CLOSE WINDOW

S724: འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ
Wyliee-texts produced with ocr Programm

། རྒྱ་གར་སྐད་དུ། ཨཱརྱ་བི་དྱཱ་རཱ་ཛཱ་ཤཱ་ས་མ་ཧཱ་ན་མ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་པ་ཅད་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ལ། གླིང་བཞི་པའི་དབང་ཕྱུག་འབྱུང་པོའི་བདག་པོ་ཆེན་པོ་མཆེ་བ་གཙིགས་པ་སེར་སྐྱ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་བདག་ནི་འབྱུང་པོ་ཐམས་ཅད་ཀྱི་བདག་པོ་ལགས་ཏེ། བདག་ནི་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་མཆིས་པའི་འབྱུང་པོ་ཐམས་ཅད་ལ་འཚེ་བར་བགྱིད། རྡེག་པར་བགྱིད། འཆིང་བར་བགྱིད། འཇིག་རྟེན་གྱི་ཁམས་འདི་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འཕེན་པར་བགྱིད་པ། ཡན་ལག་དང་ཉིང་ལག་རྣམས་རྣམ་པར་གཅོད་པར་བགྱིད་ལགས་སོ།། བཅོམ་ལྡན་འདས་གང་གི་ཚེ་བདག་བཀྲེས་པར་གྱུར་པ་ན་དབུགས་གཏོང་སྟེ། དབུགས་དེས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགེངས་པར་བགྱིད་ཅིང་། བཅོམ་ལྡན་འདས་བད་མི་དང་མི་མ་ལགས་པ་ཐམས་ཅད་ཀྱི་གཟི་བྱིན་འཕྲོག་པར་བགྱིད་ལགས་ཏེ། དབུགས་ཆེན་པོས་སེམས་ཅན་རྣམས་ལ་རེག་མ་ཐག་ཏུ་བྲོ་ནད་སྣ་ཚོགས་དག་འབྱུང་ལགས་སོ།། བཅོམ་ལྡན་འདས་གང་ན་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བགྱི་བ་འདི་སྤྱོད་པ་དེར་བདག་གི་དབུགས་ཀྱི་མི་ཚུགས་པ་དང་། འབྱུང་པོ་རྣམས་འཚེ་བར་མི་འགྱུར་བ་དང་། རིག་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་ཕྱག་བགྱིས་ནས་མགོ་འམ་མགུལ་དུ་བཏགས་ཏེ་འཆང་བ་དེར་རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པའི་བྲོ་ནད་རྣམས་འབྱུང་བར་མི་འགྱུར་བར་བདག་དེང་སླན་ཆད་དེ་བཞིན་གཤེགས་པའི་སྤྱན་སྔར་ཡི་དམ་འཚལ་ལགས་སོ། ། ཏདྱ་ཐཱ། ཌ་ར་ཌ་ར། ཌ་ཌ་ར་ཌ་ར་ར། ཐ་ར་ཐ་ར། ཐ་ཐ་ར། ཐ་ཐ་ར། མ་ར་མ་ར། མ་མ་ར། མ་མ་ར། ཧུ་དྷུ་ཧུ། ཧ་ཧ་ཧ། ས་ར་ས་ར་སར། ཙུ་ཙུ་ཊུ། བུ་བུ་བུ། ཀཱི་ལི་ཀཱི་ལཱི་ཀཱི་ལཱི། སརྦ་བྷུ་ཏ། ཨ་ཏི་པ་ཏི། དྲཱ་དྲ་དྲཱ། པྲ་བྲ་བྲ། ཁུ་ཁུ་ཁུ། ཀྲ་ཀྲ་ཀྲ། ཡ་ས་ཡ་ས་ཡ་ས། པཏྶ་རེ། པཎྜ་རེ་པཱཥེ་ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ཧུ་ཧུ། བདག་ལ་སྲུངས་ཤིས་སྲུངས་ཤིག། ཙི་ལི་ཙི་ལི་ཙི་ལི། མི་ལི་མི་ལི་མི་ལི། ཁྲོ་ཁྲོ་ལྐོ། གཽ་རི་ཀོ་རི་གོ་རི། བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིཀ་སྭཱ་ཧཱ། མ་ཧཱ་ཤཱ་ས་སྭཱ་ཧཱ། མ་ཧཱ་བྷཱུ་ཏ། ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གཽ་རཱི་ཡེ་སྭཱཧཱ་ཨུ་གྲཱ་ཡ་སྭཱ་ཧཱ། བདག་བདེ་ལེགས་སུ་གྱུར་ཅིག། དཾཥྚི་ཀ་རཱ་ལ་པི་ཀ་ལ་ཨཛྙཱ་པ་ཡ་ཏི་སྭཱཧཱ། འཕགས་པ་རིག་སྔགས་ཀྱི་རྒྱལ་པོ་དབུགས་ཆེན་པོ་ཞེས་བྱ་བ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་།

CLOSE WINDOW