་བ་ཅན།། དེ་ཡིས་གྲོགས་པོར་ཡོངས་སུ་བསྒྲགས།། དངོས་གྲུབ་ཀྱི་ནི་རྫས་དག་གིས།། གཞན་གྱིས་རབ་ཏུ་བྲིད་གྱུར་ཀྱང་།། ཆུ་གང་གིས་ནི་མི་གཏོང་བ། དེ་ནི་གྲོགས་པོ་ནུས་པར་ཤེས།། གང་ཞིག་གྲུབ་པའི་བར་དུ་ནི།། དོགས་པ་མེད་པར་འགྲུབ་པ་ལ།། བྱམས་པར་ཡང་ནི་བྱེད་འགྱུར་བ།། དེས་ནི་གཡོགས་པོ་ནུས་པ་ཡིན།། ཡུན་རིང་དུ་ནི་འབྲས་མེད་དམ།། འཚེ་བ་རྣམ་པ་སྣ་ཚོགས་ཀྱིས། ། གང་ཞིག་སྐྱོ་བར་མི་འགྱུར་ལ།། དེ་ནི་གཅིག་པུ་གཡོག་ཡིན་ནོ།། སྒྲུབ་པའི་གྲོགས་མཆོག་ཡོན་ཏན་ཡང་།། དེ་ལྟ་བུར་ནི་ཤེས་པར་བྱ།། ཁྱད་པར་དུ་ནི་རྒྱུད་རྣམས་དང་།། དཀྱིལ་འཁོར་དག་ལ་དེ་མཁས་པའོ། ། བློ་ལྡན་གང་ཞིག་སྒྲུབ་པ་བས།། ཡོན་ཏན་གང་གིས་ལྷག་གྱུར་པ།། སྒྲུབ་པ་ལས་ཀྱི་ལྤགས་རྣམས།། དེ་ནི་གཅིག་པུས་བྱེད་པ་ནུས།། དབང་བསྐུར་ཆོ་ག་སྦྱིན་སྲེག་དང་།། དྲི་ལ་སོགས་པ་གས་བ་དང་། ། གང་དག་སྲུང་ལ་སྲོགས་པའི་ལས།། དེ་དག་བློ་ཅན་དེ་བྱའོ།། དེས་ནི་ཕྱི་ནང་ཐམས་ཅད་ཀྱི།། སྤྱད་པར་བྱ་བ་གཅེས་པ་ཡང་།། རྒྱུད་ལས་གསུངས་པའི་ཆོ་ག་ཡིས།། ལེགས་པར་རྫོགས་པ་ཉིད་དུ་བྱ། སྒྲུབ་པའི་ལས་ནི་ནར་མ་ལ།། ཉམས་པར་གྱུར་པ་ཡོད་ན་ཡང་།། དེ་ཡི་བྱ་བ་ལ་དམིགས་ནས།། དེ་ནི་དེ་ལ་འཇུག་པར་བྱ།། རྫས་ཀྱི་ལས་རྣམས་གཞན་ལ་ཡང་།། ཅིནས་བར་ཆད་མི་འབྱུང་བར།། རང་གི་གཟེངས་བསྟོད་བྱ་བ་འམ། ། རྫས་ལ་བྲམ་ཞིང་ཅི་ནས་ཀྱང་།། ཟློས་པ་གཙང་སྦྲ་ཅན་གྱིས་ནི།། བཟླས་བརྗོད་གཏང་བའི་དུས་ན་ཡང་།། དེ་ཡིས་དེ་ཡི་སྔགས་བཟླས་པ།། རྟག་པར་རབ་ཏུ་བརྩོན་པར་བྱ། ། གྲོགས་པོ་ཡིས་ནི་སྒོམ་པ་ལ།། མི་སྨྲ་བརྟུལ་ཞུགས་མི་སྤྱོད་དོ།། དེ་ཡི་བསྡམས་པ་དེ་དག་པས།། དེ་ཕྱིར་རབ་ཏུ་འཇུག་པར་བྱ།། དེ་ཡི་ཁ་ཟས་གང་ཡིན་པ།། དེ་ཡི་རྗེས་སུ་སློབ་པས་བཟའ།། སློབ་དཔོན་མཚན་ཉིད་སྒྲུབ་པ་དང་།། སྔགས་གཡོག་རྣམས་ཀྱི་མཚན་ཉིད་ནི།། གང་དག་གསུངས་པ་དེ་དག་ཉིད།། སྒྲུབ་པའི་གྲོགས་མཆོག་ཡོན་ཏན་དེའོ།། སྔགས་གཡོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་སྒྲུབ་པ་པོ།། ཡུལ་གང་དག་ཏུ་གནས་ནས་ནི།། དངོས་གྲུབ་མྱུར་ཐོབ་འགྱུར་བ་ཡི།། གནས་ཀྱི་མཚན་ཉིད་བཤད་པར་བྱ།། གང་དུ་བདུད་བཞི་བཏུལ་ནས་ནི།། བཅོམ་ལྡན་མངོན་པར་སངས་རྒྱས་རྣམས། ། རྨད་བྱུང་གོ་འཕང་བརྙེས་འགྱུར་བ།། དངོས་གྲུབ་མང་པོ་ཀུན་གྱི་མཆོག། ཆུ་བོ་ནེ་རཉྫ་ནའི་འགྲམ།། ཡིད་དུ་འོང་ཞིང་འཚེ་མེད་པ།། དེ་ཡི་དངོས་གྲུབ་ཞིང་མཆོག་ཏུ།། བཅོམ་ལྡན་འདས་ནི་ཉིད་ཀྱིས་གསུངས། ། དེར་ནི་བདུད་རྣམས་མང་པོས་ཀྱང་།། གནོད་པར་བྱ་བར་མི་ནུས་ཏེ།། དེ་བས་དེར་ནི་ལས་རྣམས་ཀུན།། སྒྲུབ་པ་པོས་ནི་བརྩིས་ཏེ་བརྩམ།། གང་དུ་ཆོས་རྣམས་བསྟན་པ་དང་།། ཐུབ་པའི་ཞི་བར་གཤེགས་པ་དང་། ། སེམས་ཅན་སྨིན་པར་བྱ་བའི་ཕྱིར།། གང་དུ་སྐྱེ་བ་བསྟན་པ་ཡིན།། གནས་དེར་དངོས་གྲུབ་རྣམ་གསུམ་དུ།། ཡོངས་སུ་བསྒྲགས་པ་གང་ཡིན་དེ།། བརྟན་ཞིང་མྱུར་ལ་བགེགས་རྣམས་ནི།། ཞི་བར་ཡང་ནི་འགྱུར་བ་ཡིན། ། སངས་རྒྱས་རྣམས་དང་དེའི་སློབ་མ།། སྐལ་བ་ཆེན་པོ་བཞུགས་བཞུགས་པ།། བསོད་ནམས་ཅན་གྱི་གནས་གང་ཡང་།། དེར་ཡང་འགྲུབ་པར་ཡོངས་སུ་བསྒྲགང་། དྷ་མིག་སྣ་ཚོཀྲ་དང་ལྡན་ཞིང་། ། ལྗོན་ཤིང་རྣམ་པ་མང་པོས་བརྒྱན།། མེ་ཏོག་འབྲས་བུ་མོད་པའི་རི།། དངོས་གྲུབ་ཕྱིར་ནི་ཡོངས་སུ་བསྒྲགས།། དགོན་པ་དག་གི་ཕྱོགས་གང་ན།། མེ་ཏོག་འབྲས་བུ་ཆུ་མང་ཞིང་།། ཡིད་ཀྱང་མངོན་པར་དགའ་འགྱུར་བ། ། དེ་དག་ཏུ་ནི་དངོས་གྲུབ་བཤད།། རྩཝ་གནས་གང་ན་རི་དགས་ཚོགས།། བཀྲ་ཤིས་དགའ་གུར་སྤྱོད་པ་དང་།། གདུག་པའི་སྦྲུལ་རྣམས་མེད་པ་ཡི།། གནས་དེ་ཟློས་པ་རྣམས་ལ་པ་མ།། གང་ན་ལུས་ཅན་རྣམས་ལ་ནི། ། ལྷགས་པ་ལ་སོགས་གནོད་མེད་ལ།། ཤིན་ཏུ་ཡང་ནི་དགའ་འགྱུར་བ།། གནས་དེ་དངོས་གྲུབ་ཕྱིར་བསྟན་ནོ།། ཐེལ་སྡིངས་ཟོམ་དང་རི་རྩེ་དང་།། རི་འོར་གཡའ་ཆུ་སིལ་མ་ཅན།། ཁྱད་པར་དུ་ནི་ལྡན་པའི་རི། ། ལྷག་པར་དངོས་གྲུབ་ཕྱིར་བསྟན་ཏོ།། ནེའུ་གསིང་ཉམས་དགའ་མང་པོ་དང་། མེ་ཏོག་མང་ཞིང་ཡམ་སྲེག་ཤིང་།། གནས་གང་དག་ན་ཡོད་པ་ཡི།། གནས་དེ་དངོས་གྲུབ་ཕྱིར་བསྒྲགས་སོ།། རིང་བསྲེལ་ཅན་གྱི་མཆོད་རྟེན་དང་།། རི་བོ་རྣམས་དང་མཚོ་འགྲམ་དང་།། རི་བོ་རྣམ་པ་སྣ་ཚོགས་དང་།། ནགས་ཚལ་རྒྱུན་ལུགས་མེད་པ་དང་།། དུ་བ་ཡོད་པའི་དུར་ཁྲོད་དང་།། འབབ་ཆུ་དག་དང་མཚེའུ་དག་དང་།། ཆུ་ཀླུང་འགྲམ་ན་ཉམས་དགའ་བར། ། ཕྱུགས་ལྔས་གསིང་མ་སྔོན་པོ་དང་།། ལྗོན་ཤིང་ཀུན་ནས་ཟླུམ་པ་དང་།། མཚན་གཅིག་ལམ་གྱི་བཞི་མདོ་དང་།། རྫིང་དང་ལུ་མར་བཅས་པ་དག།། དངོས་གྲུབ་ཕྱིར་ནི་ཡོངས་སུ་བསྒྲགས། ཡུལ་ནི་གང་དང་གང་དག་དང་།། མི་ཡི་གཙོ་བོས་ཀུན་སྤྱད་པར།། ཁྱད་པར་དུ་ནི་འགྲུབ་གསུངས་ཕྱིར།། དེར་ནི་ངེས་པར་འགྲུབ་པར་འགྱུར།། གང་དང་གང་ནས་སངས་རྒྱས་ཀྱི།། བསྟན་པ་རྣམས་ནི་མཆོད་པ་ཡི། ། ཡུལ་དེ་དངོས་གྲུབ་ཕྱིར་གསུངས་ཏེ།། གཞན་དག་ཡོན་ཏན་ཆུང་ཞེས་བྱ།། གང་དང་གང་ན་སྐྱེ་བོ་ནི།། དགེ་ཞིང་འཕགས་པ་མངབ་དག། དེ་དང་དེར་ནི་འགྲུབ་འདོད་པའི།། སྒྲུབ་པ་པོ་དེས་ས་དེར་གནས། ། ཇི་ལྟར་དཀྱིལ་འཁོར་དག་གི་གནས།། རིགས་ཀྱི་བྱེ་བྲག་ཡོན་ཏན་ལས།། རྣམ་པར་དབྱེ་བ་རབ་བསྒྲགས་པ།། དེ་བཞིན་དངོས་གྲུབ་དག་ལའང་ཤིས།། དངོས་གྲུབ་བསྒྲུབ་པའི་བདག་ཉིད་ནི།། ། གང་དུ་ཡིད་ནི་དགའ་འགྱུར་བ།། དེ་ཉིད་དུ་ནི་སྦྱང་བ་ཡི།། རིམ་པས་ལས་རྣམས་བརྩམ་པར་བྱ།། གནས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་གང་ཞིག་གིས།། གནས་ནས་ཟློས་པ་པོ་རྣམས་ཀྱི། ། དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི།། གསང་སྔགས་ཟློས་པའི་འདུལ་བ་བཤད།། སྒྲུབ་པྲ་གསང་སྔགས་ཐམས་ཅད་དང་།། ཟློས་པ་བདག་ཉིད་ཆེན་པོ་ལ།། མཁས་པས་ཞེ་སྡང་མི་བྱའོ། ། མཁས་པས་གསང་སྔགས་ཆོ་ག་དང་།། གསང་སྔགས་རང་བཟོ་མི་བྱ་ཞིང་།། རང་བཞིན་ངན་པའི་མི་དག་ལ།། བསྙས་པར་ཡང་ནི་མི་བྱའོ།། བླ་མ་དཀྱིལ་འཁོར་སྟོན་པ་དང་།། སྤྱོད་པ་ངན་པར་གྱུར་ན་ཡང་། ། ངག་གམ་ཡང་ན་ཡིད་ཀྱིས་སུ།། ནམ་ཀྱང་སྤང་པར་མི་བྱའོ།། མཁས་པས་རིག་སྔགས་དག་ལ་ནི།། ཁྲོམ་ནས་གནནང་བཅིང་བ་དང་།། གཅད་པ་དང་ནི་ཚར་གཅད་དང་།། དྲག་སྤྱོད་དེ་དང་དེ་མི་བྱ། གཞན་གྱིས་རྗེས་སུ་མ་གནང་བར།། གསང་སྔགས་གཟུང་བར་མི་བྱ་སྟེ།། བསྙེན་བཀུར་མ་བྱས་པ་ལ་ཡང་།། ཆོ་ག་ཤེས་པས་སྔགས་མི་སྦྱིན།། རྒྱུད་ཤེས་མཁས་པས་གསང་སྔགས་དང་།། ཕྱག་རྒྱ་ཆོ་ག་ཞིབ་མོ་དང་རྒྱུ་དང་དཀྱིལ་འཁོར་བཤད་པ་དག། དཀྱིལ་འཁོར་མ་ཞུགས་ལ་མི་སྦྱིན།། མཚོན་ཆ་འདྲ་བ་ཐམས་ཅད་དང་།། དེ་བཞིན་སེམས་ཅན་འདྲ་བ་དང་།། ཕྱག་རྒྱ་སྣ་ཚོགས་འདྲ་བ་དང་།། བཟའ་བར་མི་བྱ་འགོང་མི་བྱ།། སྒྲུབ་པ་ཡ་བློ་ཅན་གྱིས། ། སྨན་རྣམས་སྨད་པར་མི་བྱ་སྟེ།། མི་གཙང་བས་ཀྱང་རིག་མི་བྱ།། རྐང་པས་ཀྱང་ནི་མི་འགོང་ངོ་།། ཐེག་པ་ཆེན་པོ་པ་དག་དང་།། ཤེས་རབ་ཅན་གྱིས་བརྩད་མི་བྱ།། བྱང་ཆུབ་སེམས་དཔའི་མཐུ་ཆེན་དག་ཐོས་ནས་སུམ་ཡང་མི་འབྱུང་ངོ་། ། སྔགས་ཀྱི་སྒྲུབ་པ་པོ་དག་དང་།། ལྷན་ཅིག་ནམ་ཡང་འགྲན་མི་བྱ།། ཉེས་པ་ཆུང་ངུ་དག་ལ་ནི།། ཁྲོས་ནས་དྲག་ཤུལ་སྤྱད་མི་བྱ།། ཟློས་པ་ཆོ་ག་ལ་གནས་པ།། གླུ་གར་རྩེད་མོ་མི་བྱ་སྟེ། མཛེས་པར་བྱ་ཕྱིར་འཕྲེང་བ་དང་།། ཁ་དོག་བཅང་བར་མི་བྱའོ།། འགོང་བ་དང་ནི་མཆོད་པ་དང་།། རྒྱུག་པ་དང་ནི་རྩ་བ་ཧྲལ་དང་།། ལུས་ལས་བྱུང་བའི་གནས་ངན་ལེན།། ཐམས་ཅད་ཡོངས་སུ་སྤངས་པར་བྱ།། བདེན་པའི་ཆོས་ལ་གནས་པ་ཡིས། ། ལོག་པ་གཏུབ་དང་འགྱུར་དང་རྩུབ།། དབྱེན་གྱི་ཚིག་ཀྱང་སྤང་བ་དང་།། དོན་མེད་གཏམ་ཡང་མི་བྱའོ།། མུ་སྟེགས་ཅན་དང་གནས་པ་དང་།། རྩོད་པ་དག་ཀྱང་མི་བྱ་ཞིང་།། གདོལ་པ་ལ་སོ། རིགས་ངན་དང་།། གསང་སྔགས་ཟློས་པ་སྨྲ་མི་བྱ།། བློ་ཅན་བཟླས་བརྗོད་བྱེད་པ་ན།། སྔགས་གཡོག་གཅིག་པུ་མ་གཏོགས་པར།། གཞན་དང་ལྷན་ཅིག་དགོས་མེད་པར།། དགའ་དང་ཡང་ནི་སྨྲ་མི་བྱ།། འབྲུ་མར་དག། གིས་ལུས་མི་བསྐུ།། ཏིལ་ཡང་བཟའ་བར་མི་བྱའོ།། ལ་ཕུག་སྒོག་པ་ཚྭ་དག་དང་།། ཆང་སྒྱུར་རྣམ་པ་ཐ་དད་དང་།། ཅུད་ལེན་དང་ནི་སྲན་རིལ་དང་།། དེ་བཞིན་མ་ཤའི་སྲན་མ་དང་།། ཏིལ་གྱི་ཅུང་ལེན་ལ་དུ་དག། དངོས་གྲུབ་འདོད་པས་རྣམ་པར་སྤང་།། ལོག་འདྲེན་དག་གི་ཟས་ཀུན་དང་།། གཏོར་མའི་ཁ་ཟས་ཐམས་ཅད་དང་།། ཀྲི་སར་དང་འོ་ཐུག་དང་།། གསང་སྔགས་ཟློས་པས་རྣམ་པར་སྤང་། ཤིང་རྟ་ལ་སོགས་བཞོན་པ་དང་།། པདྨ་ལ་སོགས་བརྫི་མི་བྱ།། ཁ་ཟས་ལྷག་མ་བོར་བ་ལ།། རྐང་པས་ཀྱང་ནི་རེག་མི་བྱ།། སྒེག་པའི་ཆོ་ག་ཐམས་ཅད་དང་།། ལྷམ་དང་གདུགས་དག་འཆང་བ་དང་།། ལུས་ཀྱི་བྱི་བྱད་ཐམས་ཅད་དག། གསང་སྔགས་ཟློས་པས་རྣམ་པར་སྤང་།། རྐང་པས་རྐང་པ་ཉེད་པ་དང་།། ལག་པས་ལག་པ་མཉེ་མི་བྱ།། བཤང་གཅི་དག་ནི་ཆུར་མི་དོར།། དེ་དང་ཉེ་བར་དོར་མི་བྱ།། སྙིམ་པ་ཁོ་ནར་མི་བཟའ་སྟེ།། འཁར་བའི་སྣོད་དུ་བཟའ་མི་བྱ། ། ལོ་མའི་རྒྱབ་ཏུའང་བཟའ་མི་བྱ།། མཁས་པས་ཆགས་པའི་ཟས་མི་བཟའ།། ཁྲི་རྣམས་དང་ནི་ཁྲིའུ་དག་ལ།། སྒྲུབ་པ་བློ་ལྡན་མི་གཙང་བ།། གཞན་དང་ཉལ་བར་མི་བྱ་སྟེ།། གན་རྒྱལ་ཁ་སྤུབ་ཏུ་ཡང་མིན། ། ཡང་དང་ཡང་དུ་མི་བཟའ་སྟེ།། ཧ་ཅང་ཆུང་དང་ཆེ་མི་བཟའ།། མི་བཟའ་བར་ཡང་མི་བྱ་ལ།། གང་དག་དོག་པའང་མི་བཟའོ།། ངོ་མཚར་རྣམས་ལ་དགའ་མི་བྱ།། ལྟད་མོ་ཀུན་ལ་མི་བལྟ་ཞིང་།། བུད་མེད་ཀུན་ལ་འཇོལ་རྟོག་ལ། ། ཞེན་པའི་སེམས་ཀྱིས་ཆགས་མི་བྱ།། སྔགས་ཟློས་ཆོ་ག་ལ་གནས་པས།། ལུས་དང་ངག་དང་ཡིད་ཀྱིས་ཀྱང་།། ཟས་དང་དེ་བཞིན་སྤོང་བ་དང་།། མ་བསྡམས་པར་ནི་ཡོང་མི་བྱ།། སྔགས་ཟློས་ཁྱིམ་པ་མཁས་པ་ཡིས། ། ཁ་དོག་འགྱུར་བའི་གོས་མི་བགོ།། དེ་བཞིན་བརྙིངས་དང་དྲི་མ་ཅན།། གོས་ཅིག་པར་ནི་ཡོང་མི་བྱ།། བདག་ལ་སྨད་པར་མི་བྱ་ཞིང་།། རང་ལ་མི་དགར་མི་བྱ་སྟེ།། སྐྱོ་བར་ཡང་ནི་མ་གྱུར་དང་།། ནད་ཀྱིས་འགོད་པར་མི་བྱའོ། ། བཀའ་ལན་སྩལ་བ་མ་གཏོགས་པ།། བདག་གིས་གསཔ་སཱགས་གཏང་མི་བྱ།། གཏི་མུག་བློས་ནི་མི་སྨད་ཅིང་།། སྒྲིམ་པ་ལྷོད་པར་མ་བྱའོ།། ཡིད་ནི་གཞན་དུ་མ་གྱུར་དང་།། བསམ་པ་མང་པོ་མ་ཡིན་དང་། ། མི་གཙང་ཆགས་པའི་སེམས་མེད་པར།། ཟློས་པ་པོས་ནི་གསང་སྔགས་གདོན།། གདོན་གྱིས་ལས་རྣམས་མི་བྱ་ཞིང་།། བསྲུང་དང་སླར་ཟློག་མི་བྱའོ།། རང་གི་སྔགས་སམ་གཞན་གྱིས་ཀྱང་།། ཟློས་པས་དུག་གི་ལས་མི་བྱ། ། སྒྲུབ་ལ་དགོས་པ་མ་གཏོགས་པར།། གསང་སྔགས་གཞན་དུ་སྤྱད་མི་བྱ།། འགྲན་པ་དང་ནི་སད་ཕྱིར་ཡང་།། བདག་གིས་གསང་སྔགས་འདི་སྦྱར་རོ།། བློ་ལྡན་གྱིས་ནི་དུས་གསུམ་བཟླས།། དུས་གསུམ་དུ་ནི་ཁྲུས་བྱས་ཏེ། ། མཚོ་ལ་སོགས་པའི་ཆུ་ལ་ནི།། སྔགས་ཀྱིས་བཏབ་ཏེ་བཀྲུ་བར་བྱ།། ཨོཾ་ཧ་ན་བཛྲི་བཛྲེ་ཎ་ཧ།། ས་ལ་ལན་གསུམ་བཟླས་པ་ནི།། རོ་སྟོད་བསྐུ་ལ་སོགས་པ་དང་།། ལུས་ཀྱི་བྱ་བ་ཀུན་བྱས་ཏེ། སྒྲུབ་པ་པོས་ནི་ཁྲུས་བྱའོ།། ཨོཾ་བཛྲ་ཏ་ར་ཧཱུཾ། ལས་རྣམས་ཀུན་ལ་བློ་ཅན་གྱིས།། སྔགས་འདི་ཆུ་ལ་བཏབ་པ་ཡིས།། ཐོག་མ་བསལ་བར་བྱས་ནས་སུ།། དེ་ནས་ལས་རྣམས་བརྩམ་པར་བྱ།། ན་མོ་བཛྲཱ་ཡ། ཧཱུཾ་ཧ་ན་ཧཱུཾ་ན་མ་ཐ་ཀི་དྷན་ས་ན་ཡ་ཨུད་སར་ཡ་ཕཊ། ། དེ་ནས་མཁས་པས་ཆུ་ལ་ནི།། ལག་པས་དཀྲུག་ཅིང་བཟླས་པར་བྱ།། ཡིད་ལ་གཙང་མར་གྱུར་བར་དུ།། གསང་སྔགས་འདི་ཡང་བརྗོད་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩརྞ་བཛྲ་པཱ་ཎ་ཡེ་ཨཿ་ན་མོ་རཏྣ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚོ་ཏ་ཀ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲི་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣ་བི་ནཱ་ཡ་ཀ། མ་ཧཱ་ག་ཎ་པ་ཏི། ཛི་བི་ཏ་ཨཾ་ཏ་ཀ་རཱ་ཡ་སཱ་ཧཱ། གསང་སྔགས་བཟླས་པའི་ཆུ་དེ་ཡི།། དེ་ནས་ཁྲུས་ནི་ཅི་དགར་བྱ།། ཁྲུས་བྱེད་ཚེན་སྔགས་འདི་ནི།། ཡིད་ཀྱིས་ཡང་དང་ཡང་དུ་བཟླས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ།། ཁྲུས་བྱས་ཟིན་ནས་འདི་ཉིད་ཀྱིས། ། ཆུ་ལ་ཕྱིར་ཡང་བཟླས་ནས་ནི།། སྤྱི་བོར་སྙིམ་པ་གསུམ་བླུགས་ཤིང་།། ཁྲུས་ཚེ་སྒྲུབ་པས་མི་སྨྲ་བྱ།། དེ་ནས་གསང་སྔགས་འདི་ཟློས་ཤིང་།། སྤྱི་གཙུག་དག་ཀྱང་བཅིང་བར་བྱ།། ཨོཾ་སུ་སིདྡྷི་ཀ་རི་སྭཱ་ཧཱ།། དེ་ནས་རེག་ཡང་བྱས་ནས། ། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས།། ནན་ཏན་དུ་ཡང་ཁྲུས་བྱས་ཏེ།། ཟློས་ཤིང་རང་གི་རིག་སྔགས་བཀྲུ།། ཨོཾ་ཀཱི་ལི་ཀཱི་ལ་བཛྲ་ཧཱུཾ་ཕཊ།། ཇི་ཙམ་འདོད་པར་བཟླས་ནས་སུ།། མཁས་པས་ལྷ་ཡི་གནས་སུ་འགྲོ། ། དེ་ཡི་བར་དུ་མི་ཁྲོ་ཞིང་།། འདོད་ཆགས་ཅན་དུ་མི་བྱའོ།། ལྷ་ལ་གཞོལ་བའི་ཡིད་ཀྱིས་སུ།། མ་ཡེངས་པར་ཡང་འགྲོ་བར་བྱ།། སྡོམ་པ་དག་ནི་གཟུང་བ་དང་།། ནན་ཏན་དུ་ནི་དམ་ཚིག་བསྲུང་།། བཟླས་བརྗོད་ཆོག་མཁས་པ་ཡིས། ། བཟླས་བརྗོད་བྱ་ལ་བརྩོན་པ་དག། རྟག་ཏུ་དཀྱིལ་འཁོར་བྱ་བ་དང་།། གླེགས་བམ་དག་ཀྱང་རྟག་ཏུ་བཀླག། མཁས་པས་མཆོད་རྟེན་རྟག་ཏུ་གདབ།། དགེ་བའི་ཕྱོགས་ཀྱང་རྟག་ཏུ་བྱ།། སྒྲུབ་པ་པོ་ནི་བློ་ནན་གྱིས། ། དུས་གསུམ་དུ་ཡང་སྐྱབས་སུ་འགྲོ།། དུས་གསུམ་དུ་ནི་སྡིག་པ་བཤགས།། དུས་གསུམ་བྱང་ཆུབ་སེམས་ཀྱང་བསྐྱེད།། རྒྱུད་མཐོང་ཚོག་ཤེས་པ་ཡིས།། དུས་གསུམ་དུ་ཡང་སྨོན་ལམ་གདབ།། ཆོ་གར་སྤྱད་པ་དེ་དང་དེ། ། ཇི་ལྟར་འདོད་པར་ཅི་ནུས་བྱ།། རྟག་ཏུ་གཏོང་ལ་བརྩོན་པ་དང་།། འཇུད་འབྲལ་སྙིང་རྗེ་ལྡན་པ་དང་།། རྟག་ཏུ་བཟོད་ཅིང་བྱམས་པར་ལྡན།། རྟག་ཏུ་བརྩོན་འགྲུས་ལྡན་པར་བྱ།། རྗེས་སུ་དྲན་པ་དྲུག་རྣམས་ཀྱང་།། བསམ་པ་ངེས་པས་རྟག་ཏུ་སྒོམ། ། རྣམ་པ་སྣ་ཚོགས་ཆོས་མཉན་ནས།། མོས་པ་རྣམ་པར་སྤྱད་པར་བྱ།། གསང་སྔགས་ཆོ་ག་ཞིབ་བཀླག་ཅིང་།། སྔགས་དང་ཕྱག་རྒྱ་རྣམས་ཀྱང་མཆོད།། ཆོ་ག་ལས་ནི་འབྱུང་བ་བཞིན།། བློ་དང་ལྡན་པས་དཀྱིལ་འཁོར་བྲི། ། ཡང་དག་ལྟ་བ་ངེས་གྱུར་ཅིང་།། བྱང་ཆུབ་སེམས་ནི་བརྟན་བྱས་ལ།། དགེ་སློང་ལ་སོགས་འཁོར་བཞི་རྣམས།། མཁས་པས་རྟག་ཏུ་གཟུང་བར་བྱ།། དམ་ཚིག་ཕྱག་རྒྱ་བཅིངས་ནས་སུ།། རང་གི་གསང་སྔགས་རྒྱུད་རྣམས་བསྟན། ། མཁས་པས་གསང་སྔགས་ལུང་གི་རྣམས།། ཐམས་ཅད་ཡང་དག་རྒྱས་པར་བྱ།། སྒྲུབ་པ་པོས་ནི་ཚེ་བརྒྱད་དང་།། བཅུ་བཞི་དང་ནི་བཅོ་ལྔ་དང་།། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ།། ཁྱད་པར་དུ་ནི་མཆོད་པར་བྱ།། བཟླས་བརྗོད་སྦྱིན་སྲེག་མཆོད་པ་དང་།། དེ་བཞིན་སྡོམ་པ་གཟུང་བ་དང་།། ཁྱད་པར་དུ་ཡང་བསོད་ནམས་ལ།། གུས་ཤིང་མངོན་པར་བརྩོན་པར་བྱ།། མཁས་པས་སྔགས་ནི་འདི་ཉིད་ཀྱིས།། བརྒྱ་འམ་ཡང་ན་སྟོང་དག་ཏུ་མངོན་པར་སྔགས་པ་བྱས་པ་ཡི། ། ལས་ཀྱི་རྡོ་རྗེ་རྟག་ཏུ་བཅང་།། ཨོཾ་དྷུ་ན་བཛྲ་ཧ།། གནམ་ལྕགས་ཕོག་པའི་ཤིང་དག་གམ།། ནིམ་པའམ་དུར་ཁྲོད་མ་གལ་དུམ་མམ།། ཙན་དན་དག་གམ་གཞན་ཡང་རུང་།། རྡོ་རྗེ་རྩེ་མོ་གསུམ་པ་བྱ། ། ལེགས་པར་སྒྲུབ་བྱེད་ཅེས་བྱ་བ།། དེ་ནི་བློ་ལྡན་ལག་གཡོན་གྱིས།། བཟླས་བརྗོད་སྦྱིན་སྲེག་ལ་སོགས་པའི།། ལས་ལ་དེ་ནི་གཟུང་བར་བྱ།། རྡོ་རྗེ་དེ་ནི་བཅངས་པ་ཡིས།། བགེགས་དང་ལོག་འདྲེན་ཐམས་ཅད་དང་། གང་དག་གནོད་པ་བྱེད་པ་རྣམས།། ཤིན་ཏུ་སྐྲག་ནས་འབྱེར་བར་གྱུར།། དེ་ཡང་གསང་སྔགས་དེ་ཉིད་ཀྱིས།། མཁས་པས་རྟག་ཏུ་མཆོད་པར་བྱ།། ཙན་དན་དམར་པོས་བསྐུས་ནས་ནི།། བཞག་སྟེ་མངོན་པར་སྔགས་ཀྱིས་བཟླས། ། ལས་ཀྱི་རྡོ་རྗེ་ཞེས་བྱ་བ།། འདི་ནི་རྨད་ཀྱི་ལས་ཀྱང་བྱེད།། འདི་ནི་སྒྲུབ་པ་པོ་རྣམས་ལ།། གཅིག་ཏུ་གཅེས་སྤྲས་བྱེད་པར་བསྒྲགས།། སྒྲུབ་པ་བཟླས་བརྗོད་བྱེད་པ་ན།། རིག་སྔགས་འདི་ནི་བརྒྱར་བཟླས་པའི། ། སྤོས་ཀྱིས་བྱུགས་པའི་གདུ་བུ་དག། རྟག་ཏུ་ལག་ལ་གདགས་པར་བྱ།། ཨོཾ་ཀུ་ལན་དྷ་རཱི་བནྡྷ་ཧཱུཾ་ཕཊ།། རིག་སྔགས་ཕྱག་རྒྱ་ཆེན་པོ་འདི།། མཱ་མ་ཀཱི་ཞེས་བྱ་བར་གྲགས།། རིག་སྔགས་ཐམས་ཅད་སྒྲུབ་བ་དང་། ། དེ་བཞིན་བྱིན་བསྐྱེད་སྐྱོང་བར་བྱེད།། འདི་ནི་བསྲུང་བ་ལ་སོགས་པའི།། ལས་རྣམས་ཐམས་ཅད་བྱར་ཡང་རུང་།། འདི་ནི་རིག་སྔགས་ཐམས་ཅད་དང་།། རྡོ་རྗེ་འཛིན་པའི་ཡུམ་ཡིན་ནོ།། ཕྱག་ན་རྡོ་རྗེའི་རིགས་ལས་ནི།། རུ་རག་ཤ་ཡི་གདུ་བུ་བྱ། ། བགྲང་འཕྲེང་ལ་སོགས་དབྱེ་བ་ཡིས།། རིག་སྔགས་གཞན་ལའང་ཤེས་པར་བྱ།། གཙུག་ཏོར་པདྨའི་རིགས་དག་ལ།། རིག་སྔགས་ཆེན་མོ་སྤྱན་དང་ནི།། གོས་དཀར་ཅན་ནི་གང་ཡིན་པ།། དེ་ཡིས་དེ་ཡི་མདུན་དུ་བཟླས། ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནེ་སྭཱ་ཧཱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ། མཐོང་བ་དང་ནི་ཐོས་པ་དང་།། རེག་པ་དང་ནི་དྲན་པའང་རུང་།། བདག་ནི་སེམས་ཅན་ཐམས་ཅད་ཀྱི།། ནད་རྣམས་ཀུན་གྱི་གསོས་གྱུར་ཅིག། ཏདྱ་ཐཱ། ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ། ཀ་ཊེ་བི་ཀ་ཊ་ཀ་ཊང་ཀ་ཊེ་བྷ་ག་བ་ཏི་བིཛ་ཡེ་སཱ་ཧཱ། འདི་དག་ཉིད་ཀྱིས་དེ་ལ་ནི།། བགེགས་ཀྱིས་ཟིལ་གྱིས་ནོན་མི་འགྱུར།། དེ་དག་བརྗོད་པས་མྱུར་དུ་ནི།། དངོས་གྲུབ་ཐོབ་ཅིང་བཅང་བར་འགྱུར།། རིགས་ཀྱི་སྙི་མོ་འབྲུ་གསུམ་པས།། སོ་སོ་བཟླས་བརྗོད་བྱས་པ་ཡི།། ཀུ་ཤ་ཡི་ནི་བསང་བྱེད་ཀྱང་། ། སྲིན་ལག་ལ་ནི་གདགས་པར་བྱ།། ཛ་ན་ཛི་ཀ། ཨཱ་རོ་ལི་ཀ། བཛྲ་དྷྲི་ཀ། མཆོད་དང་བཟླས་བརྗོད་སྦྱིན་སྲེག་ལ།། དེ་ནི་རྟག་ཏུ་བཅང་བར་བྱ།། སྒྲུབ་པ་པོས་ནི་འབད་པ་ནི།། འདིས་ནི་ལག་པ་གཙང་བར་འགྱུར། བུ་མོས་བཀལ་བའི་སྐུད་པ་ནི།། ལེ་བརྒན་རྩི་འམ་གུར་ཀུམ་དུ།། བཙོས་ལ་བཟླས་བརྗོད་སྟོང་བྱས་ཏེ།། དེ་ནི་བདུད་པ་བདུན་བོར་ནས།། སྲོད་ལ་རིག་སྔགས་འདི་ཡིས་ནི།། རང་གི་རྐེད་པར་བཅིང་བར་བྱ།། འདིས་ནི་ཟློས་པ་པོ་དག་གི། ཁུ་ཆུ་རྟག་ཏུ་བཀག་པར་འགྱུར།། ཨོཾ་ཧ་ར་ཧ་ར་བནྡྷ་ནི་ཤུ་ཀྲ་དྷ་ར་ཎཱི་སིདྡྷརྠ་སྭཱ་ཧཱ།། བཟླས་བརྗོད་སྦྱིན་སྲེག་ཆོ་ག་ལ།། རྟག་ཏུ་སྟོང་གཡོགས་བགོ་བར་བྱ།། ཉལ་དང་འབྲེད་ལ་ཉེས་པ་མེད།། དེ་ཡང་མངོན་པར་སྔག་པར་བྱ། ། ཕྱི་རོལ་སར་ནི་ཤིང་གི་ལྷམ།། རྟག་ཏུ་ཡང་ནི་བགོ་བར་བྱ།། ལྷ་དང་བླ་མ་མཆོད་གནས་ཀྱི།། གནས་དག་ཏུ་ནི་རྣམ་པར་སྤང་།། གང་དག་རྟག་ཏུ་བརྩོན་པ་ཡིས།། ཟློག་པ་དངོས་གྲུབ་འདོད་པ་དེས།། ཡུས་དང་།། ངག་ཡིད་འཇུག་པ་ཡིས།། རྟག་ཏུ་མཆོད་གནས་མཆོད་པར་བྱ།། མཆོད་རྟེན་མཐོང་ནས་ཕྱག་བྱ་ཞིང་།། དགེ་སློང་མཐོང་ནའང་ཕྱག་བྱའོ།། ལྷ་དག་མཐོང་ནའང་རིམ་གྲོ་བྱ།། བླ་མ་མཐོང་ནའང་མཆོད་པར་བྱ།། ཟབ་མོའི་ཆོས་ནི་བཤད་པ་དག། ཐོས་ནས་དད་པ་བསྐྱེད་པར་བྱ།། བྱང་ཆུབ་སེམས་དཔའ་ཁྱུ་མཆོག་གི།། མཐུ་ལ་རབ་ཏུ་དགའ་བར་བྱ།། སྔགས་ཀྱི་ལས་རྣམས་སྣ་ཚོགས་པ།། ཐོས་ནས་ཡིད་ནི་སྤྲོ་བར་བྱ།། སྒྲུབ་པོ་དངོས་གྲུབ་འདོད་པས་ནི། ། བློ་དང་ལྡན་པས་བརྩོན་འགྲུས་བསྐྱེད།། འདི་བྱའོ་འདི་ནི་མི་བྱའོ་ཞེས།། རིག་སྔགས་འདུལ་ལས་སྨོས་པ་དང་།། བསླབ་པའི་སྡོམ་པ་ཉིད་ལ་ཡང་།། ཟློས་པོས་རྟག་ཏུ་རྣམ་པར་བསམ་རང་གི་དེ་ལ་ཆགས་པ་དག། ཉིན་མཚན་དུ་ཡང་སྤང་བར་བྱ།། འདི་དག་བྱས་ནས་འདི་བྱའོ་ཞེས།། མི་གཡེལ་བར་ནི་གྱུར་པར་བྱ།། ཉིན་པར་བག་མེད་བྱས་པ་དག། མཚན་མོ་སོ་སོར་བཤགས་པར་བྱ།། ནུབ་མོ་བྱས་ན་ནང་པར་བཤགས། ། ལེགས་པར་བྱས་ལ་མངོན་དགའ་བྱ།། བཟླས་བརྗོད་སྦྱིན་སྲེག་གཙང་སྦྲ་བྱ།། རིག་སྔགས་མཆོག་དང་རང་སྡོམ་དང་།། རིག་སྔགས་འདུལ་བ་དག་ལ་ཡང་།། སྒྲུབ་པ་པོས་ནི་ནན་ཏན་གནས།། རིག་སྔགས་ཀྱི་འདུལ་བ་རིམ་པར་ཕྱེ་བའོ། ། །། ཞི་བ་དའི་རྒྱས་པ་དང་། དྲག་ཤུལ་སྤྱད་པ་ཉིད་གསུངས་པ།། ཀུན་ལ་བྱེ་བྲག་མེད་པར་ནི།། ངས་ནི་རྣམ་པ་གསུམ་དུ་བསྒྲག། གསང་སྔགས་ཁ་ཅིག་འཕགས་པ་སྟེ།། དེ་ལ་ཁ་ཅིག་ལྷ་ཡི་ཡིན།། ཁ་ཅིག་ས་བླའི་ཡིན་པར་གསུངས།། ཐམས་ཅད་རིགས་ནི་གསུམ་དུ་འདུས།། དེ་རྣམས་མེ་ཏོག་སྣ་ཚོགས་ནི།། ཟང་ལས་སྐྱེས་དང་ཆུ་ལས་སྐྱེས།། ཇི་ལྟར་ཕྱེ་བ་བློ་ཅན་གྱིས།། མངོན་པར་བསྔགས་ཏེ་དབུལ་བར་བྱ། ། གཙང་ཞིང་གཙང་མར་སྐྱེས་པ་ཡི།། ལྷ་རྫས་ཀྱི་ནི་མེ་ཏོག་འདི།། བདག་གིས་དད་པས་དབུལ་ལགས་ཀྱིས།། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར།། སརྦ་བིདྱཱ་དྷ་ར་པུ་ཛི་ནི་སྭཱ་ཧཱ།། མེ་ཏོག་དཀར་པོ་དྲི་ཞིམ་པ། ། སངས་རྒྱས་བཅོམ་ལྡན་འདས་ལ་དབུལ།། མེ་ཏོག་དཀར་པོ་ཆུ་སྐྱེས་རྣམས།། འཕགས་པ་སྤྱན་རས་གཟིགས་ལ་དབུལ།། རབ་ཏུ་དྲི་ཞིམ་སྣ་ཚོགས་པ།། ཕྱག་ན་རྡོ་རྗེ་ཉིད་ལ་དབུལ།། མ་སྨོས་པ་ནི་གཞན་རྣམས་ལ།། གང་ཡང་རུང་བ་ཐམས་ཅད་དབུལ།། སྣ་མ་པདྨ་པ་ཏ་ལ།། ན་ཀ་གེ་སར་ཙམ་པ་ཀ། བ་ཀུ་ལ་ཀུ་མུ་ཏ་ས་ལུ་དང་།། མ་ལི་ཀུ་ཡ་ཡུ་ཏི་ཀ། ཀུར་བ་ཀ་ཤེ་པ་ལི།། ཀ་དམ་མ་དུ་པུན་ཏི་ཀ། དྲི་ན་ཤུལ་ཡང་ཨ་ཤོ་ཀ། ཀླུ་ཤིང་མེ་ཏོག་པུ་ན་ག། ན་བ་མ་ལི་ད་མ་ན།། ཨ་མྲའི་དོག་པ་ཀ་ཐར།། མུ་ཙུ་ཀུན་ད་ཀཱཾ་ཙ་ན།། ཤིང་གི་ཨུཏྤལ་སྤྲིན་ཏྲི་ཀ། ཨུཏྤལ་ཏ་ཀར་ཀུན་ད་དང་།། གཞན་ཡང་ཀ་ར་ཝཱི་ར་སོགས།། གྲོང་དང་དགོན་པ་དག་དང་ནི།། ནུ་སྐྱེས་ཐང་སྐྱེས་མང་པོ་དང་།། འདི་ལ་སོགས་པའི་མེ་ཏོག་དག། ཆོ་ག་བཞིན་དུ་ཤེས་བྱ་སྟེ།། རིགས་དང་ལས་ཀྱི་དབྱེ་བ་ཡིས།། ལྷ་རྣམས་མཆོད་ལ་མཁས་པས་སྦྱར།། སྣ་མད་ཏ་ཀ་ར་ཀུ་ད་དང་།། དེ་བཞིན་མ་ལི་ཡུཀྟི་ཀ། ནཱ་ག་གེ་སར་འདི་དག་རྣམས།། དེ་བཞིན་གཤེགས་པའི་རིགས་ལ་གསུངས།། ཨུཏྤལ་གུ་མུཏ་པ་མ་དང་།། ས་ལ་བྲིད་ཏི་ཤེ་པ་ལི།། དེ་བཞིན་རྟ་ཀར་པུ་ན་ག། འདི་དག་པདྨའི་རིགས་ལ་ཤིས།། ནཱི་ལོ་པ་ལ་ལ་སོགས་དང་།། པྲི་ཡང་ཀུ་ཡི་དོག་པ་དང་། གང་གཞན་རུང་བར་བསྒྲགས་པ་སྟེ།། འདི་དག་རྡོ་རྗེའི་རིགས་ལ་གསུངས།། ཁྱད་པར་དུ་ནི་དྲི་ཞིམ་དང་།། ཁ་དོག་དཀར་སོགས་དབྱེ་བ་ཡིས།། ཞི་བ་ལ་སོགས་ལས་རྣམས་ལ།། མེ་ཏོག་ཐམས་ཅད་སྦྱར་བར་བྱ། ། ཞི་བ་ལ་ནི་མངར་བ་མཆོག། དྲག་ཤུལ་སྤྱོད་ལ་ཁ་བ་སྟེ།། དེ་ལས་གཞན་པ་རོ་ཅན་དག། རྒྱས་པའི་ལས་ལ་ཤེས་པར་བྱ།། ད་ཚ་གེལ་བ་སྡོང་པོ་དང་།། དེ་བཞིན་ཁྲོ་ཤིང་ལྡུམ་བུ་དག། ལྷ་བ་ལྦུབ་རྣམས་དང་། ཤིང་ལོ་དང་།། མེ་ཏོག་རྣམ་པ་སྣ་ཚོགས་དང་།། ས་བླ་བ་ལ་ཤིས་པ་ཡིན།། སྣ་མ་དེ་བཞིན་གཤེགས་རིགས་ལ།། པདྨ་པདྨའི་རིགས་ལ་ཤིས།། ཨུཏྤལ་སྔོན་པོ་རྡོ་རྗེ་ཡི།། རིགས་ལ་མཆོག་ཏུ་བསྒྲགས་པ་ཡིན་དྲི་དང་ཁ་དོག་མཆོག་གི་རྣམས། ། མཆོག་གི་ལས་ལ་ཤེས་པར་བྱ།། དམན་ཅིང་ཤིན་ཏུ་དམན་པ་དང་།། ལྷག་མའི་ལས་ལ་ཤེས་པར་བྱ།། དོག་པ་རྣམ་པ་སྣ་ཚོགས་དང་། འཁྲི་ཤིང་མེ་ཏོག་གང་ཡིན་པ། ། དེ་ལ་མོ་ཡི་མིང་ཅན་གྱི།། རིག་སྔགས་གང་ཡང་རུང་བ་དགྱེས།། ཀ་ར་ཝཱིར་དམར་པོ་འམ།། ཡང་ན་དཀར་པོ་ཁྱད་པར་དུ།། ཁྲོ་བོ་རྣམས་དང་ཕོ་ཉ་མོ།། གཟི་བརྗིད་ཅན་རྣམས་ཐམས་ཅད་དགྱེས།། ས་ལ་ཀི་ལ་ཀུ་ཏ་ཛ། ། ཀརྣི་ཀ་ར་ཨ་སན་མཆོག། བིལ་བའི་མེ་ཏོག་ཀ་ཐ་རན།། ལས་ཀུན་བྱེད་པ་ཐམས་ཅད་དང་།། མེ་ཏོག་འཕྲེང་རྒྱུད་མང་པོ་དག། ཐམས་ཅད་ལས་རྣམས་ཀུན་ལ་འདོད་།། སྦྱོར་བ་འདི་དག་ཉིད་ཀྱིས་ནི།། སིལ་མ་བཀྲམ་པའང་ཤེས་པར་བྱ།། མེ་ཏོག་རིགས་ནས་མ་སྨོས་དང་།། ཚེར་མ་ཅན་དང་དྲི་ཀུ་དང་།། ཁ་དང་ཚ་བ་ལས་བྱུང་དང་།། ཁ་དོག་ངན་པ་རྣམ་པར་སྤང་།། ཨ་ཏི་མུཀྟ་མང་གོ་ལ།། ནི་བ་ལ་སོགས་སྨད་པ་དང་།། ཛ་བ་དང་ནི་ཀ་ཊ་ཀའི།། མེ་ཏོག་ཁྱད་པར་དུ་ཡང་སྤང་།། ཤ་མ་མེ་ཏོག་ཕྲི་ཡང་ཀུ།། འབྲས་ཡོས་ཏིལ་དང་ལེ་བརྒན་རྩི།། དུར་བ་ལ་སོགས་ཐམས་ཅད་ནི།། གསང་སྔགས་ཐམས་ཅད་བཞེད་པ་ཡིན།། གང་དུ་བཞན་རྣམས་མ་རྙེདན། ། འབྲས་ཀྱི་འབྲུ་ནི་རངས་པའང་རུང་།། གཅིག་རྒྱ་ཐུབ་པ་འདི་ཡིན་ཀྱང་།། མཆོད་པ་ལེགས་པར་བྱ་བར་བཤད།། གཞན་གྱི་མེ་ཏོག་གཞན་དག་ལ།། བྱེའུ་རུག་དན་ཏ་མ་རུ་བ།། ཏ་མ་ལ་ཀྲིཥྞ་མཱ་ལ་ཀི། མ་དུ་སུམ་ག་ཨ་རྫ་ལ་མེ་ཏོག་པ་སོན་ཡོས་དངུལ། ། བལ་ཀ་ལ་སོགས་རྩ་བ་དང་།། ལི་ཤི་ལ་སོགས་འབྲས་བུ་དག། མཆོད་པའི་ཕྱིར་ནི་མེ་ཏོག་ཏུ།། ཆོ་ག་བཞིན་དུ་རབ་ཏུ་དབུལ།། གཞན་གྱི་མེ་ཏོག་གཞན་དག་ལ།། གང་ཚེ་མ་འབྱོར་ནས་དབུལ་བ།། དེ་ཚེ་རང་རིགས་གསང་སྔགས་ཀྱིས། ། དེ་ལ་ཡང་ནི་མངོན་པར་བསྔགས།། བློ་ལྡན་རྒྱུད་ལ་མཁས་པ་ཡིས།། མ་འབྱོར་ན་ནི་མཐོང་བ་དང་།། ཐོབ་དང་ནི་བྱས་པ་ཡི།། མཆོད་པ་གང་ཡང་རུང་བ་བྱ།། མཆོད་པ་རྒྱ་ཆེར་འབྱོར་ན་ཡང་། ཡིད་ལ་གུས་པར་བསྐྱེད་ནས་ནི།། ཐལ་མོ་སྤྱི་བོར་ལེགས་སྦྱར་ཏེ།། མཆོད་པ་ཐམས་ཅད་འབྱུང་བར་བྱ།། ཐེ་ཚོམ་མེད་པར་བློ་ཅན་གྱིས།། སེམས་ཀྱིས་རབ་ཏུ་བསྒྲིམས་ནས་ནི།། རབ་ཏུ་བསྒྲིམས་ཏེ་གང་བྱས་པ།། མཆོད་པ་དེ་ནི་ཁྱད་པར་ཅན། ། མེ་ཏོག་གི་མཚན་ཉིད་རིམ་པར་ཕྱེ་བའོ།། །། དྲི་ནི་གང་དག་རུང་བ་དང་།། གསང་སྔགས་ཀུན་ལ་ཤིས་པ་དང་།། བཟློག་པ་རྣམས་ལ་དགོས་པ་ཡིས།། དྲི་ཡི་རྫས་རྣམས་བཤད་པར་བྱ། ། གླ་སྒང་ཀུ་ཏྲ་ན་ཊ་དང་།། རུ་རྟ་ཨུ་ར་ཤིང་བ་ལི་ཀ། ཨ་ཀར་ཎྱ་སྤྲོས་ཤ་བཱི་དང་།། གུར་ཀུམ་ཙན་དན་བ་ན་ཀ། བད་ཏྲ་ད་ར་སྒྲོན་ཤིང་སྤྲིག། ཤུག་པ་ཏི་ལ་པ་ར་ནི་ཀ། ལི་ཤི་ཤིང་ཚ་ཀ་ལེ་ཡ།། ཐང་ཤིང་ཨརྫུ་པྲི་ཡང་ཀུ། ། སཽ་རན་ད་ད་ལ་བ་ཀ། ཤི་ལ་བ་ལུ་དེ་བ་དང་།། གསེར་ཕྲོང་ཤ་ཐི་ཀ་པི་ཐ།། ཀ་ཊུ་ཀ་དང་ཕ་ལི་ནི།། ན་ལི་ཤི་བ་ཙམ་བི་དང་།། མུ་པརྞ་དང་ཤ་ཀ་ལ།། མ་དུ་ལུང་གཤུན་པར་བཅས།། བལ་བུ་སྤང་སྤོས་བུ་སྤྲིན། མཁན་པ་མུར་བུ་རུ་བ།། ཀེ་ཤི་ཏ་མ་ལ་བུ་ནཱ་ག། སུག་སྨེལ་བྱ་ཁྲག་ན་ཁ་དང་།། འུ་སུ་བ་སྤྲི་ལ་བ་ལི།། ཛཱ་ཏི་པ་ལ་ཀ་ཀོ་ལ།། ཀ་དུ་པ་ལ་ཙ་རོང་ཀ། སཽ་ནེ་ཡ་དང་དྷ་མ་ཀ། ཙན་དན་དུ་རུ་ས་པྲ་ཏ་ར།། ཐང་ཆུ་དང་ནིར་ས་དང་། ཀེ་སར་ལ་སོགས་བསྡུས་པ་ལས།། དི་སྦྱོར་བ་ཡིས་རྒྱུས་ཤེས་པས།། བདག་ཉིད་ཇི་ལྟར་འདོད་བཞིན་སྦྱར།། མེ་ཏོག་འབྲས་བུ་ཐང་ཆུར་བཅས།། རྒྱལ་བའི་རིགས་ལ་སྦྱར་བར་བྱ།། ཤུན་པའི་སྙིང་པོ་ལ་སོགས་ཅན། སྦྱར་བ་པདྨའི་རིགས་ལ་བསྟན།། སྡོང་བུ་རྩ་བ་ལ་སོགས་ལས།། སྦྱར་བ་རྡོ་རྗེའི་རིགས་ལ་གསུངས།། བྱེ་བྲག་ཏུ་ནི་མ་ཕྱེ་བ།། ལས་ཀུན་བྱེད་པ་ཐམས་ཅད་ལའོ།། དེ་བཞིན་གཤེགས་པའི་རིགས་ལ་ནི། ། ཨ་ཀར་མཆོག་ནི་གཅིག་པུ་དབུལ།། པདྨ་ཅན་ལ་བློ་ཅན་གྱིས།། ཙན་དན་དཀར་པོ་གཅིག་པུ་དབུལ།། གུར་ཀུམ་གཅིག་པུ་ཁྱད་པར་དུ།། ཕྱག་ན་རྡོ་རྗེ་ཅན་ལ་དབུལ།། འདི་དག་གཅིག་སྐྱ་ཐུབ་པ་སྟེ།། ག་པུར་གྱིས་ནི་བསྒོ་བར་གསུངས། ། རྡོ་རྗེ་འཆང་ལ་ཐམས་ཅད་ལ།། ཙན་དན་དམར་པོ་བཞེད་པ་ཡིན།། པྲི་ཡང་ཀུ་ལ་སོགས་པའི་དྲི།། རིག་སྔགས་མོ་ཡི་མིང་ཅན་དགྱེས།། སྤང་སྤོས་སུག་སྤེལ་འབྲུ་སྦྱར་བ།། རིག་པའི་རྒྱལ་པོ་རྣམས་ལ་བསྒྲགས། ། ཙན་དན་གུར་ཀུམ་ཨ་ཀ་རུ།། རིག་པའི་རྒྱལ་པོ་ཐམས་ཅད་ལའོ།། ཤུག་པ་དག་ལས་སྦྱར་བ་ཡིས།། མངག་བཞུག་རྣམས་ལ་ཤིས་པ་ཡིན།། གཞན་རྣམས་ལ་ནི་ཕལ་གཞན་གྱིས།། བྱས་ནས་ལྷག་པར་དགྱེས་པར་འགྱུར། ། རིགས་གསུམ་དག་ནི་ཐམས་ཅད་ཀྱི།། སྤྱི་ཡི་ལས་རྣམས་ཐམས་ཅད་ལ།། ཨ་ཀར་ནག་པོ་གཅིག་པུ་ཉིད།། ཁྱད་པར་དུ་ནི་རབ་ཏུ་ཤིས།། ཁ་དོག་དཀར་པོ་ཞི་བ་ལ།། རྒྱས་པ་ལ་ནི་སེར་པོ་འཕྲོད།། དྲག་ཤུལ་སྤྱོད་ལ་བསུང་མེད་དང་། ། ཁ་དོག་དམར་པོ་རབ་ཏུ་ཤིས།། དངོས་གྲུབ་ཆེར་པོ་རྣམས་ལ་དྲི།། ཐང་ཆུ་འབྲས་བུ་དང་སྦྱར་བའོ།། འབྲིང་ལ་མེ་ཏོག་སྙིང་པོ་རྣམས།། ཕལ་ལ་ཕལ་པ་རྣམས་ཀྱིས་བྱ།། སྲོག་ཆགས་དང་ནི་ཆང་དག་གམ། ། ཚྭ་དང་རྒྱ་སྐྱེགས་དག་དང་ནི།། བསྐུ་བ་དག་གི་དྲི་འདི་རྣམས།། སྦྱར་བར་ཡང་ནི་མི་བྱའོ།། ཕྱེ་མ་དང་ནི་བྱུག་པ་འམ། དེ་བཞིན་བསྒོ་བར་བྱ་བ་ལ།། བསྟན་པ་འདི་ཡི་ཚུལ་གྱིས་ནི།། ཁ་དོག་རྣམས་ཀྱང་ཤེས་པརབྱ། ། གཙང་ཞིང་གཙངས་ལས་བྱུང་བའི།། སྭཱ་རྫས་ངས་པའི་ནི་འདི་དག། བདག་གིས་དད་པས་འབུལ་ལགས་ཀྱིས།། བཞེས་ནས་བདག་ལ་དགྱེས་པར་མཛོད། ཨ་ཧར་མཱ་ཉར། སརྦ་བིཿདྷ་ར་པྲ་ཏ་སྭཱ་ཧཱུཾ། སྣརུ་པ་པོ་དང་སྔགས་འདི་དང་། ། རང་གི་སྔགས་ཀྱིས་ཡོངས་བཟླས་ནས།། བསྲངས་པའི་དྲི་ནི་ལྷ་རྣམས་ལ།། ཆོ་ག་བཞིན་དུ་དབུལ་བར་བྱ།། གཞན་གྱི་དྲི་དང་གཞན་དག་ལ།། གང་ཚེ་མ་འབྱོར་མས་དབུལ་བ། ཚེ་རང་རིགས་གསང་སྔགས་ཀྱིས། ། དེ་ལ་ཡང་ནི་མངོན་པར་བསྔགས།། དྲིའི་མཚན་ཉིད་རིམ་པར་ཕྱེ་བའོ།། ། རིགས་གསུམ་རྣམས་ཀྱི་སྤྱིར་ཡང་ནི།། ཙན་དན་ཨ་ཀར་གུར་ཀུམ་གྱི།། དདུག་སྤོས་ཐམ་ཅད་རིམ་བཞིན་དུ། ། རེ་རེ་དག་ལ་སོ་སོར་དགྱེས།། ཤི་རི་བེ་སྟ་སྲ་རྩི་པོག། ས་ར་གུ་གུལ་ས་ལི་གི། ག་པུར་ཅེ་པོག་དྷ་མ་ཀ། སཱ་རྩི་གུ་ཏ་གི་རི་ཙན།། བུ་རམ་གླ་སྒང་ཨ་རུ་ར།། དུ་རུས་ཨ་ཀར་བྷཱ་ལ་ཀ། ཙན་དན་སྦྲོན་ཤིང་ཟང་ཤིང་། དང་།། པ་རི་པེ་ལ་ན་ལ་ཀི། ཁ་ར་སྤང་སྤོས་ཨུ་ཤི་ར།། འབྲས་བུའི་རིགས་སུ་གཏོགས་ལ་སོགས།། སྦྱར་བ་རྣམ་པ་སྣ་ཚོགས་དག། གསང་སྔགས་བདུག་སྤོས་ཕྱིར་གསུངས་སོ།། དེ་ལ་ཤི་རི་བེ་སྟ་ཀ། ལྷ་དང་བཅས་པའི་གསང་སྔགས་དགྱེས། ། གནོད་སྦྱིན་རྣམས་ནི་གུ་གུལ་འདོད།། ཅེ་པོ་ག་ལ་ནི་རིག་སྔགས་དགྱེས།། གསང་སྔགས་ཕལ་པ་ཐམས་ཅད་ནི།། སྲ་རྩི་པོག་ལ་ལྷག་པར་དགྱེས།། ཕོ་ཉ་མོ་རྣམས་ས་ལ་ཀི། མངག་གཞུག་རྣམས་ལ་རས་གསུངས། ། ཐང་ཆུ་བདུན་གྱི་བདུག་སྤོས་ནི།། དོན་ཀུན་སྒྲུབ་པར་ཤེས་པར་བྱ།། ཞི་བ་ལ་སོགས་ལས་རྣམས་ལ།། ཐམས་ཅད་དུ་ཡང་སྦྱར་བར་བྱ།། མཆོག་ལ་ཐང་ཆུའི་བདུག་པ་སྟེ།། སྙིང་པོ་རྣམས་ནི་འབྲིང་ལ་གསུངས། ། ལྷག་མ་རྫས་ཀྱི་བདུག་སྤོས་ནི།། ཕྲན་ཚོགས་ཀྱི་ནི་ལས་རྣམས་ལ།། ག་པུར་དུ་རུས་ཨ་ཀ་རུ།། གསུམ་ནི་དྲི་ཞིས་མཆོག་ཅེས་བྱ།། དྲི་ཞིམ་ལྔ་ནི་དེ་རྣམས་ལ།། ཙན་དན་དང་ནི་བུ་རམ་མོ།། རམ་དང་ནི་ཞོས་བསྟན་ན། ། དྲིའིམ་རྣམ་པ་བདུན་ཞེས་བྱ།། བདུག་སྤོས་དམ་པ་དེ་གསུམ་ནི།། ལས་ལ་ཀུན་ལ་གཙོ་བོར་གསུངས།། གསང་སྔགས་ཕྲན་ཚོགས་ཐམས་ཅད་ལ།། བུ་རམ་སྦྲང་རྩི་ཨ་རུ་རའི།། བདུག་སྤོས་དེ་དག་སྦྱར་ནས་ནི། ། པདྨ་རྣམས་དང་འཕྲོད་པར་འགྱུར།། བུ་རམ་རྡོ་རྗེ་ཨ་རུ་ར།། ཁར་སྦྲང་རྩི་པོག་དང་ལྔའི།། བདུག་སྤོས་ཞི་བ་ལ་སོགས་པའི།། ཆོ་ག་ཀུན་ལ་སྦྱར་བར་བྱ།། འབྱོར་ན་གང་ཡང་རུང་བ་ཡི།། དྲི་ཞིམ་གཅིག་རྒྱ་ཐུབ་པ་དབུལ། ། ཡང་ན་རྫས་རྣམས་ཅི་འབྱོར་ལས།། བདུག་སྤོས་སུ་ནི་སྦྱར་བར་བྱ།། བློ་ལྡན་གྱིས་ནི་རྣམ་པ་འདིས།། རིགས་དང་མི་རིགས་རྣམ་སྤྱད་དེ།། དྲི་ཞིམ་རྫས་ལས་སྦྱར་བ་ཡི།། འདུག་སྤོས་ཆོ་ག་བཞིན་དུ་དབུལ། རིལ་བུ་གོང་བུ་ཕྱེ་མ་དང་།། རེང་བུ་དང་ནི་རྣམ་པ་བཞི།། བདུག་སྤོས་རིགས་སུ་ཤེས་བྱས་ནས།། ལས་རྣམས་སོ་སོར་སྦྱར་བར་བྱ།། ཞི་བ་ལ་ནི་རིལ་བུ་མཆོག། རྒྱས་པ་ལ་ནི་གོང་བུ་མཆོག། དྲག་ཤུལ་སྤྱོད་ལ་ཕྱེ་མ་ཡིས།། ཐམས་ཅད་ལ་ནི་རེང་བུ་ཤེས།། བུ་རམ་གྱི་ནི་རིལ་བུ་བྱ།། སྦྲང་རྩི་སོགས་པས་གོང་བུ་བྱ།། ཕྱེ་མ་རྣམས་ནི་ཐང་ཆུའི་བསྲེ།། རིང་བུ་མར་དང་ལྡན་པ་ཤིས།། བློ་ལྡན་གྱིས་ནི་ངན་པ་དང་།། སེན་མོ་རྒྱུ་སྟེགས་ཐམས་ཅད་དང་།། དཀུ་བ་དང་ནི་ཆང་སོགས་ཀྱིས།། བདུག་སྤོས་སྦྱར་བར་མི་བྱའོ།། དྲི་ཡི་རྒྱས་པ་ལྷ་ཡི་ཟས།། ནགས་ཚལ་བཅུད་ནི་ཡིད་འོང་འདི།། བདག་གིས་དད་པས་འབུལ་ལགས་ཀྱིས།། བདུག་སྤོས་འདི་ནི་བཞེས་སུ་གསོལ། སྭ་ཧ་ར་ཨཱ་ཧ་ར། སརྦ་བིདྱཱ་དྷ་ར་པུ་ཛི་ནི་སྭཱ་ཧཱ། སྒྲུབ་པས་དང་པོ་སྔགས་འདི་དང་།། རང་གི་སྔགས་ཀྱིས་ཡོངས་བཟླས་ནས།། བསངས་པའི་བདུག་སྤོས་ལྷ་རྣམས་ལ།། ཆོ་ག་བཞིན་དུ་དབུལ་བར་བྱ།། གཞན་གྱི་བདུག་སྤོས་གཞན་དག་ལ། ། གང་ཚེ་མ་འབྱོར་ནས་དབུལ་བ།། དེ་ཚེ་རང་རིགས་སྔགས་ཀྱིས་ནི།། དེ་ལ་ཡང་ནི་མངོན་པར་བསྔགས།། བདུག་སྤོས་ཀྱི་མཚན་ཉིད་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་གསང་སྔགས་ཀྱི། ། ལྷ་ནི་མ་ལུས་པ་དག་ལ།། ཇི་ལྟར་བྱས་མཉེས་འགྱུར་བ་ཡི།། མར་མེའི་ཆོ་ག་དོན་བཞིན་བཤད།། གསེར་རམ་དངུལ་ལམ་ཟངས་མ་འམ།། ལྕགས་སམ་ཡང་ན་ཁམ་པ་ལས།། མར་མེ་བླུགས་པའི་སྣོད་བྱས་ན། ། གསང་སྔགས་ཡོངས་སུ་མཉེས་པར་འགྱུར།། ལས་རྣམས་བཤད་པའི་བྱེ་བྲག་གྱིས།། ཤིང་བལ་དང་ནི་རས་གསར་དང་།། དུ་གུ་ལ་དང་སོ་རས་དང་།། དེ་ལ་སོགས་པས་སྙིང་པོ་བྱ།། ཞི་བ་ལ་སོགས་བྱེ་བྲག་གིས། ། དེ་ཡི་མར་ནི་དྲི་ཞིམ་པ།། འབྲུ་མར་བསུང་ཅན་ཡིད་འོང་ངམ།། ཡང་ན་དྲི་ཞིམ་མར་གྱིས་བྱ།། དྲི་ཞིམ་ཤིང་ལས་བྱུང་བའི་མར།། ཞི་བའི་ལས་ལ་ཤེས་པར་བྱ།། ཏིལ་མར་གྱིས་ནི་རྒྱས་པ་ལ།། དྲག་པོ་ལ་ནི་ཉུངས་མར་ཤིས། ། རིག་སྔགས་ཀུན་ལ་ཟར་མའི་མར།། འབྲས་བུ་ལས་བྱུང་གསང་སྔགས་ལ།། ཁ་བའི་ཤིང་ལས་བྱུང་བའི་མར། ཕལ་པ་རྣམས་ལ་ཡོངས་སུ་བསྒྲགས།། ཤ་ཟ་རྣམས་ལ་ཉ་ཡི་མར།། གནོད་སྦྱིན་རྣམ་ལ་ཚིལ་བུར་བཤད། ། ཤིན་ཏུ་དམན་པ་གཞན་རྣམས་ལ།། བྷ་ལ་ཏ་ཀ་ལ་སོགས་མར།། དུར་ཁྲོད་པ་ནི་ཐམས་ཅད་ལ།། རོ་ལང་ལ་སོགས་དངོས་གྲུབ་ལ།། ཁྱད་པར་དུ་ནི་ཚིལ་ཆེན་གྱི།། སྣུམ་ནི་རྗེས་སུ་མཐུན་པ་ཡིན།། @ལས་རྣམས་ངག་ནི་ཐམས་ཅད་ལ།། དམར་སེར་བ་མར་མཆོག་ཏུ་གསུངས།། ཡང་ན་རྒྱུད་ལས་གསུངས་པ་བཞིན།། ག་ཡི་ཁ་དོག་རྣམས་ལ་བརྟག། སྨན་རྣམས་ལས་ནི་བྱུང་བའི་མར།། དེ་ཀུན་རྒྱས་པའི་ལས་ལ་གསུངས། ། དྲི་ཞིམ་ཐམས་ཅད་ཞི་བ་ལ།། དྲག་སྤྱོད་ལ་ནི་དྲི་ང་རྣམས།། ཆོ་ག་འདི་ཡི་ཚུལ་གྱིས་ནི།། མཐོང་ངམ་མ་མཐོང་ཐ་དད་པས།། མཁས་པ་གསང་སྔགས་ཐམས་ཅད་ལ།། མར་མེའི་ཕྱིར་ནི་སྦྱར་བར་བྱ། ། གནོད་རྣམས་འཇོམས་ཤིང་བཀྲ་ཤིས་ལ།། དགེ་ཤིང་མུན་པ་རྣམས་སེལ་འདི།། བདག་གིས་དད་པས་འབུལ་ལགས་ཀྱིས།། མར་མེ་འདི་ནི་བཞེས་སུ་གསོལ།། ཨཱ་ལོ་ཀི་ཡ་ཨཱ་ལོ་ཀ་ཡ། སརྦ་བིདྱཱ་དྷར་པུརྞ་ཏེ་སྭཱ་ཧཱ། ། སྒྲུབ་པས་དང་པོར་སྔགས་འདི་དང་།། རང་གི་སྔགས་ཀྱིས་ཡོངས་བཟླས་ནས།། བསངས་པའི་མར་མེ་ལྷ་རྣམས་ལ།། ཆོ་ག་བཞིན་དུ་དབུལ་བར་བྱ།། གཞན་གྱི་མར་མེ་གཞན་དག་ལ།། གང་ཚེ་མ་འབྱོར་ནས་དབུལ་བ། ། དེ་ཚེ་རང་རིགས་གསང་སྔགས་ཀྱིས།། དེ་ལ་ཡང་ནི་མངོན་པར་བསྔགས།། མར་མེའི་མཚན་ཉིད་རིམ་པར་བྱེ་བའོ།། །། ཇི་ལྟ་བུ་དག་ལྷ་རྣམས་ལ།། ཕུལ་ལ་དངོས་གྲུབ་ཐོབ་འགྱུར་བའི།། ལྷ་བཤོས་ལས་ཀྱི་ཆོ་ག་ཀུན།། སྔ་མ་བཞིན་དུ་བཤད་པར་བྱ།། རྩ་བ་རྡོ་གུ་འབྲས་བུ་བཅལ། ཅུང་པང་ལ་སོགས་བཟ་བ་ཡིན།། ཚོད་མར་བཅས་པའི་ཁ་ཟས་དག། མདོར་ན་བཟ་བ་ཡིན་པར་བཤད།། ཐུག་པ་དང་ནི་སྐོམ་རྣམས་ནི། ། བཏུང་བ་རྣམ་པ་སྣ་ཚོགས་ཏེ།། དེ་ལྟར་རྣམ་པ་བཞི་པོ་ཀུན།། གཏོར་མ་ལས་ཀྱི་ཆོ་ག་བཤད།། བི་ཛ་པུར་གཅིག་པུ་ནི།། གསང་སྔགས་ཀུན་ལ་རབ་ཏུ་ཤིས།། དེ་བཞིན་སེའུ་ཨ་མྲ་དག། རིགས་གསུམ་ལ་ཡང་ཤེས་པར་བྱ། ། ཞི་བ་ལ་ནི་མངར་བ་དབུལ།། མངར་སྦྱར་དག་ནི་རྒྱས་པ་ལ།། འབྲས་བུ་སྣ་ཚོགས་རོ་གཞན་ཅན།། དྲག་ཤུལ་སྤྱོད་པ་དག་ལ་དབུལ།། ན་རི་ཀེ་ལ་ཏ་མ་ལམ།། བིལ་བ་དང་ནི་ནིམ་པ་ལས།། དེ་བཞིན་སྨད་པར་བྱ་བ་རྣམས། ། གསང་སྔགས་ཀུན་ལ་དབུལ་མི་བྱ།། དངོས་གྲུབ་ཆེན་པོ་དག་ལ་ནི།། མངལ་རིན་ཆེན་ཞིམ་པ་བསྒྲགས།། འབྲིང་ལ་ཞིམ་པ་བར་མ་ལ།། ཐ་མ་དག་ནི་ཐ་མ་ལའོ།། འབྲས་བུ་མོ་ཡི་མིང་ཅན་ལ།། རིག་སྔགས་ཐམས་ཅད་ལྷག་པར་གྱིས། ། ནགས་ཀྱི་འབྲས་བུ་མི་ཁ་བ།། རིག་པའི་རྒྱལ་པོ་རྣམས་ལ་ཤིས།། ཁྲོ་བོ་རྣམས་ལ་བེལ་བ་སྟེ།། བ་ཏ་ལས་བྱུང་གནོད་སྦྱིན་ལ།། དཔལ་མོ་ཀུན་ལ་ཀ་བི་ཏ།། བི་ལ་ལ་ཛ་མངག་གཞུག་ལ།། ལྷག་མ་རྣམ་པ་སྣ་ཚོགས་པ། ། ལྷག་མ་བཞེད་པ་རྣམས་ལ་སྦྱར།། གྲོང་དང་དགོན་པའི་རྡོ་གུ་ནི།། ཞིམ་ཞིང་རོ་དང་ལྡན་པ་དང་།། བི་དྷ་རི་ཡི་རྡོ་གུ་རྣམས།། དེ་དག་ལས་རྣམས་ཀུན་ལ་བསྔགས།། གང་དག་ཤིན་ཏུ་མངར་བ་དང་། མི་རྣམས་ལྷག་པར་སྲེག་པ་དང་།། རི་ལས་སྐྱེས་པའི་རྡོ་གུ་ནི།། ཁྱད་པར་དུ་ནི་མངར་བ་དང་།། བི་དང་རི་དང་ཀ་ཤེ་དྲུ།། བ་ཡང་སེ་དང་ཀུ་ཀུ་ཊི།། མོན་པའི་དོ་བ་སྨིན་པ་དག། རྒྱལ་བའི་རིགས་ལ་དབུལ་བར་བྱ།། ཆུ་ལས་སྐྱེས་པའི་རྡོ་གུ་རྣམས། ། པདྨའི་རིགས་ནི་ཀུན་ལ་ཤིས།། སྨན་གྱི་རྡོ་གུ་ཐམས་ཅད་དང་།། ཁ་བ་དང་ནི་ཚ་བ་དང་།། དོ་བ་དག་ནི་ཐམས་ཅད་ཀྱང་།། ལག་ན་རྡོ་རྗེ་ཉིད་ལ་དབུལ།། ཡང་ན་ལས་ཀྱི་བྱེ་བྲག་ལས།། དྲི་དང་ཁ་དོག་རོར་ལྡན་པའི། ། དོ་གུནམ་ནི་ཅི་རིགས་པར།། ཞི་བ་ལ་སོགས་དབུལ་བར་བྱ།། རབ་དང་འབྲིང་དང་ཐ་མ་ཡི།། དངོས་ཟུང་རྣམས་ནི་སོ་སོ་ལ།། ཡོན་ཏན་རབ་འབྲིང་ཐ་མ་ཡི།། དོ་གུ་རྣམས་ནི་དབུལ་བར་བྱ།། རྡོ་བཞིན་དུ་རྩེ་བ་ཡང་། ། འི་ལ་སོགས་པའི་ལས་རྣམས་དང་།། རིགས་དང་དངོས་གྲུབ་དག་ལ་ཡང་།། ཅི་རིགས་པར་ནི་དབུལ་བར་བྱ།། ཀློག་པ་དང་ནི་ལ་ཕུག་དང་།། ཁ་བ་དང་ནི་བསྐ་བ་དང་། རོ་མེད་པ་དང་ངན་པ་དག། གསང་སྔགས་རྣམས་ལ་མི་དབུལ་ལོ།། པུ་པ་ས་ཏི་ཨུ་ལོ་པི།། བ་ཏི་ཀི་ཡི་རིགས་རྣམས་དང་།། ཧང་ཆོས་རྣམས་ཀྱི་རྣམ་པ་དང་།། འབྲུ་ཡི་ཆན་ནི་སྣ་ཚོགས་དང་།། ཚག་ཆོ་ག་རྣམ་པ་སྣ་ཚོགས་དང་།། ཏྲགས་དང་བཟའ་བ་སྣ་ཚོགས་དང་།། ལ་དུ་དང་ནི་ཞུའུ་ཏེའུ་དང་།། པིན་ཏ་ཀོ་ཤ་ཕེ་ན་ཀ། ཚིལ་ལ་བརྟ་ཨ་ཤོ་ཀ། འཁུར་བ་གུ་ཏ་པ་ཥཱི་ཀ། ཤ་སྐུལ་སྣུམ་འཁུར་པུརྞ་དང་།། མ་ཤ་པུ་པ་པི་དག་དྷ།། པུར་ཤ་བརྟ་ལ་བ་ནི།། གར་བྷོད་ཀ་རིའི་རིགས་རྣམས་དང་།། ཁྱིམ་བྱ་ངང་པ་ར་མ་ཀ། སིག་ཏ་པྲེ་ཏུ་འོལ་བའི་དབྱིབས།། ཤི་རི་པུརྞ་བེ་སྟ་ཀ། པང་གི་ཟང་གི་ཟོམ་ཤང་དང་།། བུ་རམ་པུ་པ་ཁརྫུ་ཀ། ཟུར་གསུམ་བུ་རམ་པརྦ་ཏ།། པིན་རྩི་ཡི་ནི་རིགས་རྣམས་དང་། ། ང་རྒྱལ་བུང་བའི་གོང་བུ་དང་།། མར་གྱི་བུ་རྫ་སརྫ་ཀ། ཀ་མོ་ཏི་ཀ་ཧོ་མངོན་དང་།། བེ་རེག་དང་ནི་ཤ་ཏ་བ།། རི་དགས་བྱ་དང་ཉ་འདྲ་དང་།། ཀཎ་པྲི་ཏི་སྣ་ཚོགས་དང་།། གཟིག་དང་ཆུ་ཡི་གླང་པོའི་དབྱིབས། ། དེ་བཞིན་ཀར་ཀ་པི་ཎ་ཊ་ཀ། འཕྲེང་བུ་བྷ་ལ་གྷརྟ་དང་།། གཤིབ་ཏེ་ཀ་དང་གླང་རྣ་དང་།། བུ་རམ་འབྲུ་མར་ལས་བྱས་པ།། འདི་ལ་སོགས་པའི་བཟའ་བ་རྣམས།། རིགས་དང་ལས་དོན་དངོས་གྲུབ་ལ། ། ཅི་རིགས་པར་ནི་དབུལ་བར་བྱ།། ཞི་ལ་པི་ཏ་ཀ་བསྔགས་ཏེ།། གྲོ་ལས་བྱས་པ་རྒྱས་པ་ལ།། མ་ཤ་ཏི་སོགས་ལས་བྱས་པ།། དྲག་ཤུལ་སྤྱོད་པ་རྣམས་ལ་བསྔགས།། ཁ་ཟས་འདི་དག་ཐམས་ཅད་དང་། བཟའ་དང་བཅའ་བའི་ཁྱད་པར་རྣམས།། རྟོགས་ནས་གསང་སྔགས་ཐམས་ཅད་ལ།། ཐམས་ཅད་དབུལ་བ་ཉིད་དུ་བྱ།། ཤྲི་དེ་སྟེ་ནི་པདྨའི་རིགས།། ལདུ་རྡོ་རྗེ་ཅན་ལ་སྟེ།། གནོད་སྦྱིན་རྣམས་ལ་པུ་པ་ཤེས།། བུད་མེད་སྲེད་ལ་རིགས་སྔགས་རྣམས། ། ཆོ་ག་ཞིབ་མོའི་རྗེས་འབྲངས་ཏེ།། གསང་སྔགས་དབྱེ་བའང་ཤེས་བྱས་ནས།། གང་གཞན་འཇིག་རྟེན་པ་ལ་སོགས།། ཅུང་ཟད་ཙམ་ཡང་དབུལ་བར་བྱ།། ས་སྟི་ཨུ་ལོ་པུ་པ་རྣམས།། ། རིགས་གསུམ་ལ་ནི་རིམ་བཞིན་དབུལ།། ལྷག་མའང་གཞན་ལ་ཅི་རིགས་པར།། བཞི་བཏིང་ནས་ནི་དབུལ་བར་བྱ།། སཱ་ལུ་དང་ནི་བཅུ་དྲུག་པ།། རྔུ་ཙེ་དང་ནི་ཁྲེ་དག་དང་།། འོ་ཐུག་ལེགས་པར་བཙོས་པ་ཡིས།། ཆང་གང་དེར་ནིདབུལ་བར་བྱ། ། སྲན་ཚོད་ལ་སོགས་སྣ་ཚོགས་པ།། དྲི་ཞིམ་ཡིད་དུ་འོང་བ་དང་།། ལེགས་པར་ཡོངས་སུ་བྱས་པ་ཡིས།། ཚོད་མ་དག་ཀྱང་དབུལ་བར་བྱ།། ནས་དང་ནས་མངར་འབྲས་ཆན་དང་།། གཙོ་བོ་ལ་ནི་ཡོ་སུ་བསྒྲགས། ། དང་གཞན་ཅུང་ཟད་དམན་པ་དང་།། འབྲིང་ལ་སཱ་ལུ་བཅུ་དྲུག་པ།། གཙོ་བོ་ཞི་བའི་ལས་ཡིན་ཏེ།། འབྲིང་པོ་དག་ནི་རྒྱས་པའོ།། དམན་པ་དྲག་ཤུལ་སྤྱོད་གསུངས་ལ།། ལྷ་བཤོས་རིམ་པ་བཞིན་དུ་སྦྱར། ལས་ཅི་འདྲ་བར་རིགས་དེ་ཤེས།། རིགས་ཅི་འདྲ་བར་དངོས་གྲུབ་སྟེ།། གསང་སྔགས་དབྱེ་བའི་རིམ་པ་ཡིས།། འདིར་ནི་ཆོ་ག་ཐམས་ཅད་སྤྱད།། ཞི་བ་ལ་ནི་དང་པོར་སྔགས།། རྒྱས་པ་ལ་ནི་མངར་སྦྱར་ཏེ།། ཁ་དང་ཙཱ་དང་བསྐ་སོགས་ཀྱི། ། ཚོད་མ་དྲག་པོའི་ལས་ལའོ།། ཞི་བ་ལ་ནིའོ་ཐུགས་གསུངས།། ཀྲི་ས་ར་ནི་དྲག་སྤྱོད་ལ།། ཞོ་དང་འབྲས་ཐུག་ལ་སོགས་པ།། གཞན་རྣམས་ཐམས་ཅད་རྒྱས་ལ་ཤིས།། བཟའ་བའི་རིགས་ནི་སྣ་ཚོགས་པ། ཕལ་ཆེར་གྲོང་དང་དགོན་པ་ཡི།། ཅུང་ཟད་ཅིག་ནི་འདིར་བཤད་དེ།། མ་ལུས་པ་དང་རྒྱས་པར་ནི།། གཞན་དག་ལས་ཀྱང་ཤེས་པར་བྱ།། འཇིག་རྟེན་དག་ན་གང་བཟང་དང་།། བདག་ཉིད་སྲེད་པ་གང་ཡིན་པ།། དེ་དག་ཐམས་ཅད་སངས་རྒྱས་ལ།། ཐོ་དང་ལྡན་པས་ཐོག་མར་དབུལ།། གསང་སྔགས་རྣམས་ཀྱི་བཟའ་བ་དང་།། ཟས་ཉིད་གང་དང་གང་གཟུང་བ།། བློ་དང་ལྡན་པས་དེ་ཉིད་དབུལ།། གཞན་དུ་བྱས་ནས་གྲུབ་མི་ཐོབ།། གང་དག་འགལ་དང་མ་སྨོས་དང་། ། གང་དག་ཅུང་ཟད་ངན་པའི་རྣམས།། དེ་དག་ཐམས་ཅད་དྲག་སྤྱོད་ལ།། ཁྱད་པར་དུ་ནི་དབུལ་བར་གསུངས།། དྲི་དང་བདུག་སྤོས་མར་མེ་དང་།། མེ་ཏོག་དང་ནི་ལྷ་བཤོས་དག། ཐམས་ཅད་ཆོ་ག་འདི་ཉིད་ཀྱིས། ། ཞི་བ་ལ་ཡང་བཤད་པ་ཡིན།། གསང་སྔགས་ཀྱི་ནི་རང་བཞིན་དང་།། མཐུ་དང་ལས་དོན་རིག་བྱས་ནས།། དེ་ཡི་བཤོས་དང་ཁ་ཟས་རྣམས།། ཇི་ལྟར་རིགས་པར་དབུལ་བར་བྱ།། སྭསྟི་ཀ་དང་ཨུ་ལོ་པའི།། བཟའ་བ་ཅི་འབྱོར་བུ་རམ་ཅན།། ལག་པ་ན་རྩ་བའི་འབྲས་བུ་དང་།། འོ་ཐུག་དག་ནི་འདོད་པ་ཡིན།། ཐམས་ཅད་འདོད་ཅེས་བྱ་བ་ཡི།། གཏོར་མ་དོན་ཀུན་སྒྲུབ་བྱེད་པ།། གསང་སྔགས་ཀུན་ལ་ཤེས་པར་བྱ།། དྲག་ཤུལ་སྤྱོད་ལ་མ་ཡིན་ནོ། ། དེ་དག་ཉིད་ལས་ཅི་འབྱོར་པ།། ཁ་དོག་སྣ་ཚོགས་པ་ཞེས་བྱ།། གང་གཞན་ཅུང་ཟད་ཀྱིས་གླགས་པ།། གཏོར་མ་སྣ་ཚོགས་པ་ཞེས་བྱ།། དང་པོ་དེ་དག་གཉིས་ལས་ནི།། སྣ་རེ་ལས་ཀྱང་མ་བྱས་པ། གཞན་ཡང་ཇི་སྙེད་པ་བསྣམ་པ།། གཏོར་མ་རྒྱ་ཆེན་ཞེས་སུ་གསུངས།། འབྲས་ཆན་ཞོ་དང་འོ་མ་མར།། མིང་ནི་དཀར་གསུམ་པ་ཞེས་གསུངས།། འབྲས་ཆན་འོ་མ་སྣང་ཅི་མར།། ལྡན་པའི་གཏོར་མ་མངར་གསུམ་ཡིན། ས་ཡ་ལི་དེང་ལིང་ཀ་ལ།། སྲན་ཆང་ཏིལ་གྱི་པི་སྟ་ཀ། ལག་པ་རྩ་བ་འབྲས་བུ་དང་།། ཅུང་ཟད་ཅུང་ཟད་ཀྱིས་བསྣན་ནས།། མེ་ཏོག་འབྲས་ཡོས་ཆུ་དང་བཅས།། འདབ་མར་བཅས་པའི་གཏོར་མ་ནི།། གསང་སྔགས་ཀུན་གྱི་གཏོར་མ་སྟེ། ། དེ་ནི་འབྱུང་པོ་ཐམས་ཅད་པའོ།། འོ་ཐུག་འབྲས་ཡོས་ས་སྟི་ཀ། མར་དང་སྦྲང་རྩི་ནས་འོ་ཐུག། འ་ཛི་བུ་ར་དེ་དག་རྣམས།། རྟག་པར་ཞི་བའི་ལྷ་བཤོས་སོ།། ཞོ་དང་ལག་པན་འབྲས་ཐུག་དང་།། བུ་རམ་ལ་དུ་ཨུ་ལོ་པི། ། ཤྲི་བེ་སྟ་ལ་སོགས་པའི་ཟས།། རྟག་པར་རྒྱས་པའི་ལྷ་བཤོས་སོ།། འབྲས་མར་ཆན་དང་ཀོ་ཏྲ་བ།། སྲན་ཆན་དང་ནི་ཀྲི་ས་ར།། དེ་དག་རྟག་པར་དྲག་སྤྱོད་ལའོ།། འབྲས་བུ་རྩ་བ་སཱ་ལུ་ཅན།། བཏུང་བ་མངར་བ་སྦྲང་རྩི་དང་། ། བཟའ་བ་མང་པོ་བུ་རམ་ཅན།། དེ་དག་གནོད་སྦྱིན་གཏོར་མ་ལའོ།། ཚོད་མར་བཅས་པའི་ཟས་རྣམས་དང་།། སྐོམ་དང་པུརྞ་བྷཱི་སྟ་ཀ། འབྲས་བུ་སྣ་ཚོགས་ལྡན་པ་ཡི།། ལྷ་བཤོས་རིག་སྔགས་ཀུན་ལ་ཤིས།། གང་ཡང་མང་པོས་སྔགས་པ་དང་།། ཞིམ་ཞིང་ཀུན་སྲེད་ཕལ་ཆེ་བ།། དེ་དག་སྒྲུབ་པ་མཆོག་དག་དང་།། དམ་པ་རྣམས་ལ་དབུལ་བར་བྱ།། དོན་རྣམས་མང་པོ་ཕྱེ་བ་ནི།། ཆོ་ག་བསྟན་པ་འདི་དག་ལས།། རིགས་དོན་དངོས་གྲུབ་བྱེ་བྲག་ལ། ། ཟློག་པ་ཅི་རིགས་ཤེས་པར་བྱ།། ཐོག་མར་འདབ་མ་གཙང་མ་འམ།། ལོ་མ་བཀྲུས་པའི་གཞི་བཏིང་ནས།། ཆོ་གའི་བྱེ་བྲག་ཤེས་པ་ཡིས།། ཕྱི་ནས་ལྷ་བཤོས་དབུལ་བར་བྱ།། པདྨའི་ལོམ་པ་ལ་ཤ།། འོ་མ་ཅན་ཤིང་ལས་སྐྱེས་པའམ། ། ཡང་ནངས་ནི་གསར་པའང་རུང་།། ཞི་བའི་གདིང་བར་བསྔགས་པ་ཡིན།། ཆུ་སྐྱེས་འདབ་མ་ཐམས་ཅད་དང་།། ལྗོན་ཤིང་ལོམ་གཙང་བ་འམ།། ཁུར་སྐྱས་ལ་བཏིང་བ་དང་།། ཆུ་ཤིང་ལོ་མ་རྒྱས་པ་ལ་སན་པཱ་ལ་ཏ་ཀ་དང་། ། སྔོན་ཉིད་མཐོ་ལོ་ས་འམ།། མཁས་པས་གང་ཡང་རུང་བ་དག། དྲུག་པོ་འདོན་དུ་ག་བར་བྱ།། ལོ་འདབ་མོ་ཡི་མེདེ་ཅན་རྣམས།། རིག་སྔགས་རྣམས་ཀྱིས་གདིང་བར་བྱ། མངག་གཞུག་རྣམས་ལ་རྩཝ་དག་དགྲམ།། འདབ་མ་སྔོན་པོ་ས་ལ་དགྲམ།། སློབ་པ་པོས་ཀྱང་ཆོ་ག་འདིས།། རབ་དང་འབྲིང་དང་ཐ་མ་ལ།། ས་བཞི་བསྐུས་ཤིང་བསྐུར་ནས་སུ།། ཅི་རིག་སུ་ནི་བྱ་བར་བཤད།། ཉེ་རེག་ཁྱད་པར་དུ་བྱས་ནས། ། ལྷ་བཤོས་རྣམས་ལས་བརྩམ་པར་བྱ།། ལྷ་བཤོས་ལས་ལ་ཐོག་མར་ནི།། སྭསྟི་ཀ་དག་བྲིམ་པར་བྱ།། རྩ་བ་རྡོ་གུ་འབྲས་བུ་དང་།། དེ་ཡི་འོག་ཏུ་བཏུང་བ་རྣམས།། དེ་ནས་བཟའ་བ་མང་པོ་སྟེ།། དེ་འོག་ཟས་རྣམ་དཔྲལ་བར་བསྔགས། ། ཐ་མར་ཞོ་དང་འོ་མ་སྟེ།། འདི་དག་ལྷ་བཤོས་ཆོ་གར་བཤད།། ཆོ་ག་འདིས་ནི་མ་སྦས་པའི།། ལྷག་མའང་ཁོང་དུ་ཆུད་པར་བྱ།། དཀྱིལ་འཁོར་དག་དང་སྒྲུབ་པ་ལ།། ལྷ་བཤོས་ནན་ཏན་བསྐྱེད་དེ་བྱཱ། དེ་ནི་མཁས་པས་ལྷ་བཤོས་དག། མི་ངན་པ་དང་རྒྱ་ཆེར་བྱ།། བསྙེན་པའི་དུས་ན་ཅི་ནུས་དང་།། ཇི་སྐད་བསྟན་དང་ཇི་སྙེད་པའི།། གཏོར་མའི་ལས་ནི་བྱ་བར་བསྟན།། དུས་ཚིགས་དག་ལ་བཟང་པོར་བྱ།། གང་དག་བསྲེག་བྱའི་རྫས་རྣམས་དང་། ། བདག་གི་ཁ་ཟས་གང་ཡིན་ལས།། ཐོག་མར་དེ་ཡི་ཕུང་དབུལ་ཏེ།། ཆོ་ག་ཤེས་པས་བཟླས་བརྗོད་བྱ།། ཇི་སྐད་བསྟན་པའི་ལྷ་བཤོས་དང་།། རྫས་ཀྱི་རིགས་རྣམས་ཅི་འབྱོར་པ།། མཁས་པ་དག་གིས་ཕུལ་ནས་ཀྱང་། ། ཉིན་གཅིག་བཞིན་དུ་བཟླས་བརྗོད་བྱ།། ལྷ་བཤོས་དབུལ་བ་གསང་སྔགས་ཀྱི།། ཞལ་ཟས་ཡིན་པར་བཤད་པས་ན།། དེས་ནི་རྟག་ཏུ་ཁ་ཟས་སྦྱིན།། དེ་ཕྱིར་ཟློས་པ་དག་གིས་དབུལ།། རྩ་བ་རྡོ་གུ་འབྲས་བུ་དང་།། ལྷ་བཤོས་ཅུང་ཟད་ཅི་རྙེད་པ། དུས་གསུམ་དུ་ཡང་གསང་སྔགས་ལ།། ཕུལ་ན་དངོས་གྲུབ་ཐོབ་པར་འགྱུར།། གལ་ཏེ་ཟློས་པས་གསང་སྔགས་ལ།། མཆོད་པའི་བཤོས་རྣམས་མ་ཕུལ་ན།། དེ་ཚེ་རྩུབ་ཅིང་མདོག་ངན་ལ།། བཀྲེས་པ་དག་གིས་གདུངས་པར་འགྱུར། ། ལྷ་བཤོས་མེད་ན་དེ་ཡི་སེམས།། རྟོག་པ་དག་ཀྱང་མང་པོར་འགྱུར།། ལྷ་རྣམས་འགྲུབ་པར་མི་འགྱུར་ཞིང་།། བགེགས་རྣམས་ཀྱིས་ཀྱང་ཟིལ་གྱིས་གནོན།། དེ་བས་ནན་ཏན་ཆེར་བསྐྱེད་དེ།། གསང་སྔགས་འཁོར་དང་བཅས་པ་ལ།། དུས་ཚིགས་དག་ལ་ཅི་འབྱོར་པའི།། ལྷ་བཤོས་ལེགས་པར་དབུལ་བར་བྱ།། བསྙེན་པའི་དུས་ན་ཟློས་པ་པོས།། ཁང་པའི་ཕྱི་རོལ་ཁོར་ཡུག་ཏུ།། ལྷ་རྣམས་ཀུན་ལ་འབྱུང་པོ་ཡི།། གཏོར་མ་གུས་པར་དབུལ་བར་བྱ།། གང་དག་འགལ་དང་མི་ཤིས་དང་།། གང་དག་ངན་ཅིང་སྨད་པ་དང་།། གཞན་དག་མི་གཙང་གྱུར་པའི་རྫས།། ལྷ་བཤོས་ཕྱིར་ནི་ཐམས་ཅད་སྤང་།། ཐམས་ཅད་དང་ནི་ལས་ཀུན་ལ།། ལག་པན་རྒྱ་ཆེན་དབུལ་བར་བྱ། ། ལྷ་རྣམས་ཀུན་ལ་དབུལ་བའི་བཤོས།། གསང་སྔགས་ཀྱིས་ནི་མངོན་པར་བསྔགས།། སྨན་རྣམས་བཅུད་ནི་ཡི་གར་འོང་།། སྔགས་ཀྱི་ཟས་ཀྱི་བཅུད་འདི་དག། བདག་གིས་དད་པས་འབུལ་ལགས་ཀྱིས། ། བཞེས་ནས་བདག་ལ་དགྱེས་པར་མཛོད།། ཨ་ཧ་ར་ཨ་ཧ་ར།། སརྦ་དིདྭཱ་དྷར་པུ་ཛི་ཏེ་སྭཱ་ཧཱ།། སྒྲུབ་པོས་དང་པོར་སྔགས་འདི་དང་།། རང་གི་སྔགས་ཀྱིས་ཡོངས་བཟླས་ནས།། བསངས་པའི་ལྷ་བཤོས་ལྷ་རྣམས་ལ། ། ཆོ་ག་བཞིན་དུ་དབུལ་བར་བྱ།། གཞན་གྱི་ལྷ་བཤོས་གཞན་དག་ལ།། གང་ཆེམ་འབྱོར་ནས་དབུལ་བ།། དེ་ཚེ་རང་རིགས་གསང་སྔགས་ཀྱིས།། དེ་ལ་ཡང་ནི་མངོན་པར་བསྔགས།། གཏོར་མའི་ཆོ་རིམ་པར་ཕྱེ་བའོ། ། ། ཞི་བ་དང་ནི་རྒྱས་པ་དང་།། དེ་བཞིན་དྲག་ཤུལ་སྤྱོད་པ་སྟེ།། མདོར་ན་ལས་ནི་རྣམ་གསུམ་དུ།། གསང་སྔགས་ཀུན་ལ་བསྒྲགས་པ་ཡིན།། ལས་ནི་རྣམ་པ་གསུམ་ཆར་གྱི། ། དངོས་གྲུབ་གང་གི་མྱུར་བ་དང་།། ངེས་པར་འགྲུབ་པར་འགྱུར་བ་ཡི།། ཆོ་ག་དེ་དག་འདིར་བཤད་དོ།། བྱམས་པའི་དྲན་པ་ཉེར་བཞག་ནས།། དཀོན་མཆོག་གསུམ་ལ་གཅིག་ཏུ་གཞོལ།། ཞི་བར་གྱུར་པས་ཞི་བ་ཡི། ། བཟླས་པའམ་ཡང་ན་སྦྱིན་སྲེག་བྱ།། ཟླ་བ་ཡར་གྱི་ཚེས་གཅིག་ནས།། ལས་རྣམས་རབ་ཏུ་བརྩམ་པར་བྱ།། བྱེ་བྲག་ཏུ་ནི་སྲེད་ལ་སྟེ།། དེ་ནི་ཞི་བའི་ལས་ཀྱི་དུས།། གནས་གཙང་མ་ཡི་ལྷ་རྣམས་དག། དེ་ན་ཀུན་ཏུ་གཟིག་པས་ན། ། ལས་རྣམས་མྱུར་དུ་འགྲུབ་པར་འགྱུར།། དེ་བས་དེར་ནི་ཀུན་བརྩམ་མོ།། དཀར་པོའི་གོས་ནི་བགོས་ནས་སུ།། ཀུ་ཤའི་ཁྲེས་ཀྱི་སྟན་ལ་འདུག། བྱང་ཕྱོགས་ཁ་བསྟས་གཙང་ཞི་བས།། ཞི་བའི་ཆོ་ག་བཤད་པར་བྱ།། བ་ཡི་ལྕི་བ་མ་ལྷུང་བས། ། དུས་གསུམ་དག་ཏུ་དེར་བསྐུས་ལ།། མེ་ཏོག་དཀར་པོ་སིལ་མ་དག། དགྲམ་པ་བྱས་ན་རབ་ཏུ་ཤིས།། ནས་དང་འོ་ཐུག་ཞོ་དག་དང་།། འབྲས་ཡོས་དག་གམ་ཏིལ་དག་གམ།། ངུར་བའམ་ཀུ་ཤ་སྔོན་པོ་འམ། ། པྲི་ཡང་ཀུ་ཡི་མེ་ཏོག་གམ།། སཱ་ལུའི་ཆན་ནམ་གེ་སར་རམ།། ཡང་ན་མེ་ཏོག་དཀར་པོ་འམ།། ཤ་མའི་ཡམ་སྲེག་ཤིང་དག་གམ།། ཡང་ན་དྲི་ཞིམ་ཐང་ཆུའང་རུང་།། གནོད་སྦྱིན་བདག་གིས་ལྗོན་ཤིང་ངམ།། འོ་མར་བཅས་ཤིང་ལོ་མ་ཅན། ། ཡམ་ཤིང་རྩེ་མོ་ལས་སྐྱེས་རློན།། སྦྲང་རྩིའམ་ཡང་ན་མར་ཡང་རུང་།། རྟོག་པ་ལས་གསུངས་ཆོ་ག་ནི།། དེ་དང་དེ་ལ་སོགས་པ་སྤྱད།། ཞི་བའི་ལས་ལ་བློ་ཅན་གྱིས།། ལྗོན་ཤིང་འོ་མ་ཅན་མེ་འམ།། རྒྱུན་བཞག་མེ་ལ་བླངས་ནས་སུ།། མེ་ནི་ཆོ་ག་བཞིན་བྱས་ཏེ།། ཞི་བའི་ལས་ལ་སྲེག་བྱིན་ན།། དངོས་གྲུབ་རབ་ཏུ་སྟེར་བར་འགྱུར།། འོ་མ་ཅན་གྱི་ཡམ་ཤིང་གི། མེ་ལ་ཡམ་ཤིང་མཐོ་གང་ཙམ།། འོ་མ་སྦྲང་རྩི་མར་བཏགས་ཏེ། ཞི་བའི་ལས་ལ་སྦྱིན་སྲེག་བྱ།། དགོན་པའི་བ་ལང་ལྕི་བ་དང་།། དེ་བཞིན་ཤ་མའི་བུད་ཤིང་བཟང་།། ཡང་ན་ལྗོན་ཤིང་དྲི་ཞིམ་པའི།། བུང་ཤིང་ཞི་བའི་ལས་ལ་ཤིས།། ས་བཞི་དཀར་ལ་བརྐོས་པ་ཡིས།། ཐུགས་ཐབ་ཀུན་ཏུ་ཟླུམ་པོ་ལ། ། ཁྲུ་གང་ཙམ་གྱི་ཚད་དུ་བྱ།། ཟབས་སུ་སོར་ནི་བཅུ་གཉིས་པའོ།། དེ་ཡི་སྟེང་དུ་ཁ་ར་ན་ནི།། རབ་མཉམ་སོར་བཞིའི་ཚད་ཙམ་གདགས།། དེ་ཡི་ཞབས་སུ་འཁོར་ལོ་གཞག། དེ་ཡང་འཕང་དུ་སོར་གཅིག་པའོ།། པདྨའི་སྐྱིལ་མོ་ཀྲུང་འདུག་སྟེ། ། བློ་ཡིས་བསྒོམ་པ་བྱས་ནས་སུ།། མཆོད་པ་ལ་སོགས་ལེགས་བྱས་ཏེ།། དེ་ནས་ཞི་བའི་ལས་བྱའོ།། དང་པོར་སྟོན་པ་ཐུབ་ཆེན་དང་།། ཤེས་རབ་ཕ་རོལ་ཕྱིན་པ་དང་།། ཉན་ཐོས་འདོད་ཆགས་བྲལ་རྣམ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད།། བྱམས་མ་དེ་བཞིན་གཤེགས་མཛོད་སྤུ།། རིག་སྔགས་གཞན་གྱིས་མི་ཐུབ་མ།། དགའ་བོ་ཞེས་བྱ་ཀླུ་རྒྱལ་གཉིས།། གནས་གཙང་རིགས་ཀྱི་ལྷ་རྣམས་དང་།། འདི་དག་ལས་ལ་དགོད་བྱ་ཞིང་། ། ཞི་ལ་རྟག་ཏུ་མཆོད་པར་བྱ།། དེ་ནས་མེ་ཏོག་དྲི་ལ་སོགས།། ལེགས་པར་བཞག་སྡེ་ལས་རྣམས་བྱ།། དུས་མིན་འཆི་དང་ནད་རྣམས་དང་།། ཡམ་གྱི་ནང་དང་གནོད་པ་དང་།། དེ་བཞིན་བགེགས་དང་ནད་འགྲོ་རྣམས། ། ཞི་བར་བྱེད་པས་ཞི་ཞེས་བྱ།། རང་གི་སེམས་ནི་མཉམ་བཞག་སྟེ། ཡིད་ལ་དགའ་བ་བསྐྱེད་ནས་སུ་རྒྱས་བདག་གིས་རྒྱས་པ་ཡི།། ཟླས་པའམ་ཡང་ན་སྦྱིན་སྲེག་བྱ།། ཟླ་བ་ཉ་ལ་ཀུན་བརྩམ་སྟེ།། ཕྱི་མའི་ཉ་ཡི་བར་དུ་བྱ།། རྒྱས་པའི་ཆོ་ག་བསྟན་པ་ཡིས། ། དེ་སྲིད་བར་དུ་ལས་བྱའོ།། རྒྱས་པ་དག་གི་ལས་རྣམས་ལ།། བྱེ་བྲག་ཏུ་ནི་སྔ་དྲོ་ཤིས།། ལས་དེ་གྲུབ་པའི་ལྷ་རྣམས་ནི།། དེ་ནི་བྱིན་གྱིས་རློབས་པར་མཛད།། ལྷརྣམས་མ་ལུས་པ་དག་ཀྱང་།། དེ་ཡི་དུས་སུ་རྒྱུ་བས་ན།། ལས་སུ་བྱ་བ་ཐམས་ཅད་ནི།། དུས་དེར་ཁོ་ན་རབ་ཏུ་ཤིས།། ནང་པར་དུས་ན་ལྷ་རྣམས་ནི།། ཡིད་དགུར་གྱུར་ན་མཆོག་སྦྱིན་མཛད།། དེ་ལྟ་བས་ན་མཁས་པ་ཡི།། ལྷག་པར་དེ་ཚེ་བཙམ་པར་བྱ།། གོས་དཀར་ཟུང་གཅིག་བགོས་ནས་སུ།། བཀྲ་ཤིས་སྐྱིལ་མོ་ཀྲུང་བྱས་ཏེ།། ཤར་ཕྱོགས་ཁ་བལྟས་དགའ་བཞིན་དུ།། རྒྱས་པའི་ཆོ་ག་བསྒྲིམས་ཏེ་སྤྱད།། ས་གཞི་བྱུག་པ་སྤོས་ཞིམ་བཅས་དུས་གསུམ་དག་ཏུ་བསྐུ་བར་བྱ། ། མེ་ཏོག་སིལ་མ་སྣ་ཚོགས་ཀྱིས།། དེར་ནི་རབ་ཏུ་དགྲམ་པར་བཤད།། བས་མཆོག་དག་གི་གོང་བུ་ནི།། མངར་གསུམ་དག་དང་ལྡན་པའམ།། སྦྲང་རྩི་མར་དང་ཞོ་སྦྱར་བའི།། ཏིལ་ནག་དག་གམ་མར་དང་ཞོ། ། ཤ་ཏ་པུཥྤ་བིལ་བ་དང་།། སཱ་ལུ་ཡི་ནི་འབྲས་དག་དང་།། ནཱ་ག་གེ་སར་པདྨ་དང་།། ཀར་ནི་ཀ་ར་མར་དང་བཅས།། ལག་པན་དང་ནི་འབྲུ་ཀུན་དང་།། དེ་བཞིན་མཆོད་སྦྱིན་ཡམ་སྲེག་ཤིང་། དེ་དག་ལ་སོགས་རྫས་རྣམས་ཀྱིས།། རྒྱས་པའི་སྦྱིན་སྲེག་ཚུལ་བཞིན་བྱ།། རྒྱལ་རིགས་ཁྱིམ་ནས་བླངས་པའི་མེའམ།། ཡང་ན་རྒྱལ་པོའི་ཁྱིམ་ནས་བླངས།། དགོན་པའི་མེ་འམ་མེ་ཆེན་པོ།། རྒྱས་པའི་ཆོ་ག་དག་ལ་ཤིས། ། ཡམ་ཤིང་སྦོམས་སུ་ཆག་གང་བ།། སྲིད་དུ་མཐོ་གང་ཙམ་གྱི་ཚད།། ཞོ་མར་འོ་མ་ལས་བཏགས་ནས།། རྒྱས་པའི་ཆོ་ག་དག་ལ་སྲེག། ཡམ་སྲེག་ཤིང་དུ་གང་བསྟན་པ།། དེ་དག་ཉིད་ལས་མེ་དུ་དོ། ། ཡང་ན་མེ་ཏོག་འབྲས་བུ་ཤིང་།། བུད་ཤིང་ཕྱིར་ནི་རབ་ཏུ་ཤིས།། ཞུགས་ཐབས་བཞི་དམར་པོ་ལ།། རྒྱུར་ནི་ཁྲུ་དོ་ཙམ་གྱི་ཚད།། གྲུ་བཞི་པ་ལ་ཁ་རན་ཅན།། ཟབས་སུ་ཁྲུ་གང་ཙམ་དུ་བྱ།། ཁ་རན་མཐོ་གང་ཚད་ཙམ་ལ་ཁ་དོག་དམར་པོའི་སས་ཀྱང་བསྐུ། ། པདྨའི་ཕྱག་རྒྱ་མཛུབ་གང་བ།། འཕང་དུ་སོར་བཞི་ཡོད་པ་བྱ།། དགོས་པའི་དོན་ནི་གང་ཡིན་པ།། དེ་ཉིད་ཡིད་ལ་ལྷུར་བསམས་ཏེ།། ཆོ་ག་ཐོག་མར་བཤད་པ་དག། བྱས་ནས་རྒྱས་པའི་ལས་བྱའོ། ། ཕྱག་ན་པདྨའི་མཐུ་ཆེན་དང་།། དོན་གྲུབ་པ་ཡང་མཆོད་པ་བྱ།། རིག་སྔགས་འཆང་དང་གནོད་སྦྱིན་དང་།། དཔལ་གྱི་ལྷ་མོ་ཐམས་ཅད་དང་།། ཚངས་དང་བྱང་ཆུབ་སེམས་དཔའ་དང་།། རིག་པའི་བདག་མོ་མཐུ་ཆེན་དང་། འཕྲོག་མ་རིག་སྔགས་ཆེན་མོ་དག། རྒྱས་པའི་ལས་ལ་མཆོད་པ་བྱ།། དེ་ལ་སོགས་པའི་བློ་ཅན་གྱིས།། ཆོ་ག་བཞིན་དུ་མཆོད་ནས་ཀྱང་།། བདག་ཉིད་མངོན་པར་དབང་བསྐུར་ཏེ།། རྒྱས་པའི་ལས་རྣམས་བརྩམ་པར་བྱ། ། གང་ཞིག་ཚེ་དང་ལང་ཚོ་དང་།། བྱིན་དང་མཐུ་སྟོབས་འཕེལ་བྱེད་དང་།། ཡོན་ཏན་ངག་དང་འདོད་དོན་གང་།། སྒྲུབ་བྱེད་དེ་ནི་རྒྱས་ཞེས་བྱ།། མཆོག་དང་ཁྲོ་བ་ལ་གནས་ཏེ།། དེ་ནས་རྫུན་པ་བརྟན་པོ་ཡིས།། གསང་སྔགས་དྲག་པོས་བཟླས་པ་འམ། ། སྦྱིན་སྲེག་བྱ་བས་དགྲ་བོ་གཞོམ།། ཚེས་གྲངས་དག་དང་རྒྱུ་སྐར་དང་།། སྨྱུང་བར་གནས་པ་བྱ་མི་དགོས།། ཁྲོས་པ་བརྟན་པར་བྱས་ནས་ནི།། མོད་ལ་དྲག་ཤུལ་སྤྱོད་པ་བརྩམ། ཁྱད་པར་དུ་ནི་མར་ངོ་འམ།། མར་གྱི་དུས་ཚིགས་དག་གིས་ནི།། ཉི་མའི་གུང་ངམ་ནམ་ཕྱེད་ན།། དྲག་ཤུལ་སྤྱོད་པ་བརྩམ་པར་བྱ།། གང་གིས་ཕྱིར་ནི་ཡི་དགས་དང་།། ཤ་ཟ་འབྱུང་པོ་སྲིན་པོའི་ཚོགས།། དྲག་པོ་རྣམས་ཀྱིས་བྱིན་རློབ་པ། ། དེ་ཕྱིར་དེ་ན་ལས་རྣམས་འགྲུབ།། དུས་དོན་ནི་དྲག་པོའི་ལས།། འགྲུབ་པར་འགྱུར་ཕྱིར་རབ་ཏུ་ཤིས།། ཡང་ན་གང་ཚེ་ཁྲོས་གྱུར་པ།། དེ་ཚེ་ཉིད་ན་ལས་བརྩམ་མོ།། གང་ཕྱིར་གསང་སྔགས་དྲག་པོའི་ལྷས། ། ཁྲོས་པ་ཉིད་ན་བྱིན་རློབ་པ།། དེ་ཕྱིར་ཁྲོ་བ་བསྐྱེད་ནས་སུ།། དྲག་ཤུལ་སྤྱོད་པའི་ལས་བྱའོ།། རབ་ཏུ་དྲག་པོའི་ལས་རྣམས་ལ།། དམར་པོའི་གོས་ནི་བགོ་བའམ།། སྔོན་པོའམ་ཡང་ན་ཆུས་བརླན་པ། ། ཁྲག་གིས་སྦགས་པ་དག་ཀྱང་བཤད།། དེ་ནི་མིག་བགྲང་ཁྲོ་གཉེར་བསྙེར།། སོ་ཡང་ཤིན་ཏུ་གཙིགས་ནས་ནི།། རྐང་པས་རྐང་པ་མནན་ནས་སུ།། ལྷོ་ཕྱོགས་ཁ་བལྟས་འདུག་པར་བྱ།། རང་གི་ལུས་དང་ངག་དང་ནི་ཡིད་རྣམས་ཀྱིས་ཀྱང་སྲན་བཙུགས་ཏེ། ། གསང་སྔགས་མངོན་སུམ་བཞིན་བསྒོམས་ནས།། དྲག་ཤུལ་སྤྱོད་པའི་ལས་བྱའོ།། དེར་ནི་དུས་གསུམ་དག་ཏུ་ཡང་།། ནག་པོའི་ས་ཡིས་བསྐུལ་བའམ།། བོང་བུ་རྔ་མོ་ལ་སོགས་པའི།། རྟག་པའམ་དུར་ཁྲོད་ཐལ་བས་བསྐུ།། མེ་ཏོག་དྲི་ངའི་སིལ་མའམ།། ཡང་ན་དྲི་མེད་པ་དག་དགྲམ། མེ་ཏོག་སྔོན་པོའམ་དམར་པོ་འམ།། འབྲུ་འམ་ཡང་ན་ཕུག་མས་དགྲམ།། ཉུངས་ཀར་འབྲུ་ཙམ་ཚ་བ་འམ།། རང་གི་ཁྲག་གམ་ལན་ཚྭའམ། ། སྐེ་ཚེ་ནིམ་པའི་ལོ་མ་འམ།། རྐང་རྗེས་ས་འམ་ཐལ་བ་འམ།། བོང་བུ་ལ་སོགས་རྟུག་པའམ།། སྒྲ་གཏུབས་པའམ་བྱ་དྲུག་གམ།། ཁྲ་ལ་སོགས་པའི་སྒྲོ་འམ་ཆིལ།། གཅིན་ནམ་ཡང་ན་ཚེར་མ་འམ། གྱོ་མོའི་དུམ་བུའམ་རུས་ཕྱེ་འམ།། དེ་བཞིན་ཤ་ཆེན་ལ་སོགས་པའམ།། ཀ་བ་དི་ར་འམ་ནིམ་པ་འམ།། ཡང་ན་དུར་ཁྲོད་མགལ་དུམ་མམ།། ཚེར་མ་ཅན་གྱི་ཤིང་རྣམས་སམ།། སེང་ལྡེང་གི་ནི་ཡམ་སྲེག་ཤིང་།། ཆོ་ག་བཞིན་། དུ་བློ་ཅན་གྱིས།། དྲག་ཤུལ་སྤྱད་ཕྱིར་སྦྱིན་སྲེག་བྱ།། དགྲ་ཡི་མིང་ནས་བརྗོད་ནས་ནི།། དུག་ཅན་ཀུན་དང་ལན་ཚྭ་ཀུན།། ཁྲག་དང་ལྡན་པར་སྦྱར་བྱས་ཏེ།། དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་བྱ།། དུར་ཁྲོད་དག་ན་འབར་བའི་མེའམ། ཡང་ན་གདོལ་པའི་ཁྱིམ་ནས་བླངས།། རུས་པའམ་རྡོ་ལས་བྱུང་བ་དག། དྲག་ཤུལ་སྤྱོད་པའི་ལས་ལ་ཤིས།། གདུག་པ་གཤེགས་པའི་ཡམ་སྲེག་ཤིང་།། རྩེ་གཉིས་རྣོན་པོར་བྱས་པ་ལ།། དུག་ཁྲག་ཡུངས་མར་གྱིས་བསྐུས་པ། ། སོར་བཅུ་པ་ཡི་ཚད་དུ་བྱ།། བུད་ཤིང་ཁ་དང་ཚ་བ་དང་།། དྲི་ཞིམ་པ་ཡི་སྐམ་ཤིང་ངམ།། ཡང་ན་དྲག་པོའི་ལས་རྣམས་ལ།། དུར་ཁྲོད་ནས་ཕྱུང་ཅི་ཡང་རུང་།། ཁ་དོག་ནག་པོའི་ས་དག་ལ།། ཞུགས་ཐབ་གྲུ་གསུམ་ཕར་བལྟས་པ། ། སོར་ནི་ཉི་ཤུའི་ཚད་དུ་བྱ།། ཟབས་སུ་ཁྲུ་ཕྱེད་ཚད་དུ་གསུངས།། ཁ་རན་སོར་ནི་གསུམ་པ་ལ།། ཐལ་བ་དག་གིས་བསྐུ་བར་བྱ།། ཞབས་སུ་རྡོ་རྗེ་སོར་བརྒྱད་པ།། འཕང་དུ་སོར་གཅིག་ཡོད་པ་གཞག། ཐལ་བ་སོལ་བ་ཕུབ་མ་སོགས།། ཡང་ན་ལན་ཚྭ་སྐེ་ཚེ་ཚོགས།། སྦྱིན་སྲེག་དག་གི་རྫས་རྣམས་ལ།། དགྲ་བོ་དག་གི་གཟུགས་བྱས་ལ།། གཟུགས་དེ་རང་གི་མིང་སྨོས་ནས།། གཏུབ་ཅིང་གཏུབ་ཅིང་སྦྱིན་སྲེག་བྱ།། ཡང་ན་དེ་ཡི་སྙིང་ཁ་རུ།། མནན་ནས་སྦྱིན་སྲེག་ལས་རྣམས་བརྩམ།། སྦྱིན་སྲེག་བཞིན་དུ་བཟླས་བརྗོད་ལའང་།། དྲག་པོའི་གཟུགས་བརྙན་མནན་ཏེ་བྱ།། ཡང་ན་རྟོག་པ་ལས་གསུངས་པའི།། ཆོ་གའི་ལས་བཞིན་སྒྲུབ་པར་བཤད།། གང་ཞིག་ཡིད་ལ་བསམ་པའི་དོན།། དེ་ལ་བསྟན་ནས་བརྩམ་བྱ་སྟེ།། ཐམས་ཅད་ཆོ་གའི་རྗེས་མཐུན་པར།། ཆོ་ག་བྱས་ནས་དྲག་ཤུལ་སྤྱད།། ཕྱག་ན་རྡོ་རྗེ་རབ་གཏུམ་དང་།། ཁྲོ་བོ་རྣམས་ནི་གང་འདོད་པ།། གཡོག་འཁོར་དག་ནི་ཐམས་ཅད་ཀྱང་། ། དྲག་ལ་གཟི་བརྗིད་འཕགས་པ་དང་།། རིག་པ་རྡོ་རྗེ་ལྕགས་ཀྱུ་མ།། ཁྲོ་བོ་རྡོ་རྗེ་ཐོག་ཐོག་དང་།། འཆི་མེད་ཆེ་དང་མིག་བརྒྱ་པ།། ཀླུ་དང་གྲུལ་བུམ་སྲིན་པོ་དང་།། དེ་ལ་སོགས་པ་བློ་ཅན་གྱིས། ། དྲག་ཤུལ་སྤྱོད་པའི་ལས་དག་ལ།། ཆོ་ག་བཞིན་དུ་སྔར་མཆོད་དེ།། བསྲུང་བ་བྱས་ནས་བརྩམ་པར་བྱ།། ལས་གང་ཡན་ལག་ཉམས་བྱེད་དང་།། གང་ཡང་བསྐྲད་པར་བྱ་བ་དང་།། དབྱེ་བར་བྱ་བ་གང་ཡང་རུང་།། ནད་ཀྱིས་འདེབ་བྱེད་གང་ཡིན་དང་། ། ཕུང་བར་བྱ་དང་གདུང་བྱ་དང་།། མི་དགར་འགྱུར་བ་གང་ཡང་རུང་།། ཡང་ན་གསད་པའི་ལས་གང་ཡིན།། དེ་དག་དྲག་ཤུལ་སྤྱོད་པར་བཤད།། དེ་ལྟར་དེའི་ལས་མཁས་པ་ཡིས།། བདེ་བར་གཤེགས་པའི་བཀའ་སྨོད་དང་། ། རང་བཞིན་ངན་དང་སྡང་བ་དང་།། དཀོན་མཆོག་གསུམ་ལ་གནོད་བྱེད་དང་།། ལོག་པར་ལྟ་དང་སྡིག་ཅན་དང་།། ཚུལ་ཁྲིམས་འཆལ་དང་རྒོལ་བ་དང་།། བླ་མ་ལ་འཁུ་དེ་དག་ལ།། ཕན་ཕྱིར་ཁྲོ་བ་བསྐྱེད་དེ་བྱ།། རྟོག་པ་མང་པོ་ལས་གསུངས་པའི། ། ལུས་དང་ལྡན་པའི་སྦྱོར་བ་དང་།། ཁྲོ་བོ་མངག་གཞུག་ཕོ་ཉ་མོ།། དྲག་པོའི་ཚོགས་ཀྱིས་དྲག་ཤུལ་སྤྱད།། སེམས་ཅན་འཕོངས་ལ་ཞི་བ་བྱ།། བདེ་བར་གནས་ལ་རྒྱས་པ་སྟེ།། གང་དག་དྲག་ཤུལ་སྤྱོད་པའི་ལས།། དེ་དག་དགྲ་ལ་སྤྱད་པར་བྱ།། མཁས་པས་བླ་ཡི་གསང་སྔགས་ཀྱིས།། དྲག་ཤུལ་སྤྱོད་པ་སྤྱད་པར་བྱ།། ཆོ་ག་ཞིབ་མོར་བརྩམ་བྱ་སྟེ།། སྡང་དང་གཡོ་སྒྱུ་ཅན་ལ་སྤྱད།། ངེས་པར་མྱོང་འགྱུར་ལས་མང་པོ།། བདག་གིས་དང་དུ་བླངས་དགོས་ཞེས། ། དེ་ཡིས་ཉེས་པ་བྱས་པ་ཀུན།། ཚེ་འདི་ཉིད་ལ་སྨིན་པར་བྱ།། དེ་ལྟར་གསང་སྔགས་ལྷ་རྣམས་ཀྱང་།། ངན་སྤྱོད་རྣམས་ལ་བརྩེ་བའི་ཕྱིར།། དེ་ལ་སོགས་པའི་ཐབས་རྣམས་ཀྱིས།། ངན་སོང་དག་ལས་འབྱིན་པར་མཛད། ། དགྲལ་གནོད་པ་བྱ་བ་ཡང་།། ཉེས་དང་འཚམ་པར་བྱ་དགོས་པས།། ཉེས་པ་ཆུང་ངུ་བྱས་པ་ལ།། འཆི་བར་འགྱུར་བར་མི་བརྩས་མོ།། ཁྲོས་པའི་དབང་གིས་བྱས་པ་ཡི།། སྙིང་ཅིམ་ནས་ནི་མ་ལ་ཡང་།། ཞི་བར་ཕྱིར་ཞི་བ་ཡི། ། སྔགས་ཀྱིས་ཞི་བའི་ཆོ་ག་བྱས།། ཡང་ན་དེ་ཡི་མེ་ཉིད་ལ།། གསང་སྔགས་དེ་ཉིད་ཁོ་ན་ཡི།། བསྐུལ་ཅིག་ཡོངས་སུ་བརྗོད་ནས་སུ།། འོ་མས་ཞི་བའི་སྦྱིན་སྲེག་བྱ།། མཁས་པས་བདེ་གཤེགས་ཆོས་ཉིད་དང་། བྱང་ཆུབ་སེམས་ནི་དྲན་བྱ་སྟེ།། གཟུ་ལུམ་ཅན་དང་སྡིག་ཅན་ལ།། དེ་མ་ཐག་ཏུ་ཞི་བ་བྱ།། ཞི་བ་མཆོད་རྟེན་རིང་བསྲེལ་ཅན།། པདྨའི་རྫིང་བུར་རྒྱས་པ་སྟེ།། ཟློས་པ་པོས་ནི་ཁྱད་པར་དུ།། དུར་ཁྲོད་དག་ཏུ་དྲག་ཤུལ་སྤྱད།། ཞི་བ་དང་རྒྱས་པ་དང་། དྲག་ཤུལ་སྤྱོད་པའི་ཆོ་ག་རིམ་པར་ཕྱེ་བའོ།། །། གང་དག་སྟེང་དུ་འགྲོ་བའི་ལས།། དེ་ཀུན་རབ་ཏུ་ཤེས་པར་བྱ།། གང་གཞན་ཅུང་ཟད་མི་སྣང་བ།། དེ་དག་འབྲིང་གི་ཆོ་གར་བཤད།། གང་དག་འདི་ནས་ས་ལའི་ལས།། དེ་དག་ཐམས་ཅད་ཐ་མར་བཤད།། དེ་བས་རབ་འབྲིང་ཐ་མ་ཡི།། ལས་རྣམས་ཀྱི་ནི་བྱེ་བྲག་དབྱེ།། རབ་དང་འབྲིང་དང་ཐ་མ་ཡི།། དངོས་གྲུས་ལས་ཀྱི་དབྱེ་བ་ལས།། སྟེང་དང་བར་སྣངས་པ་དག། གནས་ནི་རྣམ་པ་གསུམ་དུ་བཤད།། རིག་སྔགས་འཆང་དང་ནམ་མཁར་འགྲོ།། སྣ་ཚོགས་གཟུགས་ཀྱི་དངོས་གྲུབ་དང་།། དེ་བཞིན་མངོན་ཤེས་མཐོང་བ་དང་།། ཞི་བའི་བློ་དང་ཡེ་ཤེས་ཐོབ།། བསྟན་བཅོས་ཀུན་ཤེས་བློ་དག་དང་། ། སྤྲ་མཁས་ཐོས་པ་འཛིན་པ་དང་།། རོ་ལངས་གྲུབ་དང་མངོན་ཕྱོགས་དང་།། གནོད་སྦྱིན་མོ་ལ་སོགས་གྲུབ་དང་།། ས་སྟེངས་རྒྱལ་སྲིད་ཡིད་བཞིན་ནོར།། གཏེར་ཆེན་དག་ནི་མཉེས་པ་སྟེ།། དེ་དག་ལ་སོགས་བསྟན་པ་རྣམས། ། རིག་སྔགས་དངོས་གྲུབ་རབ་ཡིན་ནོ།། མི་སྣང་སྟོབས་དང་བརྩོན་འགྲུས་དང་།། ཕུག་གི་དངོས་གྲུབ་བཅུད་ཀྱིས་ལེན།། མངག་གཞུག་ལྷ་མིན་དངོས་གྲུབ་དང་།། ཤ་ཟ་ས་ལ་བྷནྡེ་ཀ། མང་དུ་ཐོས་པའི་ཤེས་ཐོབ་དང་།། རྐང་མགྱོགས་པ་ཡི་དངོས་གྲུབ་དང་།། དེ་དག་ལ་སོགས་དངོས་གྲུབ་རྣམས།། འབྲིང་པོའི་ནང་ནས་རབ་ཏུ་བསྟན།། འགྲོ་བ་ཐམས་ཅད་དགའ་བ་དང་།། འཇིག་རྟེན་པ་རྣམས་དབང་བསྐུར་དང་། ། དྲག་ཤུལ་སྤྱོད་པའི་ཆོ་ག་ནི།། བསྐྲད་པ་ལ་སོགས་ཐམས་ཅད་དང་།། གང་གཞན་ཅུང་ཟད་ཕལ་གྱི་རྣམས།། མཁས་པས་ཐ་མར་རིག་པར་བྱ།། རྫས་འབར་བ་ལས་རབ་ཏུ་འགྱུར།། དུ་བ་ཉིད་ལས་འབྲིང་། དུ་འགྱུར།། དྲོད་ལས་དངོས་གྲུབ་རྣམ་གསུམ་པོ།། འཕགས་གསུངས་གསང་སྔགས་མཐུ་ཆེན་གྱིས།། དངོས་གྲུབ་རབ་ནི་གྲུབ་པར་གྲགས།། ལྷ་ཡི་སྔགས་ཀྱིས་འབྲིང་པོ་གྲུབ།། ས་བླས་ཐ་མ་འགྲུབ་པར་གསུངས།། དེ་བཞིན་གཤེགས་པའི་རིག་པ་ཡི།། སྔགས་ཀྱི་དངོས་གྲུབ་ཆེན་པོ་འཐོབ།། པདྨ་འཛིན་པས་གསུང་སྔགས་ཀྱིས།། དངོས་གྲུབ་འབྲིང་པོ་ཐོབ་པར་བཤད།། རྡོ་རྗེ་འཛིན་པས་གསུངས་པ་ཡིས།། དངོས་གྲུབ་ཐ་མ་འགྲུབ་པར་བསྒྲགས། ། རབ་ཀྱི་ཐ་མ་གང་ཡིན་པ།། དེ་དག་ཐ་མའི་རབ་མི་མཉམ།། དངོས་གྲུབ་ལྷག་མ་གཉིས་པ་ཡང་།། ཆོ་གའི་རིམ་པ་དེ་ཉིད་དོ།། འབྲས་བུས་ཡོན་ཏན་བསྟན་པ་ཡི།། ཆེ་བའི་བྱེ་བྲག་རྣམ་གསུམ་ལས། ། རབ་དང་འབྲིང་དང་ཐ་མ་ཡི།། བྱེ་བྲག་དེ་དག་རབ་ཏུ་བསྒྲགས།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས།། གསུངས་པའི་གསང་སྔགས་གང་ཡིན་པ།། དེ་ལས་དངོས་གྲུབ་རབ་འབྱུང་བ།། ཐ་མ་དག་ལ་ཡོད་པར་འགྱུར། ། རྒྱས་པར་གསུངས་པའི་གསང་སྔགས་ལས།། ཁ་ཅིག་ལས་གཅིག་བྱེད་པའང་ཡོད།། དེ་དག་གི་ནི་ལས་དེ་ཡང་།། རབ་དང་འབྲིང་དང་ཐ་མར་བཤད།། ཁ་ཅིག་དེ་ལྟར་རིམ་མེད་པར།། དངོས་གྲུབ་རྣམས་ནི་འབྱུང་འགྱུར་ཏེ།། འདམ་ལས་པདྨ་སྐྱེ་བ་དང་།། ཙན་དན་ཤིང་ལས་མེ་འབྱུང་བཞིན།། རབ་དང་འབྲིང་དང་ཐ་མ་ལ།། ལུས་ཀྱི་དངོས་གྲུབ་རབ་ཡིན་ནོ།། རྫས་ལས་གྲུབ་པ་འབྲིང་ཡིན་ཏེ།། ལོངས་སྤྱོད་དངོས་གྲུབ་ཐ་མའོ། ། ཐ་མའི་གསང་སྔགས་ཟློས་པ་ནི།། ལ་ལས་རབ་ཏུ་བསྙེན་བྱས་ན།། དངོས་གྲུབ་གཞན་ལས་བླངས་ནས་ནི།། མཆོག་ཀྱང་རབ་ཏུ་སྟེར་བར་འགྱུར།། རབ་ལའང་ལ་ལ་ཞིག་གིས་ནི།། མ་བསྒྲིམས་པར་ཡང་བསྙེན་བྱས་ན། ། སྔགས་ཀྱང་དངོས་གྲུབ་ཐ་མ་སྩོལ།། དེ་བས་བསྙེན་པ་རབ་ཏུ་གཅེས།། ལྷ་རྣམས་ལ་ཡང་དབུལ་པོ་ཡོད།། ཡི་དགས་ལ་ཡང་མཐུ་ཆེན་ཡོད།། དེ་བཞིན་དངོས་གྲུབ་དག་ལ་ཡང་།། རྣམ་པ་སྣ་ཚོགས་ཡོད་པར་འགྱུར། ། རབ་འབྲིང་ཐ་མ་རེ་རེ་ལའང་།། དངོས་གྲུབ་རྣམ་པ་གསུམ་དུ་དབྱེ།། གསང་སྔགས་རྣམས་ཀྱི་མཐུ་ཤེས་ནས།། བསྙེན་པ་ལ་ནི་དངོས་གྲུབ་བརྩམ།། དངོས་གྲུབ་དབྱེ་བའི་མཚན་ཉིད་རིམ་པར་ཕྱེ་བའོ།། ཟློས་པ་དང་པོ་ལྷ་ཁང་དུ།། ཞུགས་ཏེ་མཉམ་པར་བཞག་ནས་ནི།། ལྷ་ལ་མངོན་དུ་ཕྱོགས་འདུག་སྟེ།། ཐལ་མོ་སྦྱར་ལ་ཕྱག་འཚལ་ནས།། རྗེས་སུ་མཐུན་པའི་མེ་ཏོག་དང་།། སྤོས་ཀྱི་ཆུ་ནི་གཙང་མ་ཡིས།། མཆོད་ཡོན་གོ་རིམས་བཞིན་བཤམས་ནས། ། བདུག་སྤོས་ཀྱིས་ཀྱང་རབ་བདུགས་ཏེ།། ལན་བདུན་བཟླས་ལ་མཆོད་ཡོན་དེས།། ལྷ་རྣམས་དག་ནི་སྤྱན་དྲང་ངོ་།། གསང་སྔགས་སྤྱན་ནི་དྲངས་ནས་ཀྱང་།། དེ་ཡི་འོག་ཏུ་མཆོད་པ་བྱ།། གསེར་དང་དངུལ་དང་ཟངས་མ་དང་། ། རྡོ་བ་དང་ནི་ཤིང་གི་འམ།། ཁང་པ་འམ་དུང་ངམ་ཉ་ཕྱིས་སམ།། དེ་བཞིན་ལོ་མ་གྱོང་པའང་རུང་།། ཞི་དང་རྒྱས་དང་དྲག་སྤྱོད་དང་།། རབ་དང་འབྲིང་དང་ཐ་མ་ཡི།། ལས་དང་དངོས་གྲུབ་རྣམས་ལ་ནི། ། རིགས་པའི་སྣོད་རྣམས་སྦྱར་བར་བྱ།། ཁ་དོག་ཡོན་ཏན་བཤད་པ་ལས།། གཞན་དང་གཞན་ཡང་ཅི་རིགས་པའི།། སྣོད་རྣམས་ཇི་ལྟར་འདོད་པ་ནི།། འདོད་ཡོན་ཕྱིར་ནི་རབ་ཏུ་སྦྱར།། ཞི་བའི་མཆོད་ཡོན་ནས་དང་བཅས། ། ཏིལ་དང་བཅས་པ་རྒྱས་པ་ལ།། ཐམས་ཅད་དང་ནི་འགལ་བའི་ཕྱིར།། ཀོ་ཏྲ་པར་བཅས་དྲག་སྤྱོད་ལ།། ཞི་བའི་མཆོད་ཡོན་འོ་མ་ཅན།། རྒྱས་པ་ལ་ནི་ཞོ་ཅན་ནོ།། བ་ཡི་གཅིན་ནམ་ཡང་ན་ཁྲག། དྲག་ཤུལ་སྤྱོད་པའི་དོན་དུ་ཤིས། ། རབ་དང་འབྲིང་དང་ཐ་མ་ཡི།། ལས་རྣམས་ཀུན་ལ་འབྲས་ཡོས་ཤིས།། སྤོས་དང་མེ་ཏོག་ཀུ་ཤ་ཏིལ།། ཆུ་རྣམས་བྱེ་བྲག་མེད་པར་བཟང་།། མཆོད་ཡོན་ཕྱིར་ནི་ཟངས་ཀྱི་སྣོད།། ལས་རྣམས་ཀུན་ལ་རབ་ཏུ་ཤིས། ། འདི་མ་འབྱོར་གྱིས་བདག་ལ་ནི།། བཟོད་མཛོད་ཅི་འབྱོར་པས་ཀྱང་བྱ།། སྔགས་རྒྱུད་ལས་གསུངས་ཐམས་ཅད་ཀྱང་།། རིག་པའི་རྒྱལ་པོས་རིམ་བཞིན་དུ།། སྤྱན་དྲང་ཆོ་ག་བྱ་བར་བཤད།། ཡང་ན་གང་རྗེས་གང་འབྲང་བའི། ། སྔགས་རྒྱུད་བདག་པོ་གང་ཡིན་དང་།། རིག་སྔགས་རྒྱལ་མོ་གང་ཡིན་པ།། དེ་གཉིས་ཀྱིས་ནི་ཡོངས་བཟླས་ལ།། དེ་ནས་དེ་ཡི་མངོན་པར་བསྔགས།། རིགས་གསུམ་ལ་ཡང་དེ་བཞིན་དུ།། ཐམས་ཅད་སྤྱན་ནི་དྲང་བར་བྱ། ། གང་དག་རང་རྒྱུད་ལས་གསུངས་པ།། དེ་དག་ལ་ནི་དེ་ཉིད་བཤད།། བཞུད་ཅིག་ཅེས་ནི་བདག་པོའི་བཀའ།། ཟློས་པས་རབ་ཏུ་བསྒྲགས་ནས་བཟུང་།། སྤྱན་ཡང་དྲང་མ་ཐག་ཏུ་ནི།། གསང་སྔགས་དགྱེས་ནས་འབྱོན་པར་འགྱུར། ། ལ་ལའི་ཆོ་ག་གང་ཡིན་ལས།། སྤྱན་དྲངས་སླར་གཤེགས་བཤད་པ་དག། དེ་དག་གསོལ་བའི་ལས་བྱས་ནས།། རབ་ཏུ་དགྱེས་ནས་དེ་བཞིན་མཛད།། རིག་སྔགས་རྒྱལ་མོས་རིག་སྔགས་རྣམས། ། སྤྱན་དྲངདྲ་བ་ཡི་ཆོ་ག་བྱ།། རིག་སྔགས་རྒྱལ་པོས་གསང་སྔགས་རྣམས།། གཞན་རྣམས་ལས་ནི་གཉིས་ཀས་སོ།། ལན་ཅིག་བཟླས་སམ་ལན་གསུམ་བཟླས།། ཡང་ན་ལན་བདུན་མངོན་པར་བསྔགས། གསང་སྔགས་བྱེ་བྲག་རྣམས་ཤེས་ནས།། ཉི་ཤུ་རྩ་གཅིག་ཏུ་ཡང་བཟླས།། མཆོད་ཡོན་ཆོ་ག་བཞིན་བཟླས་ནས།། བདུག་སྤོས་དག་གིས་རབ་ཏུ་བདུག། གུས་པས་པུས་མོ་གཉིས་བཙུགས་ནས།། ལས་བྱེད་བཅས་པའི་ལག་པས་དབུལ། ། དད་པ་དང་ནི་དམ་ཚིགས་གིས།། ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདིར།། བདག་གི་མཆོད་ཡོན་དེ་བཞེས་ལ།། མཆོད་པས་བདག་ལ་དགྱེས་པར་མཛོད།། གསང་སྔགས་གང་དག་ཅིག་པུ་ལ།། དྲག་ཅིག་གཏུམ་ལ་ཕ་རོལ་གནོམ།། དེ་ནི་རང་གི་སྔགས་ཉིད་ཀྱིས།། སྤྱན་དྲང་བ་ཡི་ཆོ་ག་བྱ།། གང་ཡང་འཁོར་དུ་གྱུར་པ་དག། དེ་དག་རང་གི་སྔགས་ཉིད་ཀྱིས།། སྤྱན་དྲང་ཆོ་ག་བྱ་བར་བཤད།། རིག་སྔགས་རྒྱས་དང་གསང་སྔགས་རྣམས། ། མདོར་ན་སོ་སོའི་གསང་སྔགས་སམ།། ཐམས་ཅད་ལ་ཡང་སྙིང་པོ་ཡིས།། སྤྱན་དྲང་བ་ན་མཆོག་ཏུ་བཤད།། མདོར་ན་མཁས་པས་མཆོད་ཡོན་དང་། སྤྱི་ཡི་རིགས་ཀྱི་སྙིང་པོ་ཡིས།། ཚུར་གཤེགས་ཞེས་ནི་སྨན་དྲང་བ།། འདི་ནི་གསང་བར་རབ་ཏུ་བསྒྲགས།། རབ་ཏུ་དད་པས་ཕྱག་བྱ་སྟེ།། གསོལ་བ་ཡང་དང་ཡང་བྱས་ནས།། གསང་སྔགས་རྣམས་དང་རིག་སྔགས་དག། མཁས་པས་གུས་པས་སྤྱན་དྲང་ངོ་། ། ཟློས་པས་མཉམ་ཞག་ལག་པ་གཉིས།། སྤྱི་བོར་བཞག་པའི་མཆོད་ཡོན་དག། གསང་སྔགས་མཆོག་ལ་ཕུལ་ན་ནི།། འོན་ཏང་སྤྱན་ནི་དྲང་བར་འགྱུར།། རབ་མ་དག་ལ་བྲང་ལ་ནས། ། ཕལ་པ་རྣམས་ལ་ལྟེ་བ་ནས།། མཆོད་ཡོན་ཚུལ་བཞིན་བཟླས་དབུལ་བ།། སྤྱན་དྲང་ཆོ་ག་རིག་པར་བྱ།། མཆོད་ཡོན་སྔགས་ཀྱི་བཟླས་པ་ཡིས།། རི་མོ་འམ་ཡང་ན་གཟུགས་དག་ལ།། གསང་སྔགས་གང་དག་འགྲེང་སྣང་བ། ། དེ་ལ་འགྲེང་སྟེ་སྤྱན་དྲང་བ།། འདུག་པ་ལ་ནི་འདུག་ནས་སོ།། བཟུར་བ་ལ་ནི་བཟུར་ནས་སོ།། སྤྱན་དྲང་ཕྱིར་ནི་མཆོད་ཡོན་དག། ཆོ་ག་བཞིན་དུ་དབུལ་བར་བགྱི།། གསང་སྔགས་ལ་ལའི་གནས་དག་ནི། ། གང་དང་གང་གི་ཕྱོགས་ཡིན་པ།། ཕྱོགས་དེ་ཐོག་མར་བལྟས་ནས་ནི།། མཆོད་ཡོན་བཟླས་ཏེ་དེར་ཕྱོགས་ལ།། ལས་དེ་ཕྱོགས་སུ་བལྟས་ནས་ནི།། དེ་ནས་མཆོད་ཡོན་དབུལ་བར་བྱ།། འདི་ནི་སྤྱན་དྲང་ཆོ་ག་གཞན།། གསང་བའི་དམ་པ་བཤད་པ་ཡིན།། ཐལ་སྦྱར་མཆོད་ཡོན་མེ་ཏོག་དང་།། ཡིད་ཀྱིས་ས་མ་ནི་ཆུས་ཀྱང་རུང་། མཁས་པས་སྤྱན་དྲང་ཆོ་ག་ནི།། གང་དུའང་རུང་བར་མདུན་དུ་བྱ།། གསང་སྔགས་ཀུན་གྱི་ཆོ་ག་འདིར།། སྔགས་དང་ཕྱག་རྒྱར་ལྡན་པ་ཡིས། ། སྤྱན་དྲང་ཆོ་གར་གསུངས་པ་དག། འདི་ནི་ཀུན་གྱི་སྤྱི་ཡིན་ནོ།། སྒྲུབ་པས་སྔོན་དུ་བསྙེན་པ་དང་།། མཆོད་པ་ལ་སོགས་ལས་རྣམས་དང་།། ལས་ཀྱི་ཆོ་ག་བྱེད་པས་ན།། སྤྱན་དྲང་བ་ནི་ཡིད་ཀྱིས་བྱ།། ཇི་ལྟར་མཐུན་པའི་ཆོ་ག་བཞིན།། སྤྱན་དྲང་ཆོ་ག་བཤད་པ་ནི།། ཐམས་ཅད་དོན་བྱེད་ཕྱིར་གསུངས་ཏེ།། ཕྲན་ཚེགས་དག་ལ་ཕལ་གྱིས་བྱ།། ཟློས་པ་སྤྱན་ནི་དྲང་ནས་ཀྱང་།། ཆོ་ག་བཞིན་དུ་མཉེས་བྱས་ནས།། གསང་སྔགས་ཀྱི་ནི་ལྷ་རྣམས་ཀྱང་། ། ཕན་འདོགས་ལ་སོགས་ཐམས་ཅད་མཛད།། སྤྱན་དྲང་བའི་ཆོ་ག་རིམ་པར་ཕྱེ་བའོ།། ། སྒྲུབ་པ་པོས་ནི་ལས་ཀུན་ལ།། ལྷ་རྣམས་སྤྱན་དྲངས་བྱས་ནས་ནི།། གསང་སྔགས་རིམ་པར་ཕྱེ་བ་བཞིན། ། ཆོ་ག་ཤེས་པས་མཆོད་བརྩམ་པ།། བདེ་བར་གཤེགས་སོ་བཅོམ་ལྡན་འདས།། ཚུར་གཤེགས་འདིར་ནི་བཞུགས་སུ་གསོལ།། བདག་གི་མཆོད་པ་བཞེས་ནས་ཀྱང་།། ཐུགས་ཀྱིས་ཐུགས་དཔག་མཛད་དུ་གསོལ། ། བདག་ནི་གུས་དང་ལྡན་ནོ་ཞེས།། ལྷ་ལ་ཡང་དང་ཡང་གསོལ་ནས།། གསང་སྔགས་སྒྲུབ་པས་དུས་གསུམ་དུ།། ཆོ་ག་འདིས་ནི་མཆོད་པ་བྱ།། སྔོན་གྱི་སྔགས་རྒྱུད་ལུང་གིས་ནི།། ཐོག་མར་དྲི་རྣམས་དབུལ་བར་བྱ། ། དེ་ནས་མེ་ཏོག་རྗེས་མཐུན་པའོ།། དེ་ནས་འདུག་སྤོས་རབ་ཏུ་བསྒྲགས།། དེ་ནས་ལྷ་བཤོས་རྗེས་མཐུན་པའོ།། མར་མེ་ཐ་མར་རབ་ཏུ་སྦྱར།། ཁྲོ་བོའི་རྒྱལ་པོས་བསངས་པའི་རྫས།། གཙང་ཞིང་ངན་པ་མ་ཡིན་པ།། རྗེས་སུ་མཐུན་ཞིང་ཡོན་ཏན་ཅན།། བློ་དང་ལྡན་པས་གུས་པས་དབུལ།། སོ་སོ་ཡི་ནི་གསང་སྔགས་ཀྱིས།། རེ་རེ་ལ་ཡང་མངོན་སྔགས་ཏེ།། མཆོད་པའི་ཡན་ལག་ཅི་དགར་དབུལ།། སོ་སོ་སོ་སོར་མཆོད་ཡོ་ན་དབུལ།། ཆེ་གེ་མོ་འདི་བཞེས་ཤིག་ཅེས།། རྫས་ཀྱི་མིང་ནས་ཕྱུང་སྟེ་དབུལ།། མ་འབྱོར་ན་ཡང་གཟུགས་བརྙན་རྣམས།། བྱས་ནས་མཆོད་ཡོན་དབུལ་བར་བྱ།། གུས་དང་མཆོད་ཡོན་ཕུལ་བ་ཡིས།། ཆོ་ག་ཐམས་ཅད་རྫོགས་པར་འགྱུར། ། ཐལ་སྦྱར་མཆོད་ཡོན་བློས་མཆོད་དང་།། ཆོ་གའི་ཡན་ལག་ཉིད་དང་བཞིའོ།། མཆོད་པའི་ཆོ་ག་ཐམས་ཅད་ལ།། ཇི་ལྟར་རིགས་པར་སྦྱར་བར་བྱ།། རྣམ་པ་ཀུན་ལ་མཁས་པས་ནི།། རྟག་ཏུ་ཅི་ནུས་པ་ཀྱང་རུང་། ། ། ཆོས་ཀྱི་ཐོག་མར་སྔོན་འགྲོ་ཞོས།། ཐུབ་པ་ཆེན་པོས་བཀའ་སྩལ་པ།། ཡིད་ཀྱི་མཆོད་པ་ཁྱད་པར་ཅན།། ལེགས་པར་ཉིད་དུ་བརྩམ་པར་བར་བྱ།། མཆོད་པའི་རིམ་པར་ཕྱེ་བའོ། ། །། ཡིད་ནི་རབ་ཏུ་མཉམ་བཞག་ནས།། ཆོ་ག་ལྷག་མ་བྱ་བར་བཤད།། སྒྲུབ་པ་པོས་ནི་ཐོག་མ་རུ།། ཁྲོ་བོའི་རྒྱལ་པོས་བསྐྲད་པར་བྱ།། ཡང་ན་རིག་སྔགས་སོ་སོ་ཡི།། ལས་ཀུན་བྱེད་པཔའི་རིག་སྔགས་ཀྱིས། ། ན་མོ་རཏྣ་ཏྲ་ཡཱ་ཡ།། ན་མཱ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཨོཾ་ཙུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྟ། ཧ་ན་ཧ་ན། ཨོཾ་མྲྀ་ཏེ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཏྲཾ་བནྡྷ་སྭཱ་ཧཱ། ན་མོ་མ་ཧཱ་ཤྲི་ཡེ། ཨོཾ་ཤཱཾ་མེ་ས་མ་ཡེ། སཽ་མེ། སིདྡྷི་སིདྡྷི། སཱ་དྷ་ཡ། ཤི་བེ་ཤི་པཾ་ཀ་རི། ཨ་བ་ཧ། སརྦ་ཨརྠ་ས་དྷ་ནི་སྭཱ་ཧཱ། རིགས་གསུམ་གྱི་ལས་ཐམས་ཅད་བྱེད་པའི་གསང་སྔགས་སོ།། ཁྲོ་བོའི་གསང་སྔགས་རྒྱར་བཅས་པས། ། མེ་ཏོག་ལ་སོགས་རྣམ་པར་བསང་།། ལག་པ་གཡོན་པར་བཞག་པའི་ཆུས།། ཐོག་མ་ཉིད་དུ་བསང་གཏོར་བྱ།། བདག་པོའི་སྔགས་ཀྱིས་བྱ་བའམ།། ཡང་ན་རིགས་ཀྱི་སྙིང་པོས་བྱ།། མདོར་ན་གསང་སྔགས་ཐམས་ཅད་ཀྱང་། ། ཕྱག་རྒྱར་བཅས་པས་བསང་བར་བྱ།། བདག་ཉིད་རྣམ་པར་སྦྱང་བའི་ཕྱིར།། སྤོས་ཆུ་ལག་ཟིལ་བླུགས་པ་ལ།། བལྟ་ཞིང་དེ་ཡི་སྙིང་པོ་བཟླས།། རང་གི་སྤྱིར་ནི་བསང་གཏོར་བྱ།། སྟན་ཡང་རྣམ་པར་སྦྱང་བའི་ཕྱིར། ལས་ཀུན་བྱེད་པའི་གསང་སྔགས་སམ།། ཡང་ན་ཁྲོ་བོའི་རྒྱལ་པོ་ཡིས།། སྤོས་ཀྱི་ཆུས་ནི་བསང་གཏོར་བྱ།། ལན་བདུན་བཟླས་བརྗོད་བྱས་པའི་ཆུས།། ས་ཕྱོགས་ཀུན་ཏུ་བསང་གཏོར་བྱ།། བསང་བ་དང་ནི་སྦྱང་བ་དག། གསང་སྔགས་འདིས་ནི་བྱས་པར་འགྱུར།། ཨོཾ་ཀི་ལི་ཀི་ལི། བཛྲ་བཛྲི། བྷུར་བནྡྷ་བནྡྷ་ཧཱུཾ་ཕཊ། དེ་ནས་སྟེང་དུ་བློ་ཅན་གྱིས།། རིག་པའི་རྒྱལ་པོ་འདི་འདོན་ཅིང་།། བདུག་པས་ལྷ་རྣམས་བསང་བ་དང་།། བཅིང་བ་དང་ནི་སྦྱར་བར་བྱ། ། ཨོཾ་སུ་སིདྡྷི་ཀ་ར་ཛྭ་ལ་ཧི་ཨ་ནནྟ་མུརྷ་མེ་ཛྭ་ལ་ཛྭ་ལ། བནྡྷ་བནྡྷ། ཧ་ན་ཧན་ཧཱུཾ་ཕཊ། ཐམས་ཅད་སྤྱིའི་འོ།། ཨོཾ་ཛྭ་ལ་ཧཱུཾ། དེ་བཞིན་གཤེགས་པའི་རིགས་ལའོ།། ཨོཾ་པདྨ་ནི་བྷ་ག་བ་ཏི་མོ་ཧ་ཡ། ཛ་གད་མོ་ཧ་ནི་སྭཱཧཱ། པདྨའི་རིགས་ལའོ།། དེ་ནས་བློ་དང་ལྡན་པ་ཡིས།། རིགས་ཀྱི་སྙིང་པོ་ཡོངས་བཟླས་པའི།། སྤོས་ཆུས་ཁོ་ར་ཁོར་ཡུག་ཏུ།། ཐམས་ཅད་དུ་ནི་ཕྱོགས་བཅིང་བའོ།། རིག་སྔགས་རྒྱལ་པོའི་སྙིང་པོ་འམ།། བདག་གི་རིག་སྔགས་རྒྱལ་པོ་འམ། ། རང་གི་གསང་སྔགས་མངག་གཞུག་པས།། ཕྱོགས་བཅིང་བ་ནི་གུ་ས་པར་བྱ།། བྷྲཱུཾ་ཨོཾ་ཨ་མྲྀ་ཏོད་བྷ་བ་ཧཱུཾ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་སུམ་བྷ་ནི་། སུམ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་བཾ་བིདྱཱ་རཱ་ཛ་ཧཱུཾ་ཕཊ་སྭཱ་ཧཱ། རིགས་གསུམ་རིག་པའི་རྒྱལ་པོའི་སྔགས།། དེ་དག་ཉིད་ཀྱི་སྙིང་པོ་ཡིས།། ར་བ་རྣམས་ཀྱང་རབ་ཏུ་སྦྱར།། རིགས་ཀྱི་རིག་སྔག། རྣམས་ཀྱིས་ནི། ལྷ་རྣམས་ཡོངས་སུ་བསྲུང་བར་བྱ།། ལས་རྣམས་ཀུན་ལ་ཐམས་ཅད་དུ།། བགེགས་ལ་སོགས་པ་བསལ་བ་ལས།། རྣམ་པར་རྟོག་པའི་ཆོ་ག་ཡིས།། བདུད་རྩི་ཐལ་སྦྱོར་རབ་ཏུ་སྦྱར།། ཁང་པའི་ཁོ་ར་ཁོར་ཡུག་ཏུ། ། དྲ་བ་ར་བ་ཕུར་བུ་དག། ཀཱི་ལི་ཀཱི་ལ་བདུད་རྩི་ཞེས།། ཁྲོ་བོ་གཉིས་ནི་རྟག་ཏུ་སྦྱར། བསྲུང་བའི་གསང་སྔགས་ཐ་དད་པ།། ཆོ་ག་ལས་བསྟན་གང་ཡིན་པ།། དེ་ཉིད་འདིར་ནི་སྦྱར་བར་བྱ།། ཡང་ན་གང་ལ་དད་པའང་རུང་། ། བཅོམ་ལྡན་སྤྱན་ནི་གང་ཡིན་དང་།། གོས་དཀར་ཅན་མ་གང་ཡིན་དང་།། རིག་སྔགས་མཱ་མ་ཀཱི་གང་ཡིན།། དེ་དག་ཐོག་མར་ཡོངས་སུ་བཟླས།། དེས་ནི་བདག་དང་ལྷ་ཡང་རུང་། ། སྡིག་པ་ཐམས་ཅད་བྱང་བར་འགྱུར།། བགེགས་རྣམས་སྨ་ཡང་འབེབས་པ་དང་།། བསམ་པའི་འབྲས་བུ་མངོན་དུ་འགྱུར།། རིག་སྔགས་མཱ་མ་ཀཱི་གཅིག་པུ།། རྒྱལ་དང་པདྨའི་རིགས་ལ་ཡང་།། བློ་ཅན་བདག་གིས་གཟུངས་སུ་འདོད། ། ཐམས་ཅད་ལ་ཡང་རབ་ཏུ་སྦྱར།། ཆོ་ག་ལས་བཤད་གསང་སྔགས་ཀྱིས།། སྲུང་བའི་ལས་རྣམས་བརྩམ་དུའང་རུང་།། ཡང་ན་དཔའ་བོ་གཅིག་པུ་ཡིས།། ཐམས་ཅད་ཆོ་ག་བཞིན་དུ་བྱ།། དེ་ལྟར་གསང་སྔགས་ཐམས་ཅད་མི། ། དཀྱིལ་འཁོར་ལས་བཤད་ཆོ་ག་བཞིན།། བསྙེན་པའི་ཚེ་ཡང་ཟློས་པ་པོས།། མ་ལུས་པ་ལས་ཤེས་པར་བྱ།། གང་ཡང་རིགས་བདག་གསང་སྔགས་སམ།། རིགས་ཀྱི་སྙིང་པོ་གང་ཡིན་པའམ།། གསང་སྔགས་ཀུན་གྱི་རྒྱལ་པོ་འམ།། གང་ཡང་སྔགས་རྒྱུད་རྒྱལ་པོ་འམ།། ལས་ཀུན་བྱེད་པའི་གསང་སྔགས་ནི།། གསུམ་ཀ་ལ་ཡང་དེ་དག་གིས།། རང་རིགས་ལས་ལ་བྱེ་བྲག་ཏུ།། ཟློས་པ་པོས་ནི་བྱ་བར་རིགས།། བསྲུང་དང་སྤྱན་དྲང་སྦྱང་བ་དང་།། བཅིང་དང་ཕྱིར་བཟློག་མནན་པ་དང་།། དགང་དང་གཞིལ་པར་བྱ་བ་དང་།། ཚར་གཅད་པ་དང་བསྐུལ་བ་དང་།། དེ་ལ་སོགས་པའི་ལས་རྣམས་ཀུན།། རིགས་གསུམ་དག་ནི་ཐམས་ཅད་དང་།། དངོས་གྲུབ་དག་ལ་དེ་དག་གིས། ། སྒྲུབ་པ་པོས་ནི་ཐམས་ཅད་བྱ།། བདག་གི་གསང་སྔགས་བདག་ཉིད་ཀྱང་།། སྙིང་པོ་དེ་དག་ཉིད་ཀྱིས་བསྲུང་།། གཙུག་པུད་གོས་དང་གསང་བྱེད་ལ།། མདུད་པ་བོར་ཏེ་བདུན་གསུམ་བཟླས།། སྙིང་ཀར་མཐེ་བོང་རྩེ་བཙུགས་ཏེ། ། བདག་ཉིད་སྲུང་བའི་ཕྱིར་བཟླས་སོ།། ཡང་ན་ཐལ་བའམ་ཡུང་ཀར་ཆུས།། བདག་ཉིད་བསྲུང་བར་སྤྱད་པར་བྱ།། དྲག་པོ་ཡི་ནི་ལས་རྣམས་ལ།། བདག་པོའི་རྟགས་ཀྱིས་བསྲུང་བར་བྱ།། སྒྲུབ་པ་པོས་ནི་ཞི་བ་ལའང་། ། གསང་སྔགས་དྲག་པོས་ནན་ཏན་བྱ།། ལྷ་རྣམས་བྱིན་གྱིས་རློབ་པ་ཡང་།། བདག་གི་སྔགས་ཀྱིས་མཛད་པར་འགྱུར།། བདག་གི་སྔགས་ལ་འཇིགས་དོགས་ན།། བསྲུང་བ་བདག་པོས་བྱ་བར་བཤད།། སྒྲུབ་པ་པོ་ནི་བློ་ཅན་གྱིས།། གཉིས་ཀར་རྟགས་པར་ལས་རྣམས་ལ།། བདག་ཉིད་བསྲུང་བའི་ཆོ་ག་དག། གཙང་མས་ལྷག་པར་ལེགས་པར་བྱ།། ལྷ་ཡི་ཁང་པའི་ཕྱི་རོལ་དུ།། གཅིག་པུ་ཅི་དཀར་སྤྱོད་པ་ན།། ལྷ་རྣམས་ཡོངས་སུ་སྲུང་བའི་ཕྱིར། ། བདག་ཉིད་བཞིན་དུ་ཀུན་ཏུ་སྤྱད།། ཕྱི་རོལ་ཆགས་ལ་སོགས་པ་དང་།། ནམ་ཡང་གང་དག་མི་གཙང་བར།། ཁྲོ་བོ་འཆོལ་པའི་གསང་སྔགས་ཀྱིས།། དེ་ཚེ་བསྲུང་བར་བྱ་བར་བཤད།། ན་མོ་བཛྲཱ་ཡ། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བི་དྷྭཾ་ས་ཡ། ། ཨུཙྪཤྨ་ཀྲོ་དྷ་ཧཱུཾ་ཕཊ།། ཁྲུས་བྱེད་ཚེ་ན་བགེགས་ཀྱི་དགྲས།། བསྲུང་བར་རྟག་ཏུ་བྱ་བར་བཤད།། ཟམ་ཟའི་ཚེ་ན་བདག་པོས་སྲུང་།། ཉལ་ཚེ་རིགས་ཀྱི་རིག་སྔགས་ཀྱི་སུ།། རིགས་གསུམ་ལ་ཡང་རྟག་པར་ནི། ། བགེགས་རྣམས་ཀུན་གྱིས་གྲགས་གྱུར་ལ།། རིག་སྔགས་རྒྱལ་པོ་ཞེས་བྱ་བ།། དེས་ནི་བསྲུང་བར་བྱ་བར་བཤད།། སྲུང་བའི་རིམ་པར་ཕྱེ་བའོ།། ། ཨོཾ་ཨེ་ཀ་ཛྭ་ལ་བཛྲ་པ་ཎི་། ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཕཊ་སྭཱ་ཧཱ། དེ་ལ་སོགས་པ་མ་ལུས་པ།། དེ་ལྟར་བསྲུང་བ་བྱས་པས་ནི།། བདག་གི་ཡིད་ནི་མཉམ་བཞག་སྟེ།། བཟླས་བརྗོད་བྱ་བ་ཀུན་ཏུ་བརྩམ།། ཀུ་ཤ་སྔོན་པོའི་རྩ་སྔ་ན་ནི།། འཕང་དུ་སོར་བའི་ཡོད་པ་ལ། ། མཉམ་ཞིང་ཞེང་དུ་མཐོ་གང་བ།། སྲིད་དུ་སོར་ནི་བཅུ་དྲུག་བྱ།། སྔོན་དུ་བསྙེན་པའི་བཟླས་བརྗོད་ཆེ།། དེ་དག་ཐམས་ཅད་བྱ་བར་གསུངས།། དེ་དག་མ་འབྱོར་ཀུ་ཤའི་རྩ་འམ།། ཡང་ན་འཇག་མ་སྔོན་པོའང་རུང་། ། ལས་ཀྱི་བྱེ་བྲག་ཇི་ལྟ་བར།། ཤིང་ལས་བྱས་པའི་སྟན་ཡང་བཤད།། དེ་ཡི་ཚད་དུ་ལེགས་བཞོགས་པའི།། ཤིང་གི་ཁྲིའུ་འང་རབ་ཏུ་ཤིས།། འདབ་མ་གཙང་མ་དེ་དང་དེ།། ཁྱད་པར་དུ་ནི་ལས་ཀུན་ལ།། མན་ངག་བསྟན་པ་དེ་ཡིས་ནི། ། ལོ་མའི་སྟན་ཡང་བཤད་པ་ཡིན།། མཆོག་ལ་སོགས་པའི་བྱེ་བྲག་གིས།། སྤྱི་ཡི་ལས་རྣམས་ཐམས་ཅད་དང་།། སྐྱིལ་ཀྲུང་བཀྲ་ཤིས་བཟང་པོ་སྟེ།། དེ་དག་འདུག་སྟབས་གསུམ་ཡིན་ནོ།། མཁས་པས་དེར་ཡང་འདུག་ནས་ནི། ། མཆོད་པའི་ཆོ་ག་ལེགས་བྱས་ནས།། བློ་ཡིས་གུས་པ་རབ་བསྐྱེད་དེ།། བཅོམ་ལྡན་དེ་བཞིན་གཤེགས་པ་བསྟོད།། དེ་ནས་ཆོས་དང་དགེ་འདུན་ལ།། དེ་ནས་སྤྱན་རས་གཟིགས་དབང་ཕྱུག། དེ་ནས་རིག་པའི་རྒྱལ་པོཔོཆེ། ། རྡོ་རྗེ་འཆང་བ་བསྟོད་པར་བྱ།། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། ཐམས་ཅད་མཁྱེན་པ་སྟོན་པ་པོ།། བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་།། དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།། དག་པས་འདོད་ཆགས་བྲལ་བར་འགྱུར། ། དགེ་བས་ངན་སོང་ལས་གྲོལ་བ།། གཅིག་ཏུ་དོན་དམ་མཆོག་གྱུར་པ།། འི་གྱུར་ཆོས་ལ་ཕྱག་འཚལ་ལོ།། གྲོལ་ནས་གྲོལ་བའི་ལམ་ཐོབ་པ།། བསླབ་པ་དག་ལ་རབ་ཏུ་གནས།། ཞིང་གི་དམ་པ་ཡོན་ཏན་ལྡན།། གེ་འདུན་ལ་ཡང་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས།། ཡོན་ཏན་དམ་པ་ཀུན་བསགས་པ།། སྤྱན་རས་གཟིགས་ཞེས་མཚན་གསོལ་པ།། རྟག་པར་བརྩེ་ལ་ཕྱག་འཚལ་ལོ།། སྟོབས་པོ་ཆེ་ལ་དྲག་། ཤུལ་ཅན།། རིག་སྔགས་རྒྱལ་པོ་དགེ་བ་དག། གདུལ་དཀའ་བ་དག་འདུལ་བ་པོ།། རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ།། དེ་ལྟར་གུས་པར་ཐལ་སྦྱར་ནས།། རྒྱལ་སྲས་གཞན་ཡང་བསྟོད་པ་ནི།། བྱང་ཆུབ་སེམས་དཔའི་གཞུང་གིས་བསྟོད། ། དེ་ནས་སྡིག་པ་སོ་སོར་བཤགས།། འཇིག་རྟེན་དག་གི་ཕྱོགས་ཀུན་ན།། དེ་བཞིན་གཤེགས་པ་གང་བཞུགས་དང་།། དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག། དེ་དག་བདག་ལ་དགོངས་སུ་གསོལ།། ཚེ་རབས་གང་ཡང་རུང་བ་ན། ། བདག་གིས་སྡིག་པ་ཅི་བགྱིས་དང་།། སྔོན་གྱི་ཚེ་རབས་གཞན་དག་དང་།། ཚེ་རབས་འདི་དང་འཁོར་བ་ན།། འདོད་ཆགས་དབང་དང་བླུན་པ་དང་།། ཁྲོ་བ་དག་གིས་འཁྲུག་གྱུར་ཏེ།། སངས་རྒྱས་ཆོས་དང་དགེ་འདུན་ནམ་བླ་མ་དག་དང་ཕ་མ་དང་། ། དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང་།། སྦྱིན་གནས་གང་ཡང་རུང་བ་དང་།། དེ་ལས་གཞན་པའི་སེམས་ཅན་དག། ཡོན་ཏན་ལྡན་དང་མི་ལྡན་ལ།། སྡིག་པའི་ལས་རྣམས་གང་བགྱིས་དང་།། གང་ཡང་བགྱིད་དུ་སྩལ་བ་དང་།། གང་ཡང་ཅུང་ཟད་ཡི་རང་བ།། བག་མེད་པས་ནི་ཕྲ་མོ་ཡང་།། ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས།། དེ་དག་མ་ལུས་བློས་བསྡུས་ནས།། རྫོགས་པའི་སངས་རྒྱས་སྲས་བཅས་པ། བདག་གིས་ད་ནི་མངོན་སུམ་བཞིན།། རབ་ཏུ་གུས་པས་ཕྱག་འཚལ་ལོ།། སྐྱོ་བའི་ཡིད་དུ་གྱུར་པ་ཡིས།། ཐལ་མོ་སྦྱར་ཏེ་ནོངས་པ་རྣམས།། ཡང་ན་ཡང་དུ་སོ་སོར་བཤགས།། བདག་གིས་མི་དགེ་བགྱིས་པའི་རྣམས།། རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན།། དེ་ལྟར་བདག་གིས་སོ་སོར་བཤགས།། སླན་ཆད་དེ་ལྟར་ཡོང་མི་བགྱིད།། སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར།། བདག་ཉིད་ཇི་སྲིད་འཚོ་བར་དུ།། སངས་རྒྱས་ཆོས་དང་དགེ། འདུན་ལ།། གུས་པར་ཡང་དྲག་སྐྱབས་སུ་མཆི།། དེ་ཡི་ཡོན་ཏན་གུས་བསྒྲགས་ཏེ།། ས་ལ་མགོ་བོས་གཏུགས་ནས་ནི།། དཀོན་མཆོག་གསུམ་ལ་བློ་ཅན་གྱིས།། དེ་ལྟར་གུས་པས་སྐྱབས་སུ་འགྲོ། ། དེ་ནས་མཆོག་གི་ས་བོན་གང་།། ཐར་པའི་བདུད་རྩི་འབྲས་སྦྱིན།། ཤིན་ཏཱ་བསྒོམས་ནས་མཆོག་གྱུར་པ།། དངོས་གྲུབ་ཕྱིར་ནི་དེ་བསྐྱེད་དོ།། སེམས་ཅན་ཁམས་ནི་མཐའ་ཡས་པའི།། སྡུག་བསྔལ་ཉེ་བར་ཞི་བ་དང་། ། ངར་འགྲོ་རྣམས་ལས་བསྔལ་བ་དང་།། ཉོན་མོངས་རྣམས་ལས་དཀྲོལ་བའི་ཕྱིར།། སྲིད་པ་མི་དེ་དོག་པ་ན།། སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ།། དེ་ལྟས་ཡོངས་སུ་བསྒྲུབས་པའི་ཕྱིར།། བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། ། སེམས་ཅན་འཕོངས་པ་ཐམས་ཅད་ཀྱི།། སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག། བདག་ནི་མགོན་མེད་རྣམས་ཀྱི་མགོན།། རྟེན་མེད་རྣམས་ཀྱི་རྟེན་དུ་བདག། སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་།། སྡུག་བསྔལ་བདེ་བར་བྱེད་པ་དང་།། བདག་ནི་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་ཞི་བར་བྱེད་པར་ཤོག། དགེ་བའི་ལས་རྣམས་གང་དང་གང་།། འདི་དང་གཞན་དུ་བསགས་པའི་རྣམས།། བསོད་ནམས་ཡེ་ཤེས་ཞེས་བྱ་བའི།། ཚིགས་ནི་རྣམ་པ་གཉིས་སུ་ཤོག། ཕ་རོལ་ཕྱིན་པ་དྲུག་སྒོ་ནས།། བདག་གིས་བརྩོན་འགྲུས་གང་བརྩམས་པ།། དེ་ཡང་སེམས་ཅན་མ་ལུས་པ།། ཐམས་ཅད་ལ་ནི་ཕན་པར་ཤོག། ཚེ་ཡི་མཐའ་ཀླས་བྱེད་པ་དང་།། གང་ཡ་ཕུང་མད་བྱེད་འགྱུར་བ། ། མདོར་ན་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་ཐམས་ཅད་ཞི་བ་དང་།། གྲོལ་བར་བྱ་བའི་ཕྱིར་འབད་ཅིང་།། བྱང་ཆུབ་རབ་ཏུ་དགའ་བརྩོན་ནོ།། དེ་ནས་རྫོགས་པའི་བྱང་ཆུབ་སེམས།། ཆོ་ག་བཞིན་དུ་ཀུན་ཏུ་བསྐྱེད། ། སེམས་ཅན་ཀུན་ལ་སྙིང་རྗེ་དང་།། བྱམས་པ་ཉེ་བར་གནས་པར་བྱ།། སེམས་ནི་ལེགས་པར་སྦྱང་བའི་ཕྱིར།། སྣ་ཚོགས་ཐབས་ཀྱིས་རྗེས་དྲན་དྲུག། ནང་གི་བདག་ཉིད་ཞི་བ་ཡིས།། བསམ་པ་གཅིག་ཏུ་བསྒོམ་པར་བྱ། ། སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས།། སྨོན་ལམ་ཇི་ལྟར་མཛད་པ་བཞིན།། བདག་ཀྱང་དགེ་བའི་སེམས་ཀྱིས་སུ།། དེ་བཞིན་དུ་ནི་སྨོན་ལམ་འདེབས།། ཆོས་ཀྱི་ལོངས་སྤྱོད་སྣ་ཚོགས་ལ།། མཉམ་པར་བཞག་ནས་ཡི་རང་ངོ་། ། སེམས་ཅན་ཐམས་ཅད་བདེ་བ་དང་།། ཞི་ཞིང་ནད་ཀྱང་མེད་པར་ཤོག། བདག་ནི་བྱ་བ་ཀུན་ནུས་ཤིང་།། ཡོན་ཏན་དང་ཡང་ལྡན་པར་ཤོག། ནོར་ལྡན་གཏོང་པོ་དེ་ཤེས་རབ་ཅན།། བཟོད་ལྡན་དགེ་ལ་དད་པ་དང་།། སེམས་ཅན་ཚེ་རང་ཐམས་ཅད་དུ། ། སྐྱེ་བ་དྲན་ཞིང་བཅེར་ལྡན་ཤོག། དེ་ནས་ཐལ་མོ་མཉམ་སྦྱར་ཏེ།། བླ་མ་ལ་ནི་ཕྱག་འཚལ་ནས།། རིག་སྔགས་རྒྱལ་པོ་དྲན་བྱས་ཏེ།། མཁས་པས་ཆོ་ག་འདི་དག་བྱ།། སྔགས་ཀྱི་ནོར་བུ་བླངས་ནས་ནི།། ལག་པའི་སྒྲིབ་པར་བཅུག་ནས་སུ། ། རིག་སྔགས་རྒྱལ་པོ་ལན་ཅིག་བསམ།། དེ་ནས་གསང་སྔགས་འདི་བཟླས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩ་ཎཱ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཀཱི་རི་ཀི་རི། རོ་དྷི་ནི་སྭཱ་ཧཱ། ། རྡོརྗེ་རིགས་ལའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨད་བྷཱུ་ཏེ་བི་ཛ་སིདྡྷ་སིཏྟཱར་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། ཨོཾ་ཨ་མྲྀ་ཏ་ག་མེ། ཤྲི་ཡེ་ཤྲི་ཡ་ནི་ལི་སྭཱ་ཧཱ། པདྨའི་རིགས་ལའོ།། མཐེ་བོང་དང་ནི་སྲིན་ལག་གིས།། ལས་རྣམས་ཀུན་ལ་ནོར་བུ་དང་།། མཁས་པས་དྲག་པོའི་ལས་རྣམས་ལ།། མཛུབ་མོས་དྲང་བར་རབ་ཏུ་བསྒྲགས།། རྒྱལ་བའི་རིགས་ལ་བོ་དེ་ཙེ།། སྔགས་ཀྱི་ནོར་བུར་རབ་ཏུ་བསྒྲགས། ། པདྨའི་རིགས་ལ་པདྨའི་སྙིང་།། རྡོ་རྗེའི་རིགས་ལ་རུ་རག་ཤ།། རིགས་གསུམ་དག་ནི་ཐམས་ཅད་ལ།། ནོར་བུ་དེ་དག་རབ་ཏུ་བསྒྲགས།། བཟླས་བརྗོད་བྱེད་པའི་ལས་ད་ལ། ། དེ་དག་དགེ་ཞིང་མཆོག་ཏུ་བཤད།། ལུང་ཏང་ཏ་ལའི་འབྲས་བུ་དང་།། དུང་དང་ཁམ་པ་ལས་བྱུང་དང་།། ཤེལ་དང་མུ་ཏིག་བ་སོ་དང་།། དེ་བཞིན་བྱུ་རུ་ནོར་བུ་དང་།། ས་བོན་རྣམ་པ་སྣ་ཚོགས་དང་།། སྦོམ་དག་གི་འཕྲེང་བའང་རུང་སྔགས་ཀྱི་ནོར་བུ་དེ་དག་རྣམས། ། ཆོ་ག་འདི་ལས་རབ་ཏུ་བསྒྲགས།། རིགས་དང་ལ་སོགས་བྱེ་བྲག་ལས།། གཅེས་ཤིང་ཁ་དོག་ཇི་ལྟ་བར།། མཁས་པས་འདི་ལྟར་རིག་པར་བྱ།། དྲག་ཤུལ་སྤྱོད་ལ་ཁྱད་པར་དུ།། རུས་པ་སྣ་ཚོགས་ཤིཤེས་པ་ཡིན། ། དེ་ནས་གསང་སྔགས་གཞན་གྱིས་ཀྱང་།། དངོས་གྲུབ་འདོད་པས་མངོན་པར་བསྔགས།། གཅིག་ནི་སྦྱང་བའི་གསང་སྔགས་ཏེ།། གཉིས་པས་འགྲུབ་ཕྱིར་ཤེས་པར་བྱ།། ན་མོ་བྷ་ག་བ་ཏེ། སིདྡྷི་སཱ་དྷ་ཡ་སཱ་དྷ་ཡ། སིདྡྷི་ར་ཐེ་། སྭཱ་ཧཱ། དེ་བཞིན་གཤེགས་པའི་རིགས་ལའོ།། ཨོཾ་བཱ་སུ་མ་ཏི་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ།། ཨོཾ་བཛྲ་ཨ་ཙི་ཏ་ཛ་ཡེ་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ།། སྔགས་ཀྱི་ནོར་བུའི་རིག་སྔགས་རྣམས་སོ།། ཕྱག་རྒྱ་སྔགས་ཀྱི་ནོར་བུ་དག། ཆོ་ག་བཞིན་དུ་བླངས་ནས་ནི།། ནོར་བུ་སྙིང་ཁ་བཟུང་ནས་སུ།། བཟླས་བརྗོད་རབ་ཏུ་བརྩམ་པར་བྱ།། གུམ་པར་དཀོན་མཆོག་གསུམ་པོ་དང་།། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། རིག་སྔགས་ཚོགས་ནི་མཐའ་དག་ལ། ། ཕྱག་བྱས་དེ་འོག་བཟླས་བརྗོད་བརྩམ།། ཡིད་ཀྱིས་གསང་སྔགས་ལྷ་རྣམས་ནི།། ཡང་ན་ཡང་དུ་མངོན་བསམས་ཏེ།། རྟོག་པ་ངན་པ་རྣམ་བསལ་ནས།། མཁས་པས་བཟླས་བརྗོད་བརྩམ་པར་བྱ། ། ཞི་བ་དང་ནི་རྒྱས་པ་དང་།། ཨོཾ་དང་བཅས་ཤིང་ཕྱག་དང་བཅས།། ལྷག་པར་ཞི་བའི་སེམས་ཀྱིས་ནི།། བློ་ཡིས་བཟླས་བརྗོད་དལ་བུས་བྱས།། དྲག་ཤུལ་ཅན་གྱི་སེམས་ཀྱིས་ནི། ། ཧཱུཾ་དང་བཅས་ཤིང་ཕཊ་དང་བཅས།། བཟླས་བརྗོད་གཞན་གྱིས་ཐོས་བྱ་བ།། དྲག་ཤུལ་སྤྱོད་པར་རབ་ཏུ་ཤིས།། མཁས་པས་གསང་སྔགས་ཡི་གེ་ནི།། བཅོ་ལྔ་མན་ཆད་གྲངས་རྣམས་ལ། སྤྱིར་ནི་ཡི་གེ་དུ་ཡོད་པ།། དེ་སྙེད་འབུམ་ཕྲག་བཟླས་བརྗོད་བྱ།། ཡི་གེ་སུམ་ཅུ་རྩ་གཉིས་ལ།། བཟླས་བརྗོད་སུམ་འབུམ་བྱ་བར་བཤད།། དེ་བས་ཡི་གེ་མང་པོ་ལ།། སྔོན་དུ་བསྙེན་པ་ཁྲི་བྱའོ།། རིགས་དང་ལས་དང་གསང་སྔགས་དག། མཁས་པས་ལེགས་པར་ཤེས་བྱས་ནས། རྗེས་སུ་མཐུན་པའི་བརྩོན་པ་ཡིས།། སྔོན་དུ་བསྙེན་པ་བརྩམ་པར་བྱ།། ཤིན་དུ་མཆོག་གི་ལས་རྣམས་ནི།། བཟླས་བརྗོད་ཁྱད་པར་ཅན་གྱིས་འགྲུབ། ། སྔོན་དུ་སྟེན་པ་མེད་པར་ཡང་།། ལས་རྣམས་ཕལ་ནི་འགྲུབ་པར་འགྱུར།། གསང་སྔགས་དག་ནི་ཐམས་ཅད་ཀྱི།། དངོས་གྲུབ་རྣམས་ནི་ཐམས་ཅད་ལ།། ཐོག་མར་བཟླས་བརྗོད་བཅུ་ཆ་བྱ། ། དེ་ནས་དེ་ལ་སྟ་གོན་ནས།། དེ་ལྟར་སྟ་གོན་གནས་བྱས་པས།། ལྷ་ཡང་སྟ་གོན་མཛད་གྱུར་ན།། དེ་ཚེ་ཟློས་པས་ཆོ་ག་བཞིན།། དེ་ཡི་འོག་ཏུ་བཟླས་བརྗོད་བརྩམ།། གང་ཞིག་མཚན་མའང་རིགས་གིས་ནི། ། བཟླས་བརྗོད་བྱེད་པ་མི་བཞེད་ན།། བསྙེན་པ་ཡང་དང་ཡང་བྱས་ནས།། ལན་གསུམ་བར་དུ་སྟ་གོན་གནས།། རིག་སྔགས་བསྙེན་པས་མཉེས་གྱུར་ན།། ཟློས་པ་པོ་ལ་དགོངས་ནས་སུ།། གང་གིས་དང་པོ་བཀའ་སྩལ་པ། ། དེ་དག་མྱུར་དུ་འགྲུབ་པར་འགྱུར།། ཟློས་པ་བློ་དང་ལྡན་པ་ཡིས།། ལན་གསུམ་སྟ་གོན་གནས་བྱས་ཀྱང་།། གང་དག་དགོངས་པ་མི་འཛིན་པའི།། ལྷ་དེ་ནམ་ཡང་མི་བཟླས་སོ། ། གཙང་མའི་གནས་སུ་གཙང་སྦྲ་ཅན།། མཉམ་པར་བཞག་སྟེ་ལེགས་འདུག་ནས།། ཇི་སྲིད་ཡིད་ནི་མི་སྐྱོ་བར།། དེ་སྲིད་བར་དུ་བཟླས་བརྗོད་བྱ།། ཆོ་ག་བཤད་པ་ཐམས་ཅད་ལ།། ལུས་ཀྱི་གཙང་སྦྲ་བྱས་ནས་སུ། ། སྔ་དྲོ་མེལ་ཚེ་ཐུན་གཅིག་དང་།། ཕྱི་དྲོ་མིལ་ཚེ་ཐུན་གཅིག་བཟླས།། ཉི་མའི་གུང་ལ་ཐུན་ཕྱེད་དམ།། ཡང་ན་ཐུན་གྱི་སུམ་ཆ་བཟླས།། ཡང་ན་ཐུན་གྱི་བཞི་ན་འམ།། ཡང་ན་མཁས་པས་ཅུང་ཟད་བཟླས། མཚན་མོ་སྲོད་དང་ཐོ་རངས་ལ།། མེལ་ཚེ་ཐུན་ནི་ཕྱེད་ཕྱེད་དུ།། གང་ཞིག་མཁས་པས་བཟླས་བྱས་པ།། དེ་ནི་ལྷག་པར་མཆོད་པར་འགྱུར།། དྲག་ཤུལ་སྤྱོད་པའི་ལས་ཀུན་དང་།། མི་སྣང་བ་ལ་སོགས་པ་དང་། དུར་ཁྲོད་དག་གི་ལས་རྣམས་ལ།། རྟག་ཏུ་མཚན་མོ་བཟླས་པ་བཟང་།། ཉིན་པར་བཟླས་བརྗོད་གང་བཤད་པ།། དེ་དག་སྦྱིན་སྲེག་མཚན་མོ་བྱ།། མཚན་མོ་བཟླས་བརྗོད་གང་བཤད་པ།། དེ་དག་སྦྱིན་སྲེག་ཉིན་པར་བྱ།། གང་ཞིག་བཟླས་པའི་མཇུག་ཏུ་ནི།། སྦྱིན་སྲེག་བྱེད་པ་དེ་མཆོག་གོ།། གསང་སྔགས་ཀུན་ལ་དང་པོར་རམ།། སྲེག་ཏུ་སོང་ན་གཉིས་ཀར་བྱ་པཱ་ནང་ཞིག་འི་སེ་ཟས་ཀྱི་ཕུད་ལ་སྲེག་བྱེད་པ།། དེས་ནི་ཐ་མའམ་བར་དག་ཏུ།། ཁྱང་པར་མེད་པར་བྱ་བར་བཤད། ། དེ་ལྟར་བྱས་ན་རིག་སྔགས་རྣམས།། ཕལ་ཆེར་ཡོངས་སུ་དགྱེས་པར་འགྱུར།། ཆོ་ག་འདི་དག་ཉིད་ཀྱིས་ནི།། སྦྱིན་སྲེག་བྱེད་པའི་བཟླས་བརྗོད་བཤད།། བཟླས་བརྗོད་བྱེད་པས་ཁྲོ་མི་བྱ། ། ཡུལ་གྱི་བདག་ཉིད་དགའ་མི་བྱ།། ཞུམ་དང་མི་དགའ་འཇིག་པ་དང་།། འཇུངས་དང་ང་རྒྱལ་ཡོངས་སུ་སྤང་།། བློས་ཚེ་ཅི་ཡང་མི་སྨྲ་ཞིང་།། ཡན་ལག་འགྱུར་བར་མི་བྱའོ།། ཀུན་རྟོག་རླུང་གིས་བསྐྱོད་ནས་ནི།། ཅིཡང་རུང་བ་མི་བསམ་མོ།། ཟློས་པ་བཟླས་བརྗོད་བྱེད་པའི་ཚེ།། རིག་སྔགས་ལྷ་ནི་མ་གཏོགས་པ།། སྒོམ་པ་མཆོག་ཏུ་གྱུར་པ་དང་།། རྣམ་རྟོག་བཟུང་ནས་མི་བསམ་མོ།། ཟློས་པས་བཟླས་བརྗོད་ཟིན་པ་དང་། ། རིགས་ཀྱི་བདག་པོའི་གསང་སྔགས་སམ།། རིགས་ཀྱི་ལྷ་མོ་གང་ཡིན་པ།། དེ་དག་བཟླས་ཏེ་བསྲུང་བར་བྱ།། བཟླས་བརྗོད་གྲངས་བཞིན་བྱས་པ་འམ།། ཡང་ན་ལྷག་པར་བྱས་ཀྱང་རུང་།། གསོལ། བ་གདབ་པའི་ཚུལ་གྱིས་སུ།། དེ་ནི་གུས་པར་དབུལ་བར་བྱ།། མཁས་པས་རིག་སྔགས་ཟློས་པའི་ཚེ།། སྦྲིད་པ་ལུང་པ་ལ་སོགས་བྱུང་།། ཉེ་རེག་བྱས་ཏེ་ཕྱག་འཚལ་ཏེ།། གཞི་ནས་ཀུན་ཏུ་བརྩམ་པར་བྱ།། བཟླས་བརྗོད་ཀྱི་ནི་བགེགས་རྣམས་དང་།། མཁས་པས་བཟླས་བརྗོད་སྐྱོན་རྣམས་ལ།། སླར་ཡང་གྲངས་ཀྱི་ཐོག་མ་ནས།། ཀུན་ཏུ་བརྩམ་པར་བྱ་བར་བཤད།། སྔགས་ཀྱི་ནོར་བུའི་ཐོག་མ་དང་།། ཐ་མར་རྟག་ཏུ་སྒྲུབ་པ་པོས། ། གུས་པར་གསང་སྔགས་ལྷ་དག་ལ།། བློ་དང་ལྡན་པས་ཕྱག་བྱའོ།། སྔགས་ཀྱི་ནོར་བུ་རྫོགས་པའི་ཚེ།། རི་མོའི་གཟུགས་སམ་སྐུ་གཟུགས་སམ།། མཆོད་རྟེན་དག་གམ་དེའི་གདན་རྣམས། མིག་གིས་ཀུན་ཏུ་བལྟ་བར་བྱ།། བཟླས་པས་ངལ་ན་ཡང་དང་ཡང་།། བསམ་གཏན་ལམ་གྱི་མན་ངག་དང་།། ཐབས་ཀྱི་རྣམ་པ་ཐ་དད་པས།། བློ་ཅན་སེམས་ནི་སྤྲོ་བ་བསྐྱེད།། བློ་ལ་སྐྱོན་མེད་བྱས་ནས་ནི།། གསང་སྔགས་ཡི་གེ་དག་པ་ལ།། མཉམ་པར་བཞག་སྟེ་རྩེ་གཅིག་ཏུ།། བཟླས་བརྗོད་དུས་གསུམ་དག་ཏུ་བྱ།། མཁས་པས་དུས་གསུམ་ཁོ་ནར་ཡང་།། ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། ། མཆོད་པ་ལ་སོགས་ཆོ་ག་ཀུན།། དུས་གསུམ་དག་ཏུ་བྱ་བར་བཤད།། དུས་གསུམ་དག་ཏུ་སྔགས་པ་ཡིས།། གོས་ནི་རྣམ་པ་གསུམ་པོ་དག། བཀྲུ་བའམ་བདུག་པར་བྱ་བ་འམ།། ཡང་ན་བསང་གཏོར་དག་ཀྱང་བྱ། ། ཉལ་དང་ཁྲུས་བྱེད་མ་གཏོགས་པར།། སྔགས་པས་མཐང་གོས་མི་སྤང་ཞིང་།། དཀར་ལ་ཤིན་ཏུ་འཇམ་པོ་དོ།། ཉིན་གཅིག་བཞིན་དུ་བཀྲུ་བར་བྱ།། ལྷ་ལ་དགོས་པའི་སྣོད་རྣམས་ཀྱང་ཉིན་རེ་ལན་རེ་བཀྲུ་བར་བྱ། ། མེ་ཏོག་རྙིང་པ་དུས་གསུམ་དུ།། རྟག་པར་ཡང་ནི་འཕྱག་པར་བྱ།། ཤེས་རབ་ཕ་རོལ་ཕྱིན་སོགས་ཀྱི།། གླེགས་བམ་མཇུག་ཏུ་བཀླག་པ་དང་།། མཆོད་རྟེན་དག་དང་དཀྱིལ་འཁོར་ཡང་། ། དུས་གསུམ་དག་ཏུ་དེ་བཞིན་བྱ།། སྔོན་དུ་བསྙེན་པའི་བཟླས་བརྗོད་དག། དང་པོར་གྲངས་བཞིན་ཚངས་པ་ལས།། མི་ནུས་ན་ནི་དུས་གཅིག་གམ།། དུས་གཉིས་སུ་ནི་ཆོ་ག་སྒོམ།། གང་ཡང་བགེགས་ཀྱིས་བརླམས་པ་དང་། ། ནད་རྣམས་ཀྱིས་ནི་གཟིར་བ་འམ།། ལྷོད་པ་དང་ནི་བག་མེད་པའམ།། ལུས་དང་སེམས་ནི་སྐྱོ་བ་འམ།། ཆོ་ག་ཇི་སྐད་བཤད་པ་དག། བཤད་པའི་དུས་ལས་འདས་པ་དང་།། མ་བསྡམས་པ་དང་མི་གཙང་བས། ། གང་དག་བཟླས་བརྗོད་བྱེད་པ་ནི།། བཟླས་པའི་གྲངས་ནི་བཤད་པ་ལ།། མཁས་པས་དེ་དག་མི་སྦྱར་གྱི།། ཆོ་ག་བཞིན་དུ་བཟླས་པ་དང་།། མཉམ་གཞག་བཟླས་བརྗོད་དེ་དང་སྦྱར།། སྦྱིན་སྲེག་ལས་ཀྱི་གྲངས་རྣམས་དང་། ། སྤྱན་དྲང་བ་ནི་ཆོ་ག་ལ།། སྔགས་ཀྱི་ནོར་བུ་མ་རྫོགས་པ།། བཟླས་བརྗོད་གྲངས་སུ་མི་གཞུག་གོ།། དཀྱིལ་འཁོར་དག་ཏུ་ཆོ་ག་བཞིན།། གང་གིས་གསང་སྔགས་སྟོང་བཟླས་དང་། ། ཉི་མ་ཟླ་བ་གཟས་ཟིན་ཚེ།། བསྙེན་པ་དེ་ནི་ཐེ་ཚོམ་མེད།། གཙུག་ཏོར་ཅན་གྱི་གནས་ཀུན་དང་།། མཆོད་རྟེན་ཆེན་པོ་དག་དང་ནི།། ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ལ།། བཟླས་པ་དེ་ནི་མཆོག་ཏུ་བཤད། ། བླ་མ་མགུ་བར་གྱུར་པ་ལས།། རིག་སྔགས་བཟླས་པ་གང་ཐོབ་དང་།། གང་ཡང་ཉིད་ཀྱིས་བཀའ་སྩལ་པ།། དེ་དག་མྱུར་དུ་འགྲུབ་པར་འགྱུར།། གང་ཡང་གནས་ཡུལ་ཡོན་ཏན་ཅན།། མཆོད་སོགས་ཁྱད་པར་ཅན་དག་དང་།། རང་གི་སེམས་ནི་དང་བ་ལས།། རིག་པ་མྱུར་དུ་བཀའ་སྩལ་ཏེ།། མྱུར་དུ་གྲུབ་ཀྱང་མི་ཐོགས་པར།། ངེས་པར་ཉམས་པར་འགྱུར་ཞེས་གསུངས།། དེ་བས་བསྙེན་པ་རྫོགས་བྱས་ནས། ། དངོས་གྲུབ་ཕྱིར་ནི་འབད་པར་བྱ།། བསྙེན་པའི་ཚེ་ནི་ཅི་རིགས་པར།། དངོས་གྲུབ་ཕྱིར་ནི་ལྷ་རྣམས་ལ།། ལྷ་ཁང་གི་ནི་ཕྱི་རོལ་དུ།། དུས་འཚམས་དག་ལ་མཆོད་པ་བྱ།། དུས་འཚམས་དག་ལ་རིག་སྔགས་རྣམས། ། བྱེ་བྲག་ཏུ་ནི་མཆོད་པར་བྱ།། རྟག་ཏུ་དགེ་བའི་ཕྱོགས་རྣམས་དང་།། དེ་བཞིན་དུ་ནི་སྡོམ་པ་གཟུང་།། བུམ་པ་བཀྲ་ཤིས་ལྡན་པ་ལ།། སྤོས་ཀྱི་རྩ་ལ་སོག་པས་བཀང་། ། རྡོ་རྗེ་ཁྲོ་བོས་མངོན་བསྔགས་ཏེ།། དབང་བསྐུར་དོན་དུ་སྦྱར་བར་བྱ།། དེ་མ་འབྱོར་ན་མཆོད་ཡོན་སྣོད་།། མེ་ཏོག་རྣམས་དང་ཆུས་བཀང་སྟེ།། བགེགས་རྣམས་རྣམ་པར་བསལ་བའི་ཕྱིར། ། དབང་བསྐུར་དེ་ནི་ཉེ་བར་སྦྱར།། བྱེ་བྲག་ཏུ་ནི་ལྷ་བཤོས་འབུམ།། བྱེ་བྲག་ཏུ་ཡང་སྦྱིན་སྲེག་བྱ།། མར་མེའི་ཆོ་ག་བྱེ་བྲག་ཏུ།། ས་ཡི་བྱི་དོར་དེ་བཞིན་བྱ།། གལ་ཏེ་ཟློས་ཆེ་བློ་བུར་དུ།། སྣ་རྫོག་པ་ཡི་འོད་བྱུང་ན། ། དེ་ཚེ་དངོས་གྲུབ་མྱུར་བར་ངེས།། བཀྲེས་པས་ཅུང་ཞིག་ནད་ལས་ཐར།། ཤེས་པ་ཁྱད་པར་ཅན་ཡང་འབྱུང་།། ལྷག་པར་གཟི་མདངས་ཆེ་བརྟན་པ།། གསང་སྔགས་བཟླས་པའི་མཚན་ཉིད་ཡིན།། མཚན་མོ་རྨི་ལམ་དགེ་བ་དང་།། བདེན་པ་རྣམས་ནི་མཐོང་བ་དང་།། བཟླས་བརྗོད་བྱེད་ལ་དགའ་བ་ནི།། གསང་སྔགས་བཟླས་པའི་མཚན་ཉིད་ཡིན།། ངལ་བ་ཆུང་ཞིང་དྲི་ཞིམ་དང་།། གཏོང་ཕོད་ཡོན་ཏན་ལྷུར་ལེན་ཅིང་། ། ལྷ་ལ་ལྷག་པར་གུས་པ་ནི།། གསང་སྔགས་བཟླས་པའི་མཚན་ཉིད་ཡིན།། གསང་སྔགས་བཟླས་པའི་རྗེས་ལ་ཡང་།། བྱེ་བྲག་ཏུ་ནི་མཆོད་པ་བྱ།། ལྷ་རྣམས་ལ་ནི་ཅི་རིགས་པར།། སྦྱིན་སྲེག་དག་ཀྱང་བརྩམ་པར་བྱ། ། བསྙེན་པ་ཚུལ་བཞིན་རྫོགས་བྱས་ནས།། རིག་སྔགས་བསྒྲུབ་པར་བྱ་བའི་ཕྱིར།། མཁས་པ་ཇི་ལྟར་མཐོང་བ་བཞིན།། སྟ་གོན་གནས་པ་རབ་ཏུ་བྱ།། གནས་གཅིག་ཏུ་ནི་ཕྱེད་བཟླས་ནས། ། གང་ཞིག་གཞན་ལ་བཟླས་བྱས་པ།། བཟླས་པ་ཐམས་ཅད་རྫོགས་གྱུར་ཀྱང་།། དེ་དག་ཐམས་ཅད་དོན་མེད་འགྱུར།། དེ་ལྟའི་གྲངས་ལ་ཆོ་ག་བཞིན།། ཚིག་འབུམ་ལྷག་པར་བཟླས་བརྗོད་བྱ། ། བདག་པོས་སྟོང་དུ་བཟླས་བྱ་འམ།། ཡང་ན་བསྙེན་པ་སླར་བརྩམ་མོ།། བག་མེད་པས་ནི་ལན་འགའ་ཞིག། གསང་སྔགས་ལྷ་གཞན་བཟླས་བྱས་ནས།། ཡིད་ཀྱིས་གསོལ་བ་གུས་བྱས་ནས། ། བཟླས་བརྗོད་སླར་ཡང་བརྩམ་པར་བྱ།། མི་གཙང་ཆོ་ག་མི་ལྡན་པས།། རིག་སྔགས་བག་མེད་བཟླས་གྱུར་ན།། དེ་ལ་རིག་སྔགས་བདག་པོའི་སྔགས།། ལན་བདུན་ཡོངས་སུ་བཟླས་བརྗོད་བྱ།། རློས་པས་ཟླ་བ་ཕྱེད་ཕྱེད་ཅིང་། ། ཉིན་ཞག་གཅིག་ཏུ་སྤྱད་བྱས་ནས།། ཟླ་ཕྱེད་འཚམས་སུ་བ་ཡི་ལྔ།། བརྒྱ་རྩ་བརྒྱད་དུ་བཟླས་པ་བཏུང་།། དེས་ནི་གསང་སྔགས་ཟློས་པ་པོ།། ཟླ་ཕྱེད་དག་ཏུ་དགའ་འགྱུར་ཞིང་།། བཟའ་བ་མིན་སོགས་གང་ཟོས་པ། ། དེ་དག་ཐམས་ཅད་རྣམ་པར་སྤངས།། ན་མོ་བྷ་ག་བ་ཏེ་ཨུཥྞཱི་ཥ་ཡ། ཨོཾ་བི་ཤུདྡྷེ་བི་ར་ཛེ་ཤི་བེ་ཤཱནྟི་ཀ་རི་སྭཱ་ཧཱ།། དེ་བཞིན་གཤེགས་པའི་རིགས་ལའོ།། ཨོཾ་ཡ་ཤོ་ཛཾ་སྭཱ་ཧཱ།། པདྨའི་རིགས་ལའོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཤི་ཁི་ཤི་ཥི། ནེརྨ་ལེ་པྲ་བྷེ། པྲ་བྷ་ས་རེ། ཏེ་ཛེ་ཏེ་ཛོ་བ་ཏི་སྭཱ་ཧཱ། རྡོ་རྗེའི་རིགས་ལའོ།། དམར་སེར་བ་ལི་འོ་མ་དང་། བ་ཡི་ཞོ་དང་བ་ཡི་མར། ། བ་གཅིན་པ་ཡི་ལྕི་བ་རྣམས།། སོ་སོར་མངོན་པ་བསྔགས་པ་དང་།། ཀུ་ཤ་ལན་བརྒྱར་བསྔགས་པ་ཡི།། ཀུ་ཤའི་ཆུན་དང་ལྡན་བྱས་ཏེ།། ཤར་བལྟས་མི་སྨྲ་ཅོག་ཅོག་པུར།། འདུག་ནས་འབྲིང་ལ་སྲང་གསུམ་ཙམ། ། པ་ལ་ཤ་ཡི་ལོ་མར་བཏུང་།། ཡང་ན་མཆོད་ཡོན་སྣོད་བཤད་པ།། གང་ཡང་རུང་བ་ཞིག་ཏུ་བཏུང་།། དེ་ནི་དེ་ཡི་ཆོ་གར་བསྟན།། ཟློས་ཚེ་གལ་ཏེ་གློ་བུར་དུ།། ཅུང་ཟད་བྱ་བའམ་མི་བྱ་འམ།། ལྷ་ཉིད་ཀྱིས་ནི་བཀའ་སྩལ་ན། ། བློ་དང་ལྡན་པས་དེ་དག་བརྟག། བསྲུང་བ་བྱས་ཏེ་བརྟགས་ནས་སུ།། བྱ་བ་མིན་པ་དེ་མི་བྱ།། བཀའ་ལུང་རིགས་པར་གང་སྩལ་པ།། དེ་དག་དངོས་གྲུབ་འདོད་པས་བྱ།། ཟློས་པ་རྨི་ལམ་ངན་མཐོང་ན། ། རིགས་ཀྱི་བདག་པོ་བརྒྱ་བཟླས་སོ།། དེ་ཡི་ཉིན་པར་དེ་མ་བཟླས།། བཟླས་བརྗོད་གྲངས་སུ་མི་གཞུག་གོ། གྲངས་ཀྱི་བཟླས་བརྗོད་ཐམས་ཅད་ལ།། ལྷག་པར་གྱུར་ལ་ཉེས་པ་མེད། ། དེར་ནི་དེ་ཡིས་མི་འགྲུབ་ལ།། གྲངས་སྤོངས་པ་ལ་མི་ཕན་ནོ།། མདོར་ན་ཟློས་པ་པོ་རྣམས་ཀྱིས།། བཟླས་བརྗོད་ཆོ་ག་གང་གསུངས་པ།། ཆོ་ག་དེ་དག་ཉིད་ཀྱི་ནི།། རིག་སྔགས་བསྙེན་ནས་འགྲུབ་པབར་འགྱུར། ། བཟླས་བརྗོད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་ཟློས་པ་པོའི།། གསང་སྔགས་ལྷ་ནི་གང་ཞིག་གིས།། མྱུར་དུ་མཉེས་པར་འགྱུར་བ་ཡི།། ཚིམ་པར་བྱ་བའི་ཆོ་ག་བཤད། ། དུས་འཚམས་དག་གམ་ཚེས་གཞན་ལ།། ཁྲུས་རྫིང་བཟང་པོས་ཁྱད་པར་དུ།། མགོ་ལ་སོགས་པ་བཀྲུས་ནས་སུ།། དང་པོ་མཆོད་པའི་ཆོ་ག་བྱ།། ཡིད་ལ་གསང་སྔགས་བརྗོད་ནས་སུ།། སྣ་མའི་མེ་ཏོག་བརྒྱ་ལ་ནི། ། རེ་རེ་ལ་ཡང་མངོན་སྔགས་ཏེ།། བློ་དང་ལྡན་པས་རིགས་གསུམ་མཆོད།། ལན་གྲངས་ཉི་ཤུ་རྩ་གཅིག་གམ།། ཡང་ན་ལན་བདུན་རིམ་བཞིན་དུ།། གསང་སྔགས་ཡི་གེ་རྗེས་མཐུན་པར།། ལྷ་རྣམས་ལ་ནི་མངོན་པར་མཆོད། ། དེ་ནས་དྲི་ལ་སོགས་པ་དང་།། དྲི་ཞིམ་བསྒོས་པའི་བདུག་སྤོས་གསོལ།། ལྷ་བཤོས་ཇི་སྐད་བསྟན་པ་དབུལ།། ཞོ་དང་བུ་རམ་བྱེ་བྲག་ཏུའོ།། ཚུལ་བཞིན་སྦྱིན་སྲེག་ལས་བྱས་ཏེ།། ཡམ་སྲེག་ཤིང་གི་མེ་བུས་ལ། ། མཆོད་སྦྱིན་གྱི་ནི་ཡམ་སྲེག་ཤིང་།། མར་ལ་བཏགས་པ་དང་པོར་བརྒྱ།། དེ་ནས་ཏིལ་དང་ཞོ་དང་མར།། སྦྲང་རྩི་བསྲེགས་པ་བརྒྱ་ལྷག་དབུལ།། དེ་ནས་ཞོ་དང་མར་སྦྱར་བའི།། སཱ་ལུའི་འབྲས་ཆན་སྲེག་བླུགས་བརྒྱ།། བ་ཡི་འོམ་པས་མཆོག་དང་།། མར་བཅས་སྲེག་ཐུགས་བརྒྱ་ཕུལ་ཏེ།། མཇུག་ཏུ་མཆོད་ཡོན་བཀང་ནས་སུ།། ལན་བརྒྱར་བཟླས་ཏེ་དབུལ་བར་བྱ།། ཆོ་ག་དེ་ལྟར་ཉིད་གཅིག་གམ།། བདུན་ནམ་ཉི་ཤུ་རྩ་གཅིག་གས། ཡང་ན་ཉིན་གསུམ་དུས་གསུམ་དུ།། ཡང་ན་ཉི་མ་ལྔར་བྱས་ན།། རིག་སྔགས་བཅད་དམ་ཕྲལ་བ་འམ།། དགགས་པའམ་ཕུར་བུས་བཏབ་པ་འམ།། བྲི་བ་དང་ནི་ལྷག་པའང་རུང་།། དགགས་པའང་ཕུར་བུས་བཏབ་པ་འམ། ། གཟིར་བ་ལྷག་པར་ཚིམ་པར་འགྱུར།། སྦྱིན་སྲེག་ཡན་ལག་དེ་རྣམས་ལས།། གཅིག་གིས་ཉིན་མཚམས་སྲེག་བྱིན་ན།། ཞག་གསུམ་གྱིས་ནི་ཚིམ་འགྱུར་ཏེ།། ལྷ་རྣམས་རབ་ཏུ་དགྱེས་པར་འགྱུར།། སྤོས་ལ་གཟུགས་བརྙན་ལེགས་བྱས་ཏེ། ། མེ་ཏོག་མ་ཏ་ལ་ཡིས་མཆོད།། དུས་གསུམ་བཟླས་བརྗོད་བརྒྱ་བྱས་ཏེ།། མཇུག་ཏུ་ཤིང་གི་ཐང་ནུས་བདུག། པདྨ་ལ་སོགས་འོ་མ་ལ།། བཞག་སྟེ་མཚན་མོ་རབ་མཆོད་དེ།། ནང་པར་མཆོད་ཅིང་བཟླས་བརྗོད་ནས།། ཆུ་ཀླུང་ཆེན་པོར་བསྐུར་བར་བྱ།། ཆོ་ག་འདི་དག་བྱས་པ་ཡིས།། ལྷ་རྣམས་ཡོངས་སུ་དགྱེས་པར་འགྱུར།། དགྱེས་པར་གྱུར་ནས་དངོས་གྲུབ་ནི།། ཆེན་པོ་མྱུར་དུ་སྩོལ་བར་མཛད་ལྷ་རིམ་པར་བྱ་བའི་ཆོ་ག་རིམ་པར་ཕྱེ་བའོ། ། གསེར་རམ་དངུལ་ལམ་ཟད་ཀྱི་འམ།། ཁམ་པའི་བུམ་པ་གསར་པ་ལ།། མེ་ཏོག་རིན་ཆེན་འབྲས་བུ་ནཱ།། འབྲུ་དང་སྤོས་ཀྱི་ཆུས་བཀང་ནས། མགུལ་བར་རས་ནི་བསར་པས་བཅིང་།། ལྡུམ་བུ་སེར་པོས་ཁ་བརྒྱན་ཏེ།། རང་གི་རིག་སྔགས་བདག་པོ་འམ།། ཡང་ན་རིག་ཀྱི་རིག་སྔགས་ཀྱིས།། ལན་བརྒྱར་བཟླས་ནས་དང་པོ་དེས།། ལྷ་ཉིད་མངོན་པར་དབང་བསྐུར་རོ། ། གསེར་ལ་སོགས་པའི་གཟུགས་བརྙན་ལ།། རྒྱན་འཕྲེང་ན་བཟའ་ལེགས་བརྒྱན་ཏེ།། རིག་སྔགས་ཁྲི་ལ་བཞག་ནས་སུ།། དབང་བསྐུར་ཕྱིར་ནི་མཆོད་པ་བྱ།། མེ་ཏོག་སོགས་པས་མཆོད་བྱས་ཏེ། ། བཟླས་བརྗོད་སྦྱིན་སྲེག་དག་གིས་མཆོད།། ཆོ་ག་འདིས་ནི་རིག་སྔགས་དག། མཐུ་ནི་རབ་ཏུ་ཆེ་བར་འགྱུར།། རིག་སྔགས་མཐུ་དང་ལྡན་གྱུར་ན།། དངོས་གྲུབ་ཆེན་པོ་མྱུར་དུ་སྩོལ།། དུས་འཚམས་དག་ལ་རིག་སྔགས་རྣམས། ། སྤྱན་དྲངས་མཆོད་པ་བྱས་ནས་ནི།། མཆོད་ཡོན་མངོན་པར་བསྔགས་པ་ཡིས།། དབང་བསྐུར་བ་ཡང་བྱ་བར་བཤད།། ཉིན་རེ་ཁྲུས་བྱེད་ཚེ་ན་ཡང་།། དབང་བསྐུར་ཕྱིར་ནི་གུས་པ་རུ།། བློ་དང་ལྡན་པས་སྙིམ་པའི་ནུ། བདུན་ནམ་ཡང་ན་གསུམ་གྱིས་བྱ།། མར་དང་འོ་མ་ལ་སོགས་པས།། དབང་བསྐུར་ཕྱིར་ནི་ལེགས་བཀྲུས་ནས།། རིག་སྔགས་གཟིར་བ་རྒྱས་འགྱུར་ཞིང་།། འདིས་ནི་ལྷག་པར་ཚིམ་པར་འགྱུར།། ལྷ་དབང་བསྐུར་བའི་ཆོག་རིམ་པར་ཕྱེ་བའོ། ། དུས་འཚམས་དག་ལ་སྤྱད་བྱས་ནས།། ནུབ་གཅིག་གམ་ནི་ནུབ་གསུམ་དུ།། གཙང་ཞིང་གོས་དཀར་གསར་བགོས་ཏེ།། ཟློས་པ་ལྟ་ནོན་འདས་པར་བྱ་དུས་ལཚམ་མིན་ཡང་དམོས་ཡོད་ན།། ཡར་གྱི་ངོ་ཡྀ་ཆིས་བཟང་ལ། ། ཞི་བའི་མཆོག་གི་གསང་སྔགས་ཀྱིས།། སྟ་ཤིན་གནས་པ་རབ་ཏུ་བྱ།། སྐྱུ་རུར་སོགས་ཁྲུས་རྩི་དང་།། དྲི་ཞིམ་སྤོས་ཆུས་ཁྲུས་བྱས་ཏེ།། ཉེ་རེག་བྱས་ནས་སྲོང་ལ་ནི།། སངས་རྒྱས་སྤྱན་དྲངས་མཆོད་པ་བྱ། ། དེ་ནས་ལྷག་པར་མངོན་བསྔགས་པའི།། མཆོད་ཡོན་ཆོ་ག་བཞིན་དུ་དབུལ།། དེ་ནས་ཙན་དན་དཀར་པོ་དང་།། སྣ་མའི་མེ་ཏོག་ཁ་འབུས་དང་།། མ་ལ་ཏ་ཡི་འཕྲེང་བ་ལ།། བདུག་པས་བདུགས་ལ་མཆོད་པ་བྱ། ། གཏོར་མ་མང་ཞི་བཟང་བ་དང་།། ཞོ་དང་བཅས་པས་དབུལ་བར་བྱ།། དེ་ནས་མར་གྱི་སྦྱིན་སྲེག་ནི།། ཚུལ་བཞིན་བརྒྱ་རྩ་བརྒྱད་བྱས་ཏེ།། གསང་སྔགས་ལས་དང་རྗེས་མཐུན་པར། ། ས་རྫ་ར་སའི་སྲེག་བླུགས་དབུལ།། བུ་མོས་བཀལ་བའི་སྐུད་པ་ལ།། མདུད་པ་བདུན་བོར་ལན་བདུན་བསྔགས།། དཔུང་པ་གཡོན་པ་ལ་བཅིངས་ལ།། ཀུ་ཤའི་ལོ་མ་བཏིང་བ་ལ།། དེ་ཉིད་ཀྱིས་ནི་གློ་ཕབ་སྟེ། ། བཀའ་ལུང་གསོལ་བ་བཏབ་ནས་ནི།། རང་གི་ལྷ་ཡི་ཚུལ་འདྲ་བར།། སེམས་ཀྱིས་ལེགས་པར་བསམ་བྱས་ཏེ།། ཡིད་ལ་གསང་སྔགས་འདོན་བཞིན་དུ།། ཀུ་ཤའི་གསར་པ་ཁྲེས་ཀྱི་སྔས།། མེ་ཏོག་མང་པོས་ཀླུབས་པ་ལ།། ཇི་ལྟར་བདེ་བར་ཉལ་བར་བྱ།། གལ་ཏེ་གཉིད་ལོག་རྨི་ལམ་ན།། བསྟན་པར་རྟོགས་པའི་ལྷ་མཐོང་ངམ།། སོ་སོར་རིག་པའི་གཟུགས་དག་གམ།། ཡང་ན་རིག་སྔགས་བདག་པོའང་རུང་། ། དཀོན་མཆོག་གསུམ་ལས་གཅིག་ཙམ་མམ།། དེ་དག་ལ་ནི་མཆོད་ལ་སོགས།། རྒྱལ་སྲས་རྫུ་འཕྲུལ་ཆེན་པོ་འམ།། འཁོར་ནི་རྣམ་པ་བཞི་རྣམས་སམ།། བདག་ཉིད་ཆོ་ག་སྤྱོད་པ་འམ། ཡང་ན་གོས་ཀྱིས་སྤྱད་པ་དག། མཐོང་ན་དངོས་གྲུབ་ཉེར་འགྱུར་བར།། སྒྲུབ་པ་པོས་ནི་ཤེས་པར་བྱ།། རི་དང་གླང་པོ་འབབ་ཆུ་དང་།། རྒྱ་མཚོ་དང་ནི་འབྲས་བུ་ཤིང་།། དང་མོ་ལ་སོགས་བྱ་རྣམས་དང་།། སེང་གེ་ལ་སོགས་རི་དགས་སོགས།། ཁྱུ་མཆོག་བཀྲ་ཤིས་རྟ་ལ་སོགས།། བུ་མོ་བཟང་མོ་བརྒྱན་པ་དང་།། བུམ་པ་ལ་སོགས་བཀྲ་ཤིས་པ།། རྣམ་པ་སྣ་ཚོགས་གཡས་ནའོ།། ནོར་དང་གོས་རྣམས་རྙེད་པ་དང་། དེ་ལ་སོགས་པ་རྣམ་དག་པའི།། རྨི་ལམ་བཟང་པོ་མཐོང་ན་ནི།། བློ་ཅན་འགྲུབ་པར་ཤེས་པར་བྱ།། ཞོ་དང་འོ་མ་འབྲས་ཡོས་མར།། མེ་ཏོག་འབྲས་བུ་རྩ་བ་དང་།། ཡང་ན་གྲུབ་པའི་རྫས་ཀྱང་རུང་། ། རྨི་ལམ་དག་ན་རྙེད་པ་འམ།། དེ་འདྲའི་རྣམ་པ་མཐོང་གྱུར་ན།། རིག་སྔགས་འགྲུབ་པར་གསུངས་པས་ན།། དེ་ནས་བློ་དང་ལྡན་པ་ཡིས།། བསྙེན་པའམ་སྒྲུབ་པའི་ལས་རྣམས་བརྩམ།། གལ་ཏེ་སྔགས་ཀྱི་ནོར་བུ་འམ། ། སྒྲུབ་པའི་རྫས་རྣམས་ཐོབ་ན་ནི།། དེ་ནས་བསྙེན་པའམ་སྒྲུབ་པ་ཡི།། ལས་རྣམས་མྱུར་དུ་བརྩམ་པར་བྱ།། གོས་དང་ཁྲུས་དང་རྒྱན་དག་གིས།། བདག་ཉིད་བརྒྱན་པ་མཐོང་ན་ནི།། དེ་ཚེ་བསྙེན་པའམ་བབ་པའི་ཚེ། ། ལས་རྣམས་རབ་ཏུ་བརྩམ་པར་བྱ།། རང་གི་རིག་སྔགས་ཚུལ་བཞིན་དུ།། མཆོད་པ་བྱས་ནས་རིགས་ཡུམ་གྱིས།། སྣ་མའི་མེ་ཏོག་བརྒྱ་དག་དང་།། རས་ཟུང་དག་གིས་མཆོད་པར་བྱ།། ཙན་ངན་གྱི་ནི་བདུག་སྤོས་ཀྱིས། ། ལན་བརྒྱད་ཉིད་དུ་བདུགས་ནས་ནི།། དེ་ནས་ལྷ་ཉིད་རྨི་ལམ་དུ།། ཅི་རིགས་པར་ནི་བཀའ་ལན་སྩོལ།། ཨུ་ཤི་རི་ཡི་གཟུགས་བརྙན་ནི།། གྲོག་མཁར་ས་ཡི་སྣོད་དུ་གཞག། མཆོད་ཅིང་ཡོངས་སུ་ཚིམ་བྱས་ནས། ། ལན་བརྐྱང་དག་ཏུ་མངོན་པར་བསྔགས།། དེ་ནི་འོ་མའི་ནང་དུ་ཡང་།། ཡང་ན་སྦྲང་རྩིའི་ནང་དུ་གཞུག། དུས་གསུམ་དག་ཏུ་ལེགས་མཆོད་ནས།། སྲོད་ལ་ཡང་ནི་གསོལ་བ་གདབ།། རྣམ་པ་འདི་དག་ཉིད་ཀྱིས་ཀྱང་། ། ཡོངས་སུ་དགྱེས་པ་སྐྱེས་གྱུར་ནས།། དེ་ལྟར་རྩབ་ལ། མི་བྱ་བ།། ལྷ་ཉིད་བཀའ་ལ་ན་གསོལ་པར་མཛད།། སྨྱུང་བྱས་འདོད་པའི་དུས་འཚམས་ལ།། རིག་སྔགས་ཆོ་ག་བཞིན་མཆོད་དེ།། ཐང་ཆུ་རྣམ་པ་བདུན་དག་དང་།། ཤིང་གི་སྙིང་པོ་རྣམ་པ་ལྔས།། སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱ་བ།། ཡང་ན་བཟླས་བརྗོད་གྲངས་དག་གིས།། བྱས་ན་རིག་སྔགས་སྔགས་ཉིད་ནི།། མྱུར་བ་ཉིད་དུ་བཀའ་སྩོལ་ཏོ།། ། དེ་ལྟར་རིག་པ་སྟ་གོན་གནས།། ངེས་ཤིང་མྱུར་དུ་འགྲུབ་པར་འགྱུར།། སྟ་གོན་གནས་པའི་ཆོ་ག་འདི།། རྒྱས་པ་རབ་ཏུ་བསྒྲགས་པ་ཡིན།། སྟ་གོན་གནས་པའི་ཆོ་ག་རབ་ཏུ་གསང་བའི་རིམ་པར་ཕྱེ་བའོ།། ། སློབ་མས་དཀྱིལ་འཁོར་ཕྱག་བྱས་ནས།། ཁྱད་པར་དུ་ནི་ཡོན་ཕུལ་ཏེ།། བླ་མའི་ཁ་ནས་མངོན་སུམ་དུ།། རིག་སྔགས་ཡོངས་སུ་གཟུང་བར་བྱ།། སྙིམ་པ་མེ་ཏོག་གིས་བཀང་ནས།། གུས་ཤིང་རིམ་གྲོ་བསྐྱེད་བྱས་ཏེ། ། བླ་མས་ཐོག་མར་ལན་གསུམ་བཟླས།། རང་གིས་ལན་གསུམ་བཟླས་ཏེ་གདོན།། དེ་ནས་ཡི་གེ་མང་པོའི་སྔགས།། གིའུ་ཝང་དག་གིས་ཤོག་ཤོག་ལ།། ཇི་སྐད་བསྟན་བཞིན་མངོན་བྲིས་ཏེ།། དེ་ནས་ཅི་བདེར་ཁ་ཏོན་བསླབ། ། བླ་མ་ཡོངས་སུ་མགུ་བ་ལས།། དུས་འཚམས་དག་གམ་ཚེས་གཞན་ལ།། རིག་སྔགས་བརྟགས་ནས་བྱིན་པ་དག། ཆོ་ག་བཞིན་དུ་གུས་པར་ནོད།། སློབ་མས་ལེགས་པར་ནོད་པ་དེ།། རིང་པོར་མི་ཐོགས་འགྲུབ་པར་འགྱུར། ། མ་བསྙེན་པར་ཡང་དེ་ལ་དེ།། རྟག་ཏུ་འགྲོ་ཞིང་ཉེ་བར་གནས།། ཡང་ན་གསེར་ལ་སོགས་པ་ཡི།། བུམ་པ་གསར་ཞིང་གཙང་ལ་བཟང་།། སྐྱོན་ཀུན་རྣམ་པར་སྤངས་པ་ལ།། བཀྲ་ཤིས་ངོ་མཚར་དག་ཀྱང་བྱས།། དེ་ལ་སྤོས་ཆུ་འབའ་ཞིག་མེད།། ཁྱད་པར་དུ་ནི་བཤམ་བྱས་ནས།། གཙང་མར་བྱས་ཏེ་ནུབ་གཅིག་གམ།། ནུབ་གསུམ་དུ་ནི་སྤྱང་བྱས་ཏེ།། སྲོང་ལ་རབ་ཏུ་བརྩམ་བྱས་ནས།། @ཆོ་ག་འདི་དག་སྤྱད་པར་བྱ།། གསང་སྔགས་རིག་སྔགས་གདམས་པ་དག། གྲོ་ག་ལ་སོགས་ཤོག་ཤོ་གལ།། གེའུ་ཝང་དག་གིས་མཉམ་བྲིས་ཏེ།། ཤོག་ཤོག་རྣམས་མི་དྷ་ར་ཅིག་གཞུག། རིག་སྔག་རྒྱལ་པོ་ལེགས་པར་ནི། ། དྲི་དང་མེ་ཏོག་བདུག་མཆོག་དང་།། དེ་བཞིན་ལྷ་བཤོས་མར་མེ་དང་།། སྦྱིན་སྲེག་ལས་ཀྱིས་མཆོད་པ་བྱ།། དེ་ནི་ཆོ་ག་འདི་དག་གིས།། ནུབ་གསུམ་སྟ་གོན་གནས་པ་ལ།། བདེན་པ་དང་ནི་དམ་ཚིགས་གིས། ། ཁྱད་པར་དུ་ནི་གསོལ་བ་གདབ།། ལན་བརྒྱར་བསྔགས་ནས་ཡང་དང་ཡང་།། བདུག་སྤོས་དག་གིས་རབ་བདུགས་ཏེ།། དྲི་ཞིམ་ཁྲུས་བྱས་གཙང་བྱས་ནས།། ཕྱག་བྱས་ཡིད་ལ་བསམས་ནས་སུ། ། གསང་བྱེད་བཅས་པའི་ལག་པ་ཡིས།། དེ་ལས་གཅིག་ནི་དབྱུང་བར་བྱ།། དེ་ཤེས་ནས་ནི་ཕྱག་འཚལ་ཏེ།། གུས་པར་སྤྱི་བོའི་སྟེང་དུ་གཞག། ཤེས་རབ་ཅན་གྱིས་སྔགས་ཏེ་སྒྲུབ།། དེ་ཉིད་དེ་ལ་མྱུར་དུ་འགྲུབ། ། ཤེས་རབ་ཅན་གྱིས་གཞན་མི་སྨྲ་བ།། བསྒྲུབས་ན་ཡང་ནི་འཆི་བར་འགྱུར།། གང་ཞིག་བསྒྲུབས་ནས་བྱིན་པ་དག། ཆོ་ག་བཞིན་དུ་དེ་མནོས་ན།། སྒྲུབ་པ་པོ་ཡི་ལྷ་ཡིན་ཏེ།། དེ་ལ་དེ་ནི་འགྲུབ་པར་ཤེས། ། རིག་སྔགས་ཡིད་ཀྱིས་གསོལ་བཏབ་ནས།། ལན་བརྒྱར་ཡོངས་སུ་བཟླས་བརྗོད་དེ།། འདི་ནི་ཁྱེར་ཅིག་ཁྱེར་ཅིག་ཅེས།། མེ་ཏོག་དྲི་ཞིམ་དག་གིས་སྦྱིན།། བཅོམ་ལྡན་འདི་ལ་བསྙེན་པ་དང་།། འདི་ལ་རབ་ཏུ་དགོངས་པར་མཛོད། ། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས།། བདག་ལ་འགོ་བར་མཛོད་ཅེས་བྱ།། སློབ་དཔོན་དང་ནི་སློབ་མ་ཡིས།། རིག་སྔགས་སྦྱིན་ཞིང་ཡོངས་གཟུང་བའི།། ཆོ་ག་འདི་ལྟར་བྱས་ནནི། ། ལྷ་ཉིད་རབ་ཏུ་འགྲུབ་པར་འགྱུར།། མཁས་པས་རིག་སྔགས་འགྲུབ་པ་ཀུན།། གྲུབ་པ་ཉིད་དུ་ཤེས་པར་བྱ།། རྣམ་པ་དེ་ལྟར་རྫས་དག་དང་།། ཚུལ་བཞིན་ཐོབ་པས་བསྙེན་མི་དགོས།། ཐོས་པ་སྒྲུབ་པ་པོ་དག་གིས། ། རིག་སྔགས་ཚུལ་བཞིན་བཟླས་པ་ཡིས།། བསྙེན་པ་ཚད་བྱས་གང་བྱིན་པ།། དེ་ཡང་མ་བསྙེན་འགྲུབ་པར་འགྱུར།། དངོས་གྲུབ་ཕྱིར་ནི་གསང་སྔགས་ཡོན།། མེ་ཏོག་འབྲས་བུ་རྩ་བ་དང་།། གདུ་བུ་གོས་དང་གསེར་དང་ཞོ། ། འབྲུ་དང་ནོར་བུ་བུ་མོ་དང་།། མལ་ཆ་རྣམས་དང་ལྷམ་དག་དང་།། རྒྱན་གྱི་རྣམ་པ་ཐམས་ཅད་དང་།། སྒྲུབ་པའི་ཡོ་བྱད་རྣམས་དང་ནི།། གླང་པོ་བ་ལང་རྟ་ལ་སོགས།། བཀུར་སྟི་རྣམ་པ་དུ་མ་དང་།། བདག་གིས་བདོག་པ་མཐའ་དག་དབུལ།། གུས་པར་ཕྱག་བྱས་ཐལ་སྦྱར་ནས།། བདག་ཉིད་ཀྱང་ནི་དབུལ་བར་བྱ།། དེ་ལྟར་ཆོ་གཤེས་པ་ཡིས།། རྣམ་པ་སྣ་ཚོགས་ཅི་རིགས་པར།། བླ་མ་ལ་ནི་ཡོན་ཕུལ་ནས། དེ་ནས་གསང་སྔགས་ནོད་པར་བྱ།། རིག་སྔགས་ཡོངས་སུ་གཟུང་བའི་རིམ་པར་ཕྱེ་བའོ།། ། སྒྲུབ་པ་པོ་ནི་ཆོ་ག་འདིས།། ལྷག་དང་ཆད་པ་ཤེས་བྱས་ནས།། མཐོང་དང་མ་མཐོང་ལས་ངག་གིས་རིག་སྔགས་ཡོངས་སུ་བཀང་བར་བྱ། ། གསང་སྔགས་ཡན་ལག་ལྷག་ཆད་གང་།། རྨི་ལམ་དག་ཏུ་མཐོང་ན་ནི།། དེ་དག་བསྐང་བའི་ཆོ་ག་འདི།། གསང་སྔགས་ཟློས་པ་དག་གིས་བྱ།། གལ་ཏེ་འདིར་ཡང་ལ་ལ་ཞིག། ཡི་གེ་ལྷག་གམ་ཆད་པ་ཡི།། དོགས་པ་སྐྱེས་ན་མཁས་པ་ཡིས།། གསང་སྔགས་བསྐང་བའི་ཆོ་ག་བྱ།། ཤོག་ཤོག་དག་ལ་གིའུ་ཝང་གིས།། གསང་སྔགས་ཡི་གེ་ཚང་བར་བྲི།། ཆོ་ག་བཞིན་དུ་མཆོད་བྱས་@ཏེ། ། རིག་སྔགས་རྒྱལ་པོ་མངོན་པར་བསྔགས།། རིག་སྔགས་རྒྱལ་པོར་བཅས་པ་ཡིས།། མཆོད་སྦྱིན་ཡམ་སྲེག་ཤིང་མེ་ལ།། སྔགས་ཀྱི་མར་གྱི་སྲེག་བླུགས་ནི།། ཅིག་ཅར་ལན་བརྒྱར་བསྲེག་པར་བྱ། ། རིག་སྔགས་ཁྲི་ལ་བཞག་ནས་སུ།། གསོལ་བ་བཏབ་སྟེ་མངོན་པར་མཆོད།། རིག་སྔགས་ཀྱི་ནི་བདག་པོ་དང་།། རིག་སྔགས་ཡིད་དབང་ཕྱུག་མ་དང་།། བདེ་གཤེགས་སྲས་བཅས་ཕྱག་བྱས་ཏེ།། བསྐང་བའི་ཕྱིར་ནི་གསོལ་བཏབ་ནས། ། རིག་སྔགས་དྲན་བཞིན་ཀུ་ཤ་ཡི།། སྟན་ལ་ཤར་ཕྱོགས་ཁ་བལྟས་ཉལ།། རིག་པའི་རྒྱལ་པོས་དེ་ཉིད་ཀྱི།། མཚན་མོ་དག་ནི་ངེས་པར་ཡང་།། ཡི་གེ་གསལ་བ་དེ་དག་དང་།། སྤྱི་གུ་ཡང་ནིདེ་ཉིད་དང་། ། གིའུ་ཝང་དག་ཀྱང་དེ་ཉིད་ཀྱིས།། ཤོག་ཤོག་ཀྱང་ནི་དེ་ཉིད་ལ།། གསང་སྔགས་ཆད་པ་རབ་ཏུ་སྐོང་།། ལྷག་པ་དག་ཀྱང་མཉམ་པར་མཛད།། གསང་སྔགས་མ་ཉམས་མཉམ་པ་དག། འབའ་ཞིག་འདྲི་བར་མི་མཛད་ལ། ། གསང་སྔགས་རིག་སྔགས་མ་ཚང་བ།། ངེས་པར་འདི་ཡིས་སྐོང་བར་མཛད།། ཡང་ན་ཡིག་འབྲུ་མ་ཚང་བ།། རྨི་ལམ་དག་ཏུ་སྟོན་པར་མཛད།། གསང་སྔགས་ཟློས་པ་པོ་དག་གིས།། བསྲུང་བའི་ཆོག་བྱས་ཏེ་བྱ། ། རིག་སྔགས་ཡོངས་སུ་བསྐང་བའི་རིམ་པར་ཕྱེ་བའོ།། ། རིག་སྔགས་དག་ནི་ཐམས་ཅད་ཀྱང་།། སྦྱིན་སྲེག་ལས་ཀྱིས་གཟི་བྱིན་བསྐྱེད།། སྦྲང་རྩིའོ་ཐུག་མར་དག་གམ། ཡང་ན་ཏིལ་དང་མར་བསྲེས་པའམ།། མར་བཏགས་མེ་ཏོག་སྦྱིན་སྲེག་གམ།། སརྫར་སའི་སྦྱིན་སྲེག་དང་།། མར་དང་ཐང་ཆུའི་སྦྱིན་སྲེག་གིས།། གསང་སྔགས་གཟི་བྱིན་ཆེ་བར་འགྱུར།། བ་ཡི་རྣམ་ལྔ་བོས་ནས་སུ། རི་ཡི་རྩེ་མོ་ཅི་རིགས་པར།། མེ་ཏོག་འབུམ་དག་དབུལ་བྱས་ན།། དེས་ནི་ལྷ་ཉིད་གཟི་བྱིན་སྐྱེ།། ཉིན་གསུམ་དུ་ནི་དུས་གསུམ་དུ།། དྲི་ཞིམ་དྲི་དང་བདུག་སྤོས་དང་།། མེ་ཏོག་དག་ཀྱང་ཕུལ་ན་ནི།། གསང་སྔགས་གཟི་བྱིན་ཆེ་བར་འགྱུར། ། ཤིང་གི་སྙིང་པོའི་སྒྲོན་མ་དག། སྔར་ཞིང་ཞག་འདུན་དུས་གསུམ་དུ།། བཟླས་བརྗོད་བྱས་ན་གསང་སྔགས་རྣམས།། གཟི་བྱིན་ཆེན་པོའི་མཆོག་ཏུ་འགྱུར།། དེ་ལྟར་བཟླས་དང་སྦྱིན་སྲེག་དང་། ། མཆོད་པ་དག་དང་ལྔ་བཤོས་ཀྱང་།། འདོད་པ་བློ་ནི་ཁྱད་པར་དུ།། ལྷ་རྣམས་ཐམས་ཅད་གཟི་ཆེན་འགྱུར།། གཟི་བྱིན་བསྐྱེད་པའི་ཆོ་ག་རིམ་པར་ཕྱེ་བའོ།། ། གང་ཞིག་གསང་སྔགས་ཟློས་པ་དག། དངོས་གྲུབ་ཆེན་པོ་མྱུར་ཐོབ་པའི།། སྦྱིན་སྲེག་ཆོ་ག་མ་ལུས་པ།། དེ་དག་ཇི་བཞིན་སྤྱད་པར་བྱ།། ལྷ་ཡི་གནས་ཀྱི་ཕྱི་རོལ་དུ།། དེ་ཡིས་མདུན་དུ་མི་རིང་བར།། ཇི་ལྟར་རིགས་པས་ཡོངས་བརྟགས་ལ། ། ཆོ་ག་འདི་དག་ཀུན་ཏུ་སྤྱོད།། དབུས་སུ་མེ་ཡི་ཐབ་བརྐོ་བ།། གྲུ་བཞི་ལྷམ་པ་ཁ་ཁྱེར་ཅན།། ཁྲུ་གང་ཟབས་སུ་ཁྲུ་བྱེད་པ།། ཡང་ན་ཐབ་ཁུང་ཟླུམ་པོར་བྱ།། དེ་ནས་ཡམ་ཤིང་ལ་སོགས་པས།། ཡོ་བྱད་དགོས་པ་ཐམས་ཅད་དག། གཡས་ཕྱོགས་སུ་ནི་གཞག་པར་བྱ།། གཡོན་དུ་ཆུ་ཡི་སྣོད་གཞག་གོ།། དེ་ནས་ལས་ཀུན་བྱེད་པ་ཡི།། སྔགས་ཀྱིས་དེ་དག་བསང་གཏོར་ཏེ།། འདུག་ནས་མཁས་པས་གསང་སྔགས་རྣམ།། ཡིད་ལ་བསམས་ཏེ་སྤྱན་ཡང་དྲང་།། མཆོད་ཡོན་ཡོངས་སུ་བཟླས་པ་ཡང་།། དེ་དག་རྣམས་ལ་ཕུལ་ནས་སུ།། མེ་ཏོག་གཅིག་གིས་རིག་སྔགས་དེ།། དེ་ཉིད་དུ་ནི་བཞུགས་སུ་གསོལ།། དེ་ནས་མེ་ནི་བསང་བའི་ཕྱིར།། ཁྲོ་བོའི་རྒྱལ་པོས་བསང་གཏོར་ནས།། ཆོ་ག་ལས་སྨོས་ཤིང་དག་གིས།། ཐབ་བཅུག་ཤེས་རབ་ཅན་གྱིས་སྔར།། མེ་འབར་རིག་ནས་དང་པོར་ནི།། གསང་སྔགས་དག་གིས་གཉེར་བར་བྱ།། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། ། ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག། སྲེག་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགས་སུ་གསོལ།། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ།། དེ་ལྟར་དང་པོར་མེ་གཉེར་ནས།། སྲེག་བླུགས་གསུམ་ཡང་བསྲེག་པར་བྱ། ། ཨོཾ་ཨགྣ་ཡེ་ཧ་བྱ་ཀ་བྱ། བ་ཧཱ་ན་ཡཱ་དི་བྱ་དི་པཱ་ཡ་སྭཱ་ཧཱ།། དེ་ནས་མཁས་པས་གཡས་ཕྱོགས་ནས།། བསྐོར་ཅིང་བསངས་ནས་རང་གི་ནི།། སྔགས་ཀྱིས་མར་ལ་སོགས་པ་ལས། སྲེག་བླུགས་གསུམ་ཡང་བསྲེག་པར་བྱ།། སྒྲུབ་པོས་སྦྱིན་སྲེག་ཐམས་ཅད་ལ།། ཁྲོ་བོ་ཀཱ་ལི་ཀཱི་ལི་གང་།། དེ་ཡི་ཕྱག་རྒྱས་སྦྱིན་སྲེག་ལ།། མེ་ལ་སོགས་པ་བསང་བར་བྱ།། ཨོཾ་ཀཱི་ལི་ཀཱི་ལི་བཛྲ་བྷི་མ་རཽ་ཏྲྀ་པ་ཏྲི་ཏ། མ་ཧཱ་ཀྲོ་དྷ་བི་ཛ་ཡ་ནི་ཀྲྀ་ཏ་ཧཱུཾ་ཕཊ། བནྡྷ་བནྡྷ་སཱ་ཧཱ། དེ་ནས་ཡམ་སྲེག་ཤིང་དག་སྲེག། དེ་ནས་ཡམ་ཤིང་མེ་ལ་མར།། དེ་ནས་ཏིལ་དང་འབྲས་ཆན་ཏེ།། ཆོ་ག་དེ་དག་མདོར་བསྡུས་པའོ།། བ་ལ་ཤ་དང་ནྱ་གྲོ་དྷ།། བླ་ག་ཤ་སེང་ལྡེང་ཨརྒ་དང་།། བཾ་ཡ་ཀང་ཀ་ཨ་མྲ་དང་།། ཀརྨ་རི་དང་ཤ་མི་དང་།། ཨ་པ་མན་ལས་བྱུང་དང་།། ཨུ་དུམ་ཨ་ཤྭ་ཐར་བཅས་པ།། ལམ་ཤིང་བཅུ་གཉིས་དག་ཏུ་བསྟན།། ཀས་རབ་དག་ལས་མཛུབ་གང་ཙམ།། ལས་རྣམས་ཀུན་ལ་བསྲེག་བྱ་སྟེ། ལས་རྣམས་ཀུན་ལ་ཐོར་ཏོ་གཉིས།། བརྟགས་ནས་རྩེ་མོས་བསྲེག་པར་བྱ།། བཟང་ལ་དྲང་ཞིང་གསར་བ་ལ།། སྤོས་ཆུས་བསང་གཏོར་བྱས་པ་ལ།། ཞི་བའི་བསྲེག་བྱ་ཅུང་ཟད་གང་།། རྒྱས་པའང་གང་དག་ཡིན་པ་དང་། བདག་ཟས་ཅུང་ཟད་གང་ཡིན་པ།། དེ་དག་ལས་རྣམས་ཀུན་ལ་སྲེག། ཉིན་རེའམ་ཡམ་སྲེག་ཤིང་དག་ལ།། བདག་གི་ཟས་ཀྱང་རྟག་ཏུ་སྲེག། སྔགས་དང་ཇི་ལྟར་རྗེས་མཐུན་པར།། སྦྱིན་སྲེག་བྱས་ནས་ཁ་ཟས་བཟའ།། བཟླས་བརྗོད་ཆོ་ག་ཇི་ལྟར་གསུངས།། སྦྱིན་སྲེག་ལ་ཡང་དེ་ལྟར་བསྒྲགས།། ལག་པས་པུས་མོའི་ནང་རོལ་ནས།། སྦྱིན་སྲེག་དག་ནི་བརྩམ་པར་བྱ།། རིག་སྔགས་ཐམས་ཅད་གཟི་བསྐྱེད་ཕྱིར།། དུ་རུས་འབྲུ་མར་སྦྱར་བ་ལ།། ། བཏགས་པའི་ཨ་ཀར་དུམ་བུ་ནི།། སོར་བཞི་བསྲེགས་པས་གསང་སྟེ་བཤད།། ཡང་ན་རྟག་ཏུ་གུ་གུལ་ནི།། མར་སྦྱར་སྦྱིན་སྲེག་རབ་ཏུ་ཤིས།། ཡང་ན་གསང་སྔགས་བྱེ་བྲག་ལ།། ས་ལ་ཐང་ཆུའི་བྱེ་བྲག་ཤིས།། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས། ། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། དང་པོར་བདག་པོ་བཞུགས་གསོལ་ནས།། དེ་ཡི་འོག་ཏུ་སྦྱིན་སྲེག་བརྩམ།། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། དང་པོ་རིགས་ཀྱི་རིག་སྔགས་ཀྱིས། ། བསྲུང་བ་བྱས་ཏེ་ལས་རྣམས་བརྩམ།། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། ལས་མཐར་རིགས་ཀྱི་སྙིང་པོ་ཡིས།། གཟི་བྱིན་བསྐྱེད་པ་བརྩམ་པར་བྱ། ། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། ཐོག་མ་དང་ནི་ཐ་མར་ཡང་།། མར་གྱི་དབང་བླུགས་རྟག་ཏུ་སྲེག། སྔགས་འགྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་སྲེག་ཆོ་ག་ཐམས་ཅད་ལ།། རིགས་བདག་རིག་སྔགས་སྙིང་པོ་བཟླས།། ཐ་མར་མཆོད་ཡོན་དབུལ་བར་བྱ།། དཀྱིལ་འཁོར་དག་ལ་སྦྱིན་སྲེག་གི། ཆོ་ག་མ་ལུས་བསྒྲགས་པ་ཡིས།། ཆོ་ག་དེ་ཡིས་འདིར་ཡང་ནི།། སྦྱིན་སྲེག་ལས་རྣམས་བྱ་བར་བཤད། ། ལག་མཐིལ་ཆུ་ལ་བཟླས་པས་ནི།། ལན་གསུམ་དུ་ཡང་འཐོར་འཐུང་བྱ།། སྦྱིན་སྲེག་བྱས་པའི་ཐ་མར་ནི།། རང་གི་རིག་སྔགས་ཉིད་ཀྱིས་ཀྱང་།། བསང་གཏོར་ལན་གསུམ་བྱ་བར་བཤད། ། དེ་འོག་མེ་ལ་ཀུན་བསྲེགས་ནས།། སྤྱན་དྲང་རིག་སྔགས་དེ་ཉིད་ཀྱིས།། བཞུད་ཅིག་བཞུད་ཅིག་ཅེས་བྱས་ཏེ།། དེ་ཡི་འོག་ཏུ་སླར་གཏང་ངོ་།། གསང་སྔགས་ཡི་གེའི་རྗེས་མཐུན་པར།། མཇུག་ཏུ་བཟླས་བརྗོད་བརྩམ་པར་བྱ། ། དེ་ལྟར་སྦྱིན་སྲེག་ཐམས་ཅད་ཀྱི།། ཆོ་ག་མདོར་བསྡུས་བཤད་པ་ཡིན།། སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་གང་དག་གིས། བསྡུས་ན་རིག་སྔགས་ཐམས་ཅད་ཀྱི།། གསང་སྔགས་ཆོ་ག་རྩོམ་འགྱུར་བའི།། ཆོ་ག་ཡན་ལག་བསྡུ་བ་བཤད།། དགོས་པའི་ཡོ་བྱད་ཐམས་ཅད་ནི།། ཐོག་མ་ཉིད་དུ་ཀུན་བསྡུས་ཏེ།། དེ་ནས་བསྙེན་པའམ་སྒྲུབ་པ་དག། བློ་དང་ལྡན་པས་བརྩམ་པར་བྱ།། དྲི་ཞིམ་དེ་ནི་དེ་དང་དེ།། དེ་བཞིན་བདུག་སྤོས་རྣམ་པ་དང་།། སྙིང་པོ་ཐང་ཆུ་རིགས་རྣམས་དག། ཁྱད་པར་དུ་ནི་བསག་པར་བྱ།། ཉུངས་ཀར་སརྫ་ར་ས་དང་།། དུག་དང་ལན་རྗེ་སྐེ་ཚེ་དང་། ། ཏིལ་དང་འབྲུ་མར་བ་མར་དང་།། བུམ་པ་དང་ནི་ཟད་ཀྱི་སྣོད།། འབྲུ་དང་རིམ་ཆེན་སྣ་ལྔ་དང་།། སྨན་རྣམས་དང་ནི་སྦྲང་རྩི་དང་།། དེ་བཞིན་བུ་མོས་བཀལ་བ་ཡི།། ཚོན་སྣ་ལྔ་ཡི་སྲད་བུ་དང་།། མར་མེའི་དོན་དུ་ཀོང་བུ་དང་། ། ཤིང་བལ་མར་མེའི་སྙིང་པོ་དང་།། ཁམ་ཕོར་དང་ནི་ཚོན་རྩིའི་རྫས།། དེ་བཞིན་སེང་ལྡེང་ཕུར་བུ་དང་།། མཆོད་སྦྱིན་གྱི་ནི་ཡམ་ཤིང་དང་།། ནིམ་པའི་དགང་གཟར་བླུགས་གཟར་དང་།། གིའུ་ཝང་དང་ནི་ཨུར་མོའི་ལྗགས། ། ཙན་དན་དམར་པོ་ཉིད་དང་ནི།། གོས་དང་གསང་སྲེལ་སྲད་བུ་དང་།། རི་དགས་ནག་པོའི་པགས་པ་གསེར།། ནས་དང་འབྲས་ཡོས་པྲི་ཡང་ཀུ།། ཙན་དན་དཀར་དང་ཤིང་གི་ལྷམ།། མུཉྫ་ཀུ་ཤྲ་ཤ་ཏ་པུས། ། མེ་ཏོག་སྣོད་ནི་ཤིས་པ་དང་།། མཆོད་པའི་ཡོད་བྱད་མཆོག་དང་ནི།། དེ་བཞིན་བགྲང་འཕྲེང་ལ་སོགས་དང་།། དེ་དག་ལ་སོགས་བློ་ཅན་གྱིས།། ནོར་དང་སྒྲུབ་པའི་ཡན་ལག་རྣམས།། ཐམས་ཅད་ཐོག་མར་ཡོངས་བསྡུས་ནས། ། དེ་ཡི་འོག་ཏུ་ལས་རྣམས་བརྩམ།། སྒྲུབ་པའི་ཡན་ལག་བསོག་པའི་ཆོ་ག་རིམ་པར་ཕྱེ་བའོ།། ། དེ་ནས་སྒྲུབ་པའི་རྫས་རྣམས་ཀྱི།། མཚན་ཉིད་གང་དག་གསུངས་པ་ཀུན།། སྔགས་ཟློས་པ་ཡི་དངོས་གྲུབ་ཕྱིར།། དེ་དག་མདོར་བསྡུས་བཤད་པར་བྱ།། ཡིད་བཞིན་ནོར་བུ་བུམ་པ་བཟང་།། ནོར་གྱི་ཆར་འབབ་གསེར་ཆེན་དང་།། འཁོར་མོ་ལྡོང་རོས་རལ་གྲི་སྟེ།། འདི་དག་དངོས་གྲུབ་བདུན་ཡིན་ནོ།། ཕལ་ཆེར་སྤྱི་ཡིན་ཁྱད་པར་འཕགས།། ཆེ་ལ་མཆོག་གི་མཆོག་ཡིན་ཏེ།། དེ་ཡི་བསོད་ནམས་ཕུང་ཆེན་པོ།། རྒྱལ་སྲིད་དག་ཀྱང་ཐོབ་པར་འགྱུར།། གཞན་ཡང་དངོས་གྲུབ་དམ་པ་ཡིན།། གཙུག་ཏོར་པདྨ་རྡོ་རྗེ་གསུམ། རིགས་དང་རིགས་ཀྱི་བྱེ་བྲག་ལས།། ཕལ་ཆེར་ཡོངས་སུ་བསྒྲགས་པ་ཡིན།། གསང་སྔགས་གང་ཡང་རུང་བ་ཡིས།། གང་ཡང་རུང་བའི་དངོས་གྲུབ་ཀྱང་།། མངོན་པར་ཤེས་པ་ལྷག་རྡོག་པ།། གཙོ་བོ་ཡིན་པར་ཡོངས་སུ་བསྒྲགས། ། གསེར་དང་དངུལ་ལ་སོགས་པ་ལས།། ཡུ་བ་ཁྲུ་གང་ཙམ་བྱས་ལ།། དེ་སྟེང་རིན་ཆེན་ཆེན་པོ་ནི།། གཅིག་པུ་བཞག་པའམ་ནོར་བུ་ནི།། པདྨ་རཱ་ག་དག་པ་འམ།། ཡང་ན་ཤེལ་ལས་བྱུང་བའང་རུང་།། ཁྲིའུ་ཡི་སྟེང་དུ་ལེགས་བཞག་ནས།། སྒྲུབ་པ་པོས་ནི་མཚན་མོ་སྒྲུབ།། གསང་སྔགས་སྟ་གོན་ཆོ་ག་དང་།། བདག་ཉིད་དབང་བསྐུར་གང་བཤད་པ།། དེ་ཡི་རང་བཞིན་ཆོ་ག་དེས།། བུམ་པ་བཟང་པོར་སྒྲུབ་པར་གསུངས། ། གསེར་དག་དང་ནི་དངུལ་དག་དང་།། རིན་ཆེན་སྣ་ཚོགས་ལ་སོགས་པ།། དཔག་ཚད་ལྔ་ཡི་ཁོར་ཡུག་ཏུ།། ནོར་ནི་ཆར་བཞིན་འབབ་པར་གསུངས།། མི་ཟད་པ་ཡི་གཏེར་ཆེན་ནི།། གསེར་ལ་སོགས་པས་གང་བསྟེ། ། སྦྱིན་དང་ལོངས་སྤྱོད་ལ་སོགས་པར།། སྤྱད་ཅིང་བྱུང་ཡང་མི་ཟད་པའོ།། སྲར་མོའི་ལྕགས་ཀྱི་འཁོར་མོ་ན།། མཛུབ་གང་ཅམ་ལ་རྩིབས་དྲུག་པ།། ཤིན་ཏུ་གཟུགས་ལེགས་རྣོ་བདང་བ། སྦྱར་དུ་འགྲུབ་ཅིང་ཆེན་པོར་འགྱུར། ། ཉི་མ་འཆར་ཀའི་གཟུགས་འདྲ་ཞིང་།། གསེར་ནི་བཙོ་མའི་མདོག་ལྟ་བུ།། ཀ་ར་ཝཱི་རའི་མདོག་འདྲ་ཞིང་།། ལྡོང་རོས་དག་ནི་མཆོག་ཏུ་བཤད།། རལ་གྲི་མཐེའུ་ཆུང་མཐོ་དོ་པ། འཕན་མེད་ཞེང་དུ་སོར་བཞི་ཚད།། བདར་བ་ཙ་ཤའི་འདབ་མ་འདྲ།། འགྲུབ་ཕྱིར་བ་སོའི་དངོ་ཅན་ནོ།། ཕྱག་རྒྱ་བྲི་བའི་ཆོ་ག་བཞིན།། གཙུག་ཏོར་ཕྱག་རྒྱ་གསེར་ལས་བྱས།། ཡིད་བཞིན་ནོར་བུའི་ཡུ་བ་བྱ།། ཆེ་ལ་བཞག་སྟེ་བསྒྲུབ་པར་བྱ། ། པདྨ་ཙན་ངན་ལས་བྱས་པའི།། དེ་བཞིན་གསེར་སོགས་ལས་བྱས་པ།། མཐོ་གང་བ་ལས་སྡོང་བུ་དངུལ།། འདབ་བརྒྱད་སྙིང་པོ་མཛེས་པར་བྱ།། རྡོ་རྗེ་ཨུར་མོའི་ལྕགས་བྱས་པའམ། ཡང་ན་ཙན་དན་དམར་པོའང་རུང་།། ལྕགས་གསུམ་ལས་བྱས་སོར་བཅུ་དྲུག། གཉིས་ཀ་རྩེ་མོ་གསུམ་པར་བྱ།། བ་བླ་ཡོན་ཏན་འཕགས་པ་དག། གསེར་གྱི་གྱིམ་ཕག་འདྲ་བ་ཡི།། སུལ་གྱིས་གང་ཞིང་ལྡིང་ཆེ་བ་ཁ་དོག་བཟང་པོ་འགྲུབ་ཕྱིར་མཆོག། སེར་སྐྱ་དག་ལས་བྱུང་བ་ཡི།། གིའུ་ལང་ཁ་དོག་སེར་པོ་ཡི།། བཙག་ནི་ཡུག་སྣམ་གསེར་མདངས་ཅན།། མེ་ཏོག་བམ་དུའི་མདོག་འདྲ་བའོ།། གྲོག་མཁར་བརྩེགས་པ་འདྲ་བ་ལ། བཅག་ན་ཨུཏྤལ་སྔོན་པོའི་མདོག། ཤིན་དུ་འཇམ་པོ་འདི་འདྲ་བ།། ཆུ་རྒྱུན་ལས་བྱུང་ཨཉྫ་ནའོ།། རས་ཕྲན་གཙང་མ་འཇམ་པོ་ནི།། ཁོ་ལག་ཆེ་ལ་གུང་ཀུམ་བཙོས།། དགོན་པའི་ཕྱུགས་ཀྱི་ལྕི་བ་ཡི།། ཐལ་བ་ག་པུར་གྱིས་བསྒོས་པའོ། ། མཆོད་ཕྱིར་ཐོགས་ཀྱི་སྲད་བུ་དཀར།། ཕྲ་ཞིང་སུམ་སྒྲིལ་ལེགས་བཀལ་བའམ།། ཡང་ན་གསེར་གྱི་སྐུད་པ་ནི།། ལེགས་སྟོད་སུམ་སྒྲིལ་ཡོན་ཏན་ཅན།། སྣ་མའི་མེ་ཏོག་འཕྲེང་བ་ནི། ། བུ་མོས་བཀལ་སྐུད་ལས་བརྒྱུས་པའོ།། ཤྲི་པ་ཎ་ཡི་ཤིང་གི་ལྷམ།། ཡམ་ཤིང་ལེགས་གཞོགས་འཐེབ་རྟེན་ཅན།། རྨ་བྱའི་གདུགས་ནི་སྨྱུག་མ་ཡི།། ཡུ་བ་རིང་པོ་གསར་ལ་བཏགས།། ། མདུང་ཐུང་རྩེ་གསུམ་དབྱུག་ཏོ་སོགས།། ཐམས་ཅད་རང་གི་མཚན་ཉིད་ལྡན།། བསྒྲུབས་ན་མྱུར་དུ་འགྲུབ་པའི་ཕྱིར།། མཚོན་ཆ་རྣམས་ནི་རབ་ཏུ་ཤིས།། འདི་ནི་ཆོ་ག་ལས་གསུངས་པའི།། བསྒྲུབ་བྱའི་རྫས་རིགས་གང་ཡིན་པ། ། དེ་དག་མཚན་ཉིད་འཇིག་རྟེན་ལས།། ཁྱད་པར་དུ་ནི་ཉེ་བར་བརྟག། དེ་བཞིན་དངོས་གྲུབ་མང་པོ་ཡིས།། བསྒྲུབ་བྱའི་རྫས་ནི་སྣ་ཚོགས་པ།། དེ་བས་དེ་དག་བདག་བློ་དང་།། གཙུག་ལག་བློ་ཡིས་ཡོངས་སུ་བརྟག། ནད་མེད་མདངས་བཟང་ལུས་མ་ཉམས།། གཟུགས་བཟང་རྨ་མེད་དར་ལ་བབ།། བདག་ཉིད་ཤི་བར་གྱུར་པའི་རོ།། རོ་ལངས་དངོས་གྲུབ་ཕྱིར་ནི་མཆོག། ཡང་ན་ལས་ཀྱི་བྱེ་བྲག་ལ། རིགས་ངན་དག་ཀྱང་རབ་ཏུ་ཤིས།། རོ་ལངས་སྒྲུབ་པ་དག་ལ་ནི།། འཇིག་མེད་མཆོག་སྟེ་དེས་ངེས་སོ།། རྫས་ཀྱི་མཚན་ཉིད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། ། ཡོ་བྱད་ཀུན་དང་ལྡན་པ་ཡིས། ། ཅི་རིགས་པར་ནི་མཆོད་བྱས་ནས།། སྒྲུབ་པའི་རྫས་རྣམས་ཡོངས་གཟུང་བ།། དུས་འཚམས་དག་ལ་སྔ་དྲོ་བྱ།། གསང་སྔགས་ཉེ་བར་གྱུར་ནས་ནི།། གང་ཚེ་བཀའ་ལུང་གསལ་ཤེས་པ། དེ་ཚེ་སྒྲུབ་པའི་རྫས་བཟུང་བ།། མཁས་པ་དག་གིས་ལེགས་པར་བྱ།། ཁྲུས་བྱས་གཙང་ཞིང་སྤྱང་བྱས་ཏེ།། བཀྲ་ཤིས་ངོ་མཚར་དག་བྱས་ནས།། བློ་དང་ལྡན་པས་བདག་ཉིད་ཀྱིས།། སྒྲུབ་པའི་རྫས་རྣམས་ཡོངས་སུ་གཟུང་། ། འབྱུང་ཁུངས་དག་ནས་ཅི་མཐོང་བ།། ལན་ཅིག་སྨྲ་བ་འཇིགས་མེད་པས།། ཁ་ཐབས་བཞིན་དུ་ཉོས་པ་ཡི།། སྒྲུབ་པའི་རྫས་ནི་ཡོངས་སུ་བཟུང་།། གང་ཚེ་སྒྲུབ་པའི་དུས་ངག་ཏུ། གསང་སྔགས་ཉེ་བར་གྱུར་ཤེས་པ།། དེ་ཚེ་བློ་དང་ལྡན་པ་ཡིས།། སྒྲུབ་པའི་རྫས་རྣམས་ཡོངས་སུ་བཟུང་།། ཡང་ན་མཁས་པ་རྫས་དག་ནི།། རྣམ་མང་གཟུགས་དང་ལྡན་པ་དག། ལུང་གིས་དག་པར་རྣམ་ཤེས་པ། ། དེ་དག་ཆོ་ག་བཞིན་དུ་གཟུང་།། རྫས་བཟང་གང་ཡང་རུང་བ་དག། ཆོ་ག་བཞིན་དུ་ཡོངས་བཟུང་ནས།། དེ་མ་ཐག་ཏུ་རབ་བསྒྲིམས་ཏེ།། བློ་དང་ལྡན་པས་སྒྲུབ་པ་བརྩམ།། རྫས་ཡོངས་སུ་གཟུང་བའི་ཆོ་ག་རིམ་པར་ཕྱེ་བའོ། ། ། དེ་ནས་སྒྲུབ་པའི་རྫས་རྣམས་ཀུན།། ཅི་རིགས་པར་ནི་རྣམ་པར་སྦྱང་།། བཏག་པར་བྱ་བ་སྲ་བའི་རྣམས།། བ་ཡི་རྣམ་ལྔ་སྦྱང་བར་བསྒྲགས།། བ་རྣམ་ལྔམཉམ་པས། ། ལྡོང་རོས་དག་ནི་བཏག་པར་བྱ།། འོ་མ་གཙང་མ་མང་པོ་ཡིས།། བ་བླ་ལེགས་པར་བཏག་པར་བྱ།། བ་གཅིན་མང་པོས་ལི་ཁྲི་སྟེ།། མར་མང་རྣམས་ཀྱིས་གིའུ་ཝང་ངོ་།། འོ་མ་ཁ་དོག་ལྡན་པའི་རྫས། ། ཨཉྫ་ན་ནི་འབའ་ཞིག་གོ།། རལ་གྲི་འཁོར་ལོ་ལ་སོགས་རྫས།། བ་ཡི་ལྕི་བ་ཆུ་མང་བས།། ཤིང་དང་སེམས་ཅན་ལ་སོགས་རྫས།། ཐམས་ཅད་བ་ཡི་གཅིར་དང་ཆུས།། རི་དགས་ནག་པོའི་པགས་ལ་སོགས། ། བ་ཡི་གཅིན་དང་བསྐབས་བཀྲུ།། དེ་ལྟར་རྫས་རྣམས་བཀྲུས་ནས་ནི།། སྤོས་ཆུ་དག་གིས་བཤར་བར་བྱ།། བ་ཡི་གཅིན་དང་བཅས་པ་ཡི།། ཏིལ་གྱི་ཆུ་ཡིས་མ་ལུས་བཤལ། རྫས་དང་མཐུན་པའི་སྦྱང་བ་ནི།། འཇིག་རྟེན་ན་ནི་གང་གྲགས་པ།། དེ་དག་གིས་རྫས་སྦྱང་བ་འམ།། ཡང་ན་ཐམས་ཅད་སྤོས་ཆུས་བྱ།། ལས་ཀུན་བྱེད་པའི་གསང་སྔགས་སམ།། རིགས་དང་རིགས་ཀྱི་སྙིང་པོ་ཡི། ། གསང་སྔགས་རྫས་དང་མཐུན་པ་ཡིས།། ཐམས་ཅད་སྦྱང་བར་བྱ་བར་གྲགས།། ཐམས་ཅད་རིགས་ཀྱི་རིག་སྔགས་ཀྱིས།། བསང་གཏོར་བྱས་ན་དག་པར་བཤད།། དང་པོ་པ་ཡི་རྣམ་ལྔས་བྱས།། དེདེཡི་རྗེས་ལ་ཏིལ་གྱིས་ཆུས།། ཐམས་ཅད་རབ་ཏུ་སྦྱང་བར་བྱ།། རྫས་སྦྱང་བའི་ཆོ་ག་རིམ་པར་ཕྱེ་བའོ།། རྒྱན་དང་མཚོན་ཆ་གོས་ལ་སོགས།། རྫས་ཀྱི་རིགས་སུ་གཏོགས་པ་ཀུན། ། ཕལ་ཆེར་འཇིག་རྟེན་གྲགས་པ་ཡི།། ཚད་ཀྱང་གྲགས་པ་ཉིད་དུ་ཟད།། ལྡོང་རོས་དག་ནི་བཏགས་པ་ལས།། དངོས་གྲུབ་ཕྱིར་ནི་སྲང་ལྔའོ།། འབྲིང་པོ་ལ་ནི་སྲང་གསུམ་སྟེ།། ཐ་མ་དག་ལ་སྲང་གཅིག་གོ། ཀི་ནུ་ལང་དག་ནི་སྲང་གཅིག་ཚད།། བཔྲ་དག་ནི་སྲང་གཉིས་སོ།། ཨམཛན་ནནོ་དྲུག་སྟེ།། བ་མར་ལ་ནི་སྲང་བདུན་ནོ།། ཐལ་བ་དག་ནི་སྲང་ལ་སྟེ།། གུར་བུམ་ལྡོང་རོས་དག་པ་མཉམ། ། མི་སྣང་བ་ལ་བཤད་པ་ཡི།། རིལ་བུ་སྣ་ཚོགས་ཡང་བྱས་ཏེ།། བྱེ་བྲག་ཏུ་ནི་གྲངས་བདུན་ནམ།། ཉི་ཤུ་གཅིག་གི་བར་དུ་ཤིས།། ཡང་ན་དགོས་པའི་དབང་གིས་སུ།། རྫས་རྣམས་ཚད་ལས་ལྷག་གྱུར་ཀྱང་བློ་དང་ལྡན་པས་སྒྲུབ་པ་ལ། ། དེ་ཡི་ཚད་དུ་རྫས་རྣམས་གཟུང་།། སྔགས་རྒྱུད་གཞན་ལས་ཅི་གསུངས་དང་།། རང་གི་ཆོ་ག་ལས་གསུངས་དང་།། འཇིག་རྟེན་དག་ན་གང་ཤིས་པ།། དེ་དང་དེ་དག་ཡོངསུ་གཟུང་།། སྔོན་དུ་བསྙེན་པའི་ཚད་དང་ནི།། གྲོགས་པོ་རྣམས་ཀྱི་ཚད་དག་དང་།། རིག་སྔགས་ཀྱིས་ནི་སྣང་བ་ལ།། རྫས་ཀྱི་ཚད་ཀྱང་ཤེས་པར་བྱ།། རབ་དང་འབྲིང་དང་མཐར་མ་ཡི།། དངོས་གྲུབ་དག་གི་བྱེ་བྲག་ལས།། རབ་དང་འབྲིང་དང་ཐ་མ་ཡི། ། རྫས་ཀྱི་ཚད་ཀྱི་ཆོ་ག་རིམ་པར་བྱེ་བའོ།། ། དེ་ནས་གཞན་ཡང་གང་ཞིག་གིས།། དངོས་གྲུབ་མྱུར་དུ་ཐོབ་འགྱུར་བའི།། རྫས་སྒྲུབ་པ་ཡི་ཆོག་དག། གསང་ཆེན་རྒྱས་པར་བཤད་པར་བྱ། ། སྒྲུབ་པའི་ཕྱིར་ནི་དགོས་པ་རྣམས།། ཐོག་མར་ཡིད་ལ་ལེགས་བསམས་ཏེ།། བློ་དང་ལྡན་པས་ཡོ་བྱད་ནི།། ཐམས་ཅད་ལེགས་པར་བསོགས་པར་བྱ།། སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས།། གས་སྔགས་ཡོངས་སུ་ཚོམ་བྱས་ཏེ། ། དབང་བསྐུར་རོག་གསུངས་པའང་བྱ།། དེ་ནས་སྒྲུབ་པ་བརྩམ་པར་བྱ།། དང་པོར་དཀྱིལ་འཁོར་བྲིས་ནས་སུ།། ཆོ་ག་བཞིན་དུ་ལེགས་མཆོད་དེ།། དེར་ནི་བདག་ཉིད་ཚུལ་བཞིན་དུ། དབང་བསྐུར་ནས་ནི་ལས་རྣམས་བརྩམས།། དེ་ནས་གཞན་ཡང་ཟློས་པ་དག། དངོས་གྲུབ་ཕྱིར་ནི་དབང་བསྐུར་བའི།། དཀྱིལ་འཁོར་ལས་རྣམས་ཀུན་བྱེད་པ།། གང་དག་རབ་ཏུ་བསྒྲགས་བཤད་པ།། རིག་པའི་རྒྱལ་བོའི་དཀྱིལ་འཁོར་གྱི། ། ཆོ་ག་གང་དག་སྔར་བསྟན་པ།། དེས་ནི་ས་གཞི་སྦྱང་ལ་སོགས།། ཐམས་ཅད་དེ་བཞིན་ཁོ་ནར་བྱ།། ཁྲུ་ལྔའམ་བདུན་རྣམ་བརྒྱད་པ་ལ།། གྲུ་བཞི་པ་ལ་སྒོ་བཞི་པ།། གྲཝ་བའི་ལྡན་པར་རྣམ་བརྟགས་པ། ། ནུབ་ཏུ་སྒོ་བཏོད་སྒོ་བྱུང་ཅན།། དེ་ཡི་ཚད་ཀྱི་ཕྱེད་ཀྱི་ཆས།། དཀྱིལ་འཁོར་གྱི་རིམ་བསྐོར་བ་དག། ཚོན་ཅི་སྣ་ལྔའི་བྱེ་མ་ཡིས།། དཀྱིལ་འཁོར་ལེགས་པར་བྲི་བར་བྱ།། མཁས་པས་དེ་ཡི་ནུབ་ཕྱོགས་སུ། ། ཁྲུ་བཞི་ཡིས་ནི་བར་བཅད་ནས།། ཁྲུ་ལྔའམ་བཞིའམ་གསུམ་པ་ལ།། གྲཝ་བཞི་ཤར་དུ་སྒོ་ཡང་གདོད།། ཆོ་ག་བཟང་པོ་ཀུན་ལ་ཡང་།། སྒྲུབ་པོས་མངོན་པར་དབང་བསྐུར་ཕྱིར།། རྩ་བའི་དཀྱིལ་འཁོར་ཚད་དག་གི། ཕྱེད་ཀྱི་ཚད་དུ་དཀྱིལ་འཁོར་བྱ།། ས་བཞི་ཤར་དུ་གཞོལ་བ་ནི།། ནུབ་བམ་བྱང་དུ་སྒོ་གདོད་དོ།། ཀུན་ཀྱང་བྱང་དུ་གཞོལ་ན་ནི།། ནུབ་ཏུ་སྒོ་ཡང་གདོད་པར་གསུངས།། ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང་།། ཚོཆོན་སྣ་གཅིག་གིས་བྲི་བྱ་སྟེ།། ཕྱི་རོལ་གྱི་ནི་གྲཝ་བཞི་རུ།། རྡོ་རྗེ་རྩེ་མོ་གསུམ་པ་བྲི།། གསང་སྔགས་ཀུན་ལ་ཐོག་མར་ནི།། དབུས་སུ་པདྨའི་སྙིང་པོར་བཅས།། འདབ་མ་བརྒྱད་ལ་བྲིས་ནས་ཀྱང་།། དེ་ནས་བཀྲ་ཤིས་རྣམས་ཀྱིས་བརྒྱན། ། སྒོ་རྣམས་ཀུན་ཏུ་རྡོ་རྗེ་དང་།། གྲཝ་རྣམས་སུ་ནི་བུམ་པ་དགོད།། ཕྱི་རོལ་དཀྱིལ་འཁོར་དག་ལ་ཡང་།། ཆོ་ག་དེ་བཞིན་བྱ་བར་བཤད།། དབང་བསྐུར་བ་ཡི་དཀྱིལ་འཁོར་དུ།། བུམ་པ་གང་བ་བཞི་རྣམས་ནི། ། གླུ་ཡི་རི་མོའི་ནང་རོལ་དུ།། ངེས་པ་ཉིད་དུ་གཞག་པར་བྱ།། དབུས་སུ་གསང་སྔགས་ཟློས་པ་པོའི།། རིག་སྔགས་རྒྱལ་པོ་གང་ཡིན་པ།། དེ་ཡི་ཕྱག་རྒྱ་བྲིས་ནས་སུ། ། དེ་ཡི་སྟེང་དུ་བུམ་པ་གཞག། ཇི་ལྟར་རིགས་ལ་རྣམ་བསྟན་པའི།། ཕྱག་རྒྱ་གཙུག་ཏོར་པདྨ་དང་།། རྡོ་རྗེ་འདི་གསུམ་རིམ་བཞིན་དུ།། རབ་ཏུ་གསང་བའི་དམ་པ་ཡིན།། ཕྱག་རྒྱ་རྣམས་ལ་མགོམས་ན། ། ལས་ཀུན་བྱེད་པའི་གསང་སྔགས་སམ།། ཡང་ན་ལྷ་རྣམས་ཀུན་གྱི་ཕྱིར།། ཡུངས་ཀར་སྟེང་དུ་བུམ་པ་གཞག། སྣམ་བུའི་ཆ་ནི་ལེགས་ཕྱེ་ནས།། ཤར་དུ་བཅོམ་ལྡན་ཕྱག་རྒྱ་གཞག། དེ་ཡི་གཡོན་དུ་སྙིང་པོ་འོ། ། གཡས་སུ་རིགས་ཀྱི་ཡུམ་གཞག་གོ།། དེ་བཞིན་བྱང་དུ་ཆོ་ག་བཞིན།། པདྨ་འཆང་བ་བཞག་པར་བྱ།། ལྷོར་ནི་ཕྱག་ན་རྡོ་རྗེ་སྟེ།། ནུབ་ཏུ་ཚངས་པ་དྲག་པོའོ།། གྲཝ་གཉིས་ཀྱི་ནི་ངོས་དག་ཏུ།། ཀུན་དགའ་བོ་དང་རབ་འབྱོར་དང་། ། མདུང་ཐུང་དང་ནི་མཆེ་བ་དང་།། རིག་སྔགས་གསང་སྔགས་ཚོགས་རྣམས་དགོད།། གྲཝ་གཉིས་ཀྱི་ནི་ངོས་དག་ཏུ།། དོན་གྲུབ་པ་དང་མཐུ་ཆེན་དང་།། དཔལ་མོ་དང་ནི་གོམ་དཀར་ཅན།། རིག་སྔགས་གསང་སྔགས་ཚོགས་རྣམས་དགོད། ། གྲཝ་གཉིས་ཀྱི་ནི་ངོས་དག་ཏུ།། རྡོ་རྗེ་རྡོ་རྗེའི་དབྱུག་པ་དང་།། རྡོ་རྗེ་ཁུ་ཚུར་གནམ་ལྕགས་མ།། རིག་སྔགས་གསང་སྔགས་ཚོགས་རྣམས་དགོད།། གྲཝ་གཉིས་ཀྱི་ནི་ངོས་དག་ཏུ། ། དྲག་པོའི་གློར་ནི་དྲག་མོ་དང་།། ཚངས་པའི་གྲོར་ནི་དཔལ་ཆེན་དང་།། སྣ་ཚོགས་ལྷ་ཡི་ཚོགས་རྣམས་བྲི།། སྔོན་བཞིན་ཕྱི་རོལ་དཀྱིལ་འཁོར་དུ།། ཕྱོགས་མཚམས་སྐྱོང་པའི་ལྷ་ལ་སོགས།། ཕྱོགས་སྐྱོང་གོ་རིམས་བཞིན་དུ་གཞག། ལྷག་མ་མ་སྤོས་པ་ཡང་དགོད།། ཀླུ་རྒྱལ་དགའ་བོ་བསྙེན་དགའ་བོ།། སྒོ་ཡི་ངོས་སུ་གཞག་པར་བྱ།། མཛེས་དགའ་ཉེས་མཛེས་ཕྱི་རོལ་སྒོར།། མདུན་དུ་བདུད་རྩི་ཐབ་སྦྱོར་གཞག། དཀྱིལ་འཁོར་སྣ་མའི་ཆོ་ག་བཞིན།། མཆོད་སོགས་ཆོ་ག་གང་ཡིན་པ།། དེ་དག་བྱས་ནས་སྦྱིན་སྲེག་ལས།། རྣམ་གསུམ་ཚུལ་བཞིན་ལེགས་པར་བརྩམ།། བགེགས་རྣམས་གཞོམ་ཕྱིར་དྲག་ཤུལ་སྤྱོད། ། རང་གི་འབྱོར་ཕྱིར་རྒྱས་པ་བྱ།། ཞི་བའི་ཆེད་དུ་ཞི་བ་སྟེ།། ཇི་ལྟར་མཐོང་བཞིན་བྱ་བར་གསུངས།། རིག་གསུམ་དག་གི་སྤྱི་ལ་ཡང་།། ལས་ཀུན་བྱེད་པའི་གསང་སྔགས་སམ།། ཡང་ན་ཐལ་སྦྱོར་བྱེད་པ་ཡིས་བགེགས་རྣམས་ལ་ནི་དྲག་ཤུལ་སྤྱད། ། སྙིང་པོ་ཉིད་ཀྱིས་རྒྱས་པ་སྟེ།། ཞི་བའི་རིགས་ཀྱི་རིག་སྔགས་ཀྱིས།། ཡང་ན་ཀུན་ལ་ལས་ཀུན་ནམ།། སོ་སོ་ཡི་ནི་ཆོ་ག་བྱ།། དཀྱིལ་འཁོར་བཤད་པའི་ཆོ་ག་བཞིན།། མཁས་པས་སྒོ་ཡི་གཡས་རོལ་དུ།། མར་སོགས་སྦྱིན་སྲེག་རྫས་དག་ལས།། སྦྱིན་སྲེག་གི་ནི་ལས་བྱའོ།། ལས་རྣམས་གསུམ་པོ་དག་ལ་ཡང་།། མཁས་པས་གསང་སྔགས་རྣམ་གསུམ་གྱིས།། རིམ་པ་བཞིན་དུབརྒྱ་བརྒྱ་འམ། ། ཡང་ན་ལྷག་པར་སྦྱིན་སྲེག་བྱ།། རིག་སྔགས་བདག་པོར་བཅས་པའི་རྣམས།། ཚིམ་པར་བྱ་ཕྱིར་སྒྲུབ་པ་པོས།། རིགས་དང་རིགས་ལ་སྦྱིན་སྲེག་བརྒྱ་འམ།། ཡང་ན་སོ་སོར་བདུན་བདུན་བྱ། ། སྒྲུབ་པའི་རིག་སྔགས་གང་ཡིན་ཏེ།། རང་གི་བདག་པོའི་མདུན་དུ་གཞག། འཕྲོག་མ་དང་ནི་རི་མཁར་མ།། དུང་ཅན་མ་དང་ལྷ་མོ་དྲག། རལ་པ་གཅིག་མའམ་ཕྱོགས་བཞིན་དུ།། མཆོད་པར་འདོད་པས་མཆོད་པ་བྱ། ། ལྷ་རྣམས་ཐམས་ཅད་ལེགས་མཆོད་དེ།། སྦྱིན་སྲེག་ཅི་དགར་བྱས་ནས་ནི།། སྔར་བཀོད་པ་ཡི་བུམ་པ་ལ།། རང་གི་སྔགས་ཀྱིས་མངོན་པར་བསྔགས།། ལྷ་ཡི་མདུན་ན་གང་འདུག་པ། ། གཅིག་ནི་རང་གི་སྔགས་ཀྱིས་བཟླས།། དཀྱིལ་འཁོར་དབུས་ན་གང་འདུག་པ།། རིག་པའི་རྒྱལ་པོས་བཟླས་བརྗོད་བྱ།། སྒོ་ཡི་དྲུང་ན་གང་འདུག་པ།། རྡོ་རྗེ་ཁྲོ་བོས་བཟླས་བརྗོད་བྱ།། སྙིང་པོའི་རིགས་ཀྱི་རིག་སྔགས་ཀྱིས། ། ཤར་གྱི་གྲཝ་གཉིས་བཟླས་བརྗོད་བྱ།། ལས་ཀུན་བྱེད་པའི་གསང་སྔགས་དང་།། དེ་བཞིན་གསང་སྔགས་གཞན་ཀུན་གྱིས།། ནུབ་ཀྱི་གྲཝ་གཉིས་འདུག་པ་ཡི།། བུམ་པ་ལ་ནི་ཚུལ་བཞིན་བཟླས།། དཀྱིལ་འཁོར་གྱི་ནི་ལྷ་རྣམས་ཀུན། ། བཟླས་ཤིང་ཚུལ་བཞིན་སྦྱིན་སྲེག་ནས།། ཅི་ནུས་པར་ནི་ལེགས་མཆོད་དེ།། དེ་ནས་རབ་ཏུ་བསྐོར་བར་བྱ།། དབང་བསྐུར་ཆེད་དུ་ཆོ་ག་གང་།། དཀྱིལ་འཁོར་དག་ཏུ་ཀུན་བཤད་པ།། བཀྲ་ཤིས་ལ་སོགས་དེ་དག་ནི།། འདིར་ཡང་ནན་ཏན་བསྐྱེད་དེ་བྱ།། བུམ་པ་བབང་པོ་རིན་ཆེན་བཅས།། འབྲུ་དང་བཅས་ཤིང་སྨན་དང་བ་ནས།། མེ་ཏོག་འབྲས་བུ་ལོ་མར་བཅས།། ཆུར་བཅས་མགུལ་ཆིངས་འཕྲེང་བ་ཅན། ། དེ་ཡི་ལས་རྣམས་ཐམས་ཅད་ལ།། དང་པོར་དབང་ནི་བསྐུར་བར་གསུངས།། ཟློས་པ་པོ་ཡི་གྲོགས་པོ་ནི།། སྨྱུང་བར་གནས་པས་དབང་བསྐུར་རོ།། ཡང་ན་རང་གིས་བླ་མ་ནི།། ། ལུང་ལ་ལྷག་པར་མཁས་པས་བྱ།། ཡོན་ཏན་ལྡན་ཞིང་དཀའ་ཐུབ་ཅན།། མཁས་པས་ལས་འདི་བྱེད་དུ་གཞུག། དང་པོ་བགེགས་རྣམས་བསལ་བའི་ཕྱིར།། དབང་བསྐུར་བ་ནི་རབ་ཏུ་སྦྱར།། བར་དུ་བར་མ་དག་གིས་ནི། ། མཇུག་ཏུ་རང་གིས་བཟླས་པར་བྱ།། ཡུངས་ཀར་བཟླས་བརྗོད་བྱས་པ་དང་།། གིའུ་ཝང་དྲི་དང་བདུག་སྤོས་སོགས།། སྲད་བུ་གདུ་བུ་གོས་རྣམས་ཀྱང་།། འདིར་ནི་ཀུན་ཏུ་བཅང་བར་བྱ།། དབང་བསྐུར་ཟིན་ནས་བདག་ཉིད་ཀྱིས།། ཞི་བའི་སྦྱིན་སྲེག་ལས་བྱས་ནས།། དོགས་པ་མེད་པར་ཆོ་ག་བཞིན།། སླར་ཡང་གཤེགས་སུ་གསོལ་བར་བྱ།། ཡང་ན་ས་ཕྱོགས་མཉམ་བཟང་བར།། སྟེགས་བུ་ཁྲུ་དོ་གྲཝ་བཞི་ལ། ། མཚོན་སྣ་གཅིག་གིས་རྒྱས་པ་དང་།། ཆུ་དུང་ལེགས་པར་བྲི་བར་བྱ།། ཕྱག་རྒྱ་གསུམ་པོ་ཕྱོགས་བཞིན་དུ།། དེ་བཞིན་ནུབ་ཏུ་མདུང་རྩེ་གསུམ།། དེ་ཡི་དབུས་ཀྱི་བུམ་པ་ཡིས།། དབང་བསྐུར་ཕྱིར་ནི་སྔོན་བཞིན་བྱ། ། མདོར་བསྡུས་ཆོ་ག་འདི་ཡིས་ཀྱང་།། བདག་ཉིད་དབང་བསྐུར་བྱས་པར་འགྱུར།། དེ་ལྟར་བྱས་ན་བགེགས་མེད་པ།། འདི་ནི་ཟློས་པའི་གསང་ཆེན་ཡིན།། ལྷ་རྣམས་བྱིན་གྱིས་རློབ་པ་དང་། ། བགེགས་རྣམས་རབ་ཏུ་ཞི་བར་འགྱུར།། ཚེ་དང་བསོད་ནམས་མངོན་པར་འཕེལ།། སྡིག་པ་རྣམ་པར་བྱང་བར་འགྱུར།། དེ་ཕྱིར་ཟློས་པ་ཚུལ་ཤེས་པ།། ཆོ་ག་རྒྱས་པ་ཤེས་བྱས་ནས།། བསྒྲུབ་བའི་ཕྱིར་ན་དབང་བསྐུར་བ། ། གསང་བ་འདི་ནི་ཀུན་ཏུ་སྤྱད།། དབང་བསྐུར་བའི་ཆོ་ག་རིམ་པར་ཕྱེ་བའོ།། །། དེ་ནས་གཞན་ཡང་སྔགས་སྒྲུབ་པས།། ཉིན་རེ་ཞིང་ཡང་དུས་གསུམ་དུ།། སྔགས་དང་རྗེས་སུ་མཐུན་པ་ཡི།། སྦྱིན་སྲེག་ལས་ནི་གསུངས་པ་བརྩམ།། ཆོག་བཞིན་དུ་ཏིལ་ནག་དང་།། ཞོ་དང་སྦྲང་རྩི་མར་སྦྱར་རམ།། ལག་པན་གྱི་ནི་སྐྱོན་སྲེག་བྱ།། འག་གྲངས་ཉི་ཤུ་རྩ་གཅིག་གམ།། ཞག་བདུན་ཡང་ན་ཟླ་གཅིག་ཏུ།། གསང་སྔགས་དངོས་གྲུབ་རྗེས་མཐུན་པར།། ཆོ་ག་འདི་ནི་བྱ་བར་བསྟན།། དེ་ལ་བདུག་ཅིང་བསང་གཏོར་བྱ།། ཡིད་ལ་བཟླས་ཤིང་བལྟ་བར་བྱ།། བས་བྱེད་བཅས་པའི་ལག་པ་ཡིས། ། གསང་སྔགས་བཟླས་ཤིང་བྲི་བར་བྱ།། གིའུ་ཝང་ཆུ་དང་ཡུངས་ཀར་གྱིས།། བྱེ་བྲག་ཏུ་ཡང་བསང་གཏོར་བྱ།། རྫས་ལ་དུས་ཚིགས་དུས་ཚིགས་སུ།། ཇི་ལྟར་རིགས་པར་མཆོད་པར་བྱ། ། ཡར་གྱི་ངོ་ལ་བསྒྲུབ་འོས་པ།། མཁས་པས་ཟླ་བ་ཉལ་བྱ།། མར་གྱི་ངོ་ལ་བསྒྲུབ་འོས་པ།། མར་གྱི་ངོ་ཡི་བཅུ་བཞི་ལ།། མཁས་པས་རིགས་ཀྱི་རིག་སྔགས་ཀྱིས།། རྫས་རྣམས་བྱིན་ནི་བསྐྱེད་པར་བྱ། ། དྲི་དང་བདུག་སྤོས་འཕྲེང་སོགས་ཀྱིས།། ཁྱད་པར་དུ་ནི་མཆོད་པ་བྱ།། ལག་ངར་གདུ་བུ་བཏགས་པ་ཡི།། ལག་མཐིལ་དྲི་ཡིས་བསྐུས་པ་ཡིས།། ལག་པས་མཚན་གཅིག། ཐལ་བྱུང་དུ།། ཉི་མ་ཤར་གྱི་བར་དུ་བཟླས།། དེ་ཉིད་ཀྱི་ནི་ནུབ་མོ་ཡང་།། སོ་སོའི་རིགས་ཀྱི་གསང་སྔགས་ནི།། རྫས་རྣམས་བྱིན་སྐྱེད་བྱེད་པ་འདིས།། དུས་གསུམ་དུ་ནི་བརྒྱ་བརྒྱ་བཟླས།། དེ་ལྟར་བློ་དང་ལྡན་པ་ཡིས། ། རྫས་དེ་ཡོངས་སུ་གཟུང་བ་ནས།། མ་གྲུབ་བར་དུ་དུས་གསུམ་བཟླས།། དེ་ལྟར་བྱས་ན་འགྲུབ་པར་འགྱུར།། ཨོཾ་ཏེ་ཛ་ཏེ་ཛེ་ས་ནི་སིདྡྷི་ས་དྷ་ཡ་ཧཱུཾ་ཕཊ། དེ་བཞིན་གཤེགས་པའི་རིགས་ལའོ།། ཨོཾ་དྷི་དྱ་དྲི་བྱ་དཱི་པ་ཡ་ཨ་བི་འམ་ཧཱ་ཤྲི་ཡེ་སྭཱ་ཧཱ། པདྨའི་རིགས་ལའོ།། ཨོཾ་དྷ་ལཛྭ་ལ། ཛྭ་ལ་ཡ་བན་ནུ་རི་ཙྱཻ་ཕཊ། རྡོརྗེ་རིགས་པའོ།། ཀ་ར་ལཱི་དམར་པོ་འམ།། མེ་ཏོག་མ་ལ་ཏི་ཡང་རུང་།། ཡང་ན་ཡུངས་ཀར་དག་གིས་བྱ། ། རྫས་ལ་ལེགས་པར་འཕང་བར་བྱ།། ཐོག་མ་བར་མ་ཐ་མར་རམ།། མཚན་མ་བྱུང་བའི་ཚེ་ན་ཡང་།། སྒྲུབ་པ་རྩོམ་པའི་བར་བར་དུ།། འཕགས་ན་རྫས་ཀྱི་བྱིན་སྐྱེད་འགྱུར།། དུས་དེ་རྣམས་སུ་ཆོ་ག་བཞིན།། སྤོས་ཆུ་བཟླས་བརྗོད་བྱས་པ་འམ།། མར་ལ་སོགས་པས་ཅི་རིགས་སུ།། བསང་གཏོར་བྱས་པས་བྱིན་བསྐྱེད་དོ།། གལ་ཏེ་རྫས་རྣམས་མ་གྲུབ་ན།། ཆོ་ག་དེ་ཉིད་བྱ་བར་བཤད།། ཡང་ན་དཀྱིལ་འཁོར་འདི་བྲིས་ནས།། ཆོ་ག་ཤེས་པས་བྱིན་བསྐྱེད་དོ།། ཚོན་རྩི་སྣ་ལྔའི་ཕྱེ་མ་ཡིས།། དཀྱིལ་འཁོར་སྔ་མ་བཞིན་དུ་བྲི།། གྲུ་བཞི་པ་ལ་སྒོ་གཅིག་པ།། ཁྲུ་བཞི་པ་ཡི་ཚད་དུ་བྱ།། དང་པོར་ཤར་དུ་འཁོར་ལོ་དང་། ། ངོས་སུ་ཆོས་གོས་ལྷུང་བཟེད་གཞག། དེ་ནས་བྱང་དུ་པདྨ་དང་།། རིལ་བ་སྤྱི་བླུགས་དབྱུག་པ་གཞག། དེ་བཞིན་ལྷོར་ནི་འཁོར་ལོ་དང་།། ངོས་སུ་དབྱུག་ཏོ་བུམ་པ་གཞག། ཕྱག་རྒྱ་ཐམས་ཅད་སྟེགས་བུ་ལ། ། གཞག་ཅིང་ཁ་དོག་དཀར་པོར་བྱ།། རང་གི་ཕྱག་རྒྱ་བཀོད་ནས་སུ།། རྫས་ནི་སྣོད་དང་བཅས་པ་གཞག། དེ་སྟེང་བཞག་པའི་རྫས་ལ་ནི།། སྔགས་ཀྱིས་སྔོན་བཞིན་བྱིན་བསྐྱེད་དོ།། དེ་བཞིན་གཤེགས་པའི་མདུང་ཐུང་དང་། ། རིག་སྔགས་གྲུབ་པའི་སྤྱན་དང་ནི།། གསང་སྔགས་དབང་ཕྱུག་གཟི་བརྗིད་གཏེར།། དེ་བཞིན་གཞན་གྱིས་མི་ཐུབ་པ།། ཕྱག་དྲུག་པ་དང་རྟ་མགྲིན་དང་།། སྒྲོལ་མ་ལྷ་མོ་ཟླ་བ་དང་། རྡོརྗེ་ལྕགས་ཀྱུས་ཁུ་ཚུར་དང་།། ངོས་སུ་ཀི་ལི་གནོད་མཛེས་དང་།། རིག་སྔགས་ཆེན་མོ་མཱ་མ་ཀཱི།། གོས་དཀར་ཅན་མ་གང་ཡིན་དང་།། རིག་སྔགས་གཞན་གྱིས་མི་ཐུབ་མ།། དེ་དག་ནུབ་ཀྱི་ཕྱོགས་སུ་དགོད།། བགེགས་རྣམས་ཐམས་ཅད་སེལ་བྱེད་པ།། བདུད་རྩི་ཐབ་སྦྱོར་བཞག་པར་བྱ།། སྒོ་ཡི་ལོགས་སུ་རང་གི་རྒྱུ།། སྔ་མ་བཞིན་དུ་ཆོ་གས་མཆོད།། ཕྱོགས་ཆའི་དབྱེ་བ་ཤེས་པ་ཡིས།། རྒ་རིམས་བཞིན་དུ་གླུ་ཀུན་ཏུ། ། ལས་ཀུན་བྱེད་པའི་གསང་སྔགས་དང་།། ལུས་ངན་པོ་ཡང་རིམ་བཞིན་དུ།། རྫས་ཀྱི་ཁྲི་ཡི་ཤར་ཕྱོགས་སུ།། བསྒྲུབ་པའི་བྱ་བའི་ལྷ་ཉིད་གཞག། རིགས་དང་རིགས་ཀྱི་ཕྱག་རྒྱ་ནི།། སྣ་ཚོགས་ཅི་འདོད་པ་ཡང་གཞག། སོ་སོ་ཡི་ནི་གསང་སྔགས་ཀྱིས།། ཆོ་ག་བཞིན་དུ་སྤྱན་དྲངས་ནས།། མཆོད་པའི་ཆོ་ག་ཐམས་ཅད་ནི།། དཀྱིལ་འཁོར་སྔར་བསྟན་བཞིན་དུ་བྱ།། རིག་སྔགས་སོ་སོར་ཇི་ལྟ་བར་གསང་སྔགས་གསུངས་པའང་རིག་སྔགས་ཀྱིས། ། ཁྱད་པར་དུ་ནི་སྦྱིན་སྲེག་བྱ།། དེ་ནས་ཆོ་ག་འདི་དག་བྱ།། དང་པོ་སྦྱིན་སྲེག་ལས་དག་གིས།། རྫས་རྣམས་ལེགས་པར་བྱིན་ཡང་བསྐྱེད།། ཀུན་ལ་། རིགས་ཀྱིས་རིག་སྔགས་ཀྱིས།། བསྔགས་ཤིང་མཇུག་ཏུ་བསང་གཏོར་བྱ།། མཱ་མ་ཀཱི་ཡི་སྙིང་པོ་དང་།། རིགས་དབང་ཡི་གེ་གཞི་བཅས་པ།། དེ་དག་གིས་ནི་བྱེ་བྲག་ཏུ།། བྱིན་བསྐྱེད་ཆོ་ག་བྱ་བར་བཤད།། ནམོ་ལོ་ཀ་དྷ་ཏྲི་ཡེ། ན་མ་ཤཾ་ཀ་རེ། ཤཱནྟི་ཀ་རེ། གྷུནྡུ་གྷུཊྚ། གྷུནྡི་ནི། གྷུནྡི་ཡེ། གྷུཊྚི་ནི་སྭཱ་ཧཱ། ཡཱ་མ་ཀིའི་རིག་སྔགས་སོ།། ཨོཾ་ཀུ་ལཛྲ་རི་བིནྡྷ་བནྡྷ་ཧཱུཾ་ཕཊ། མཱ་མ་ཀིའི་སྙིང་པོའོ།། ཨོཾ་བཛྲ་ཧཱུ~ཾ་དྷ། རིག་པའི་དབང་པོའིའོ། ། ཛྭ་ལ་ཛྭ་ལཱ་ཡ། རྒྱལ་བ་རྣམས་ཀྱིའོ།། སིདྡྷི་སི་དྷ་ཡ། བར་མ་རྣམས་ཀྱིའོ།། དཱི་བྱ་དཱི་བྱ། གསང་སྔགས་པར་མ་རྣམས་ཀྱི་ཡིན་ཏེ། རྫས་གཟེངས་བསྟོད་པའོ།། ཕཊ་ཅེས་བྱ་བ་ནི་ཐམས་ཅད་ལའོ།། གཟི་བརྗིད་ལྡན་པས་རྫས་ནང་དུ།། ཕྱི་བཤོལ་མ་མཛད་བཞུགས་ནས་སུ།། ཀུན་གྱི་གཟི་བརྗིད་སྤེལ་བ་དང་།། བྱིན་རླབས་ཅན་དུ་མཛད་དུ་གསོལ།། དེ་ལ་སོགས་པའི་ཚིགས་གི་རྣམས།། ཟློས་བུ་དང་ནི་མ་འདྲེས་དང་།། བསྣོར་བ་ཡིས་ཀྱང་ཅི་འདོད་པ།། མཁས་པས་རྫས་ཀྱི་བྱིན་བསྐྱེད་དོ།། ཀ་ར་ཝཱི་རའི་མེ་ཏོག་ནི།། དམར་པོ་དག་དང་ཡུངས་ཀར་དང་།། དེ་ནས་སྣ་མའི་མེ་ཏོག་གིས།། རིམ་པ་བཞིན་དུ་རྫས་བྱིན་བསྐྱེད། བོག་མར་དཱི་ཡིས་བྱུག་པར་བྱ།། དེ་ནས་མེ་ཏོག་ཡུངས་ཀར་གྱིས།། བདུག་སྤོས་ཀྱིས་ཀྱང་རྣམ་པར་བདུག། སྤོས་ཆུས་ཡིས་ཀྱང་གསང་གཏོར་བྱ།། དུས་གསུམ་དུ་ནི་སྤོས་ཀྱི་ཆུས།། རང་སྔགས་བདག་པོའི་གསང་སྔགས་ཀྱིས། ། བསང་གཏོར་བྱ་ཞིང་རང་སྔགས་ཀྱིས།། སྐབས་སྐབས་སུ་ནི་བཟླས་བརྗོད་བྱ།། ཉི་མ་ཤར་གྱི་བར་དུ་ནི།། རྐྱེན་བསྐྱེད་པ་ཡི་ཆོ་ག་བྱ།། ཆོ་ག་འདིས་ནི་རེག་སྔགས་རྣམས།། ཟློས་པ་པོ་ལ་མྱུར་དུ་འགྲུབ། ། དེ་ལྟར་བྱིན་ནི་བསྐྱེད་པའི་རྫས།། བརྟན་ཞིང་མྱུར་དུ་འགྲུབ་པར་འགྱུར།། སྒྲུབ་པའི་རྫས་ནི་ཉུང་ངུས་ཀྱང་།། དངོས་གྲུབ་ཆེན་པོ་སྟོར་བར་འགྱུར།། མངོན་པར་འཕེལ་ཞིང་གཟི་བྱིན་དང་།། རྣམ་པར་དག་པ་མངོན་དུ་འགྱུར། ། ཆོ་ག་འདི་ཡིས་རྫས་རྣམས་ལ།། རྟག་ཏུ་བྱིན་ཡང་བསྐྱེད་པར་བྱ།། བསྒྲུབ་པར་བྱ་བའི་ལས་རྣམས་ཀུན།། ཆོ་ག་གསང་བ་བསྟན་པ་འདིས།། རྫས་རྣམས་ཀུན་གྱི་བྱིན་ཡང་བསྐྱེད། ། རྟག་ཏུ་དུས་དང་དུས་འཚམས་ལ།། དེ་ལྟ་བུ་ནི་བྱིན་བསྐྱེད་དེ།། དེ་ནས་ཕྱིས་ནི་མཚན་གཅིག་ཏུ།། སྒྲུབ་པ་ལེགས་པར་བརྩམ་པར་བྱ།། རྫས་བྱིན་བསྐྱེད་པའི་ཆོ་ག་རིམ་པར་ཕྱེ་བའོ། ། །། དེ་ནས་གཞན་ཡང་ཅི་མཐོང་བའི།། དུས་བཟང་ཡོན་ཏན་ལྡན་པ་ལ།། བསྒྲུབ་པའི་ཕྱིར་ནི་མཁས་པ་ཡིས།། ཆོ་ག་བཞིན་དུ་བརྩམ་པར་བྱ། ། དགུན་ཟླ་ཟ་ཆུང་སྟོན་ཟླ་འབྲིང་།། དཔྱིང་ཟླ་དང་བྲིང་པོ་དང་།། དབྱར་བླ་ར་བ་ཉ་དག་ལ།། སྒྲུབ་པ་ཆེན་པོ་བརྩམ་པར་བྱ།། དབྱར་ཟླར་བརྟག་ཏུ་འབབ།། དཔྱིད་ཟླ་འབྲིང་པོ་དྲུང་གིས་འཁོར།། དཔྱིད་ཟླ་ར་བ་སྣ་ཚོགས་བགེགས།། དགུན་ཟླ་ར་བ་བགེགས་མེད་དོ།། སྟོན་ཟླ་འབྲིང་པོ་གློག་འགྱུ་ཞིང་།། སྒྲ་ཆེན་རྣམས་ཀྱང་འབྱུང་བར་འགྱུར།། བགེགས་ནི་འགྲུབ་པའི་མཚན་མ་པས།། དེ་ལྟར་དེ་དག་བརྟག་པར་བྱ། ། ཟླ་བ་ལྔ་པོ་དེ་དག་ལ།། དངོས་གྲུབ་རབ་ནི་འགྲུབ་པར་བྱ།། ཞི་བ་ཡི་ནི་ལས་རྣམས་ཀྱང་།། དེ་དག་ཉིད་ལ་ལེགས་པར་བརྩམ།། ལྔ་པོ་མར་གྱི་ཟླ་ཕྱེད་ཀྱི།། དུས་ཚིགས་རྣམས་སུ་གང་སྒྲགས་པ། ། དེ་ལ་འབྲིང་དང་ཐ་མ་ཡི།། དངོས་གྲུབ་སྒྲུབ་པར་རབ་ཏུ་ཤིས།། ཟླ་བ་གཟས་ནི་ཟིན་པའི་ཚེ།། རྫས་ཀྱི་དམ་པ་བསྒྲུབ་པར་བྱ།། ཉི་མ་གཟས་ཟིན་ཚེན་ཡང་།། མཁས་པས་ལས་རྣམས་བསྒྲུབ་པར་བྱ། ། ཚེས་ལྔ་དང་ནི་ཚེས་བདུན་དང་།། ཚེས་གཅིག་དང་ནི་ཚེས་གསུམ་དང་།། ཚེས་གྲངས་བཅུ་གསུམ་དག་ལ་ཡང་།། ལས་རྣམས་ཐམས་ཅད་བྱ་བར་ཤིས།། ཆེས་གྲངས་སྐར་མ་དང་ལྡན་། ། མཆོག་ཏུ་འགྱུར་བར་ཤེས་པར་བྱ།། ཕལ་དག་ལ་ནི་བྱེ་བྲག་ཏུ།། སྐར་མ་རྒྱལ་ནི་ཀུན་ལ་ཤིས།། གཟའ་དང་ཡུད་ཙམ་བྱེད་པ་དང་།། དྲག་པོ་དྲག་པོའི་ལས་ལའོ།། རང་གི་ཚོགས་གསུངས་པ་འམ། ། ལྷ་རྣམས་ཀྱི་ནི་བསྐུལ་བའང་རུང་།། ཆོ་འཕྲུལ་གྱི་ནིཟླ་བྱེད་ལ།། ལས་རྣམས་ཐམས་ཅད་རབ་ཏུ་ཤིས།། བཀའ་ལུང་སྩལ་བའི་ཚེས་གྲངས་སམ།། ཆོས་གྲངས་བཅུ་གསུམ་པ་ཡང་རུང་།། ཞི་ཕལ་ཆེར་བ་སྟོན་ངོ་ལ། ། དེ་བཞིན་རྒྱས་པ་དགུན་དོ་ལ།། དཔྱིད་སྨད་དྲག་ཤུལ་ཆོ་ག་བཞིན།། སྒྲུབ་པ་དག་ནི་རབ་ཏུ་ཤིས།། དཔྱིད་སྟོང་ལས་རྣམས་ཐམས་ཅད་བྱ།། དབྱར་གྱི་ངོ་ལ་ལས་རྣམས་བྱ།། སྟོན་དང་དགུན་དང་དཔྱིད་སྨད་ནི། ། འབྲིང་དང་རབ་དང་ཐ་མའོ།། གསུམ་དུ་ཕྱེ་བ་དེ་ལ་ཡང་།། གསུམ་གསུམ་དག་ཏུ་དབྱེ་བར་བཤད།། དུས་གསུམ་དག་གིས་དངོས་གྲུབ་ཀྱང་།། ཕལ་ཆེར་རྣམ་པ་གསུམ་དུ་བཤད།། དང་པོ་སྲོང་ཀྱི་དུས་ལ་སྟེ། ། འབྲིང་པོ་རྣམ་ཀྱི་ཕྱེང་མའོ།། རབ་ཀྱི་དུས་ནི་ནང་པར་ཏེ།། དེར་ནི་དངོས་གྲུབ་རིམ་བཞིན་འགྱུར།། ནི་དང་དྲག་ཤུལ་རྒྱས་པ་ཡི།། དུས་ཀྱང་དེ་དག་ཡིན་པར་བསྔགས།། ཐ་མ་འབྲིང་དང་རབ་རྣམས་ཀྱི། ། ཆོ་གའི་རིམ་པ་དེ་དག་ཉིད།། རབ་དང་འབྲིང་དང་ཐ་མ་ཡི།། དངོས་གྲུབ་རྣམས་ཀྱི་མཚན་མ་ལ།། རིམ་པ་ཇི་ལྟར་མཐོང་བ་བཞིན།། བྱེ་བྲག་རྣམ་གསུམ་ཤེས་པར་བྱ།། ཉི་མ་ཟླ་བ་གཟས་ཟིན་ལ། ། དུས་ནི་གང་ཡང་ངེས་པ་མེད།། དྲག་ཤུལ་སྤྱོད་པ་ཁྱད་པར་དུ།། གཟས་ཟིན་ཚེ་ནི་བྱ་བར་བཟང་།། རབ་ལ་སོགས་པའི་བྱེ་བྲག་ལས།། ཞག་གསུམ་ཡང་ན་ཞག་གཉིས་སམ།། ཡང་ན་ཞག་གཅིག་ཏུ་ཡང་རུང་། ། སྦྱང་བར་བྱ་བ་རབ་ཏུ་བཤད།། སྒྲུབ་པའི་དུས་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་རྟོག་པ་ལས།། ཇི་སྐད་བསྟན་པའི་ཆོ་ག་བྱ།། ངལ་བར་ཐལ་བའི་སྐྱོན་ཡོད་པས། སྦྱང་བར་བྱ་བར་མི་ཤེས་སོ།། དེ་ཡི་བར་དུ་སྒྲུབ་པ་པོས།། བསྙེན་པ་དང་ནི་མཆོད་པ་དང་།། སྦྱིན་སྲེག་ཅོག་པསྟོང་པ་དང་།། དགེ་བདག་ལ་བཅོམ་པར་བྱ།། ལན་བརྒྱར་མངོན་པར་བསྔགས་པ་ཡི། ། བུ་མོས་བཀལ་བའི་སྐུད་པ་ནི།། མང་དུ་བསྒྲིལ་ཅིང་སྤོས་བསྐུས་པ།། མདུད་པ་བདུན་ནི་བོར་བ་ལ།། སྒྲུབ་པ་པོས་ནི་གསང་སྔགས་འདིས།། བརྒྱ་རྩ་བརྒྱད་དུ་བཟླས་བརྗོད་ནས།། སྲོད་ལ་རྐེད་པར་བཅིངས་ན་ནི། ། ཁུ་ཆུ་དགག་པར་བྱས་པར་འགྱུར།། ཨོཾ་ཡ་ཛེ་ཀུ་མཱ་རི་ཤུ་ཀྲ་བནྡྷ་ནི་སྭཱ་ཧཱ། ཨོཾ་རཀྵ་ཀུ་རུ་ཀུ་རུཾ་གི་ན་སྭཱ་ཧཱ། ཨོཾ་ཀུ་ལཾ་དྷ་རི་བནྡྷ་ཧཱུཾ་ཕཊ། བདེ་གཤེགས་སྔགས་པ་གཞོན་ནུ་མ།། པདྨ་འཛིན་ལཀྲ་རུང་གིས། ། རྡོ་རྗེའི་རིགས་ལ་མཱ་མ་ཀཱིས།། ཆོ་ག་གཞིན་དུ་ཁུ་ཆུ་དགག། ཚུར་སྤྱོན་ཚུར་སྤྱོན་བརྟུལ་ཞུགས་བཟང་།། བདག་གིས་ལུས་ལ་སྤྱིར་ཞུགས་ནས།། རྐང་གི་བར་དུའང་གནས་ནས་སུ།། འདིར་ནི་ཡུན་རིང་རྒྱུ་བར་མཛོད། ། རིག་སྔགས་བཤད་པ་འདི་གསུམ་ནི།། ཐམས་ཅད་ཀྱི་ནི་སྤྱིར་ཡིན་ནོ།། ཁ་ཅིག་ཏུ་ནི་རྟོག་པ་ལས།། གསུངས་པའི་སྔགས་ཀྱིས་ཆོ་ག་བྱ།། དཀྱིལ་འཁོར་དག་ནི་འདྲི་བ་དང་། བསྙེན་པ་དག་དང་དུས་རིགས་དང་།། བྱིན་བསྐྱེད་ལ་སོགས་ཆོ་ག་ཡང་།། ཉི་མ་རེ་རེ་བཅིང་བ་བྱ།། ཐོག་མར་ལན་བརྒྱ་བསྔགས་པ་ཡི།། མིག་སྨན་གྱིས་ནི་ཉིད་ཀྱང་བསལ།། སྒྲུབ་པའི་ཚེ་ཡང་མིག་སྨན་དེ། ། ལེགས་པར་བསྐུར་བར་བྱ་བར་བསྔགས།། མུག་སྤེལ་ག་བུར་སོ་ཏན་ཙ།། ཤིང་ཙ་ཏ་གར་བི་བི་ལིང་།། ཁར་ཏ་ཡི་ཁ་ཚར་སྦྱར།། གཉིད་དང་སྙོམས་དང་འཇིགས་པ་སོལ།། འཁོར་འཐུང་ཡང་དང་ཡང་བྱས་ཏེ། ། ཁ་གདོང་བཀྲུས་ནས་མིག་བཀྲུའོ།། མིག་སྨན་བསྐུས་པའི་མིག་དེས་ནི།། སྒྲུབ་པའི་ཚེ་ན་བགེགས་ཀྱང་མཐོང་།། ཨོཾ་ཛྭ་ལ་ལོ་ཙ་ན་སྭཱ་ཧཱ།། དེ་བཞིན་གཤེགས་པའི་རིགས་ལའོ།། ཨོཾ་བི་ལོ་ཀ་ནི་སྭཱ་ཧཱ།། པདྨའི་རིགས་ལའོ།། ཨོཾ་བན་དུ་ནི་རི་དྷི་པ་ཏེ་སྭཱ་ཧཱ།། རྡོ་རྗེའི་རིགས་ལའོ།། རིགས་གསུམ་གྱི་མིག་སྨན་བསྐུལ་བའི་རིག་སྔགས་སོ།། ངལ་དང་རྒྱབ་བསལ་བའི་ཕྱིར།། སྤོས་ཀྱི་ཆུ་ནི་ཁྱོར་གང་ཙམ། ། དྲི་ཞིམ་བདུན་བདུན་བཟླས་པ་དག། ཁྱོར་བ་ཉིད་ཀྱིས་བཏུང་བར་བྱ།། དེ་ནས་ཉེ་རེག་བྱས་ནས་ནི།། བློ་དང་ལྡན་པས་མཚན་མ་བརྟག། མཚན་མ་བཟང་པོ་མཐོང་ནས་ནི།། སྒྲུབ་པ་གུས་པར་བརྩམ་པར་བྱ། ། འཁོར་ལོ་དུང་དང་ལྕགས་ཀྱུ་ཉ།། གཡུང་དྲུང་པདྨ་རྒྱལ་མཚན་དང་། བཀྲ་ཤིས་བུམ་པ་གང་བ་དང་།། དཔལ་བེའུ་རྡོ་རྗེ་འཕྲེང་བ་དང་།། བུ་མོ་རྒྱན་གྱིས་བརྒྱན་པ་དང་།། སྦྲུམ་མའམ་ཡང་ན་བུ་ཐོགས་དང་། ། ན་ཆུང་དགའ་ཞིང་རྒྱགས་པ་དག། གང་ཞིག་དེ་ཡིས་འགྲུབ་པར་སྟོན།། བྲམ་ཟེ་གོས་དཀར་གྱོན་པ་དང་།། ཤིང་རྟ་གླང་པོ་རྟ་དག་དང་།། རྩཝ་དོག་འབྲས་བུ་སྣ་ཚོགས་དང་།། ངོ་མཚར་ཆེ་ཞིང་མཐོང་བདག། འབྲུག་གི་སྒྲ་ནི་གྲགས་པ་དང་།། རིག་བྱེད་དབྱངས་དང་རྒྱལ་བའི་སྒྲ།། དུང་དང་རྔ་དང་རྫ་རྔ་ཡི།། སྒྲ་རྣམས་འགྲུབ་ཕྱིར་རབ་ཏུ་ཤིས།། རྨ་བྱ་ཐུང་ཁྲུང་དང་མོ་དང་།། ནེ་ཅོ་ལྔ་སོགས་བྱ་རྣམས་ཀྱི།། སྒྲ་སྙན་རྣམས་ནི་ཀུན་ཐོས་ནས།། དངོས་གྲུབ་སྦྱིན་པའི་ལས་བརྩམ་མོ།། སྨོན་ལམ་བཀྲ་ཤིས་ཐམས་ཅད་དང་།། བསོད་ནམས་དགའ་དང་བདེ་ལེགས་ཚིག། ཡིད་དུ་འོང་བའི་ཚིག་གི་རྣམས།། ཐོས་ནས་འགྲུབ་པར་ཤེས་པར་བྱ། ། ཀློག་དང་སྤྲིན་དང་ཆར་འབབ་དང་།། སེར་བུ་མེ་ཏོག་ཆར་འབབ་དང་།། གཞའ་དང་དྲི་ནི་ཞིམ་པོ་སྟེ།། མཚན་མ་འདི་དག་ལྷ་ཡི་ཡིན།། བར་སྣང་ལས་བྱུང་མཚན་མ་ནི། ཐམས་ཅད་འབྲིང་པོར་ཤེས་པར་བྱ།། ས་ལས་བྱུང་བའི་མཚན་མ་དག། དེ་དག་ས་པའི་ཡིན་པར་བཤ་ད།། ལྷ་དག་གིས་ནི་དངོས་གྲུབ་རབ།། བར་སྣང་དག་གིས་འབྲིང་པོར་འགྱུར།། ས་པ་དག་གིས་དངོས་གྲུབ་ཕལ། ། གསུམ་ལའང་གསུམ་གསུམ་དག་ཏུ་དབྱེ།། དེ་དག་ལ་སོགས་མཚན་མ་རྣམས།། དངོས་གྲུབ་ཕྱིར་ནི་རབ་ཏུ་བསྒྲགས།། མདོར་ན་གསང་སྔགས་ཐམས་ཅད་ལ།། དེ་ལས་བཟློག་པ་མི་འགྲུབ་པོ། ། དང་པོར་མཚན་མ་བཟུང་ནས་ནི།། སེམས་ཀྱང་རབ་ཏུ་དགའ་བྱས་ཏེ།། ཡོངས་སུ་མགུ་བའི་བསམ་པ་ཡིས།། དེ་ནས་སྒྲུབ་པ་བརྩམ་པར་བྱ།། སྒྲུབ་པའི་མཚན་མ་རིམ་པར་ཕྱེ་བའོ།། ། ། དཀྱིལ་འཁོར་གྱི་ནི་རྒྱུད་ཀུན་དང་།། ཡང་ན་སྒྲུབ་པ་དག་ལའང་རུང་།། ཚེས་གྲངས་ཡུད་ཙམ་བྱེད་པ་དང་།། མཚན་མའང་རྒྱས་པར་ཤེས་བྱས་ནས།། མི་བཟང་བ་ལ་མར་དག་གིས།། རིགས་ཀྱི་རིག་པས་སྦྱིན་སྲེག་བྱ། ། དེ་ནས་ལས་རྣམས་བརྩ་མ་བྱས་ནས།། འོན་ཏང་དངོས་གྲུབ་ཐོབ་པར་འགྱུར།། གནས་གང་དག་ཏུ་རིམ་པ་བཞིན།། དཀྱིལ་འཁོར་དག་ནི་མངོན་བྲི་ཞིང་།། དེ་ཉིད་དུ་ནི་སྒྲུབ་པ་ཡི། ། དེ་ཡི་རིམ་པ་བཤད་པ་ཡིན།། རི་ལ་སོགས་པའི་གནས་རྣམས་སུ།། དངོས་གྲུབ་ཆེན་པོ་ཐོབ་པར་བསྒྲགས།། མཚོ་ལ་སོགས་པར་འབྲིང་རྣམས་འཐོབ།། གཞན་དག་ཏུ་ནི་ཕལ་རྣམས་སོ།། སྔགས་དང་རྗེས་སུ་མཐུན་གནས་སུ།། བཟླས་བརྗོད་བྱེད་པའི་ལས་རྣམས་བརྩམ།། གཞན་དུ་བསྒྲུབ་པར་བྱས་ན་ནི།། དངོས་གྲུབ་མྱུར་དུ་མི་འཐོབ་པོ།། རིང་བསྲེལ་ཅན་གྱི་མཆོད་རྟེན་ཀུན།། བདེ་བར་གཤེགས་པའི་གསང་སྔགས་འགྲུབ། ། མཆོད་རྟེན་ཆེན་པོ་ཉམས་དགའ་བ།། བྱང་ཆུབ་ཆེན་པོ་གྲུབ་གནས་དང་།། དེ་བཞིན་བལྟམ་ལ་སོགས་པ་བརྐྱང་།། དེ་ན་བགེགས་ནི་ཡོད་མ་ཡིན།། ལས་ཀྱི་ཆོ་ག་ཐམས་ཅད་དང་། ། མཐུན་པ་དག་ཀྱང་དེ་ན་ཡོད།། དེར་ནི་བདུད་ཀྱིས་བགེགས་བྱ་བར།། ནམ་ཡང་ནུས་པ་མ་ཡིན་ནོ།། དེ་བས་གསང་སྔགས་ཐམས་ཅད་ཀྱང་།། དེར་ནི་ངེས་པར་འགྲུབ་པར་གསུངས།། འདིར་ནི་དྲག་ཤུལ་སྤྱོད་པའི་ལས། ། དུར་ཁྲོད་དག་ཏུ་བྱ་བར་ཤེས།། ཡང་ན་ཤིང་གཅིག་པ་དག་གམ།། ཁང་སྟོང་མཚན་མ་གཅིག་པའང་རུང་།། འབབ་ཅུའི་འགྲམ་ནི་ཐམས་ཅད་དུ།། རིག་སྔགས་བསྒྲུབས་ན་འགྲུབ་པར་གསུངས། ། སྐྱེད་མོས་ཚལ་དུ་གནོད་སྦྱིན་མོ།། ཀླུ་ཡི་བདག་པོ་མཚོ་རྣམས་སུ།། ཁང་སྟོང་དུ་ནི་ལོངས་སྤྱོད་ཕྱིར།། མངག་གཞུག་གྲོང་སྲང་ལ་སོགས་པར།། ཕྲག་གི་གསང་སྔགས་ཕུག་རྣམས་སུ། ། བསྒྲུབས་ན་མྱུར་དུ་འགྲུབ་པར་འགྱུར།། སྔགས་རྣམས་མྱུར་དུ་འགྲུབ་པའི་ཕྱིར།། ཆོ་ག་གསང་བ་འདི་གསུངས་སོ།། མན་ངག་བསྟན་པ་འདི་ཉིད་ཀྱིས།། གནས་རྣམས་གཏན་ལ་དབབ་པར་བྱ། ། གང་ཡང་རུང་བའི་གནས་གཅིག་ཏུ།། དཀྱིལ་འཁོར་ཆོ་ག་གསུངས་པ་འམ།། བཟླས་བརྗོད་ས་ཡི་ཆོ་ག་ཡི།། དང་པོར་ས་ནི་སྦྱང་བར་བྱ།། ལྷ་ཡི་གནས་ནི་རྣམ་དག་པར།། བྱིན་གྱིས་རློབ་ཅིང་བཞུགས་འགྱུར་བས།། སྒྲུབ་པ་ལ་ནི་བྱེ་བྲག་ཏུ།། ཆོ་ག་གཞན་ཡང་འདི་དག་བཤད།། ཙན་དན་དམར་པོས་བསྐུས་པ་ཡི།། སེང་ལྡེང་པུར་བུ་མཛུབ་གང་བ།། རྣོན་པོར་བྱས་པས་བཞི་དག་ལ།། སྐུད་པ་དམར་པོ་དག་གིས་དཀྲིས།། རྡོ་རྗེ་ཕུར་བུས་ལན་གྲངས་བརྒྱར།། མངོན་པར་བཟླས་བརྗོད་བྱས་པ་དག། གནས་སམ་ཁྱིམ་དག་ཏུ་ཡང་རུང་།། ཁུ་ཚུར་གྱིས་ནི་ཕྱོགས་བཞིར་གདབ། ། དང་པོར་ལས་ཀུན་བྱེད་སྔགས་སམ།། ཡང་ན་བགེགས་ཀྱི་དགྲས་ཀྱང་རུང་།། ཡུངས་ཀར་དག་ལ་སོགས་པ་ཡིས།། ལེགས་པར་ཀུན་ཏུ་བསལ་བར་བྱ།། བ་དན་དཀར་པོ་གཅིག་ལ་ནི། ། རིག་སྔགས་རྒྱལ་པོས་མངོན་སྔགས་ཏེ།། སྨྱུག་མ་རིང་པོའི་ཡུ་བ་ལ།། བཏགས་ཏེ་དང་པོ་ཤར་དུ་གཟུགས།། རྡོ་རྗེ་ར་བས་སྔགས་པ་ཡི།། ལྕགས་ཀྱུའི་ཕྱེ་མས་རབ་བཤད་བྱ།། རྡོ་རྗེ་རབའི་གསང་སྔགས་ཀྱིས། ། ལན་བརྒྱར་བསྔགས་པའི་ཕྱེ་མ་ཡིས།། ཁོར་ཡུག་ཏུ་ནི་རྡོ་རྗེ་འཕྲེང་།། བྲིས་ན་རྡོ་རྗེ་དྲ་བར་འགྱུར།། དཀྱིལ་འཁོར་ནང་གི་དང་པོ་ཡི།། སྒོ་ཁར་བདུད་རྩི་ཐབ་སྦྱོར་གྱིས།། རྡོ་རྗེའི་ཕྱག་རྒྱས་བསྲུང་བ་འམ། ། ཡང་ན་གཞན་གྱིས་མི་ཐུབ་པས།། དཀྱིལ་འཁོར་གཉིས་པ་བསྲུང་བ་ནི།། འཕྲོག་མ་སོགས་པས་བྱ་བར་འདོད།། རིགས་གསུམ་དག་གི་སྤྱི་ལ་ཡང་།། ཆོ་ག་འདི་ནི་རབ་ཏུ་བསྒྲགས། ། ཆོ་ག་གསུམ་པོ་འདི་དག་ནི།། ཐུབ་དཀའ་བར་ཡང་ཡོངས་སུ་བསྒྲགས།། རེ་རེའམ་ཡང་ན་ཀུན་གྱིས་ཀྱང་།། སྒྲུབ་པའི་ཚེན་བགེགས་ཀུན་སེལ།། རྫས་སྒྲུབ་པ་ན་བསྲུང་བའི་ཕྱིར། ཆོ་ག་གསང་བ་འདི་གསུངས་ཏེ།། མདོར་བསྡུས་པ་ལ་དོན་ཡང་ཆེ།། རིམ་པ་བཞིན་དུ་རབ་ཏུ་བཅས།། མཁས་པས་རིན་ཆེན་ལ་སོགས་པས།། ས་གཞི་སྙིང་པོ་ཅན་དུ་བྱ།། ཐབ་ཁུང་ལ་ཡང་ཅི་རིགས་པར། ། རྫས་བཞག་པ་ཡི་འོག་ཏུའང་རུང་།། དྲི་གཙང་ཁང་ངམ་ཁང་བཟངས་སུ།། བསང་གཏོར་བྱས་པ་བདག་གསུངས་པས།། དེར་ནི་ས་བརྐོ་མི་དགོས་ཀྱི།། ཆོ་ག་དེ་ལྟར་ཕྱི་རོལ་དུའོ།། བདག་ཉིད་ཀྱིས་ནི་ཆོ་ག་བཞིན། ། བརྟགས་ཤིང་བྱས་པའི་ཁང་པ་ནི།། བྱེ་བྲག་ཏུ་ནི་ལས་བརྩམས་ན།། དེར་ནི་མྱུར་དུ་འགྲུབ་པར་འགྱུར།། ཁུང་དག་ཏུ་ནི་སྒྲུབ་པ་མིན།། ས་ཕྱོགས་དོག་པར་མི་བྱའོ།། འང་རུལ་དུ་ཡང་བློ་ཅན་གྱིས། ། སྒྲུབ་པ་བརྩམ་པར་མི་བྱའོ།། དེ་ནས་དང་བའི་ཡིད་ཀྱིས་སུ།། སྲོད་ལ་གསང་སྔགས་ལྷ་ཡི་རྣམས།། མཐོང་བ་བཞིན་དུ་གུས་བྱས་ཏེ།། སྟ་གོན་གནས་པ་ལེགས་པར་བྱ།། རིགས་གསུམ་གྱི་ནི་རིག་སྔགས་ལྷ། ། བདག་པོར་བཅས་པ་གང་བཞུག་དང་།། སྔགས་རྒྱུད་འདི་ལ་ལྷ་རྣམས་ནི།། གང་དག་ཡོངས་སུ་བསྒྲགས་པ་དང་།། གསང་སྔགས་ལྷ་ནི་གང་དག་གཅིག། བདག་ཉིད་ཉོན་མོངས་ཆེན་པོ་ཡི། ། ཆོ་ག་འདི་བཞིན་བསྙེན་པ་དང་།། བཟླས་བརྗོད་སྦྱིན་སྲེག་གིས་མཉེས་པ།། ཞག་བདུན་དུ་ནི་སྒྲུབ་པའི་ཚེ།། བྱིན་གྱིས་རློབ་ཅིང་གཤེགས་སུ་གསོལ།། འདི་ན་ལྷ་དང་འབྱུང་པོ་དང་།། འཁོར་རྣམས་དང་ནི་བཅས་པ་དག། ཅི་ནུས་པར་ནི་མཆོད་བྱས་པས།། མཆོད་པ་ལ་ནི་ཕན་འདོགས་རྣམས།། ཡོངས་སུ་མཉེས་ཤིང་ཀུན་འདུས་ནས།། བདག་ལ་དངོས་གྲུབ་མྱུར་གནས་མཛོད།། དེ་ལྟར་གུས་པར་ཉིན་རེ་ཞིང་། ། ཚིག་གིས་ཀྱང་ནི་ཕྱོགས་བཞིར་བརྗོད།། ཉིན་རེའམ་ཞག་རེ་བྲིས་བྱས་པས།། གསང་སྔགས་སྟ་གོན་གནས་པ་བྱ།། མཆོད་ཡོན་དག་དང་མེ་ཏོག་དང་།། བདུག་པ་དྲི་ཞིམ་དག་ཀྱང་དབུལ། ། སྒྲུབ་པ་པོས་ནི་ཆོ་ག་འདིས།། སྲོད་ཀྱི་དུས་སུ་བྱ་བར་བཤད།། སྒྲུབ་པ་པོ་ཡིས་ཆོ་ག་འདིས།། རྫས་ཀྱང་སྟ་གོན་གནས་པར་བྱ།། ལག་པས་ལེགས་པར་བྲིམ་པ་དང་།། བདུག་པ་དག་གིས་ལེགས་པར་བདུག། ཡང་ན་གཟའ་སྐར་བྱེད་པ་དག། བཟང་པོ་ཁ་ནི་སྤྱང་བྱས་ཏེ།། དཀྱིལ་འཁོར་བྲིས་ནས་རྫས་ཀྱི་རྣམས།། སྟ་གོན་གནས་པའི་ཆོ་ག་བྱ།། ས་ནི་སྒྲུབ་པར་བྱེད་པ་འམ།། གསང་སྔགས་སྒྲུབ་པྲ་ཞག་གསུམ་ན།། ཡོ་ལང་ཆུང་ངུ་དག་གིས་བྱ།། བཟླས་བརྗོད་བྱེད་པས་དཀྱིལ་འཁོར་བྲི།། ཕྱེ་མ་སྣ་ཚོགས་ཉིད་ཀྱིས་ཀྱང་།། དཀྱིལ་འཁོར་སྣ་ཚོགས་ཟླུམ་པོ་ལ།། ཕྱི་རོལ་རིམ་པ་གཉིས་པས་བསྐོར། ། སྒོ་གཅིག་བཏོང་ལ་བྲི་བར་བྱ།། དེ་ཡི་དབུས་སུ་ཁྲུ་དོ་པའི།། པདྨ་འདབ་མ་བརྒྱད་པ་བྲི།། དཀྱིལ་འཁོར་ལྷག་མཚད་དག་ནི།། ཇི་ལྟར་དགའ་བ་ཉིད་དུ་བྱ།། དེར་ནི་བདག་པོ་གསུམ་དག་དང་།། ནུབ་ཏུ་བདུད་རྩི་ཐབ་སྦྱོར་གཞག། དཀྱིལ་འཁོར་གཉིས་པའི་ནུབ་ཕྱོགས་སུ།། དབང་ཕྱུག་ཆེན་པོ་ཆུང་མར་བཅས།། གཅིག་ཏུ་གཟི་བརྗིད་ཕུང་པོ་སྟེ།། གཅིག་ཏུ་ཡང་ནི་སྒྲུབ་པའི་སྤྱན།། གཅིག་ཏུ་དཔའ་མོ་ཆེན་མོ་སྟེ། ཕྱག་དྲུག་མ་ཡང་གཅིག་ཏུ་བྲི།། གཅིག་ཏུ་རིག་སྔགས་མཱ་མ་ཀཱི།། རིག་སྔགས་རྒྱལ་སྙིང་གཅིག་ཏུ་བྲི།། ཁྲོ་བོ་ཀི་ལི་གཅིག་ཏུ་སྟེ།། གཅིག་ཏུ་རྡོ་རྗེ་ལྕགས་ཀྱུ་མ།། དེ་ལྟར་བསྟན་པ་དེ་དག་ཀུན།། སྙིང་བོའི་དཀྱིལ་འཁོར་དག་ཏུ་དགོད། ། ལས་ཀུན་བྱེད་པའི་གསང་སྔགས་རྣམས།། ཕྱི་རོལ་ཕྱོགས་སུ་རིམ་པ་བཞིན།། དེ་ལྟར་བསྐོར་ནས་ཕྱི་རོལ་སྒོར།། གཞན་གྱིས་མི་ཐུབ་པ་ཡང་བྲི།། དེ་ནས་ཕྱོགས་མཚམས་སྐྱོསྤྱོང་བ་དང་། ། འདོད་པའི་ལྷ་རྣམས་བྲི་བར་བྱ།། དེ་ནས་སོ་སོའི་གསང་སྔགས་ཀྱིས།། རིམ་པ་བཞིན་དུ་སྤྱན་ཡང་དྲང་།། བདག་པོ་རྣམས་ནི་སྙིང་པོ་ཡིས།། དེ་ཡི་འོག་ཏུ་མཆོད་པར་བྱ།། པདྨའི་དབུས་སུ་རང་སྔགས་ཀྱིས། ། རྫས་ནི་ལེགས་པར་བཞག་སྟེ་མཆོད།། བུམ་པ་གང་བ་དེ་སྟེང་དུ།། ཆོ་ག་བཞིན་དུ་རྫས་བཞག་གོ།། ཡང་ན་ག་བ་ཚེའམ་ཁམ་ཕོར་དག། མེ་ཏོག་ལ་སོགས་བླུགས་པ་གཞག། དེ་ནས་ལག་པས་བྲིམ་བྱ་ཞིང་། ། རང་གི་རིག་སྔགས་ཡོངས་བཟླས་པའི།། མེ་ཏོག་བརྒྱ་འམ་སྟོང་དག་གི། དེ་ཡི་འོག་ཏུ་འཕང་བར་བྱ།། དེ་ནས་གུ་གུལ་བདུག་སྤོས་ནི།། མར་དང་སྦྱར་བས་བདུག་པར་བྱ།། སྤོས་རྒྱུས་བཟླས་བརྗོད་བྱས་པས་ཡིས། ། དེ་ནས་དལ་བུས་བས་ཏོར་བྱ།། དེ་ནས་རང་གི་གསང་སྔགས་དང་།། དཀྱིལ་འཁོར་དུ་བཤད་ཐམས་ཅད་ཀྱིས།། རེ་རེས་སོ་སོར་བཟླས་པ་དག། སྦྱིན་སྲེག་ཇི་སྐད་བཤད་པའང་བྱ། ། སྦྱིན་སྲེག་བྱ་བའི་མར་དག་གམ།། ཡང་ན་བ་ཡི་འོ་མས་བྱ།། མར་དང་སྦྲང་རྩི་ཏིལ་སྦྱར་དང་།། ལག་པརན་གྱིས་ནི་མཇུག་དུ་བྱ།། དེ་ནས་གསང་སྔགས་ཐམས་ཅད་ཀྱིས།། མཁས་པས་རྫས་ལ་བསང་གཏོར་བྱ། ། དཀྱིལ་འཁོར་ལེགས་པར་བྲི་བ་དང་།། རྗེས་སུ་མཐུན་པར་བྱིན་བསྐྱེད་དོ།། ཡིད་ལ་ཡོངས་སུ་ཟློས་བྱེད་ཅིང་།། ཆོ་ག་ཤེས་པས་ཟློས་བཞིན་དུ།། རྫས་ལ་མིག་གིས་བལྟ་བར་བྱ། དེ་བྱས་སྟ་གོན་གནས་བྱས་འགྱུར།། སྦྱིན་སྲེག་ཆོ་ག་གཏོར་མའི་རིམ།། མཆོད་སོགས་གང་ཡིན་དེ་དག་ཀུན།། བཟླས་བརྗོད་བྱེད་པས་རྒྱས་པར་འདིར།། རྒྱུད་ལས་བཤད་པ་བཞིན་དུ་བྱ། ། འདི་ནི་རྫས་ལ་སྟ་གོན་དུ།། གནས་པའི་ཆོ་ག་ཡིན་པར་སྒྲགས།། སྟ་གོན་གནས་པའི་རྫས་དེ་ནི།། མྱུར་དུ་འགྲུབ་པ་ཉིད་དུ་འགྱུར།། ཆོ་གའི་རིམ་པ་འདི་ཡིས་ནི།། ཡོངས་སུ་བཟུང་བ་དག་ཀྱང་བྱ།། རྫས་ཀྱི་བྱིན་ནི་བསྐྱེད་པ་དང་།། ཆོ་ག་འདི་དག་ཉིད་ཀྱིས་ཀྱང་།། དཀྱིལ་འཁོར་འདི་ཡི་དབུས་སུ་ནི།། རྫས་རྣམས་བསྒྲུབ་པ་དག་ཀྱང་བྱ།། དཀྱིལ་འཁོར་དམ་པ་འདི་ཉིད་དུ།། བགེགས་ཀྱང་མྱུར་དུ་ཞི་བར་འགྱུར།། རྫས་རྣམས་སྦྱང་བར་བྱ་བ་དང་། ། དབང་བསྐུར་བ་ཡི་ཆོ་ག་ཡིས།། སྒྲུབ་པ་པོ་རྣམས་དབང་བསྐུར་བའང་།། དཀྱིལ་འཁོར་འདི་ནི་རབ་ཏུ་བྱ།། ལས་ཀུན་བྱེད་པའི་དཀྱིལ་འཁོར་འདི།། གསང་ཆེན་གསང་བའི་བདག་པོས་གསུངས། ། དཀྱིལ་འཁོར་འདི་ནི་བྲི་བྱས་ན།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། རྫས་སྟ་གོན་དུ་གནས་པའི་ཆོ་ག་རིམ་པར་ཕྱེ་བའོ།། ། རྫས་ནི་ཡོངས་སུ་བཟུང་བྱས་ནས།། སྒྲུབ་པཔོས་ནི་དུས་གསུམ་དུ། ། ཁྲུས་དང་མཆོད་པ་སྦྱིན་སྲེག་དང་།། ལག་པ་ཡིས་ཀྱང་བྲིམ་པར་བྱ།། གོས་ནི་ལན་གསུམ་བརྗེ་བ་དང་།། དུས་འཚམས་དག་ལ་སྤྱང་བྱས་ཏེ།། མཆོད་དང་ལྷ་བཤོས་ཆོ་ག་དག་ཁྱད་པར་དུ་ནི་ལེགས་པར་བྱ། ། དུས་གསུམ་དག་ཏུ་སྡིག་པ་བཤགས།། བསོད་ནམས་རྗེས་སུ་ཡི་རང་དང་།། དུས་གསུམ་དུ་ཡང་སྨོན་ལམ་གདབ།། གླེགས་པ་མདུས་གསུམ་ལན་གསུམ་བགྲག། དཀྱིལ་འཁོར་ལན་གསུམ་དག་ཏུ་བྱ། ། ལན་གསུམ་དུ་ཡང་སྡོམ་པ་གཟུང་།། དུས་གསུམ་དུ་ཡང་བསྲུང་བ་བྱ།། དེ་ལྟར་བྱས་ན་ངེས་པར་འགྲུབ།། གང་ཚེ་བག་མེད་གྱུར་པ་ཡིས།། དུས་གསུམ་དག་གི་ལས་ཉམས་ན། ། དེ་ཚེ་རང་གི་རིག་སྔགས་ཏེ།། ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱ།། དེ་ལྟར་ཉིན་རེ་དུས་གསུམ་དུ།། མཁས་པ་དག་གིས་རྟག་ཏུ་བྱ།། དེ་ཉམས་ན་ནི་རླག་འགྱུར་ཞིང་།། དངོས་གྲུབ་དག་ཀྱང་ཉམས་པར་འགྱུར། ། ལས་ཀྱི་འགུགས་ལ་འབུམ་བཟླས་པའམ།། ཡང་ན་དཀྱིལ་འཁོར་འདི་བྲིས་པས།། གསང་བའི་ཆོ་ག་དེ་བྱས་ཏེ།། དེ་ནས་ལས་རྣམས་བརྩམ་པར་བྱ།། སྔོན་བཞིན་ལེགས་པར་ཐིག་བཏབ་ནས། ། གྲུ་བཞི་པ་ལ་སྒོ་བཞི་པ།། ཕྱི་རོལ་དཀྱིལ་འཁོར་གྱིས་བསྐོར་བ།། ཆོ་ག་བཞིན་དུ་ལེགས་པར་བྲི།། དབུས་སུ་འཁོར་ལོ་བྲིས་ནས་དེའི།། ཤར་དུ་འཁོར་ལོས་སྒྱུར་བ་དང་།། གཟི་བརྗིད་ཕུང་པོ་གཙུག་ཏོར་དཀར། ། རྒྱལ་དང་རྨང་དུ་བྱུང་བ་དགོད།། མཁས་པས་ངོས་གཉིས་དག་ཏུ་ཡང་།། བདེ་གཤེགས་མཛོད་སྤུ་མདུང་ཐུང་དང་།། སངས་རྒྱས་བྱམས་པ་སྤྱན་དུ་བཅས།། ཀུན་དགའ་བོ་དང་རབ་འབྱོར་དང་། ། དེ་བཞིན་ལྷུང་བཟེད་འཁར་གསིལ་དང་།། སྒོ་ཁར་ལས་ཀུན་བྱེད་པ་དགོད།། རིམ་བཞིན་སྒོར་ནི་འཕྲོག་མ་དང་།། གཞན་གྱིས་མི་ཐུབ་པ་ཡང་དགོད།། འཁོར་ལོའི་དབུས་སུ་རྫས་སམ་ནི། ཡང་ན་གསང་སྔགས་ལྷ་བཞག་སྟེ།། དེ་ནས་མཆོད་པའི་ཆོ་ག་བྱ།། སྦྱིན་སྲེག་ཐམས་ཅད་བྱ་བར་གསུངས།། དཀྱིལ་འཁོར་འདི་ནི་ཕྱག་རྒྱ་འམ།། གཏན་དུ་དགོད་པར་རབ་ཏུ་བསྒྲགས།། སོ་སོའི་ཚོ་གས་སྤྱན་དྲང་པའམ། ། སྤྱི་མི་ནིང་པོས་རྒྱ་ཡང་དེ་རིང་གི་རིག་སྔགས་ཀྱིས།། སྔ་མ་བཞིན་དུ་མེ་སྦར་ཏེ།། དེ་ནས་མར་དང་སྦྲང་རྩི་ལས།། སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ།། དེ་ནས་ཞོ་དང་འབྲས་ཆན་དང་། ཏིལ་གྱི་སྦྱིན་སྲེག་བརྒྱ་བརྒྱ་བྱ།། མཁས་པས་མཇུག་ཏུ་བརྒྱ་བཟླས་པས།། འདི་ནི་ཆོ་ག་གསང་ཆེན་ཡིན།། དྲི་ཞིམ་མེ་ཏོག་དྲི་སོགས་ཀྱིས།། འདིར་ནི་མཆོད་པ་བྱ་བར་གསུངས།། ཞོ་དང་བུ་རམ་ལེགས་སྦྱར་བའི། ། གཏོར་མ་རྒྱ་ཆེན་དབུལ་བར་བྱ།། ཆོ་ག་འདི་ཡིས་ལྷ་རྣམས་ནི།། མྱུར་དུ་ལེགས་པར་ཚིམ་པར་འགྱུར།། དགྱེས་ན་རིང་པོ་མི་ཐོགས་པར།། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། ཟླ་བ་རེ་རེའམ་ཟླ་ཕྱེད་དམ།། ཉི་མ་རེ་རེའམ་དུས་འཚམས་ལ།། དབུལ་པོས་ཀྱང་ནི་ཅི་ནུས་པས།། དཀྱིལ་འཁོར་འདི་ནི་བྲི་བར་བྱ།། ཆོ་ག་དེ་ལྟར་བྱ་བ་ཀུན།། དཀྱིལ་འཁོར་འདི་ལའང་ཤེས་པར་བྱ།། ཇི་ལྟར་དགའ་བའི་ཚད་ཙམ་དུ།། ཀུན་ཏུ་ཟླུམ་པོར་རབ་ཏུ་བྱ།། དེ་དབུས་པདྨ་བྲིས་ནས་སུ།། རིག་སྔགས་རྒྱལ་དང་རྟ་མགྲིན་དང་།། སྣ་ཚོགས་གཟུགས་དང་སྤྱན་གསུམ་པ།། ཕྱག་བ་ནི་ཕྱག་དྲུག་བཅུ་གཉིས་ཕྱག། དེ་བཞིན་འདོད་པ་འབྱོར་བྱེད་དང་། ། གྲགས་དང་ལྡན་པ་དཔལ་མོ་ཆོ།། སྒྲོལ་མ་ལྷ་མོ་ཟླ་བ་དགོད།། སྒོ་ཡི་ཕྱོགས་སུ་དཀར་མོ་དང་།། གོས་དཀར་ཅན་མ་གཞག་བྱ་ཞིང་།། སྒོ་ཁར་ལས་ཀུན་བྱེད་གཞག་པ།། འགྲུབ་ཕྱིར་པདྨ་འཆང་བ་ཡི། ། དཀྱིལ་འཁོར་ཆོ་ག་འདི་གསུངས་སོ།། ཇི་ལྟར་འདོད་པར་དཀྱིལ་འཁོར་ནི།། གྲུ་བཞི་པར་ཡང་ལེགས་བྲིས་ཏེ།། སྔོན་བཞིན་སྙིང་པོའི་དཀྱིལ་འཁོར་དུ།། རིག་སྔགས་རྒྱལ་པོ་གཞག་པར་བྱ།། རིས་པ་ཆེན་མོ་སྔ་མ་ཏྲི།། ཐོ་བ་འདུད་རྩི་ཟབ་སྦྱོར་དང་།། རིག་པ་ཆེན་མོ་སྔགས་ཀྱུ་ས།། དབྱུག་པ་དང་ནི་སྟོབས་པོ་ཆེ། རྡོ་རྡོ་ཝ་ཚུར་རིག་རྒྱལ་མོ།། གནོད་མཛེས་གྲོ་རིམས་བཞིན་དུ་གཞག། ཁྲོ་རྣམམ་ཡི་ཡན་ལག་དང་། ། གོམ་པ་འདོར་བ་ཉིད་དང་ནི།། ཁྲོ་མོ་མོ་རྣམས་ངོས་གཉིས་སུ།། བློ་དང་ལྡན་པས་གཞག་པར་བྱ།། སྒོ་ཡི་ཕྱོགས་ཀྱི་ནང་རོལ་དུ།། རྡོ་རྗེ་འཇིགས་བྱེད་མིག་དང་ནི།། རྡོ་རྗེ་གཞན་གྱིས་མི་ཐུབ་མ། སྒོ་ཁར་ལས་ཀུན་བྱེད་པ་གཞག། དཀྱིལ་འཁོར་གཉིས་པ་མཆོད་པ་ཡང་།། ཆོ་ག་སྔ་མ་བཞིན་དུ་བྱ།། ལྷ་རྣམས་དགའ་བར་འགྱུར་བ་ནི།། ཕྱག་ན་རྡོ་རྗེས་རབ་ཏུ་བཤད།། དེ་ནས་ནང་པ་ར་ནམ་ལངས་ནས། རྨི་ལམ་བཟང་པོ་རྣམས་སྤྱད་དེ།། གཙང་ཞིང་ཁྲུས་བྱས་གོས་དཀར་བགོས།། སྦྱིན་སྲེག་ལས་ནི་བརྩམ་པར་བྱ།། ལྷ་རྣམས་ཆོ་ག་བཞིན་མཆོད་དེ།། བཀྲ་ཤིས་ངོ་མཚར་དག་ཀྱང་བྱ།། ཆོ་ག་བཞིན་དུ་མེ་སྦར་ནས། ། ཇི་སྐད་གསུངས་པའི་སྦྱིན་སྲེག་བྱ།། བ་ལང་ལྕི་བས་བྱུགས་ནས་སུ།། འབྲས་ཡོས་ཀུ་ཤ་སྔོན་པོ་དང་།། མེ་ཏོག་དཀར་པོས་དྲི་ཞིམ་པས།། གནས་དེ་ཁྱད་པར་ཅན་དུ་བཤམ།། དེ་ཡི་གཡས་ཀྱི་ཕྱོགས་སུ་ནི། ། བུད་ཤིང་ཞོ་དང་ཀུ་ཤ་དང་།། མར་དང་སྦྲང་རྩི་འབྲས་ཆན་ཏིལ།། བསྲེག་བྱ་ཅུང་ཟད་ཅི་འབྱོར་དགོད།། གཡོན་དུ་ལེགས་པར་བརྟགས་པ་ཡི།། མཆོད་ཡོན་སྣོད་ནི་གཞག་པར་བྱ།། དབུས་སུ་གང་གཟར་བླུགས་གཟར་དང་། ། ལེགས་པར་བཞུས་པའི་མར་དག་གཞག། བཞག་ནས་མཁས་པས་ལས་ཀུན་པའི།། གསང་སྔགས་ཀྱིས་ནི་བསང་གཏོར་བྱ།། སྔོན་བཞིན་གསང་སྔགས་བདག་པོ་ནི།། མདུན་དུ་བཞག་སྟེ་མཆོད་བྱས་ནས།། དེ་ནས་རང་རིགས་སྤྱན་དྲང་སྟེ།། མཆོད་ཡོན་བཟླས་པར་བཞུགས་སུ་གསོལ།། བདག་གི་མདུན་དུ་མར་གྱི་སྣོད།། དག་པར་བྱས་པ་བཞག་པར་བྱ།། མར་དང་མེ་ཡི་བར་དག་ཏུ།། བསྒྲུབ་པར་བྱ་བའི་རྫས་གཞག་གོ།། བདག་དང་མར་དང་བསྒྲུབ་བྱའི་རྫས།། མེ་དང་གསང་སྔགས་བདག་པོར་བཅས།། ལྔ་པོ་འདི་དག་གོ་རིམས་བཞིན།། བློ་དང་ལྡན་པས་ལེགས་པཔར་དགོད། ། གཡོན་དུ་རིག་སྔགས་བྱིན་བསྐྱེད་མ།། གཡས་སུ་ལས་ཀུན་བྱེད་པ་སྟེ།། གནས་དེར་སྔ་མ་བཞིན་དུ་ཡང་།། སྲུང་བ་ཐམས་ཅད་རབ་ཏུ་སྦྱར།། དེ་ནས་ཀུ་ཤ་གསར་པ་ཡི།། གདིང་བདག་ཀྱང་བཀྲམ་ནུས་སུ། ། ལྷ་བཤོས་འབྲས་ཡོས་བཀྲ་ཤིས་ཅན།། སཱ་ལུའི་འབྲས་ཆན་ནོར་བཅས་དབུལ།། དེ་ནས་བདུག་སྤོས་དྲི་ཞིམ་པས།། ཀུན་ནས་རབ་ཏུ་བདུག་པར་བྱ།། དེ་འོག་ཇི་ལྟར་བསྟན་པ་ཡི།། སྦྱིན་སྲེག་ལས་ནི་ཅིང་གར་བྱ། ། གསེར་དང་དངུལ་ཟངས་རྡོ་བ་འམ།། དུང་དང་མུ་ཏིག་ཤིང་དག་གམ།། གྲོག་མཁར་ས་ལས་བྱས་པ་ཡི།། སྡོང་དུ་རྫས་ནི་གཞག་པར་བྱ།། བྱང་ཆུབ་ཤིང་གི་ལོ་མ་དྲག། དེ་ལྀ་གདིང་བར་ཤིས་པ་ཡིན། ། འོ་མ་ཅན་གྱི་ཤིང་གི་འམ།། ཡང་ན་ཨརྒའི་ལོ་མའང་རུང་།། ཆུ་ཤིང་པདྨའི་འདབ་མ་འམ།། ཡང་ན་རས་དཀར་འཇམ་པོ་འམ།། དྲི་ཞིམ་ཤིང་ལས་སྐྱེས་པ་ཡི།། གདིང་བ་ལྔ་པོ་འདོད་པ་ཡིན། ། ཕྱེ་མ་ཁུ་བ་གོས་ལ་སོགས།། ཅི་རིགས་པར་ནི་གཡོགས་ནས་ཀྱང་།། ཆོ་ག་ཤེས་པས་མཉམ་བཞག་སྟེ།། རྫས་ལ་ལེགས་པར་འདུག་པར་བྱ།། ཡིད་ཀྱིས་རྫས་ཀྱི་བྱིན་བསྐྱེད་ཅིང་། ། སར་གྱི་སྲེག་ཐུགས་རྒྱུན་དུ་སྲེག། ལེགས་པར་བལྟ་ཞིང་ཆོ་ག་འདིས།། མཁས་པས་རྫས་ལ་བདུག་པར་བྱ།། རྫས་ལ་བཟླས་ཤིང་བསང་གཏོར་ནས།། ཐུགས་གཟར་ཆད་པས་བཅུ་ནས་ནི། ། དལ་བུས་མར་གྱིས་ལེགས་བཀང་སྟེ།། རྫས་ཀྱི་སྟེང་དུ་དེ་བཟླས་ནས།། སྲེག་བླུགས་ཟློས་པ་མེ་འབར་བ།། སྭཱ་ཧཱ་ཞེས་ནི་བརྗོད་བྱ་ཞིང་།། ཧ་ཡི་དབྱངས་ཀྱི་རྒྱུན་བསྲིངས་ཏེ།། བླུགས་གཟར་རྩེ་མོར་དེ་གཏུག་ཅིང་། ། སྟོང་ངམ་ཡང་ན་ལན་གྲངས་བརྒྱར།། རྫས་རྣམས་ལ་ནི་འདུག་པར་བྱ།། དེ་ལྟར་རྫས་ལ་ཡང་དང་ཡང་།། ཆོ་ག་འདི་ནི་བྱ་བར་གསུངས།། གསང་སྔགས་ཀྱི་ནི་རང་བཞིན་དང་། དངོས་གྲུབ་ཆེ་ཆུང་ཤེས་བྱ་སྟེ།། ལན་གྲངས་ཉི་ཤུ་རྩ་གཅིག་ཀྱང་།། གྲངས་ཀྱི་ཆོ་ག་ཡིན་པར་བཞེད།། རྫས་ནི་ཟད་པ་མ་གྲུབ་ན།། མཁས་པས་དེ་ལ་ཉུང་ཟད་ཅིག། རིག་སྔགས་བཟླས་ཤིང་བསང་གཏོར་ཏེ།། གཞན་ནས་མཆོད་ཅིང་བལྟ་བར་བྱ།། རབ་ལ་སོགས་པའི་དབྱེ་བ་དང་།། ལས་ཀྱི་དབྱེ་བ་བསྒྲགས་པ་དག། དཀྱིལ་འཁོར་དུ་གསུངས་ཆོ་ག་བཞིན།། འབར་ན་འགྲུབ་པའི་མཚན་མ་ཡིན།། ཤིན་ཏུ་ཆེན་པོ་རྫས་ཀྱི་རྣམས། ། དེ་ནི་གཡས་སུ་གཞག་པ་འམ།། གཡོན་དུ་འོས་པ་གཡོན་ཏུ་གཞག། དེར་ནི་དེ་ལ་གཏུག་ཅིང་བྱ།། སེམས་ཅན་ཀུན་གྱི་མགོ་བོ་ལ།། ཡང་ན་རང་གི་མགོ་བོ་ཉིད།། མོད་ལས་སྒྲུབ་རྫས་ཅི་ཡང་རུང་། ། མཁས་པས་བདུག་པ་བསྔོས་ཏེ་བྱ།། བདུག་པའི་ཆོ་ག་འདི་ཡིས་སུ།། སྔོན་བཞིན་ཕྱེ་ལ་མར་དག་གིས།། ལ་ལའི་ཕྱིར་བསྔོ་ཁ་ཅིག་ལ།། ལྟ་ཞིང་སྦྱིན་སྲེག་རབ་ཏུ་བྱ།། གལ་ཏེ་མར་དག་མ་འབྱོར་ན། ། ཆོ་ག་བཞིན་དུ་འོ་མས་བྱ།། ཡང་ན་འོ་མ་མར་དང་ནི།། མཁས་པས་མངར་གསུམ་དག་གིས་བྱ།། ཞི་བ་ལ་སོགས་ཁྱད་པར་གྱིས།། ཁ་ཅི་ལ་ནི་ཞོ་ཡང་རུང་།། ཡང་ན་བསྲེག་བྱའི་རྫས་བསྟན་པས།། ཇི་ལྟར་རིགས་པར་འདུག་པར་བྱ།། མཚོན་ཆ་རྣམས་ལ་འབྲུ་མར་གྱིས།། དྲི་ཞིམ་ཐང་ཆུ་ཨཾ་ཛ་ན།། དུ་རུ་ཀ་སོགས་འབྲུ་མར་གྱིས།། བདུག་པའི་ཆོ་ག་བྱ་བར་གསུལ་རྫས་ལ་སོགས་པའི་བྱེ་བྲག་ལས། ། རྫས་ནི་རྣམ་པ་སྣ་ཚོགས་དང་།། དྲི་ཞིམ་ལས་བྱུང་འབྲས་བུ་ཡིས།། བདུག་པའི་ཆོ་ག་དག་ཀྱང་བྱ།། ཤ་ཆེན་ལ་སོགས་རྫས་རྣམས་ལ།། ཚལ་བུ་དག་གིས་བྱ་བར་བསྒྲགས།། དེ་ཡི་གཟུགས་བརྙན་བྱས་ནས་ཀྱང་།། སོ་སོའི་ཤ་དང་ཚིལ་གྱི་བྱ།། ཆོ་ག་བསྟན་པ་འདི་ཡིས་སམ།། ཡང་ན་སྔར་གསུངས་ཆོ་ག་ཡིས།། དངོས་གྲུབ་མྱུར་བར་བྱ་བའི་ཕྱིར།། བདུག་པའི་ཆོ་ག་རྒྱས་པར་བསྟན། ། ཆོ་ག་འདི་ཡིས་རྫས་དག་ལ།། བདུགས་ནས་དེ་ལ་དབྱང་ཡང་བསྐུར།། དབང་བསྐུར་ནས་ནི་ལྷ་གནས་སུ།། བཞག་སྟེ་ལེགས་པར་མཆོད་པར་བྱ།། དེ་ནས་ཆོ་ག་ལས་གསུངས་པ།། ཐོབ་པར་བྱ་ཕྱིར་གཏོར་མ་བསོག། བདག་ཉིད་རྒྱས་པར་ཁྲུས་བྱས་ནས།། ཆོ་ག་འདི་ནི་བརྩམ་པར་བྱ།། དྲི་ཞིམ་རྣམས་ཀྱིས་དྲིལ་བྱས་ནས།། དེ་བཞིན་ཁྲུས་རྩི་སྐྱུ་རུ་རས།། ཁྲུས་བྱ་ཉི་མ་ཕྱེད་མཚམས་ནས།། མཁས་པ་ས་རྫས་ལ་ཡོངས་སུ་བཟླས།། སྐུད་པ་གདུ་བུ་གོས་རྣམས་དང་།། ཐལ་བ་ཡུངས་ཀར་ཆུ་དག་ལ།། བསྲུང་བའི་ཕྱིར་ནི་རྫས་འདི་ལ།། གསང་སྔགས་བཟླས་པ་བརྩམ་པར་བྱ།། དེ་དག་ཐོག་མར་བཟླས་བརྗོད་དེ། ། ཆོ་ག་འདི་ནི་མྱུར་དུ་བྱ།། དེ་ཕྱིར་དེ་ཚེ་དགོས་པ་ཀུན།། ཐོག་མ་ཉིད་དུ་བསྔགས་པར་བྱ།། མེ་ཏོག་ལ་སོགས་ཅི་འབྱོར་པ།། ཡོངས་སུ་བསྡུ་བ་བྱས་ནས་ནི།། ཅི་རིགས་པ་ཡི་གནས་བཞག་སྟེ། ། སྒྲུབ་པའི་སར་ནི་གནས་པར་བྱ།། དཀྱིལ་འཁོར་ལ་ས་གསུངས་ཆོ་ག་ཡིས།། མཁས་པས་དཀྱིལ་འཁོར་བྲིས་ནས་ཀྱང་།། ཅི་རིགས་པར་ནི་མཆོད་བྱས་ཏེ།། རྫས་རྣམས་སྒྲུབ་པ་བཅ་པར་བྱ། ། ལས་ཀུན་བྱེད་པའི་གསང་སྔགས་ཀྱིས།། ཚོན་སྣ་ལྔ་ཡི་སྲད་བུ་ལ།། ལན་བརྒྱར་གསྔགས་ནས་དང་པོར་དེས།། ཕུར་བུ་རྣམས་ལ་བྲེ་བར་བྱ།། མཁས་པས་ཐབ་སྦྱོར་བཟླས་པ་ཡིས།། ། སྒོ་དྲུང་གི་ནི་བུམ་པ་ལ།། སྲང་བུ་ལྷོད་པར་བཏགས་ནས་སུ།། དེ་ནས་དེར་ནི་གཞག་པར་བྱ།། ཐབ་སྦྱོར་བགེགས་རྣམས་སེལ་བྱེད་པའི།། ཁྲོ་བོ་ཡིད་ལ་དྲན་བཞིན་དུ།། སྲང་བུའི་འོག་ནས་འབྱུང་བ་དང་། ། འཇུག་པར་བྱ་བ་འདི་གསུངས་སོ།། ཡང་ན་མཁས་པས་ཁྲོ་བོ་དོས།། སྲད་བུ་ལ་ནི་བསྔགས་པ་འམ།། སྲུང་བའི་དོན་དུ་གང་དགའ་བའི།། རིག་སྔགས་གཞན་གྱིས་བཟླས་ཀྱང་རུང་། ། བསྐྲད་པ་ལ་སོགས་ཆོ་ག་དག། སྔར་གསུངས་པ་ལ་ཡང་ཤེས་བྱ་ཞིང་།། དཀྱིལ་འཁོར་གྱི་ནི་ཉེ་འཁོར་དུ།། ཆོ་ག་འདི་དག་བྱ་བར་གསུངས།། ཕྱོགས་དང་ཕྱོགས་སྐྱོང་ཇི་སྙེད་དང་།། སོ་སོའི་རིགས་ཀྱི་ལྷ་ཡི་རྣམས།། ཕྱོགས་དང་གོ་རིམས་ཇི་ལྟ་བར།། དེ་ཀུན་ཕྱི་རོལ་དག་ཏུ་མཆོད།། བུམ་པར་རྡོ་རྗེ་བཞག་པ་འམ།། ཡང་ན་ལོ་མས་ཁ་བརྒྱན་པ།། དེ་ལ་སྲད་བུ་བཏགས་ནས་སུ།། སྒོ་ཡི་ཕྱོགས་སུ་བཞག་པར་བྱ།། རིགས་དང་རིགས་རྣམས་སོ་སོ་ཡི།། རིག་པའི་རྒྱལ་པོའི་སྙིང་པོ་འམ།། ཡང་ན་ཇི་ལྟར་རིགས་པ་ཡིས།། རྫས་སྒྲུབ་ཚེ་ན་ཀུན་ནས་སྲུང་།། ཡང་ན་རིགས་ཀྱི་རིག་སྔགས་དང་།། སོ་སོའི་རིགས་ཀྱི་ཕྱག་རྒྱ་ཡིས།། བགེགས་རྣམས་ཞི་བར་བྱ་བའི་ཕྱིར།། སྒྲུབ་ཚེ་འདིར་ནི་ཐམས་ཅད་སྲུང་།། ཕུར་བུ་རྡོ་རྗེ་རྩེ་འདྲ་འམ།། ཡང་ན་རྩེ་གཅིག་སྦོམ་པོ་ལ། རྡོ་རྗེ་ཕུར་བུས་ལན་བརྒྱ་རུ།། མངོན་པར་བསྔགས་པ་བྱས་པ་དག། ལྷ་ཡི་གནས་ཀྱི་ཕྱི་རོལ་དུ།། གྲངས་བཞི་ཀུན་ཏུ་གདགས་པར་བྱ།། ཡང་ན་དཀྱིལ་འཁོར་ཕྱི་རོལ་དུ།། བཏབ་ནས་ལས་རྣམས་རབ་ཏུ་བྱ།། རྡོརྗེ་ཕུར་བུའི་ཆོ་ག་འདི།། ལས་ཀུན་བྱེད་པར་ཤེས་པར་བྱ།། སྒྲུབ་ཚེ་འདིར་བགེགས་འཚེ་མེད་ཅིང་།། སྒྲུབ་པ་པོ་ཡིས་དངོས་གྲུབ་ཐོབ།། དྲི་ཞིམ་ཕྱེ་མའམ་པིར་དག་གིས།། སྣ་ཚོགས་ཚོན་གྱི་ལྡེ་གུ་ཡིས། ། དཀྱིལ་འཁོར་ལེགས་པར་བྲིས་ནས་སུ།། དེ་ནས་ཆོ་ག་འདི་དག་དང་།། སོ་སོའི་ཕྱོགས་ཀྱི་རི་མོའི་མཐར།། རྡོ་རྗེ་རྩེ་གསུམ་བྱ་བར་གསུངས།། དབུས་ཀྱི་ངོས་རྣམས་ངག་ཏུ་ཡང་། རྡོ་རྗེ་བསྒྲེང་བའི་འཕྲེང་བ་བྱ།། རྡོ་རྗེ་ར་བའི་གསང་སྔགས་ཀྱིས།། ཆོ་ག་དེ་ནི་བྱ་བར་བསྟན།། དེ་ཡི་དབུས་སུ་བཞུགས་ནས་སུ།། རྫས་རྣམས་རབ་ཏུ་བསྒྲུབ་པར་བྱ།། ཆོག་འདི་ཡི་ཕྱི་ནང་དུ།། རྡོ་རྗེ་། ལྟེ་བའི་དྲ་བ་བྱ།། རྡོ་རྗེ་དྲ་བའི་གསང་སྔགས་ཀྱིས།། ཤིན་ཏུ་ཐུབ་པར་དཀའ་བར་འགྱུར།། སྒོ་ཁྱུད་དག་ནི་ཐམས་ཅད་དང་།། སྒོ་རྣམས་ཀྱི་ནི་མདུན་དག་ཏུ།། མཁས་པས་རྡོ་རྗེ་བྲིས་ནས་སུ།། ནས་ལས་རྣམས་བྱ་བར་བསྒྲགས།། ཡོ་ཡང་ཆུང་ངུས་ཐང་བུ་ལ།། དཀྱིལ་འཁོར་ལེགས་པར་བྲི་བར་བྱ།། མདོར་བསྡུས་ཆོ་ག་བྲིས་ནས་སུ།། རྫས་རྣམས་སྒྲུབ་པ་བརྩམ་པར་བྱ།། ཁྲུ་ལྔའམ་བདུན་ནམ་བརྒྱད་པ་ལ། ། གྲུ་བཞི་པ་ལ་སྒོ་བཞི་པ།། གསང་སྔགས་དངོས་གྲུབ་རྗེས་མཐུན་པར།། ཡང་ན་ལྷག་པར་བྱས་ཀྱང་རུང་།། སྒོ་རྣམས་ཀུན་ཏུ་རྡོ་རྗེ་དང་།། གྲཝ་རྣམས་སུ་ནི་བུམ་པ་དགོད།། ལས་ཀུན་བྱེད་པའི་བུམ་པ་དག། སྒོ་དྲུང་དུ་ནི་བཞག་པར་བྱ།། དབུས་སུ་ཆོས་ཀྱི་འཁོར་ལོ་དང་།། ཐོག་མ་རྒྱལ་པོ་ལྔ་རྣམས་དགོད།། ངོས་སུ་མཆེ་བ་མདུང་ཐུང་དང་།། སྤྱན་དང་རྒྱལ་བའི་མཛོད་སྤུའོ། ། བདེ་གཤེགས་ཕྱག་རྒྱ་ཐམས་ཅད་དང་།། སྒོར་ནི་གཞན་གྱིས་མི་ཐུབ་མ།། རབ་འབྱོར་དང་ནི་ཀུན་དགའ་བོ།། སྙིང་པོ་དཀྱིལ་འཁོར་ལྷ་རྣམས་ནི།། ཕྱོགས་ཆ་བསྟན་པ་བཞིན་དུ་དགོད། ། ཕྱི་རོལ་དུ་ནི་ཅི་དགའ་བའི།། ལྷ་རྣམས་དགོད་པར་བྱ་བར་གསུངས།། དོན་གྲུབ་པ་དང་མཐུ་ཆེན་དང་།། འཇམ་དཔལ་དང་ནི་གླང་པོ་ཆེ།། དཔལ་ལྡན་ཚངས་པ་མེས་པོ་དང་། དེ་བཞིན་དུ་ནི་བརྒྱ་བྱིན་དང་།། བཅོམ་ལྡན་མངག་གཞུག་སངས་རྒྱས་པའི།། ལྷ་ནི་དེ་དང་དེ་དག་དང་།། ཕྱོགས་སྐྱོང་རྣམ་པ་སྣ་ཚོགས་རྣམས།། ཕྱི་རོལ་དཀྱིལ་འཁོར་དག་ཏུ་བྲི།། དེ་ནས་དབུསས། གསང་སྔགས་སམ།། སྙིང་པོའི་དཀྱིལ་འཁོར་རྫས་བཞག་སྟེ།། མཆོད་པའི་ཆོ་ག་ཐམས་ཅད་དང་།། སྦྱིན་སྲེག་ལས་ནི་བྱ་བར་བསྒྲགས།། མདོར་ན་སྲུང་བའི་ལས་ཀྱི་རྣམས།། དཀྱིལ་འཁོར་དག་ཏུ་གསུངས་པ་བཞིན། ། སྒྲུབ་པའི་ཚེ་ན་དེ་དག་ཀུན།། ཁྱད་པར་དུ་ནི་སྦྱར་བར་བྱ།། དཀྱིལ་འཁོར་ཆོ་ག་བསྟན་པ་འདི།། དེ་བཞིན་གཤེགས་པའི་རིགས་ཀྱིས་གསུངས།། འདིས་ནི་རྫས་རྣམས་བསྒྲུབ་བྱས་ན།། ཟློ་བ་པོ་ལ་མྱུར་དུ་འགྲུབ།། དེར་ནི་ཞུགས་པ་ཙམ་གྱིས་ཀྱང་།། བགེགས་རྣམས་མེད་པར་གྱུར་པ་དང་།། ལྷ་རྣམས་ཁྱད་པར་དག་ཏུ་ཡང་།། བྱིན་གྱིས་རློབ་པ་མཛད་པར་འགྱུར། ། དེ་བཞིན་གཤེགས་པའི་རིགས་ཀྱི་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། །། ཚོན་རྩ་སྣ་ནི་ལྔ་པ་ཡིས།། སྔོན་བཞིན་དཀྱིལ་འཁོར་ཐམས་ཅད་བྲི།། དབུས་སུ་པདྨ་བྲིས་ནས་ཀྱང་།། དང་པོ་ཤར་གྱི་ཕྱོགས་སུ་ནི།། འདོད་པ་སྦྱོར་བྱེད་དགོད་པར་བྱ།། དེ་ནས་གསང་སྔགས་རྒྱལ་པོ་དྲུག། དེ་ཡི་འོག་ཏུ་གོས་དཀར་ཅན།། སྒྲོལ་མ་བདུན་དང་དཔའ་མོ་བདུན།། རིག་པའི་རྒྱལ་མོ་གྲགས་ལྡན་མ།། སྒོ་ཁར་རིག་སྔགས་རལ་པ་གཅིག། རྟ་མགྲིན་ཡང་ནི་དགོད་པར་བྱ།། ལས་ཀུན་བྱེད་པའི་བུམ་པ་ཡང་།། སྒོ་དྲུང་དུ་ནི་གཞག་པར་བྱ།། སྒོ་ཡི་གྲཝར་ནི་རྡོ་རྗེ་བྲི།། ཕྱི་རོལ་ཚངས་དང་ལྷ་ཡི་སྤྱན། ། དབང་ཕྱུག་ཆེན་པོ་ལྷ་ཡི་བུ།། རྒྱལ་སྲས་དྲི་མ་མེད་པ་དང་།། འོད་ཟེར་འཕྲེང་བས་བརྒྱན་པ་དང་།། ཀླུ་ཡི་རྒྱལ་པོ་མཐའ་ཡས་དང་།། སྟོབས་ཆེན་མཛེས་པ་ཞེས་དགའ་དང་། ། རིག་སྔགས་འཆང་གི་རྒྱལ་པོ་ནི།། བརྩོན་འགྲུས་ཆེན་པོ་དུང་ཅན་དང་།། སྔོན་བཞིན་ཕྱོགས་མཚམས་སྦྱོང་བ་དང་།། འདིར་ཡང་རིག་པའི་ལྷ་རྣམས་དགོད།། དཀྱིལ་འཁོར་སྔ་མའི་ཆོ་ག་བཞིན། ། འདིར་ཡང་ཐམས་ཅད་བྱ་བར་གྲགས།། བཤད་པ་འདི་ལ་བརྟེན་ན་ནི།། བགེགས་རྣམས་ཀུན་གྱིས་ཐུབ་པར་དཀའ།། པདྨ་རིགས་ཀྱི་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། ། གྲུབ་བཞི་པར་ནི་ཐིག་བཏབ་ནས།། དང་པོར་དཀྱིལ་འཁོར་བྲི་བར་བྱ།། དབུས་སུ་རྡོ་རྗེ་བྲིས་ནས་ཀྱང་།། ཤར་དུ་རིག་སྔགས་རྒྱལ་པོ་ནི།། ལེགས་པར་འགྲུབ་བྱེད་ཐོག་མར་དགོད། ། དེ་ནས་དེ་ཡི་ངོས་གཉིས་སུ།། རིག་སྔགས་རྒྱལ་མོ་གཉིས་བྲིས་ཏེ།། རིན་ཆེན་རྡོ་རྗེ་གནམ་ལྕགས་དང་།། གཡོན་དུ་རྡོ་རྗེ་ཁུ་ཚུར་རོ།། བཀོད་ནས་དེ་ཡི་ངོས་གཉིས་སུ།། ཀི་ལི་དང་ནི་གནོད་མཛེས་དགོད། ། རྡོ་རྗེ་རྡོ་རྗེ་དབྱུག་པ་དང་།། ཐོ་བ་དང་ནི་ལུ་གུ་རྒྱུད།། རིན་ཆེན་རྡོ་རྗེ་ལྕགས་ཀྱུ་མ།། མཱ་མ་ཀཱི་ཡང་ཡོངས་སུ་དགོད།། རྒྱལ་པོ་བློན་སོགས་ཕོ་ཉ་མོ།། རྡོ་རྗེ་བློ་གྲོས་ལ་སོགས་དང་།། དབང་ཕྱུག་ཆེན་པོ་ཆུང་མར་བཅས། ། ནོར་བདག་གནོད་སྦྱིན་ལྷན་ཅིག་ཏུ།། ལས་ཀུན་བྱེད་པའི་ཕྱི་རོལ་དུའོ།། ཕྱི་རོལ་ཕྱག་ན་རྡོ་རྗེའི་རིགས།། འཁྲུངས་འདོ་བ་ཡི་རིག་སྔགས་དང་།། འབྱུང་པོ་སྲིན་པོ་ཤ་ཟ་དང་། གྲུབ་པ་གནོད་སྦྱིན་ལྟོ་འཕྱེ་ཆེ།། ཕྱོགས་མཚམས་སྦྱོང་བའི་ལྷ་རྣམས་དག། ཐམས་ཅད་གོ་རིམས་བཞིན་དུ་དགོད།། དེ་ནས་མཆོད་པའི་ཆོ་ག་དང་།། གང་ཡང་སྲུང་བ་ལ་སོགས་ཀུན།། སྦྱིན་སྲེག་བསྟན་པ་བཞིན་བྱས་ཏེ། ། ཇི་སྐད་བསྟན་པའི་ལས་རྣམས་བྱ།། ཟློས་པ་པོས་ནི་དཀྱིལ་འཁོར་དུ།། སྤྱན་དྲང་བ་ལ་སོགས་པའི་ལས།། རིག་པའི་རྒྱལ་པོའི་སྙིང་པོ་འམ།། ཡང་ན་རྣམ་པར་ཕྱེ་སྟེ་བྱ།། བུམ་པ་དགང་བ་ཐམས་ཅད་ནི།། སྒྲུབ་པར་གསུངས་པའི་ཆོ་ག་དང་།། སྒྲུབ་པའི་དཀྱིལ་འཁོར་དུ་བསྟན་པ།། ཆོ་ག་དྲ་བར་གསུངས་པ་ཡིན།། དབང་ཆེན་གྲགས་པའི་སེམས་ཅན་གྱི།། དམ་ཚིགས་ལས་ནི་མི་འདའ་བས།། བསྲུངས་པར་བྱ་བ་མ་བྱས་ཀྱང་།། དཀྱིལ་འཁོར་དྲག་ཏུ་བསྒྲུབ་པར་བྱ།། རིག་སྔགས་ཀྱི་ནི་ལྷ་ཡི་རྣམས།། དམ་ཚིགས་གིས་ནི་དཀྱིལ་འཁོར་དུ།། ལྷག་པར་བྱིན་གྱིས་རློབ་པ་དག། ཁྱད་པར་དུ་ནི་འབྱུང་བར་འགྱུར།། རྟག་ཏུ་གུས་པས་མཉེས་བྱ་བའི།། ཆོ་ག་འདིས་ནི་དགོངས་འགྱུར་ཞིང་།། སྒྲུབ་པ་པོ་དག་འདོད་པ་ཡི།། དངོས་གྲུབ་ཐམས་ཅད་སྩོལ་བར་མཛད།། འདིར་ནི་རིགས་ཀྱི་སྙིང་པོ་དང་།། རིགས་ཀྱི་ཡུམ་དང་རྒྱལ་པོ་དང་།། སྤྱི་ཡི་སྲུང་བའི་གསང་སྔགས་ཀྱང་།། དངོས་གྲུབ་མྱུར་དུ་སྩོལ་བར་མཛད།། དཀྱིལ་འཁོར་གསུམ་པོ་འདི་དག་ནི།། གསང་ཆེན་ཡིན་པར་ཡོངས་སུ་བསྒྲགས། ། རྡོ་རྗེ་རིག་ཀྱི་ཕོ་ཉ་རྫས་སྒྲུབ་པའི་དཀྱིལ་འཁོར་གྱི་ཆོ་ག་རིམ་པར་ཕྱེ་བའོ།། ། དེ་ནས་གཞན་ཡང་དཀྱིལ་འཁོར་འདི།། གསང་ཆེན་སྙིང་པོར་གྱུར་པ་སྟེ། ཚུལ་བཞིན་རྡོ་རྗེས་མཚན་པ་ཡི།། དཀྱིལ་འཁོར་ལེགས་པར་བྲི་བར་བྱ།། དབུས་སུ་རིགས་ཀྱི་རྒྱ་བྲིས་ནས།། དེ་ལ་རིག་སྔགས་བཞག་པར་བྱ།། ཡང་ན་བུམ་པ་གང་བ་ནི།། བཀྲ་ཤིས་སྔོན་བཞིན་བཤད་པ་བཞིན། ། དེ་སྟེ་ཁམ་ཕོར་ལ་སོགས་པ།། ཁ་སྦྱོར་ནང་དུ་རྫས་ཀྱང་བཞག། ཤར་དུ་སངས་རྒྱས་བཅོམ་ལྡན་འདས།། བྱང་དུ་སྤྱན་རས་གཟིགས་དབང་ཕྱུག། ལྷོར་ནི་བཅོམ་ལྡན་རྡོ་རྗེ་འཛིམ། ནུབ་དུ་དྲག་པོ་ནོར་བདག་གོ།། རིག་པའི་རྒྱལ་པོའི་ཚུལ་དུ་ནི།། ཐམས་ཅད་ཕྱག་རྒྱའི་སྟེང་དུ་དགོད།། རིགས་ཀྱི་རིག་སྔགས་གཡས་ཕྱོགས་སུ།། གཡོམ་དུ་ལས་རྣམས་ཀུན་བྱེད་པ།། ནུབ་ཕྱོགས་ཀྱི་ནི་ངོས་གཉིས་སུ། ། དཀར་ཤྲམ་མ་དང་དཔལ་མོ་གཞག། ལྷུང་བཟེད་དང་ནི་ཆོས་གོས་ཀྱང་།། ཤར་གྱི་གྲཝ་ནི་གཉིས་སུ་བྲི།། བྱང་ཕྱོགས་ཕྱག་ན་པདྨ་ཡི།། དབྱུག་པ་དང་ནི་གུ་དྷེ་བྲི།། ལྷོ་ཕྱོགས་རྡོ་རྗེ་འཛིན་པ་ཡི། ། རྡོ་རྗེ་དང་ནི་ཐོབ་བྲི།། ནུབ་ཕྱོགས་ཀྱི་ནི་གྲཝ་གཉིས་སུ།། རྩེ་གསུམ་ནོར་གྱི་བུམ་པ་བྲི།། སྒོ་ཁར་གཞན་གྱིས་མི་ཐུབ་མ།། ཤར་གྱི་ཕྱོགས་སུ་འཕྲོག་མ་གཞག། ལྷོ་ཡི་ཕྱོགས་སུ་རི་མ་མ། ། བྱང་དུ་རལ་པ་གཅིག་པ་བྲི།། ཕྱི་རོལ་ལྷ་རྣམས་དགོད་པ་ནི།། མདོར་ན་ཇི་ལྟར་འདོད་པ་བཞིན།། གསང་སྔགས་མཆོད་པའི་ཆོ་ག་ཀུན།། སྔ་མ་བཞིན་དུ་ཡོངས་སུ་བསྒྲགས།། དཀྱིལ་འཁོར་རབ་ཏུ་གསང་བ་འདི། ། སྒྲུབ་པའི་ཚེ་ན་བགེགས་མེད་བཤད།། རྫས་རྣམས་ཀུན་དང་ལས་རྣམས་ནི།། གསང་སྔགས་དག་གིས་ཅི་དགར་འགྲུབ།། བཅུག་ནས་འབྱུང་བ་ཉིད་ཀྱིས་ཀྱང་།། བགེགས་བྱ་བར་ནི་མི་ནུས་སོ། ། དྲི་དང་མེ་ཏོག་བསུང་ཞིམ་དང་།། བདུག་སྤོས་མར་མེ་གསལ་བ་དང་།། བཤོས་ཀྱང་རྣམ་པ་སྣ་ཚོགས་ཀྱིས།། དེ་ནས་མཆོད་པས་ལེགས་པར་བཙམ།། བཟླས་བརྗོད་ཆོ་ག་ལས་གསུངས་དང་། དཀྱིལ་འཁོར་དག་ཏུ་ཅི་བསྟན་པ།། དེ་བཞིན་ཁང་པའམ་དཀྱིལ་འཁོར་དུ།། མཆོད་པ་ཡི་ནི་ཆོ་ག་བྱ།། རིག་སྔགས་རྒྱལ་ལ་ལྷ་བཤོས་ནི།། སྙིང་པོར་གྱུར་པ་སྣ་ཚོགས་དང་།། མཆོད་པ་སྣ་ཚོགས་གང་ཡིན་པ། ། ཆོ་ག་བཞིན་དུ་བྱ་བར་གསུངས།། མར་གྱི་མར་མེ་གསལ་བ་དང་།། སྙིང་པོ་དག་ཀྱང་གསལ་བར་དབུལ།། འགོ་བར་བྱ་བའི་ཆེད་དུ་ནི།། རང་རིགས་སྔགས་ལ་མཆོད་ཡོན་དབུལ། ། དེ་ནས་རིག་སྔགས་རྒྱལ་པོ་ཡིས།། ཡུངས་ཀར་དག་ལ་བསྔགས་ནས་སུ།། ནད་རིམས་དང་ནི་ཐམས་ཅད་དུ།། གསང་བའི་བསྲུང་བ་རབ་ཏུ་བྱ།། ལས་ཀུན་བྱེད་པའི་རིག་སྔགས་སམ། ཡང་ན་སྲུང་བ་གཞན་ཡང་རུང་།། ཡུངས་ཀར་ཡོངས་སུ་བཟླས་པ་དག། རྫས་ཀྱི་དྲུང་དུ་བཞག་པར་བྱ།། དེ་ཡིས་ཀུན་ཏུ་གཏོར་བ་ཡིས།། བགེགས་རྣམས་ལས་ནི་སྲུང་བར་འགྱུར།། གཡོན་དུ་རང་གི་རྒྱ་བཞག་པའམ། ། རལ་གྲི་མངོན་པར་བསྔགས་པའང་རུང་།། ཕྱོགས་སྐྱོང་ཕྱོགས་སུ་བཞག་བྱས་ཏེ།། དེའི་མོད་སྦྱང་ཞིང་བསྲུང་བ་བྱས།། སེམས་སྟོབས་ཆེ་ཞིང་གཙང་སྦྲ་ཅན།། གོས་ཀྱང་དེ་ཡི་ཁ་དོག་ལྡན། ། ལུས་དང་སྟོབས་དང་ལང་ཚོ་དང་།། གཟུངས་དང་ལྡན་པའི་སྐྱེས་བུ་ཞིག། དཔལ་ལ་བཟླས་པའི་རལ་གྲི་འཛིན།། མགུལ་ནི་འཕྲེང་བའི་དོ་ཤལ་འཕྱང་།། ཡུངས་ཀར་དག་ནི་ཐུ་བར་བླུགས།། བགེས་རྣམས་བལྟ་ལ་མཁས་པ་སྟེ། ། འཕྲེང་བ་དང་ནི་ཡུངས་ཀར་དག། བགེགས་ལ་རབ་ཏུ་འཕེན་པར་ནུས།། བགེགས་རྣམས་ཀུན་ནས་འབྱུང་བ་འམ།། ཡང་ན་འཇིགས་པ་ཆེན་པོ་ལ།། འཇིག་པ་མེད་པར་རལ་གྲིས་བསྡིགས། ། གལ་ཏེ་ཉེ་བར་འོངས་ནས་འདེབས།། ཡུངས་ཀར་དག་དང་འཕྲེང་བ་སྤོས།། བགེགས་རྣམས་ཉེ་བར་ཞི་བར་འགྱུར།། ཡང་མང་གི་གནས་དག་ན།། ལེགས་པར་གནས་པའི་རལ་གྲིས་བྱ། ། བསྒོས་པའི་གནས་རྣམས་བོར་ན་མི།། སྐབས་དང་གླགས་ནི་རྙེད་འགྱུར་ཞིང་།། དེ་ལ་བགེགས་ཀྱང་འཇུག་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བསྲུང་།། དེ་དག་སྒྲུབ་པའི་ཆོ་ག་ལ། སྲུང་བའི་ལས་ནི་མདོར་བསྡུས་པའོ།། རྒྱུད་ལས་གསུངས་པའི་ཡོན་ཏན་ཅམ།། ཕྱོགས་སྟོང་རྣམས་ནི་མ་རྙེད་ན།། ལྕགས་མདའ་འམ་ཡང་ན་མདའ་ཅན་དག། བཟླས་ནས་ཕྱོགས་སུ་གཟུགས་པར་བྱ། གསང་སྔགས་བཟླས་ཤིང་དཀའ་ཐུབ་ཅན།། རྒྱུད་འཛིན་ཤེས་པར་ལྡན་པ་ཞིག། གསང་སྔགས་སྒྲུབ་པའི་གྲོགས་མཆོག་སྟེ།། བཟླས་བརྗོད་བྱེད་ཅིང་སྒོ་ཁར་གཞག། དེས་ནི་བགེགས་ནི་བཟློག་པ་དང་། ལས་རྣམས་ཀུན་ལ་འཇུག་པར་བྱ། ། རྒྱུད་རྒྱུད་དག་ལས་རང་གི་རྒྱལ།། སྲུང་བ་ཅིས་ཀྱང་མི་ཚུགས་གང་།། དེ་དག་བཟླས་ཤིང་མཆོད་བྱས་ནས།། བདག་ཉིད་ཀྱིས་ནི་བཅང་བར་བྱ།། བགེགས་ཆེན་དྲག་པོ་རྣམས་ལ་ནི།། དེ་དག་གིས་ནི་བཟློག་བྱའམ།། ཡང་ན་འདོད་པའི་གསང་སྔགས་ཀྱིས།། བསྔགས་པའི་ཡུངས་ཀར་དག་གིས་བྱ།། ལྷ་ཡི་དཀྱིལ་འཁོར་ཕྱི་རོལ་དུ།། གཏོར་མའི་ཆོ་ག་ཅི་རིགས་པར།། རབ་ཏུ་དང་ཞིང་བཟང་བ་འམ། ། ཡང་ན་འབྱུང་པོ་ཀུན་ལ་བྱ།། བསྡང་བ་དང་ནི་འོག་བཅིང་དང་།། སྟེང་ཡང་བཅིང་ཞིང་ཁོར་ཡུག་ཏུ།། མཚམས་གཅད་ཕྱོགས་ཀྱང་བཅིང་བྱ་ཞིང་།། རྡོ་རྗེ་དྲབར་བ་བྱ།། རྒྱུད་དང་སློབ་དཔོན་ལུང་དག་གིས།། རྫས་དང་བདག་དང་ལྷ་ཡང་བསྲུང་།། གསང་སྔགས་དག་གིས་ཕྱི་ནང་དུ།། བགེགས་རྣམས་ཐམས་ཅད་བཟློག་པར་བྱ།། ཆོ་ག་དེ་དག་ཐམས་ཅད་ནི།། ཕྱི་དྲོའི་དུས་སུ་བྱ་བར་བཤད།། ཉི་མ་ནུབ་པར་གྱུར་ནས་ནི། ། རྫས་རྣམས་སྒྲུབ་པ་བརྩམ་པར་བྱ།། བློ་དང་ལྡན་པ་ཕྱིར་བྱུང་ནས།། ཉེ་རེག་ཡང་དང་ཡང་བྱས་ཏེ།། བདུད་རྩི་ཐབ་སྦྱོར་བཟླས་བྱས་པའི།། སྤོས་ཆུ་ཁྱོར་གང་བཏུང་བར་བྱ།། དཀྱིལ་འཁོར་བདག་པོའི་སྙིང་པོ་ཡི།། བཟླས་པའི་མར་ནི་ཅུང་ཟད་བཏུང་།། ངལ་དང་སྙོམ་པ་ལ་སོགས་པའི།། གནོད་པ་ཐམས་ཅད་ཞི་བར་འགྱུར།། སྟང་ཟིལ་སྡང་རྩི་པི་པི་ལིང་།། སངས་རྒྱས་སྤྱན་གྱིས་བཟླས་པ་འམ། ། སྔ་མས་བསྐུས་ན་མྱུར་བར་ནི།། བགེགས་ལས་བྱུང་བའི་གཉིས་སེལ་ལོ།། བསྡམས་ཤིང་ཤར་དུ་ཁ་སྟན་འདུག། ལྷ་རྣམས་ལ་ཡང་ཕྱག་འཚལ་ནས།། ཀུན་ལ་ཡིད་ཀྱིས་གསོལ་བཏབ་སྟེ། དེནས་སྒྲུབ་ལ་འཇུག་པར་བྱ།། མཚན་མ་བཟང་པོ་རྣམ་པ་གསུམ།། བཟླས་བརྗོད་བྱེད་པས་བཟུང་ནས་ནི།། རབ་ཏུ་དགའ་བའི་སེམས་ཀྱིས་ནི།། དེ་ནས་སྒྲུབ་ལ་འཇུག་པར་བྱ།། མཚན་མ་དག་ནི་ཅི་འདྲ་ལས། དངོས་གྲུབ་དག་ཀྱང་དེ་འདྲར་གསུངས།། དེ་ནས་ཟློས་པའི་མཚན་མ་ཡིས།། དངོས་གྲུབ་བསྟན་པ་འདོད་པར་བྱ།། ལེགས་པར་གྲུབ་བྱེད་ཅེས་བྱ་བའི།། རིག་པའི་རྒྱལ་པོའི་བློས་བསམས་ནས།། བུམ་པ་སྒོ་ཁར་བཞག་པལ། ། བསྐོར་བ་དག་ཀྱང་གུས་པར་བྱ།། ལྷ་ཡི་གནས་སུ་ཞུགས་ནས་ནི།། དེ་ཡི་འོག་ཏུ་ཕྱག་བྱས་ནས།། འགོ་བར་བྱ་ཕྱིར་ཐམས་ཅད་ལ།། མཆོད་ཡོན་གྱི་ནི་བྱ་བ་བྱ།། རིག་སྔགས་རྒྱལ་པོའམ་རྒྱལ་མོ་འམ་ཡང་ན་སྤྱི་ཡི་སྙིང་པོ་འམ། ། རང་རང་སྔགས་ཀྱིས་ཅི་རིགས་པར།། སྤྱན་དྲང་བ་ཡི་ཆོ་ག་བྱ།། དཀྱིལ་འཁོར་དག་ཏུ་བྱ་བ་བཞིན།། རང་གི་ཕྱག་རྒྱ་ལེགས་པར་བསྟན།། དེ་ལྟར་བྱས་ན་རིག་སྔགས་དང་།། གསང་སྔགས་མཐུ་ཆེན་བྱིན་གྱིས་རློབ། ། རྫས་ནི་ཁ་ཅིག་རྣམ་བརྟགས་པ།། ལག་པའི་སྙིམ་པའི་ནང་དུ་གཞུག། ཁ་ཅིག་མཆོད་ཡོན་སྣོད་དུ་གཞུག། ཁ་ཅིག་བུམ་པའི་སྟེང་དུའོ།། གྲོག་མཁར་ས་ཡི་ཁམ་ཕོར་རམ། ། ཡང་ན་ལོ་མ་བཏིང་བར་བཞག། བསྒྲུབ་བྱ་སྟེགས་བུ་ལ་བཞག་པ།། གིའུ་ཝང་བསྐུས་པའི་སྣོད་བཅུག་སྟེ།། བཟླས་པའི་གནས་སུ་བཞག་ནས་སུ།། སུངས་ཀར་དག་གིས་མངོན་བསྲུངས་ཏེ། བློ་ཅན་ཆོ་ག་ཤེས་པ་ཡིས།། མེ་ཏོག་མ་ལི་ཡིས་མཆོད།། བསྟན་པར་བྱ་དང་བསྲུང་བ་དང་།། བྱིན་བསྐྱེད་པ་ནི་གང་བཤད་པ།། ཇི་ལྟར་རིགས་པར་རྫས་ལའོ།། མ་སྟོངས་པར་ནི་བྱ་བའི་རིགས།། ལྷ་དང་རྫས་ཀྱི་བར་དག་ཏུ། ། ཅི་ཡང་གཞག་པར་མི་བྱའོ།། རྫས་ཀྱི་གཡས་གཡོན་གཉིས་སུ་ནི།། སྲུང་བའི་རྒྱ་དང་ཡུངས་ཀར་གཞག། བདུག་སྤོས་མཆོད་ཡོན་གཏོར་མ་དང་།། ཞོ་དང་མར་གྱི་ལ་སོགས་དང་། བསྒྲུབ་བྱའི་རྫས་ནི་བཞག་ནས་ཀྱང་།། དཀྱིལ་འཁོར་ལྟ་བ་གཞག་པར་བྱ།། རྫས་ལ་མིག་གམ་ལག་པ་ཡིས།། བལྟ་འམ་ཡང་ན་བྲིམ་པར་བྱ།། གཡོ་བའི་ཡིད་ནི་མཉམ་བཞག་སྟེ།། བློ་དང་ལྡན་པས་ཤུབ་བུ་བཟླས། ། འདིར་ཡང་བྱིན་བསྐྱེད་ཆོ་ག་དག། སྔོན་ཞིང་སྐ་པས་སྐབས་དག་ཏུ་བྱ།། དེ་ཡི་མཚན་མོ་ཐོག་ཐག་ནི།། དེ་བཞིན་རྒྱུན་མི་འཆད་པར་བཟླས།། མཆོད་ཡོན་ལ་སོགས་ཆོ་ག་ཀུན།། དུས་གསུམ་དུ་ཡང་བྱ་བར་བཤད། ། འཐོར་འཐུང་ལ་སོགས་དགོས་པ་ལ།། དེ་ཚེ་རྗེས་སུ་སྒྲུབ་པ་བཞག། སྒྲུབ་པ་པོ་ནི་སྒྲུབ་པ་ན།། རྟག་ཏུ་ཉེ་བར་གནས་པར་བྱ།། སྒྲུབ་པ་པོ་བཞིན་ཆོ་ག་ཡི།། ལྷག་མ་སྒྲུབ་གྲོགས་མཆོག་གིས་བྱ། ། བགེགས་ཆེན་རྣམས་ན་ཟློས་པ་ལ།། རྗེས་སུ་སྒྲུབ་པ་དག་གིས་བྱ།། དེ་མ་ནུས་ན་བདག་ཉིད་ཀྱིས།། ཡུངས་ཀར་ལ་སོགས་བཟླས་པས་བྱ།། ཤར་ཕྱོགས་ནས་ནི་ཆར་ཆེན་འབབ། ། འཇིགས་སུ་རུང་བའི་འབྲུག་སྒྲ་སྒྲོག། མེ་ཡི་ཕྱོགས་སུ་བློ་བུར་དུ།། མཚམས་ཀྱི་སྣང་བ་ནམ་ལངས་བཞིན།། གཤིན་རྗེའི་ཕྱོགས་སུ་འོངས་པ་ནི།། འཆི་བདག་གཟུགས་ཅན་འཇིགས་འཇིགས་ལྟ། ། རལ་གྲི་ཐོགས་ཤིང་སྦ་ཆེན་འབྱིན།། སྣ་ཆད་ལོ་མ་མི་ཐོད་དུ།། མི་ཡི་ཁྲག་ནི་འཐུང་བར་བྱེད།། མགོ་སྤུ་གྱེན་དུ་བརྫེས་ཤིང་འབར།། བཅིན་རྒྱང་ཆར་བཞིན་འབབ་པ་ཡི།། སྲུང་བའི་ལས་རྣམས་འཇིགས་པར་བྱེད། ། བདེན་བྲལ་ཕྱོགས་ནས་སེམས་ཅན་མང་།། འཇིག་པའི་གཟུགས་ཅན་ཐ་དད་པའོ།། ཆུ་ལྷའི་ཕྱོགས་ནས་ལྷ་ཡི་བདག། སྤྲིན་དང་བཅས་པར་འབྲུག་སྦ་སྒྲོག། རླུང་གི་ཕྱོགས་ནས་ཚུབ་ཆེན་འབྱུང་། ། གནོད་སྦྱིན་ཕོ་མོ་བྱང་ཕྱོགས་ནས།། དབང་ལྡན་ཕྱོགས་ནས་ཚོགས་ཀྱི་གཟུགས།། སྟེང་ནས་མཐུ་ཆེན་ལྷ་རྣམས་འབྱུང་།། འོག་ནས་ས་འགས་གཡོ་བར་བྱེད།། རྫས་ཀྱི་དངོས་གྲུབ་ཆེན་པོ་ལ། དེ་ལ་སོགས་པ་བགེགས་ཀྱི་རྣམས།། ནམ་གྱི་བྱེད་ན་འབྱུང་བར་འགྱུར།། དངོས་གྲུབ་ཆེན་པོ་རྣམས་ལ་ནི།། བགེགས་ཀྱང་ཆེན་པོ་ཉིད་དུ་འགྱུར།། ཕལ་ལ་རྗེས་སུ་མཐུན་པ་ཡི།། བགེགས་ནི་རྣམ་པ་སྣ་ཚོགས་འབྱུང་། ། དུས་གསུམ་དག་གི་དངོས་གྲུབ་ནི།། ཐ་མ་འབྲིང་དང་རབ་ཏུ་བཤད།། དུས་བཞིན་བྱུང་ན་རབ་ཏུ་ཤིས།། དེ་ལ་ཟློས་པ་མི་ཤིས་སོ།། དྲོ་དང་དུད་འཕྲུལ་འབར་བ་དག། འགྲུབ་པའི་མཚན་མར་བསྟན་པ་ཡིན། ། འབར་བ་ལས་ནི་གསུམ་ཆར་བཤད།། དུ་བ་ལ་ནི་རིམ་བཞིན་གཉིས།། དྲོད་ནས་དངོས་གྲུབ་གཅིག་པུ་སྟེ།། དེ་ནི་ཐ་མ་ཡིན་པར་བཤད།། ཁ་ཅིག་གསང་སྔགས་མཐུན་པ་ལས།། སྐུ་དུ་འབབ་པར་གྱུར་པ་འམ། ། གལ་ཏེ་སྒྲུབ་ཚེ་ཐོག་མར་ནི།། དངོས་གྲུབ་ཁ་ཅིག་འོད་བྱུང་ནས།། དེ་ཚེ་རང་རིགས་རིག་སྔགས་ཀྱིས།། དངོས་གྲུབ་མནན་པ་བརྩམ་པར་བྱ།། མིས་ནི་རིག་སྔགས་རྒྱལ་བ་ཡི།། སྙིང་པོ་བ་ཡི་གིའུ་ཝང་ངམ།། ལག་པས་བྲིམས་ན་དངོས་གྲུབ་ནི།། མནན་པར་འགྱུར་ཞིང་བསྟན་པར་འགྱུར།། མར་རམ་ཡང་ན་མེ་ཏོག་གམ།། རྫས་ཀྱི་རིགས་ལ་བཟླས་ཀྱང་རུང་།། དེ་ལྟར་མནན་ན་རྫས་རྣམས་ནི། ། སྤྱད་ན་ཡོན་ཏན་ཐོབ་པར་འགྱུར།། དང་པོར་གྲུབ་པར་གྱུར་ན་ནི།། ཐོག་མར་གནས་པར་བྱས་ནས་སུ།། དེ་ནས་མཚན་མོའི་ལྷག་མ་ལ།། བློ་ཅན་བཟླས་བརྗོད་ཅི་འདོད་བྱ།། དངོས་གྲུབ་འབྲིང་པོ་དག་ལ་ཡང་ཆོ་ག་དེ་བཞིན་བྱ་བར་བཤད། ། ནམ་ཕྱེ་དག་ན་གྲུབ་པ་ནི།། སྤྱད་པའང་དེ་ཡི་དུས་སུ་བཤད།། དང་པོ་པ་ནི་སྲོད་ལ་སྟེ།། འབྲིང་པོ་དག་ནི་ནམ་ཕྱེད་ན།། དངོས་གྲུབ་རབ་དག་སྤྱད་པ་ནི།། སྐྱ་རེངས་འཆར་ཀའི་དུས་སུའོ། ། དང་པོ་པ་ནི་ནང་པར་ཏེ།། ལྷག་མ་གཉིས་ལ་ངེས་པ་མེད།། འབྲིང་པོ་མཚན་མོ་སྤྱད་བྱ་བ།། ནང་པར་སྤྱད་པར་མི་བྱའོ།། དངོས་གྲུབ་ཐ་མར་གྱུར་པ་དག། ནང་པར་སྤྱད་པར་དགག་པ་མེད། དུས་ལས་འདས་པའི་ངེས་པ་འམ།། རིམ་པ་གཞན་ཡང་མི་ཤེས་སོ།། གང་ཞིག་ནང་པར་མི་སྤྱད་ལ།། གལ་ཏེ་གནས་པའང་མ་བྱས་ན།། དེ་ནི་དམན་མ་བཞིན་བོར་བ།། སྤྱད་ཟིན་པ་ཞེས་བྱ་བར་འགྱུར།། བསྒྲུབ་པས་བསྐུལ་བའི་རྫས་དག་ལ།། གསང་སྔགས་གཟི་བརྗིད་ཀུན་ཞུགས་པ།། དུས་ལ་འདས་པའི་ཉེས་པ་ཡིས།། ཕལ་ཆེར་ཡོངས་སུ་སྤོང་བར་འགྱུར།། མནན་པ་དག་ནི་ཕྱི་ནས་ཡང་། ། གྲུབ་ཀྱི་བར་དུ་རུང་བར་འགྱུར།། མནན་ཏེ་བཞག་པའི་རྫས་དག་ནི།། ཇི་ལྟར་འདོད་པ་སྤྱད་པར་བྱ།། གལ་ཏེ་གྲུབ་པའི་རྫས་དག་ནི།། ནམ་ཡང་སྤྱད་པར་མ་བྱས་ན།། དེ་ལས་གཞན་པའི་དུས་འཚམས་ལ། ། བཟླས་པ་ཡང་བྱས་སྤྱད་པར་བྱ།། མ་གྲུབ་པ་ཡི་རྫས་དག་ལ།། ཆོ་ག་དེ་ཉིད་རབ་ཏུ་བསྒྲགས།། དུས་ཚིགས་དུས་ཚིགས་དག་ལ་ཡང་།། བྱིན་བསྐྱེད་ལ་སོགས་ཆོ་གས་སྒྲུབ།། ལོ་གསུམ་གྱིས་ནི་གང་མ་གྲུབ། ། དེ་ནི་ནམས་ཀྱང་མི་འགྲུབ་བོ།། མཆོག་ཏུ་གྱུར་པའི་རྫས་རྣམས་ལ།། ཆོ་ག་འདི་ནི་ཡོངས་སུ་བསྒྲགས།། ཟླ་བ་དྲུག་གིས་འབྲིང་པོ་རྣམས།། དངོས་གྲུབ་ཉེ་བར་ཐོབ་པར་འགྱུར། དྲུང་ངུ་རྣམས་ལ་དུས་དག་ནི།། གང་ཡང་ངེས་པ་མེད་པར་བཤད།། རི་མོ་ཡི་ནི་ལྷ་རྣམས་ལའང་།། ཆོ་ག་འདི་ཉིད་བཤད་པ་ཡིན།། ཡོངས་སུ་གཟུང་བ་ལ་སོགས་པའི།། ཆོ་གའང་དེ་ལས་གཞན་པའང་བྱ། རྫས་སྒྲུབ་པའི་ཆོ་ག་རིམ་པར་ཕྱེ་བའོ།། ། སེམས་ཅན་སྣང་དང་མི་སྣང་ལས།། གྲུབ་པའི་རྫས་མ་གྲུབ་པའི་ཚེ།། གལ་ཏེ་ཕྲོགས་པར་གྱུར་ནས་ནི།། དཀྱིལ་འཁོར་འདིར་ནི་བྲི་བར་བྱ། ཆོས་གྲངས་མི་དགོས་རྒྱུ་སྐར་མིན།། སྦྱང་བར་བྱ་བའང་མེད་པར་གསུངས།། མཆོག་ཏུ་འགྲོ་བ་ལ་གནས་ཏེ།། མོད་ལ་དུར་ཁྲོད་ཐལ་བ་ཡིས།། ཐུབ་གསུམ་ནུབ་ཏུ་སྒོ་བཏོད་པའི།། དཀྱིལ་འཁོར་འདི་ནི་རྨི་བར་བྱ། ། དེ་ལྟར་བྲིས་ནས་ཕྱི་རོལ་སྒོར།། སྒྲུབ་པའི་རིག་སྔགས་གཞག་པར་བྱ།། དེ་ནས་ཤར་དུ་བཅོམ་ལྡན་འདས།། ལེགས་པར་འགྲུབ་བྱེད་ཅེས་བྱ་བ།། དྲག་པོ་གནོད་སྦྱིན་སྡེ་དཔོན་ནི།། མཐུ་ཆེན་རིག་སྔས་རྒྱལ་པོ་དང་། ། རྡོ་རྗེ་ཁྲོ་བོ་རྡོ་རྗེ་དབྱུག། རྡོ་རྗེ་ཁུ་ཚུར་ལྕགས་ཀྱུ་མ།། རྡོ་རྗེ་ཀི་ལི་འཇིགས་བྱེད་གཟུགས།། སེར་སྐྱ་དང་ནི་ཐོག་ཐོག་གཟུགས།། ལུག་རྒྱུད་རྣམ་རྒྱལ་ནག་པོ་དང་།། དེ་བཞིན་སྐོར་ནི་དགའ་བྱེད་དགོད། ། རྡོ་རྗེ་སྡེ་དང་དཔུང་བཟང་ནང་།། ཁྲོ་བོ་ཆེན་པོར་གྲགས་པ་རྣམས།། དེ་དག་རིམ་བཞིན་བཀོད་ནས་སུ།། མཁས་པས་མཆོད་པའི་ཆོ་ག་བཞིན།། མེ་ཏོག་དམར་ལ་སོགས་པས་མཆོད།། གཏོར་མ་ཁྲག་དང་བཅས་པར་གསུངས། ། དྲག་ཤུལ་སྤྱོད་པའི་ཆོ་ག་འདི།། སྔོན་དུ་བསྟན་པ་ཀུན་ཀྱང་བྱ།། མཁས་པ་རང་གི་རིག་སྔགས་ལྷ།། སྒོ་ཁར་མངོན་དུ་ཕྱོགས་བཞག་ལ།། དྲི་ཞིམ་མེ་ཏོག་དག་གིས་ཀྱང་། ། ཆོ་ག་བཞིན་དུ་མཆོད་པར་བྱ།། ཕྱི་རོལ་དཀྱིལ་འཁོར་ཅི་དགའ་བར།། དེ་དང་རྗེས་སུ་མཐུན་བྱ་སྟེ།། ལྷ་ནི་དྲག་པོ་གང་འདོད་པ།། མཆོད་པ་དག་ལ་སོགས་པ་བྱ།། སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི། ། དྲག་ཤུལ་སྤྱོད་པའི་ལས་ཀྱི་ཐབ།། གྲུ་གསུམ་ཁ་རན་ཅན་བྱས་ཏེ།། སྦྱིན་སྲེག་ལས་ནི་བརྩམ་པར་བྱ།། མེ་འབར་ཡམ་ཤིང་སེང་ལྡེང་ངོ་།། ནིམ་པའམ་དུར་ཁྲོད་ནས་སྐྱེས་པ།། རང་གི་ཁྲག་ལས་བསྟེགས་པ་དང་། ། དུར་ཁྲོད་ཐལ་བ་གསར་པ་འམ།། དུག་ཁྲག་ཡུངས་ཀར་བསྲེས་པ་དང་།། དེ་ནས་སྐེ་ཚེ་སྲེག་བླུགས་དབུལ།། རྫས་འཕྲོག་པ་ཡི་ཕྱིར་བསྔོས་ཏེ།། གཟུགས་བརྙན་སྟེང་དུ་གནས་པ་འམ། ། ཡང་ན་གཟུགས་བརྙན་གཏུབ་གཏུབ་ཅིང་།། མཇུག་ཏུ་སྦྱིན་སྲེག་དག་ཀྱང་བྱ།། རྣོ་ཟར་ཆོག་ཤེས་པ་ཡིས།། ཆོ་ག་འདི་ནི་བྱ་བར་གསུངས།། གསང་སྔགས་ཟློས་པས་སྐྲག་གྱུར་ནས། ། རྫས་འཕྲོག་པ་ནི་རིངས་པར་ཡང་།། ཕྲོག་པའི་རྫས་ནི་ཁྱེར་ནས་སུ།། མངོན་དུ་འོངས་ཏེ་སྦྱིན་པར་བྱེད།། བྱེད་ན་དེ་ལ་མི་འཇིགས་སྦྱིན།། ཞི་བ་ཅི་དགར་རབ་ཏུ་བྱ།། གལ་ཏེ་ཞི་བ་མ་བྱས་ན། ། དེ་ཚེ་མོད་ལ་འཆི་བར་འགྱུར།། ཡང་ན་མི་སྣང་བ་ཡི་རྣམས།། དཀྱིལ་འཁོར་སྐོར་ནི་རྫས་ཀྱང་འཇོག། ལངས་ན་ཟློས་པར་འདོད་པའི་རྣམས།། རྫས་དག་ལྷག་པར་སྟེར་བར་འགྱུར།། རྫས་འཕྲོག་པའི་མོད་ལ་དགུག་པའི་ཆོ་ག་རིམ་པར་ཕྱེ་བའོ། ། ། རྫས་ཕྲོགས་ནས་ནི་རིང་ལོན་ནས།། དཀྱིལ་འཁོར་འདིར་ནི་བྲི་བར་བྱ།། རིགས་གསུམ་རྣམས་ཀྱི་སྤྱི་ཡིན་ཏེ།། དངོས་གྲུབ་ཕྱིར་ནི་ལས་ཀུན་བྱེད། ། ཐམས་ཅད་དུ་ཡང་རིག་སྔགས་རྒྱལ།། ལེགས་པར་གྲུབ་བྱེད་ཅེས་བྱ་བ།། སྙིང་པོའི་དཀྱིལ་འཁོར་དབུས་སུ་ནི།། ཕྱག་རྒྱ་བྲིས་ཏེ་དགོད་པར་བྱ།། རྡོ་རྗེ་ཁྲོ་བོ་ཁྲི་ཆེན་དང་།། མཱ་མ་ཀཱི་དང་ལྕགས་ཀྱུ་མ། ། རྡོ་རྗེ་ཁུ་ཚུར་རྡོ་རྗེའི་ཏོག། རྡོ་རྗེ་དབྱུག་པ་ཐོ་བ་དང་།། འཇིགས་བྱེད་ལུག་རྒྱུད་ཀི་ལི་དང་།། རྡོ་རྗེ་བློ་གྲོས་མི་ཐུབ་མ།། གསང་སྔགས་ཁྲོ་བོ་ཕོ་ཉ་མོ།། མང་བྱུང་ཕ་རོལ་གནོན་གང་དང་།། འདོད་པ་འབྱོར་བྱེད་རྟ་མགྲིན་དང་། ། ཕྱག་ན་ཞལ་རས་ཕལ་ཆེན་དང་།། བཅོམ་ལྡན་སྣ་ཚོགས་གཟུགས་ཅན་དག། སྙིང་པོའི་དཀྱིལ་འཁོར་དག་ཏུ་དགོད།། གྲགས་ལྡན་མ་དང་དཔལ་མོ་ཆེ།། དཀར་མོ་དང་ནི་གོས་དཀར་ཅན། སྒྲོལ་མ་ཟླ་བ་དཔལ་མོ་དང་།། རྨད་བྱུང་ཕ་རོལ་གནོན་རྣམས་དང་།། འཁོར་ལོས་སྒྱུར་སོགས་གཙུག་ཏོར་དང་།། མཛོད་སྤུ་དང་ནི་བདེ་གཤེགས་སྤྱན།། མཆེ་བ་མདུང་ཐུང་བྱམས་མཆེ།། རྨད་བྱུང་ཕ་རོལ་གནོན་གང་དང་། ། གཞན་གྱིས་མི་ཐུབ་ལ་སོགས་པ།། རིགས་ཀྱི་རིག་སྔགས་བསྟན་པ་དང་།། ལས་ཀུན་བྱེད་པའི་གསང་སྔགས་དང་།། ཕྱག་རྒྱ་ཆེན་པོར་གྲགས་པ་དང་།། ཕྱི་རོལ་སྲུང་བའི་སྒོ་བ་དང་།། ཆོ་གར་གཏོགས་པ་གང་ཡིན་པའི། ། སོ་སོའི་རིགས་ཀྱི་མངག་གཞུག་པ།། བརྩོན་འགྲུས་ཆེན་པོ་དགོད་པར་བྱ།། ཕྱི་རོལ་འཇིག་རྟེན་སྐྱོང་བ་དང་།། ཚངས་པ་མེས་པོ་ཆེན་པོ་དང་།། དབང་ཕྱུག་ཆེན་པོ་ཆུང་མར་བཅས།། ཚོགས་སྤྱན་ཚོགས་དང་ལྷན་ཅིག་ཏུ། ། མ་མོ་རྣམས་དང་ཀླུ་བདུན་དང་།། དེ་བཞིན་ལྷ་མིན་བདག་པོ་དང་།། བསྟན་པ་ལ་ནི་གང་དགའ་བ།། རྨད་བྱུང་ཕ་རོལ་གནོན་གང་དང་།། དཀྱིལ་འཁོར་སྔ་མར་གསུངས་པ་ཡི།། ལྷ་ནི་གང་དང་གང་ཡིན་དང་།། གསང་སྔགས་ཆོ་གར་གང་བསྟན་པ།། དེ་ཀུན་ཕྱི་རོལ་མཆོད་པར་གསུངས།། དེ་ནས་དེ་ཡི་འོག་ཏུ་ནི།། ཆོ་ག་སྔོན་བཞིན་མེ་སྦར་ཏེ།། རྫས་འཕྲོག་གཟུགས་བརྙན་སྨྲ་ཚིལ་ལས། ། བྱས་ཏེ་སློབ་མའི་སྟེང་བཞག་ནས།། སྦྱིན་སྲེག་ཆོ་ག་བྱ་བར་གསུངས།། དེར་ནི་གློར་ཡང་བཞག་ནས་སུ།། མཚོན་ཆ་ཡིས་ནི་གཏུབ་གཏུབ་ཅིང་།། མཇུག་ཏུ་ཚུལ་བཞིན་བསྲེག་པར་བྱ། སྔོན་བཞིན་མཆོད་པའི་ཆོ་ག་དང་།། གཏོར་མ་ཡི་ནི་ལས་ཀྱང་བསྒྲགས།། ཕྱག་ན་རྡོ་རྗེའི་རིགས་དེ་ཡི།། ཆོ་ག་ཀུན་གྱི་དྲག་ཤུལ་སྤྱད།། དེ་བཞིན་རང་གི་རིག་སྔགས་ཀྱིས།། ཆོ་ག་དྲག་ཤུལ་བྱ་བར་གསུངས་ཉི་ཤུ་བརྒྱད་ལ་མ་ཐོབ་མ། ། རྫས་ཕྱིར་དགུ་ལ་དྲག་ཤུལ་སྤྱོད།། མར་གྱི་ངོ་ཡི་ཆེས་ལྔ་ལ།། ཆོ་ག་བྱས་པ་དེ་མཆོག་གོ། ལྷུང་ལྕག་གིས་ནི་དགྲ་གཞུ་ཞིང་།། དེ་བཞིན་མེས་ཀྱང་གདུང་བར་བྱ། ། སྣ་ཚོགས་ཚིག་གིས་བརྒྱན་པ་དང་།། མདའ་ཡི་ཚེར་མརྣོན་ཐོས་དབུག། སྐེ་ཚེ་ལན་ཚྭས་བྱུགས་ནས་སུ།། ཅི་དགའ་བར་ནི་ཡན་ལག་གཏུབ།། དགུ་བོ་ལོ་ནི་ཆེར་ཁྲོས་པ།། ཇི་ལྟར་འདོད་པས་ཆད་པས་བཅད་། ། ར་ད་དམར་པོས་དཀྲིས་ནས་སུ།། སྐུད་པ་དམར་པོས་བཅིང་བར་བྱ།། མེ་ཏོག་དམར་པོས་མཆོད་བྱ་ཞིང་།། ཇི་སྲིད་འདུག་གི་བར་དུ་བལྟ།། རྫས་ཀྱི་ཕྱིར་ནི་བསྐུལ་བྱ་ཞིང་།། ཉིན་གཅིག་གཞིན་དུགཞུ་པར་བྱ། ། གལ་ཏེ་དེས་ནི་དེ་བྱིན་ནོ།། དེ་ཚེ་ཆད་པས་གཅད་པ་བཤོལ།། རྫས་ནི་བསྟན་པ་འདི་དག་གིས།། ནམ་གྱི་ཕྱེད་ན་སྦྱིན་སྲེག་བྱ།། ཀོ་བི་ད་རཱི་ཡམ་སྲེག་ཤིང་།། འབྲུ་མར་བསྟེགས་པ་མེ་ལ་སྲེག། རང་གི་ཁྲག་དང་དུག་དང་བཅས།། ཡུངས་ཀར་ལན་ཚར་བཅས་པ་དང་།། སྐེ་ཚེ་དེ་ལ་བསྟེགས་པ་ཡི།། སྦྱིན་སྲེག་བརྒྱ་ནི་རྩ་བརྒྱད་བྱ།། རྫས་འཕྲོག་པ་ཡི་མིང་དང་ནི།། རང་བཞིན་དག་ནི་སྨོས་ནས་སུ། ། ཁྲག་དང་སྦྱར་བའི་ལན་ཚྭ་ཡིས།། ལྷག་པར་སྦྱིན་སྲེག་བྱ་བར་གསུངས།། གལ་ཏེ་རྫས་ནི་མ་སྦྱར་ན།། བདག་ཉིད་ངན་པ་འདིར་བརྟག་ཅིང་།། དེ་ཚེ་འཆི་བར་གྱུར་པའི་ལས། མ་ལུས་པས་ནི་སྦྱིན་སྲེག་བྱ།། གང་ཚེ་རྫས་ནི་སྦྱིན་གྱུར་ཏམ།། ཡང་ན་སྦྱིན་པ་གཞན་ཡང་རུང་།། སྒྲུབ་པ་པོ་ལ་ཆགས་བྱེད་ན།། དེ་ཚེ་མཁས་པས་ཞི་བར་བྱ།། གལ་ཏེ་ཆུང་ནི་གསན་པའམ། བག་མེད་པས་ནི་སྤྱད་གྱུར་ན།། དེ་ཚེ་སྐྲག་པས་དེ་ལ་ནི།། སྒྲུབ་པས་མྱུར་དུ་དང་བར་གྱིས།། འཕགས་པ་རྡོ་རྗེ་རྣམ་འཇོམས་སམ།། མྱུར་དུ་ཁྲོ་བོ་ཆེ་པོའམ།། ཡང་ན་མནོལ་བ་མེད་པ་ཡིས།། སྦྱིན་སྲེག་ལས་ཐར་མྱུར་དུ་བསྐུལ།། མཁས་པས་རིགས་གསུམ་དག་གིས་ཀྱང་།། ཕྲོགས་པ་སླར་ནི་དགུག་པའི་ཕྱིར།། དཀྱིལ་འཁོར་དག་གི་ཆོ་ག་བཞིན།། གསང་སྔགས་འདི་ནི་བསྔོན་བཞིན་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱདྷརཱར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། དཱ་ར་ཡ་བི་དྷ་ར་ཡ་བཛྲ། ཙྪིནྡཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུ~ཾ་ཕཊ། ཟློས་པས་གལ་ཏེ་རྫས་རྙེད་དམ།། ཡང་ན་གཞན་དག་ཐུབ་ཀྱང་རུང་།། དེ་ནི་སྔོན་ནས་དུས་འཚམས་ལ། བསྲུང་བར་བྱེ་སྟེ་སྦྱར་བར་བྱ།། གཞན་ཡང་དངོས་གྲུབ་འབྱིང་དག་།། ཐམ་ཅུང་བདེ་ཙམ་ལ་ཡང་།། ཆོ་ག་ཤེས་པས་ཅི་རིགས་པར།། དེ་ཡི་མོད་ལ་སྦྱར་བར་གསུངས།། བཅོམ་ལྡན་འདས་ཀྱིས་སྐལ་དུ། ། རྫས་ཀྱི་ཆ་གཅིག་ཐོག་མར་དབུལ།། བློ་དང་ལྡན་པས་བླ་མ་ལ།། ཕྱག་བྱས་ནས་ནི་གཉིས་པ་དབུལ།། གསུམ་པ་སྔར་གྲུབ་པ་རྣམས་ལ།། དཀྱིལ་འཁོར་ཕྱི་རོལ་དག་ཏུ་དབུལ། བཞི་པ་གྲོགས་པོ་རྣམས་ལ་སྦྱིན།། ལྔ་པ་བདག་ཉིད་སྤྱད་པར་བྱ།། དེ་ལའང་སྐལ་བ་ཕྱེ་ཕྱེད་དུ།། བགོས་ནས་བདག་གིས་ཕྱེད་བསྐུར་བ།། བརྟག་པར་བྱ་བའི་རྗེས་རྣམས་ལ།། ཆོ་ག་འདི་དག་བཤད་པ་ཡིན། ། བཅོམ་ལྡན་སྐུ་སྐལ་བདག་ཉིད་ཀྱིས།། མཆོད་ཡོན་ཕུལ་ནས་བསྐུལ་བར་བྱ།། སངས་རྒྱས་རྣམས་ལ་ཟླ་བའི་ཕྱིར།། མཆོད་པའི་ཆོ་ག་ལ་སོགས་བཤད། ། བླ་ན་མེད་པར་གྱུར་ན་ནི།། བླ་མའི་སྐལ་བ་བདག་གིས་བླང་།། དེ་ལ་ལྷག་པར་གུས་བྱ་བ།། དེ་ནི་དེ་ཡི་བླུ་བ་ཡིན།། སྒྲུབ་པ་པོ་ཡིས་ཕྱི་རོལ་དུ།། མཆོད་ཡོན་དབུལ་ཞིང་གྲུབ་པ་ཁྱེད་ཉིད་ཀྱིས་རྫས་སྐལ་འདི་བཞེས་ལ། ། ཚིག་ནི་ལན་གསུམ་བསྒྲགས་པར་བྱ།། སྔགས་གྲུབ་པ་རྣམས་མེད་ན་ནི།། དེ་ཡི་སྐལ་བས་སྔགས་ཟློས་པས།། དོགས་པ་མེད་པའི་སེམས་ཀྱིས་ནི།། གྲོགས་པོ་རྣམས་ལ་སྦྱིན་པར་བྱ། ། གསང་སྔགས་ཟློས་པའི་གྲོགས་རྣམས་ནི།། གུས་ཤིང་རྟག་པར་དོན་དུ་ཉེར།། དཀའ་ཐུབ་དག་དང་གྲོགས་བྱེད་པས།། ཐོག་མ་ཉིད་ནས་གྲུབ་པ་ཡིན།། དེ་བས་དེ་ཡིས་སྦྱིན་པ་ནི། ། རྫས་ནི་བླང་བར་འོས་པས་ན།། བདག་ཅག་སྔོན་ནས་གྲུབ་པ་ཞེས།། མཐུན་པར་སྨྲ་ཞིང་བླང་བར་བྱ།། གྲུབ་པའི་རྫས་རྣམས་དེ་ལྟ་བུར།། བགོ་བར་རབ་ཏུ་བསྒྲགས་པས་ན།། བདག་རང་ཉིད་ཀྱི་དེ་རྣམས་ལ། ། རྫས་ནི་རྣམ་པར་བགོ་བར་བྱ།། སྒྲུབ་པའི་རྫས་རྣམས་ཁ་ཅིག་ནི།། ཙི་རན་ཙམ་དུ་བགོས་ཏེ་དཔེར།། ཨཉྫན་ནི་ཐམས་ཅད་དང་།། གིའུ་ཝང་ལ་སོགས་བཞིན་དུ་བཤད། ཆོ་ག་ཤེས་པས་ལ་ལ་ནི། ། ཡིད་ཀྱི་བགོས་པ་བྱས་ཏེ་དཔེར།། རལ་གྲི་ལ་སོགས་མཐོང་བ་བཞིན།། དེ་ལ་ཕན་གདགས་བསམ་པར་བྱ།། གྲུབ་པའི་རྫས་རྣམས་ཁ་ཅིག་ནི།། གཅིག་པུས་སྤྱད་པར་བྱས་ཏེ་དཔེར་རས་ལ་སོགས་པ་མཐོང་བ་བཞིན། ། དེ་ལ་ཕན་བཏགས་བསམ་པར་བྱ།། གྲུབ་པའི་རྫས་ཀྱི་བྱེ་བྲག་ལས།། ཁ་ཅིག་མཉམ་པར་བགོས་ཏེ་དཔེར།། རིལ་བུ་ལ་སོགས་མཐོང་བ་བཞིན།། དེ་ལ་ཕྱེད་དུ་བགོ་བ་མེད། ། རྫས་རྣམས་ལ་ནི་ཕལ་ཆེར་ཡང་།། གཅིག་པུས་མང་དུ་བསྐུར་བར་གསུངས།། བསྐལ་པར་ནོར་རམ་མན་ངག་བསྟན།། རྒྱུད་ལས་གསུངས་པས་ཡིད་ཆེས་བྱ།། འདི་དག་ཁྱོད་ཀྱིས་བྱོས་ཤིག་ཅེའམ། ། བདག་གི་ནོར་འདི་ཁྱོད་ཀྱིའོ་ཞེས།། བཟླས་བརྗོད་བྱེད་པས་གྲོགས་པོ་ལ།། བསྒོ་བ་དག་ནི་དེ་ལྟར་བྱ།། གྲུབ་པར་གྱུར་ན་ཆོ་ག་བཞིན།། མཁས་པ་དག་གིས་ཕན་འདོགས་པ།། བདག་ཉིད་ཀྱིས་ནི་ཅིག་རིགས་པར། ། གང་ཡང་རུང་བས་རབ་ཏུ་བྱ།། དངོས་གྲུབ་རྣམ་པ་མང་པོ་དག། གྲུབ་པ་རྣམ་པར་བགྲོ་བ་ནི།། བྱེ་བྲག་ཏུ་ནི་བདག་ཉིད་ཀྱིས།། དྲི་མེད་བློ་ཡིས་ཤེས་པར་བྱ།། སྐལ་བ་དབང་བ་མཆོག་གནས་སུ། ། ཟློས་པས་གསོལ་པ་གདབ་པར་བྱ།། བཀའ་ལུང་གྲུབ་པར་ཤེས་པར་བྱ།། དེ་ཡི་འོག་ཏུ་བགོ་བར་གསུངས།། དེ་ལྟར་ཀུན་ལ་ཅི་རིགས་པར།། ལེགས་པར་བགོ་བར་བྱ་བར་གསུངས། ། དངོས་གྲུབ་དག་ནི་ཕལ་ལ་ཡང་།། མདོར་ན་ཆོ་ག་དེ་བཞིན་བྱ།། གུས་ཤིང་ནོར་དང་མཆོད་པ་བྱ།། བཀའ་བཞིན་བྱེད་པར་ཕན་འདོག་པས།། རྫས་གྲུབ་བླ་མའི་སྐལ་ལ་སོགས་བྲུ་བ་དག་ནི་དེ་ལྟར་བཤད། ། རང་གི་མཆོད་ཡོན་ཕུལ་ནས་སུ།། རྫས་རྣམས་ལུང་བཞིན་ལེགས་པར་བགོ།། རིག་སྔགས་རྒྱལ་ལ་ཕྱག་བྱས་ནས།། རིག་རྒྱལ་མོ་ལའང་གུས་བྱས་ཏེ།། བློ་ཡིས་གསང་སྔགས་ལྷ་རྣམས་ལ། ། གུས་པར་བསམ་ཏེ་སྤྱད་པར་བྱ།། བློ་ཅན་གྲུབ་ནས་ནམ་མཁའ་ལ།། ཅི་འདེ་བར་ནི་འགྲོ་བར་བྱ།། འོན་ཏམ་གྲུབ་པ་རྣམས་དང་ནི།། ལྷན་ཅིག་འདུག་ཀྱང་ཅིས་མི་ཚུགས། ། རྟག་ཏུ་རང་གི་ལྷ་ཉིད་ནི།། ཡིད་ལ་ཡོངས་སུ་བཟླས་པ་དང་།། བདག་གི་གྲུབ་པའི་རྫས་རྣམས་ལ།། རྟག་ཏུ་ལྟ་ཞིང་དྲན་བྱས་ན།། ཕ་རོལ་གནོད་པ་བྱེད་པ་ནི།། སྣང་བ་རྣམས་ཀྱིས་ཡོངས་མི་ཚུགས།། མཁས་པས་རིག་སྔགས་བརྒྱ་བཟླས་ན།། གྲུབ་པ་རྣམས་ཀྱིས་མཆོད་པར་འགྱུར།། རིགས་ཀྱི་རིགས་སྔགས་བཟླས་ན་ནི།། སྒྲུབ་པོ་འཇིགས་པ་ཀུན་ལས་ཐར། ། གཅིག་ལ་གཅིག་ནི་མཐོང་བ་ན།། མཁས་པས་ལེགས་པར་སྨྲ་བར་བྱ།། ལེགས་པར་འོངས་སམ་བདེ་འམ་ཞེས།། མཐོང་ནས་དང་པོར་མངོན་པར་བརྗོད།། དམ་ཚིགས་རིགས་ཀྱི་ཕྱ་རྒྱ་དང་། ། གྲུབ་པའི་རྫས་ཀྱང་བསྟན་པར་བྱ།། གང་ནས་འོངས་ཞེས་ཟེར་ན་ཡང་།། དྲིས་པའི་ལན་ཡང་གདབ་པར་བྱ།། ལྷ་ཡི་གནས་ནི་ཐམས་ཅད་དང་།། ཤིང་གཅིག་ལམ་གྱི་བཞི་མདོ་དང་། དཀའ་ཐུབ་གནས་དང་བྱིན་ཅན་དང་།། མཆོད་སྦྱིན་པ་དང་བྲམ་ཟེའི་གནས།། མུ་སྟེགས་ལ་སོགས་གྲུབ་པ་དང་།། ནམ་ཡང་འདའ་བར་མི་བྱའོ།། ང་རྒྱལ་གྱིས་ནི་འདས་གྱུར་མ།། འཁྲུགས་ནས་མོད་ལ་ལྟུང་བར་འགྱུར། ། བག་མེད་དམ་ཚིག་ཉམས་པ་ཡིས།། ལྟུང་ངམ་ལྟུང་བར་གྱུར་ཀྱང་རུང་།། རིག་རྒྱལ་ཉིད་ཀྱིས་བཟླས་ན་ནི།། དེ་ནས་མོད་ལ་སྡང་བར་འགྱུར།། ནམ་མཁའ་གཟུང་མེད་པ་ལ་ཡང་། ། རབ་ཏུ་གྲུབ་པ་ལྷ་མི་ཅན།། རང་གི་ལས་རྣམས་རིགས་འགྱུར་ཏེ།། རྣལ་འབྱོར་ཅན་རྣམས་འགྲོ་བ་བཞིན།། དེ་བས་སྔོན་ཆད་སྤྲུལ་པ་ཡིན།། ལམ་ནས་འགྲོ་དང་འོང་བར་འགྱུར། ། བསོད་ནམས་དབང་གི་གནས་ཀྱི་ཕྱིར།། ཁྱིམ་ཡང་ཇི་ལྟར་འདོད་པ་འགྱུར།། ཀུན་ནས་ལྗོན་ཤིང་མང་པོས་བརྒྱན།། སྣ་ཚོགས་བྱ་རྣམས་འཕུར་ཞིང་ལྡིང་།། ལྷ་ཡི་བུ་མོ་གྱུར་པ་ཡི།། རྒྱན་གྱི་སྒྲ་ནི་སིལ་ཁྲོལ་ཅན།། དེ་ཡི་གླུ་གར་སིལ་སྙན་གྱིས།། མངོན་པར་དགའ་བའི་ཡོན་ཏནཱ་གསལ།། མེ་ཏོག་བཟང་པོ་གསུམ་གྱིས་ཁྱབ།། མར་མེའི་འོད་ནི་རབ་ཏུ་གསལ།། གང་དང་གང་དུ་ཀུན་བརྟགས་པ། ། དེར་ཡང་དཔག་བསམ་ལྗོན་ཤིང་ཆེ།། འདོད་པ་ཐམས་ཅད་འབྱོར་པ་ཡི།། རྨད་དུ་བྱུང་བའི་མཚན་ཉིད་འབྱུང་།། རིན་ཆེན་རྡོ་ལེབ་ངལ་བསོའི་ཕྱིར།། ནོར་བུའི་གཞི་ལས་འབབ་ཆུ་ཅན། ། ས་གཞི་ནེའུ་གསིང་གིས་བརྒྱན་པ།། ཐམས་ཅད་དུ་ཡང་མངོན་པར་འབྱུང་།། རྒྱན་རྣམས་དང་ནི་གོས་རྣམས་དང་།། རྩེད་མོ་རྣམས་ཀྱི་ཆ་བྱད་དང་།། བདུད་རྩི་ལ་སོགས་འབྲས་ལྡན་པའི།། དཔལ་གྱི་ཤིང་ཡང་དེ་ལས་འབྱུང་། ། དེ་ལྟར་གྲུབ་པར་འདོད་པ་རྣམས།། ཇི་ལྟར་འདོད་པ་ཐམས་ཅད་འགྲུབ།། གྲུབ་པར་གྱུར་ནས་དེ་ནས་ནི།། བསྲུང་བའི་ཕྱིར་ནི་འབད་པར་བྱ།། དབེན་པའི་སྐྱེད་མོས་ཚལ་དག་གམ། ། རི་རྣམས་ཀྱི་ནི་རྩེ་མོ་འམ།། རྒྱ་མཚོ་ཡི་ནི་གླིང་དག་གམ།། མཚོ་ཆེན་དག་གི་གླིང་མའང་རུང་།། རང་འཕྲུལ་སྤྲུལ་པ་ལས་བྱུང་བ།། གྲུབ་པར་དགའ་ཕྱིར་སྤྱོད་པར་བྱེད།། གྲུབ་པ་གཞན་དང་ལྷན་ཅིག་ཏུ། ། སྔོན་གྲུབ་པ་ཡི་གནས་སུའང་རུང་།། དེ་ལྟར་གྲུབ་པ་བྱས་ན་ཡང་།། གལ་ཏེ་གྲུབ་པར་མ་གྱུར་ན།། རྫས་དེ་བསྲུངས་ཏེ་གཞག་པ་འམ།། ཆོ་ག་བཞིན་དུ་གནས་པར་བྱ།། སྔོན་དུ་བསྙེན་པ་ཅི་ལས་གསུངས།། ལྷག་པར་ཡང་ནི་བྱས་ནས་སུ།། མཁས་པས་རྫས་དེ་སྔ་མ་བཞིན།། སླར་ཡང་བཟླས་ཏེ་བསྒྲུབ་པར་བྱ།། འོན་ཀྱང་གལ་ཏེ་རྫས་དེ་ནི།། བརྒྱལ་གྲུབ་པར་མ་གྱུར་ན།། བརྩོན་འགྲུས་བརྟན་པར་བསྐྱེད་ནས་ནི།། དེར་ནི་ཕྱིར་ཡང་བསྒྲུབ་པར་བྱ།། གལ་ཏེ་ལན་བདུན་བར་དུ་རྫས།། སྒྲུབ་སྟེ་འོན་ཀྱང་མ་གྲུབ་ན།། གང་གིས་ཆོ་ག་འདི་བྱས་པ།། དེས་ནི་ངེས་པར་འགྲུབ་པར་འགྱུར།། བསོད་སྙོམས་ཟས་ལ་ཟ་ཞིང་གནས།། སྒྲུབ་པོ་བཟླས་བརྗོད་བྱེད་ལ་བརྩོན།། སངས་རྒྱས་རྣམས་ལ་དང་བ་ཡིས།། མཆོད་རྟེན་ཆེ་ལ་ཕྱག་བྱའོ།། གུས་པར་ཤེས་རབ་ཕ་རོལ་ཕྱིན།། བདུན་ནམ་ཡང་ན་ལན་བརྒྱ་བཀླག། ཡང་ན་ཡོན་ནི་ཁྱད་པར་ཅན།། དགེ་འདུན་རྣམས་ལ་དབུལ་བར་བྱ།། རྒྱ་མཚོ་འབབ་པའི་གླིང་མ་འམ།། ཡང་ན་རྒྱ་མཚོའི་གླིང་མ་ལ།། མཆོད་རྟེན་དག་ནི་ཁྲུ་གང་བ།། མཁས་པས་གུས་པས་བརྒྱ་བྱས་ཏེ། ། རེ་རེའི་མདུན་ནས་འདུག་ནས་ནི།། བཟླས་བརྗོད་དག་ཀྱང་སྟོང་བྱས་ནས།། མཆོད་རྟེན་ཐ་མ་འབར་གྱུར་པ།། མཐོང་ནས་ངེས་པར་འགྲུབ་པར་འགྱུར།། མཚམས་མེད་ལྔ་ནི་བྱས་པས་ཀྱང་།། སྟོང་དག་ལེགས་པར་བྱས་ནས་ནི།། མཆོད་རྟེན་ངེས་པར་འབར་འགྱུར་ཞིང་།། གདོན་མི་ཟ་བར་འགྲུབ་པར་འགྱུར།། ཀུན་ལའང་བྱེ་བར་བཟླས་ན་ནི།། ངེས་པར་འགྲུབ་པར་རྣམ་པར་བསྟན།། ཉེས་པ་ཆེན་པོ་བྱས་པ་ཡང་། ། ལོ་བཅུ་གཉིས་ཀྱིས་འགྲུབ་པར་འགྱུར།། ཆོ་ག་བཞིན་དུ་མ་བསྙེན་པས།། རིག་སྔགས་དངོས་གྲུབ་མ་སྟེར་ན།། ཚིམ་པར་བྱ་ཕྱིར་བཤད་པ་ཡི།། སྦྱིན་སྲེག་དེ་ནི་བརྩམ་པར་བྱ།། ཡང་ན་ལས་དང་དོན་རྣམས་ཀུན། ། སྒྲུབ་པར་བྱེད་པའི་དཀྱིལ་འཁོར་འདི།། བྲིས་ནས་དེ་ཡི་ནང་ཉིད་དུ།། སྦྱིན་སྲེག་རྣམ་པ་བཞི་བྱའོ།། རི་ཡི་རྩེ་མོ་འམ་ཕྱུགས་ལྷས་སམ།། ཡང་ན་གངྒཱའི་གླིང་མ་འམ།། ཡང་ན་ས་གཞི་མཉམ་བར་བྱ། ། དཀྱིལ་འཁོར་བཟང་པོ་སྔོན་བཞིན་བྱ།། འདི་ནི་བློ་དང་ལྡན་པ་ཡིས།། ཁྲུ་ནི་བརྒྱ་རྩ་བརྒྱད་པར་བྱ།། དེ་དང་མཉམ་པའི་བུམ་པ་ཡིས།། ཁོ་ར་ཁོར་ཡུག་ཉེ་བར་བརྒྱན།། རྟ་བབས་བཟང་པོ་བཞི་དག་ཀྱང་སྒོ་སྒོ་དག་ཏུ་ཡོངས་སུ་གཟུགས། ། ཁོར་ཡུག་རྣམ་པར་རྒྱལ་བ་ཡིས།། བ་དན་སྣ་ཚོགས་རྣམས་ཀྱིས་བརྒྱན།། རྟ་བབས་དག་ཀྱང་རྒྱལ་མཚན་དང་།། ལོ་མ་གསར་པ་དག་གིས་བརྒྱན།། འཕྲེང་བ་བརྒྱུས་པ་གཤིབས་པ་དག། བློ་དང་ལྡན་པས་སྦྱང་བར་བྱ།། ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ།། མར་གྱི་མར་མེ་གསལ་བྱ་ཞིང་།། བདུག་སྤོས་རིགས་ནི་སྣ་ཚོགས་པས།། རྒྱུན་མི་འཆད་པར་བདུག་པར་བྱ།། དཀྱིལ་འཁོར་གཉིས་པ་ཁོར་ཡུག་ཏུ། ། ཁྲུ་བདུན་དག་དང་ལྡན་པ་ཡང་།། གསུམ་པ་ཁྲུ་ནི་གསུམ་པ་སྟེ།། ཆོ་ག་དེ་ལྟར་ཡོངས་སུ་གཟུང་།། མཆོད་སོགས་ཆོ་ག་གང་ཡིན་དང་།། དཀྱིལ་འཁོར་ཆོ་ག་སྔོན་བཞིན་བྱ།། གཞན་ཡང་ཚེ་ག་ལྷག་པར་ནི། ། སྦྱིན་སྲེག་དག་ཀྱང་བྱ་བར་གསུངས།། དབུས་སུ་རང་གི་རིག་སྔགས་ཀྱིས།། བུམ་པ་གང་བ་གཞག་པར་བྱ།། དེ་ཡི་ཕྱོགས་བཞི་དག་ཏུ་ཡང་།། སྦྱིན་སྲེག་ཆོ་ག་བཞིན་དུ་བྱ།། དེ་བཞིན་གཤེགས་པའི་རིགས་རྣམས་ཀུན། ། ཤར་གྱི་ཕྱོགས་སུ་བྷཱ་བར་བྱ།། བྱུང་ཕྱོགས་སུ་ནི་བངྒཱའི་རིགས།། ཆ་དང་མཐུན་པར་ལེགས་པར་བྲི།། མངས་པས་མྦྷ་ལ་ཕྱོགས་སུ་ནི། རྔརྫ་རིགས་ཀུན་བྲི་བར་བྱ། ། ནུབ་ཀྱི་ཕྱོགས་སུ་དྲག་པོ་དང་།། གཅིག་པུ་གནོད་སྦྱིན་རིགས་རྣམས་བྲི།། དེ་ཡི་ལྷག་པའི་ཆ་དག་ཀྱང་།། ནང་རིམ་བཞིན་དུ་ཕྱི་རོལ་བྲི།། དེ་ཡི་ཕྱི་རོལ་འཇིག་རྟེན་སྐྱོང་།། གཞན་དག་ཀྱང་ནི་བྱ་བར་བསྒྲགས། ། གསང་སྔགས་ཟློས་པའི་དང་པོས་ནི།། བདག་པོ་ལྔ་རྣམས་དགོད་པར་བྱ།། དེ་ནས་རིག་སྔགས་རྒྱལ་པོ་དང་།། རིག་སྔགས་རྒྱལ་མོར་བསྒྲགས་པ་དང་།། ལས་ཀུན་བྱེད་པ་གསང་སྔགས་དང་། ། དཀྱིལ་འཁོར་དག་ཏུ་གང་བསྟན་པའི།། ཕོ་ཉ་ཆེ་ཕྲ་གོ་རིམས་བཞིན།། དཀྱིལ་འཁོར་དུ་ནི་དགོད་པར་བྱ།། གོ་ཁར་བགེགས་ཀྱི་སྡེ་དཔོན་དང་།། ཁྲོ་བོ་བདུད་རྩི་ཐབ་སྦྱོར་དང་།། ལྷ་མོ་གཞན་གྱིས་མི་ཐུས་བཞག། ལྷག་མ་ཅི་དགའ་བྱ་བར་བཤད།། དེ་ལྟར་རྒྱུད་དོན་མཐོང་བ་ཡིས།། དཀྱིལ་འཁོར་དགོད་པར་བྱས་ནས་ཀྱང་།། དེར་ནི་སྙིང་པོ་སྤྱན་དྲངས་ཏེ།། ཆོ་ག་ལྷག་མ་བྱ་བར་གསུངས།། མཁས་པས་ཕྱོགས་བཞི་རིགས་རི་ལ། ། སྦྱིན་སྲེག་ཅོ་ག་བཞིན་བྱས་ནས།། ནུབ་ཀྱི་བུམ་པའི་དྲུང་དུ་ནི།། རང་གི་རིག་སྔགས་སྦྱིན་སྲེག་བྱ།། དེ་ནས་སྦྱིན་སྲེག་ཆོ་ག་བཞིན།། བྱས་ན་ཐམས་ཅད་ཚིམ་པར་འགྱུར།། དེར་ནི་གཏོར་མརྒྱ་ཆེར་བྱ། ། དེས་ན་ལྷ་རྣམས་མགུ་བར་འགྱུར།། དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་།། བཟླས་བརྗོད་སྦྱིན་སྲེག་ཅི་དགར་བྱ།། རང་རིགས་རིག་པས་རིག་སྔགས་ལ།། མར་གྱི་སྦྱིན་སྲེག་དག་ཀྱང་བྱ།། འོཐུག་མར་དང་སྦྱར་བ་འམ།། ཏིལ་དང་མངར་གསུམ་སྦྱར་བ་ཡིས།། མཚན་མོའི་ལྷག་མ་རང་རིགས་ཀྱི།། རིག་པས་རིག་སྔགས་སྦྱིན་སྲེག་བྱ།། ལས་འདི་དག་གིས་ངེས་པར་ཡང་།། ལྷ་ཉིད་བྱུར་དུ་འགྲུབ་འགྱུར་ཞིང་། ། ཚིམ་པར་འགྱུར་ཞིང་མཉེས་པར་འགྱུར།། ལེགས་པར་ཡང་ནི་སྐོངས་པར་འགྱུར།། དཀྱིལ་འཁོར་འདི་ནི་བྲིས་ནས་ཀྱང་།། གསང་སྔགས་རྗེས་མཐུན་སྦྱིན་སྲེག་བྱ།། ལན་བདུན་ཁོ་ན་བྲིས་ནས་ཀྱང་། ། ཐེ་ཚོམ་མེད་པར་ངེས་པར་འགྲུབ།། རིག་པའི་རྒྱལ་པོའི་རིག་སྔགས་སམ།། དེ་བཞིན་རིགས་ཀྱི་རིག་སྔགས་ཀྱིས།། རིག་སྔགས་དག་ལ་དྲག་སྤྱད་པ།། ཐམས་ཅད་བཏུད་དེ། བྱ་བར་གསུངས།། སྤྲ་ཚིལ་ལས་ནི་གཟུགས་བྲིས་ནས།། དེ་ཡང་རིག་སྔགས་ཀྱིས་བཟླས་ཏེ།། དྲག་ཤུལ་སྤྱོད་པའི་སྦྱིན་སྲེག་ནི།། ལས་ཀྱི་ཆོ་ག་ཐམས་ཅད་བྱ།། སྐེ་ཚེ་ཉུངས་མར་གྱིས་བླུགས་ན།། རིམས་ནང་དྲག་པོས་འདེབས་པར་འགྱུར། ། ཁ་སྦུབ་ཏུ་ནི་བནག་བྱས་ན།། ལུས་ལ་སྡུག་བསྔལ་ནོར་བ་འབྱུང་།། མི་མཐུན་པ་ཡིས་རྡེག་པ་དང་།། མེ་ཏོག་གིས་ཀྱང་བསྣུན་པར་བྱ།། དེ་ཉིད་ལ་ནི་སྤྱི་བོར་གསུངས།། མཐོ་འཚམ་པ་སང་ཅི་དགར་བྱ། ། དཀྱིལ་འཁོར་འདིར་ནི་གསང་སྔགས་དག། གདོན་བཞིན་དུ་ནི་ཚར་གཙང་ན།། ཆོ་ག་ལས་ནི་བསྟན་པ་ཡི།། དངོས་གྲུབ་དག་ཀྱང་སྩོལ་བར་འགྱུར།། འདིར་ནི་ལྷ་ཉིད་མངོན་གཤེགས་ནས། ཉིད་ཀྱིས་སྒྲུབ་པ་ཉིད་ལ་ནི།། དངོས་གྲུབ་མྱུར་དུ་སྦྱིན་པར་འགྱུར།། བྱིན་ནས་ཞི་བའི་ཆོ་ག་བྱ།། གལ་ཏེ་ཅི་ཞིག་ལྟར་གྱུར་ན།། དུག་ཁྲག་ལན་ཚྭ་སྐེ་ཚེ་དང་།། སུངས་ཀར་སྦྱར་ནས་དཀྱིལ་འཁོར་འདིར།། མཚན་མོ་ལྷག་ས་བསྲེག་པར་བྱས། ། རང་གི་རིག་སྔགས་ལྷ་ཉིད་ནི།། སྡུག་བསྔལ་བཞིན་དུ་མྱུར་གཤེགས་ནས།། ཀྱེ་ཀྱེང་ཡིས་མཆོག་སྦྱིན་ཞེས།། སྒྲུབ་པ་པོ་ལ་གཙུག་པར་མཛད།། གལ་ཏེ་བག་མེད། མ་བྱོན་ན།། སྒྲུབ་པ་པོས་ནི་ཞག་གསུམ་དུ།། འཇིགས་པ་མེད་པར་རང་གི་ཤ།། སྲེག་བླུགས་གསུམ་ནི་དེར་བསྲེགས་ན།། དེ་རྗེ་ངེས་པར་མངོན་གཤེགས་ནས།། སྒྲུབ་པ་པོ་ལ་ཆགས་མཛད་ཅིང་།། ཅི་འདོད་པ་ཡི་དངོས་གྲུབ་སྩོལ། ། ཉེས་པ་མ་ལུས་བརྗོད་པར་མཛད།། མཚམས་མེད་ལྔ་ནི་བྱེད་པས་ཀྱང་།། ཞག་དགུར་ལས་འདི་ངེས་བྱས་ན།། གདོན་མི་ཟ་བར་འགྲུབ་འགྱུར་བས།། དེ་ཕྱིར་ལེགས་པར་བརྩམ་པར་བྱ།། ལས་འདི་དོན་ཡོད་བྱ་བའི་ཕྱིར།། རིག་སྔགས་དག་ལ་རྒོལ་བའི་ཚེ།། ཟློས་པ་འཇིགས་པ་མེད་པ་དང་།། བསྲུང་བ་དག་ཀྱང་བྱས་ཏེ་བྱ།། འདིར་ནི་དངོས་གྲུབ་ལེགས་བྱིན་ནས།། ཆོ་ག་བཞིན་དུ་ཞི་བར་བྱ།། ལས་ཀྱི་ངེས་པ་ཅི་ཡོད་པ།། དེ་དག་རབ་ཏུ་བསྒྲིམས་ཏེ་གཤེགས།། གསང་སྔགས་དངོས་གྲུབ་ཐམས་ཅད་ལ།། དཀྱིལ་འཁོར་འདི་ནི་དམ་པ་ཡིན།། སྦྱིན་སྲེག་ལས་ལ་བསྟན་པ་ཡི།། སྦྱིན་སྲེག་རྣམ་གསུམ་བྱ་བར་གསུངས། ། ལས་རྣམས་ཐམས་ཅད་བྱས་ན་ནི།། དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར།། ཟློས་པ་རང་གི་རིག་སྔགས་དག། གདོན་བཞིན་ཚར་གཅད་བྱེད་པ་ན།། ཉིན་གཅིག་བཞིན་དུ་ཡོ་བྱད་ནི།། ཤིན་ཏུ་གསར་པ་དག་གིས་བྱ། ། མཁས་པས་བསྲུང་བ་བྱས་པ་དག། བག་ཡོད་པ་ལ་གཙང་བ་དང་།། རྒྱུད་ཤེས་དཀའ་ཐུབ་ལྡན་པ་ཡིས།། རིག་སྔགས་ཚུལ་བཞིན་དྲག་ཤུལ་སྤྱད།། གཞན་དུ་བྱས་ན་ངེས་པར་འཆི། ། ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ཆེན་པོ་ལས་སྒྲུབ་པའི་ཐབས་བསྡུས་པ་རྫོགས་སོ།། ། རྒྱ་གང་སྐད་དུ། ཨཱརྱ་སུ་བཱ་ཏུ་པ་རི་པྲྀཙྪ་ནཱ་མ་ཏནྟྲ། བོད་སྐད་དུ།
CLOSE WINDOW