CLOSE WINDOW

S743:
Wyliee-texts produced with ocr Programm

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་། རྒྱུ་སྐར་དང་། ཡུད་ཙམ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ནཱཀྵཏྲེ། སརྦ་ཏཱི་ཧྲཱི་ཤྲེདྡྷེ། ན་ཏྲ་ནེ། མེ་ས་མི་ཏ་དྷ་ནི། བ་ཛྲ་སཱཿ། དེའི་ཚིག་ནི་ཕྱོགས་གང་དུ་འགྲོ་འདོད་ཀྱང་རུང་སྟེ། དེས་ལན་བདུན་བརྗོད་ནས་སོང་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། ། དོན་ཐམས་ཅད་གྲུབ་པའི་གཟུངས་རྫོགས་སོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།།

CLOSE WINDOW