CLOSE WINDOW

S721: འཕགས་པ་གནོད་གནས་དབང་པོ་ཅི་ལྟར་འབྱུང་བའི་རྟོག་པ་ཞེས་བྱ་བ
Wyliee-texts produced with ocr Programm

། ། རྒྱ་གར་སྐད་དུ། ཨཱརྱ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་ཐ་ལ་སཱ་ཏ་ཀལྤ་ནཱ་མ། བོད་སད་དུ། འཕགས་པ་གནོད་གནས་དབང་པོ་ཇི་ལྟར་བྱུང་བའི་རྟོག་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཞོན་ནུར་འགྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་འདུས་གཅིག་ན། བཅོམ་ལྡན་འདས་ལང་ཀའི་གླིང་དང་ཉེ་བར་གྱུར་པ་རྒྱ་མཚོ་ཆེན་པོའི་འགྲམ་ན་བཞུགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་གྱུར་པའི་རྣམ་པར་འཇིག་པ་དང་། ཟླ་བའི་སྡེ་ལ་སོགས་པ་བྱང་ཆུབ་སེམས་དང་སེམས་དཔའ་ཆེན་པོར་གྱུར་པའི་འཁོར་གྱིས་བསྐོར་ནས་མངོན་དུ་བྱས་སོ། ། དེ་ནས་བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་ནས་སླར་བབས་ཏེ་དཔག་བསམ་གྱི་ཤིང་བི་ཙུ་བར་དྷའི་རྩ་བར་བཞུགས་སོ།། དེ་ནས་གནོད་སྦྱིན་གྱི་དབང་པོ་གནོད་གནས་རབ་ཏུ་དགའ་བ་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ཀླུའི་རྒྱལ་པོ་མི་ཞུམ་པ་དང་། གྲུལ་བུམ་གྱི་རྒྱལ་པོ་མ་ནོ་ཤི་ལྔ་པ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། སྲིན་པོའི་རྒྱལ་པོ་ཀི་ལི་ཀི་ལ་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་གཤོག་པ་ཅན་པ། མི་འམ་ཅིའི་རྒྱལ་པོ་ལྗོན་པ་དང་། ཟུར་པུད་ལྔ་པ་དང་། སྤྲུལ་པོ་དང་། ལྷའི་བུ་སྤྲིན་གྱི་ཤུགས་ཅན་དང་། ཟླ་བ་དང་། ཟླ་བ་ལ་མངོན་པར་གུས་པ་དང་། ལྷའི་བུ་རྒྱལ་བས་བྱིན་རྣམས་ནུབ་མོ་འདས་ནས་མཐོ་རངས་གསལ་བའི་དུས་སུ་བཅོམ་ལྡན་འདས་ག་ལ་བ་དེར་ཉེ་བར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བསྐོར་བ་ལན་བདུན་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་ཁ་དོག་ཤིན་ཏུ་གསལ་ཞིང་རྒྱ་ཆེ་བས། དཔག་བསམ་གྱི་ཤིང་གི་རྩ་བ་ཐམས་ཅད་གསལ་ཞིང་རྒྱས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ངོ་འཚར་ཞིང་རྨད་དུ་གྱུར་པའི་ཆོས་བརྒྱད་ལ་བཟོད་པ་དང་ཇི་ལྟར་རྟོག་པ་ལ་ཁྱེད་རྣམས་བར་ཆད་དང་དོན་མེད་པར་མ་གྱུར་ཏམ། འདི་སྐད་དུ་གསུངས་པས། གནོད་སྦྱིན་གྱི་དབང་པོ་གནོད་གནས་རང་གི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་བཙུན་པ་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་བཟོད་པ་དང་ཇི་ལྟར་རྟོགས་པར་བྱེད་པ་ལ་མངོན་པར་དགའ་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱ་མཚོ་ཆེན་པོའི་གྲོང་ཁྱེར་དུ་ཇི་ལྟར་གནོད་སྦྱིན་གྱི་སྡེ་དཔོན་ཁྱེད་རྣམས་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་མངོན་པར་དགའ་བར་བྱེད་པ་དེ་ལྟར་རིགས་ཀྱི་བུ་ཆོས་འདི་རྣམས་འདོད་པ་དང་། དད་པ་མངོན་པར་དགའ་བ་ངོ་མཚར་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ།། དེ་ནས་གནོད་སྦྱིན་གྱི་བདག་པོ་གནོད་གནས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ངོ་མཚར་ཆེ་ཞིང་རྨད་དུ་བྱུང་བའི་ཆོས་བརྒྱད་ལ་གནས་པ་འདི་ལ་ངས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བཀྲ་ཤིས་པ་དང་། འཇིག་རྟེན་པ་ལ་རྗེས་སུ་བརྩེ་བས་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། བཅོམ་ལྡན་འདས་བདག་གི་སྙིང་པོ་འདི་ཡོངས་སུ་གཟུང་ཞིང་། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གི་རྟོག་པ་འདི་ལོག་པར་དང་སེལ་དང་། གསེར་ཐུབ་དང་། འོད་བསྲུང་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་རྣམས་ལ་སྙིང་པོ་འདི་ཡོངས་སུ་ཕུལ་ལོ། ། ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་ཀྱང་སྙིང་པོ་འདི་ཡོངས་སུ་བཟུང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སྦྱིན་གྱི་སྡེ་དཔོན་ཁྱོད་ཀྱིས་གང་དུས་ལ་བབ་ཅིང་མནོ་བ་དེ་སྨྲོས་ཤིག། དེ་ནས་གནོད་སྦྱིན་གྱི་བདག་པོ་གནོད་གནས་ཀྱིས་འདི་སྐད་ཅེས་སྨྲས་པ། འདི་ལྟ་བུའི་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། མཆོད་སྦྱིན་རྣམས་ཀྱི་ནང་ན་སྦྱིན་སྲེག་གཙོ། ། རིག་བྱེད་རྣམས་ནི་སྦྱངས་ཅན་གཙོ། མི་རྣམས་ལ་ནི་རྒྱལ་པོ་གཙོ།། ཆུ་རྣམས་ལ་ནི་རྒྱ་མཚོ་གཙོ།། རྒྱུ་སྐར་རྣམས་ལ་ཟླ་བ་གཙོ།། དྲོད་རྣམས་ལ་ནི་ཉི་མ་གཙོ།། སྟེང་དང་ལོགས་དང་ཐད་ཀ་ནི། ། ཇི་སྙེད་འགྲོ་བ་གནས་པ་དག། གང་ཞིག་བསོད་ནམས་འདོད་པ་ཡི།། ཚོགས་རྣམས་ན་ནི་འཕགས་པ་གཙོ།། ལྷ་དང་བཅས་པའི་འཇིག་རྟེན་ན།། རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ།། ། དེ་ནས་ཡང་གནོད་སྦྱིན་གྱི་བདག་པོ་གནོད་གནས་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཐོབ་ནས་རང་གི་སྔགས་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ། ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། དེ་ནས་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པ་ཙམ་གྱིས་དེ་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་རྣམ་པ་དྲུག་ཏུ་གཡོས་སོ།། དེ་ནས་ཇི་སྲིད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམ་དང་། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱིས་མགྲིན་གཅིག་གིས་འདི་སྐད་ཅེས་བྱ་བའི་ཚིགས་བརྗོད་དོ།། བཅོམ་ལྡན་འདས་བདེ་བར་གཤེགས་པ་ཇི་སྲིད་ཆོས་ཀྱི་རྣམ་གྲང་སྔར་བྱུང་བའི་ངོ་མཚར་རྨད་དུ་ངེས་པར་གྱུར་པ། ཇི་སྲིད་ཆོས་ཀྱི་རྣམ་གྲངས་པ་ན་ཡོན་ཆེན་པོ་ངོ་མཚར་བ། སྔགས་བསྔལ་བ་རྣམས་དང་། སྐྱབས་མེད་པ་རྣམས་དང་། ཡོངས་སུ་སྐྱོབ་པ་མེད་པ་རྣམས་དང་། གནས་མེད་པ་རྣམས་ཀྱི་སྐྱབས་དང་། གནས་དང་། སྐྱོབས་པ་དང་། ཡོངས་སུ་སྐྱོབ་པ་དེ་བཅོམ་ལྡན་འདས་བཤད་དུ་གསོལ། སེམས་ཅན་རྣམས་ཀྱི་དོན་དང་། ལྷ་མ་ཡིན་རྣམས་ཀྱི་དོན་དུ་ལྷ་དང་མི་རྣམས་ཀྱི་ཕན་པ་དང་བདེ་བའི་ཕྱིར་སྙིང་པོ་འདི་རྟོག་པ་དང་། དཀྱིལ་འཁོར་དང་། གསང་ཆེན་དང་། སེམས་ཅན་གང་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ཤིང་བདེ་བ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ཐོབ་པའོ། ། དེ་ནས་ཡང་འཁོར་གནོད་སྦྱིན་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་རང་རང་གི་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཏེ། པུས་མོས་གཡས་པའི་ལྷ་ང་ས་ལ་བཞག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་གནོད་སྦྱིན་དེ་རྣམས་འཁོར་དེ་རྣམས་དང་བཅས་པ་ལ་བཀའ་སྩལ་པ། ཆོས་ཀྱི་རྣམས་གྲངས་འདི་རིགས་ཀྱི་བུ་ཁྱེད་རྣམས་ཉོན་ཅིག། གནོད་སྦྱིན་ཆེན་པོའི་སྙིང་པོ་འདི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་ཆེན་ཤིན་ཏུ་ངོ་མཚར་བ་དང་། ཤིན་ཏུ་རྨད་དུ་གྱུར་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུངས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཡི་དགས་དང་། ཤ་ཟ་དང་མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཕྱག་བྱས་ཤིང་མངོན་པར་བསྟོད་པ། སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་ཇི་ལྟར་མངོན་པར་འདོད་པ་བཞིན་དུ་དོན་ཐམས་ཅད་སྒྲུབ་པར་བྱེད་པའི་དེའི་ཕྱིར་བའི་རྗེས་སུ་སྣང་ཞིང་བྱིན་གྱིས་བརླབས་པ་འདི་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་རྣ་བའི་ཁུང་དུ་ཐོས་ཤིང་གྲགས་པར་མི་འགྱུར་རོ། གཞན་ཡང་དགེ་བའི་རྩ་བ་མ་བསགས་པའི་སེམས་ཅན་རྣམས་ཀྱི་ཉན་པ་དང་། འདྲི་བ་དང་། འཛིན་པ་དང་། ཀློག་པ་ཙམ་ཡང་ནུས་པར་མི་འགྱུར་རོ།། འོན་ཀྱང་སེམས་ཅན་གང་སྙིང་པོ་འདི་འཛིན་པ་དང་རྗེས་སུ་བཟུང་བར་འགྱུར་ཞིང་ཕྱིར་མི་ལྡོག་པར་འགྱུར་རོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ།། ངན་འགྲོ་སྐྱོ་བར་མི་འགྱུར་རོ།། མཐོང་བ་ཙམ་གྱིས། ནད་འབྱུང་བར་མི་འགྱུར་རོ།། དབུལ་པོ་དང་། ཡིད་མི་བདེ་བ་དང་། ལུས་ཀྱི་ཟུག་རྔུ་འབྱུང་བར་མི་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ།། མཁས་པ་རྣམས་ཀྱི་མཆོད་པའི་གནས་སུ་འགྱུར་རོ།། ལྷ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་རྣམས་འདུས་པས་ཀྱང་སྔགས་འདི་འཛིན་པའི་ཡོན་ཏན་དང་ཕན་ཡོན་རྟོགས་པ་བརྗོ་པར་མི་ནུས་སོ།། འོན་ཀྱང་ངས་ནི་དེ་བཞིན་གཤེགས་པ་གཅིག་པུ་དང་། གཞན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དང་ཕན་ཡོན་རྒྱས་པར་མཐར་ཐུག་པ་བརྗོད་པར་མི་ནུས་སོ།། གཞན་ལ་གཏམ་ཙམ་ཡང་མི་གྲག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་དང་། ཉན་ཐོས་རྣམས་དང་། དེ་ལས་གཞན་པའི་རྒྱ་ཆེ་བའི་ལྷས་འདིའི་ཡོན་ཏན་སྟོན་པ་དང་ཤེས་པ་ཙམ་ཡང་མི་ནུས་སོ། ། མདོར་ན་ཇི་ལྟར་དེ་བཞིན་གཤེགས་པ་ཡོན་ཏན་མཐར་ཐུག་པ་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་སྟོབས་ཀྱིས་སོ།། འོད་དེ་འདྲ་བའི་སྔགས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་སྙིང་པོའི་མཆོག་གོ། ། གདུགས་པ་རྣམས་ལས་གནོད་གནས་ཀྱིས། འཕོངས་པ་རྣམས་ནི་གསོ་བར་བྱེད། སེམས་ཅན་རྣམས་ནི་གནས་ཡིན་ཞིང་། འགྲོ་བ་རྣམས་ནི་ཡང་དག་སྲུང་། དབང་པོ་ཀུན་ཤེས་གོ་འཕང་ལྡན། གནོད་གནས་རྒྱལ་བར་བརྗོད་པའོ།། མདོར་ན་འདི་ལས་གཞན་པ་ཡི།། དེ་བཞིན་གཤེགས་པ་ཐ། ད་པ།། དེ་བཞིན་གཤེགས་པ་གཞན་ན་མེད།། འདི་འཛིན་པས་དེ་བཞིན་གཤེགས་པ་ལ་མཆོད་པའི་གནས་ཡོངས་སུ་བྱས་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའོ། ། ཕ་རོལ་ཏུ་ཕྱིན་པའི་སྟོབས་དང་ས་ཐོབ་པར་འགྱུར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གནས་པའི་འཁོར་རྣམས་ལ་གཟིགས་ནས། གནོད་སྦྱིན་གྱིས་དབང་པོ་གནོད་གནས་ལ་འདི་སྐད་ཅེས་བཀའ་སྩལ་པ། གནོད་གནས་ཀྱི་དབང་པོ་ཁྱོད་ཀྱི་རྟོག་པ་དང་། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་ཆེན་རྣམས་སྔོན་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བསྟན་པ་ཡོད་དེ། རྣམ་པར་གཟིགས་དང་། གཙུག་གཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ད་ལྟར་ཤཱཀྱ་ཐུབ་པ་ངས་བཤད་དེ། དེ་ནི་ལེགས་པར་ཉོན་ལ་ལེགས་པར་ཡིད་ལ་ཟུང་ཞིང་། ད་ལྟར་ངས་བཤད་ཀྱིས། ལྷ་དང་མིའི་ཕན་པ་དང་བདེ་བར་དགེ་བའི་རྩ་བ་འཕེལ་བའི་དོན་དུ་ངས་ཡང་དག་པར་ཤེས་སོ། ། གང་གིས་ཀོ་ཤའི་གྲོང་ཁྱེར་དུ་ཤིང་ཁུར་ནས་འཚོང་བ་དེའི་ཚེ་དེར་ང་ལ་དགོན་པ་ན་སྡོད་པའི་དགེ་སློང་ཞིག་བུད་ཤིང་གི་དོན་དུ་ང་ལ་ཤིང་སློང་དུ་འོངས་ཏེ། དེར་ངས་དགོན་པར་ཤིང་ཁྱེར་ཏེ་དགེ་སློང་གི་གན་དུ་ཕྱིན་ཏེ་མེ་སྦར་ནས་དགེ་སློང་གི་ནད་སོས་པར་བྱས་ཏེ། ཉི་མ་གཅིག་གི་བསོད་སྙོམས་ཀྱང་དྲངས་སོ།། དེ་ནས་དགེ་སློང་དེ་སེམས་ཡོངས་སུ་མགུ་ནས་དེས་ང་ལ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་ནས་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་དང་། གསང་བའི་རྟོག་པ་ང་ལ་བྱིན་ནོ།། ངས་ཀྱང་ཡང་དག་པར་བསྒོམ་ནས་ཡོད་དེ། དེའི་ཚེ་སྔགས་ཀྱི་རྒྱལ་པོ་བལ་བྱིན་ནས་དེ་ལྟར་དེ་ཉིད་བསྒོམས་པས་ཚེ་དེ་ཉིད་ལས་ཇི་ལྟར་འཕགས་པ་གནོད་གནས་ཀྱི་དབང་པོའི་མཐོ་བའི་ལམ་དུ་གྱུར་ཏོ།། དེ་ནས་དེ་ང་ལ་ཡོངས་སུ་མགུ་ནས་ཕྱག་རབ་ཏུ་གྲོལ་བ་ཞེས་བྱ་བར་མིང་བཏགས་སོ། ། དེར་ཡང་ང་རྒྱལ་པོར་དབང་བསྐུར་བས་གྲོང་ཁྱེར་གྱི་མི་རྣམས་ཆོས་དང་ལྡན་པར་བྱས་ནས། དེ་ལ་ང་རྒྱལ་པོར་རབ་ཏུ་གནས་པས་ངས་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངེས་པ་སྦྱར་རོ། ། ཇི་ལྟར་དོན་དུ་གཉེར་བ་རྣམས་ལ་སྐལ་བ་དང་ལྡན་པ་རྣམས་ལ་དུས་མེད་པར་ཐམས་ཅད་ལ་ཉེ་བར་ཕན་པ་རང་གི་ཁྱིམ་དུ་རྫོགས་པར་བྱས་སོ། ། དེ་ལ་སོགས་པར་ངས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱིན་པས་བྱང་ཆུབ་སེམས་དཔའི་ས་ལ་རབ་ཏུ་ཞུགས་སོ།། རིམ་གྱིངས་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་སོ། ། དབུལ་བ་ཐམས་ཅད་ཉམ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉེ་བར་གཅོད་པ་ངས་ཡང་དག་པར་མངོན་པར་ཤེས་སོ།། གང་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤིན་ཏུ་རྟོགས་པ་དེ་རྣམས་ཀྱིས་ཀྱང་། སྔོན་དུ་སྔགས་ཀྱི་རྒྱལ་པོ་འདི་བསྒྲུབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ། ། དེའི་ཕྱིར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པ་བསྐྱེད་པ། འདོད་པ་ཐམས་ཅད་སྒྲུབ་པའི་ཐབས་གང་ཞིག་མཐོང་བ་ཙམ་གྱིས་ཀྱང་། ། དེ་ནི་སྐྱེ་བ་གཅིག་གནས་ཅིག། སྔོན་དུ་བསམས་པའི་ལས་རྣམས་ཀྱང་།། སྡིག་པ་ཀུན་ལས་རྣམ་པར་གྲོལ། དེ་བཞིན་སྐྱེ་བ་འདི་ལ་རྨོངས། ཤིན་ཏུ་སྡིག་པ་མི་བཟད་བྱས། གནོད་སྦྱིན་དབང་པོ་གཟི་བརྗིད་ཆེ། གང་གིས་མཐོང་བ་ཙམ་གྱིས་ཀྱང་། བྱང་ཆུབ་སེམས་དཔའ་ཐོབ་པ་དང་། སངས་རྒྱས་དང་ནི་ཡང་དག་ཕྲད། ཕྱིར་མི་ལྡོག་པའི་ས་ཡང་ནི། ཡུན་མི་རིང་བར་རབ་འཐོབ་པོ། མཐོང་བ་ཙམ་གྱིས་ཡོན་ཏན་ནི། ང་ཡིས་བཤད་ཀྱིས་ཁྱོད་རང་ཉོན། དབུལ་བ་དང་ནི་ཡིད་མི་བདེ། སེམས་ནི་ནད་ཀྱིས་གཟིར་བ་དང་། གདོན་དང་བྱད་ཀྱིས་བསྒྱུར་བ་ཡིས།། དེ་ཡིས་འཇིག་པར་མི་འགྱུར་རོ། ། ལྷ་དང་ཀླུ་དང་དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་། དེ་ལས་གཞན་ཡང་ཡིད་མི་བདེ། རྟག་པ་ཉིད་དུ་སྲུང་བའོ།། གནོད་སྦྱིན་དེ་ཉིད་མཐོང་ཙམ་གྱིས། དཀྱིལ་འཁོར་སངས་རྒྱས་ཀྱིས་བསྟན་པ། འདིར་ནི་ཡོན་ཏན་འདི་རྣམས་འབྱུང་། བསྒྲུབས་པར་འགྱུར་ན་དེ་ལྟར་སྨོན། གང་ཞིག་དད་པས་དེ་བཞིན་རྟོགས། གུས་པས་བརྟགས་པས་གཞན་མི་འཇུག། འདི་ལ་གུས་པས་དོན་དུ་གཉེར། བསླབ་པ་སྡོམ་པས་སོགས་པ་ཡིས། དེ་ན་འབད་པས་ཙང་སྦྲ་བྱ། ཡིད་ལས་འབྱུང་བའི་དཀྱིལ་འཁོར་མཆོག། གཙང་ཞིང་དབེན་པའི་ས་ཕྱོགས་སུ། ཤིང་གི་འབྲས་བུ་སྣ་ཚོག་བཅས། པུས་ནུབ་ཙམ་གྱིས་ས་སྦྱངས་པ། བ་ཡི་རྣམ་ལྔས་བྱུག་པར་བྱ། མཉམ་པར་བརྡུང་ཞིང་གཞག་པར་བྱ། ལག་མཐིལ་ལྟ་བུའི་མཉམ་པ་ལ། ཁྲུ་ཚད་ཉི་ཤུ་ཙམ་ལ་ནི། གནོད་སྦྱིན་དབང་པོ་མངོན་པར་བསྔགས། མེ་ཏོག་སྣ་ཚོགས་བཙལ་དུ་བཀྲམ། ཨ་ཀ་བདུག་པས་བདུགས་པ་དང་། ཉི་ཅང་བཟང་པོ་དེ་བཞིན་བཟའ། དེ་བཞིན་དུས་ཚོང་བཟང་པོ་ལ། དཀར་པོའི་ཕྱོགས་ལ་ལེགས་པར་དགེ། སློབ་དཔོན་ལེགས་པར་རྟོགས་པ་ཡི། བ་ཡི་རྣམ་ལྔས་ལེགས་པར་སྦྱངས་བདག་ཉིད་སྔགས་བཟླས་རྒྱལ་པོ་ཡི།། སྔ་དྲོས་དག་པར་གྱུར་པ་ཡིས། མཉམ་པར་ཞག་པས་བསྲུང་བར་བྱ། སྟེང་དང་འོག་དང་ཕྱོགས་བཅུ་རུ། ཕྱོགས་ནི་དེ་བཞིན་བཅིང་བར་བྱ། གནོད་སྦྱིན་རྒྱལ་པོ་དྲི་ཡི་ཆུས།། མཁས་པས་བརྒྱ་རྩ་བརྒྱད་དུ་སྔགས།། ཇི་ལྟར་ཤར་སོགས་མངོན་པར་བསྟོར། ཕྱོགས་བཅིང་མངོན་གྱི་རིམ་པ་བཞིན། གཞོན་ནུས་མ་ཡིས་བཀྲལ་བ་ཡི།། ཚོན་སྣ་ལྔ་ཡི་སྐུད་པ་ལ། གུར་ཀུམ་ཆུ་ཡིས་བྱུགས་པ་དང་།། ཕུར་པ་ཨུ་དུམ་ཤིང་ལ་བྱས།། ཤར་གྱི་ཕྱོགས་ནས་བརྩམ་པར་བྱ།། ཐིག་གདབ་སྔ་དྲོའི་དུས་སུའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཟུར་བཞིའི་རེ་མི་བཞི་དང་ལྡན།། དེ་ལ་དང་པོའི་དཀྱིལ་དུ་ནི།། དེ་བཞིན་གཤེགས་པ་བྲི་བར་བྱ།། རྣམ་པ་ཀུན་མཆོག་ལྡན་པ་ཡི་ཐམས་ཅད་མཁྱེན་པ་ཟླ་བའི་འོང་། ། དེ་ནི་གནོད་སྦྱིན་དབང་པོ་ནི།། མཚན་ཉིད་ཐམས་ཅད་མཚོན་པ་ཡིས།། སྔོན་པོ་སྤྲིན་ལྟ་བུ་ཡི་མདོག། རྒྱན་སེར་པོ་ཡིས་མཛེས་པ་དང་། རྐང་གདུབ་ལག་གདུབ་མགུལ་བརྒྱན་དང་།། རིན་ཆེན་སྣ་ཚོགས་ཀྱིས་མཛེས་པ།། སེང་གེའི་གདན་ལ་རིན་ཆེན་དང་།། སྣ་ཚོགས་ཐ་དད་རྣམ་པར་བརྒྱན།། རི་མོ་སྣ་ཚོགས་རིན་ཆེན་འདི།། འཕྲོ་ཡིས་འོང་བར་འབར་བའི་འོད། ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ལེགས་པར་མཛེས།། དེ་ཉིད་དབུས་སུ་ནོར་བུ་བཟང་པོ་ལེགས་པར་བྱ།། རབ་ཏུ་འབད་པས་གཡས་པའི་ཕྱག། མཆོག་སྦྱིན་ས་བོན་ཡོངས་སུ་བྱ། ། དེ་བཞིན་དུ་ནི་གཡོན་པའི་ཕྱག། ནེའུ་ལེ་རིན་ཆེན་དགུག་པའོ།། སྣ་ཚོགས་གཏེར་རྣམས་སྟེང་དུ་ལེགས་པར་བཞུགས།། དེ་བཞིན་དུང་དང་པདྨ་ཡིས།། རིན་ཆེན་ཆར་ནི་འབེབས་པའོ།། མངའ་བདག་གཡས་དང་གཡོན་དུའོ། ། ནོར་བུ་བཟང་པོ་དེ་ཡི་ཕྱོགས།། གནོད་སྦྱིན་བཟང་པོ་དངུལ་མདོག་ཅན།། མཁས་པས་སྔར་བཞིན་དུ་ནི་དགོད།། སྤྱོད་པའི་དབང་པོ་གདོང་དབང་པོ།། གཡས་དང་གཡོན་དུ་བྱ་བའོ། ། རྣམ་པ་ཁ་དོག་འདྲ་བ་ཡིས།། གཏེར་གྱི་སྟེང་དུ་ཡང་དག་བཞུགས།། དེ་ཡི་འོག་ཏུ་གནོད་སྦྱིན་མོ།། བདུན་པོ་དག་ནི་བྲི་བར་བྱ།། དེ་ལས་གཞན་དུ་བུ་དགུ་སྟེ།། དེ་ལས་གཞན་ནི་ཆུ་སྐྱེས་སོ། ། རིན་ཆེན་ལྟེ་བ་ནོར་སྦྱིན་དང་།། གནོད་མཛེས་དང་ནི་གནོད་མཛེས་གཞན།། ལྟེ་མཛེས་དང་ནི་ལྕེ་ཆེན་པོ།། མཚམས་སུ་བུམ་པ་བཟང་པོའོ།། འཕར་བ་ཉིད་ལ་དགོད་བྱ་བའི།། གནོད་སྦྱིན་དབང་པོ་སྟོབས་པོཆེ། གནོད་གནས་སུ་ཧུ་ལུ་ཊ་དང་། སྡེ་མཛེས་དང་ནི་ཟླ་བའི་སྟེང། རེངས་པ་དང་ནི་འདུལ་བ་དང་།། སྦེད་མར་དང་ནི་གསུས་པོ་ནོ།། སྣམ་བུ་གསུམ་པ་ལ་བྱ་བ།། གནོད་སྦྱིན་མོ་ནིཿ་མཛེས་མ། ། རྒྱ་ཆེན་མ་དང་དྲི་བྲལ་མ།། ཟླ་མོ་བློ་གྲོས་སྙིང་པོ་ཅན།། པདྨའི་སྙིང་པོ་བཞིན་མཛེས་མ།། གནོད་སྦྱིན་ལག་པ་ལག་མང་པོ།། སྤྲིན་ཆེན་པོ་དང་སྒྲ་མཛེས་མ།། གཏེར་གྱི་འཕྲེང་གཡེམ་པ་མོ་ལྗོལྡོ་ཤིང་འཕྲེང་བ་འཕྲེང་བ་མོ། ། འདོད་པ་ཀུན་གྱི་འབྲས་སྟེར་མ།། ཡིད་ཤུགས་མ་དང་འདོད་གཟུགས་མ།། ཐོས་སྔག་མ་དང་ལྷ་མཛེས་མ། རྫུ་འཕྲུལ་ཆེན་པོ་རྣམས་བཤད་པ།། ཉི་ཤུ་མཆོག་ནི་སྟེར་བའོ། ། ཅི་སྟེའི་རིམ་པས་རྣམ་དགོད་ལ།། ཇི་ལྟར་མདུན་དང་ཕྱོགས་བཞིར་དགོད།། དབང་པོ་ལ་སོགས་དགོད་པར་བྱ།། དེ་ནས་ཕྱི་རོལ་དྲ་བ་སྟེ།། རྡོ་རྗེ་ཤཀྟི་དབྱུག་པ་དང་།། རལ་གྲི་ཞགས་པ་རྒྱལ་མཚན་དང་། ། འཁོར་ལོ་རྩེ་གསུམ་མཚོན་ཆ་རྣམས།། སྔར་བཞིན་དུ་ནི་དགོད་པར་བྱ།། སྟེང་འོག་མདའ་ཡི་དྲ་བ་དང་། དེ་བཞིན་རྡོ་རྗེ་འབར་བའོ།། མཁས་པས་ཕྱི་རོལ་དུ་ནི་དགོད།། དེ་ནས་སྤྱན་དྲངས་བརྩམ་པར་བྱ། ། ཚོན་རྩི་ལྔ་ནི་དཀར་པོ་དང་།། སེར་པོ་དམར་པོ་སྔོན་པོ་ནག། དབྱངས་ཀྱི་སྔགས་ཀྱིས་སྔོན་བསྔགས་ཏེ།། ཕྱི་རོལ་རྒྱལ་མཚན་བརྒྱད་དགོད་བྱ།། དེ་བཞིན་ཕྱོགས་རྣམས་ཨརྐའི་སྣོད།། ཆུ་ནི་མེ་ཏོཿ་གིས་བཀང་བྱས། ། སྤྱན་དྲང་མཆོག་སྦྱིན་ཡིས་ནི་བྱ།། སྔགས་པས་བྱ་བར་ཐེ་ཙོམ་མེད།། གནོད་སྦྱིན་མོ་རྣམས་རང་སྔགས་ཀྱིས།། མཁས་པ་ཡིས་ནི་སྤྱན་དྲང་བྱ།། ལྷ་དང་ལྷ་མིན་སྤྱན་དྲང་བྱ།། གནོད་གནས་དབང་པོ་སྟོབས་པོ་ཆེ།། མཱ་ལི་ཀ་འཕྲེང་ཤིན་ཏུ་དཀར།། པདྨ་ཨུཏྤ་ལ་ཡི་ཚོགས།། ན་ག་གེ་སར་ཀེ་ཕུ་དང་།། དྲི་དང་བདུག་པ་སྒྲོན་མ་དང་།། བཤོས་གཙང་གཏོར་མ་ཀུན་འདོད་པས། ། རིམ་པ་བཞིན་དུ་མཆོད་པ་ནི།། མཁས་པ་ཡིས་ནི་བྱ་བ་ཡིན།། ག་པུར་དང་ནི་གུར་ཀུམ་ལ།། ཡང་ན་ཙན་དན་དཀར་པོ་ཡིས།། འབུམ་ཕྲག་ཏུ་ནི་སྦྱིན་སྲེག་བྱ།། སྟོང་ཕྲག་བརྒྱ་ཡི་སྦྱིན་སྲེག་བྱ། ། ནོར་བུ་བཟང་པོའི་མདུན་དུའོ།། ཇི་ལྟར་རིགས་པས་བཟླས་པ་དང་།། སྦྱིན་སྲེག་ཆོ་ག་བཞིན་དུའོ།། འབད་པས་ཡིས་ནི་མཆོད་པ་བྱ།། མཚམས་སུ་བུམ་པ་དགོད་པ་ནི།། རིན་ཆེན་འབྲུ་དང་སྨན་རྣམས་ལྡན། ། དྲི་ཡི་ཆུ་ཡིས་ཡོངས་སུ་དགང་།། གཙུ་ཏ་པ་ལ་ས་ཡིས་གཡོགས།། མགྲིན་པ་རས་ཀྱིས་དཀྲིས་པ་དང་།། དེ་སྲིད་བཅོམ་ལྡན་འདས་ཀྱི་སྔགས།། རང་རང་གི་ནི་སྔགས་བཟླས་པ། ། དེ་ཉིད་བུམ་པ་དགོད་པར་བྱ།། འདི་ལ་སྔགས་རྣམས་འབྱུང་བ་ནི།། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ།། གཙོ་བོང་ལས་ཐམས་ཅད་པའི་སྔགས་སོ།། མ་ཧཱ་ཡཀྵ་རཱ་ཛཱ་ཡ། བི་ན་མ་ཏེ། བ་ན་བྷ་དྲཱ་ཡ། ཅེམ་སྟེ་ཏེཥྚོ་ཡཀྵ་པྲ་ཙོ་དྷ་ཡ་དྷ་དི་ཏྲཾ། གནོད་སྦྱིན་གྱི་དབྱངས་ཀྱིས་སྔགས་སོ།། ཨོཾ་ཡཀྵ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་སྙིང་པོའོ།། སྔར་སྤྱན་དྲང་བ་དང་། གཤེགས་སུ་གསོལ་བ་དང་། མཆོད་པ་དང་བུམ་པར་མངོན་པར་སྔགས་པའི་སྔགས་ཏེ་སོ་སོར་སྦྱར་བར་བྱའོ། ། ཨ་ནཾ་ཏ་པདྨ་ཡ་སྭཱ་ཧཱ། པདྨའི་གཏེར་གྱི་སྔགས་སོ།། ཨ་ནན་ཏ་ས~ཾ་ཁ་ཡ་སཱ་ཧཱ། གཏེར་གིས་དུང་གིས་སྔགས་སོ།། ཛ་ར་ཡ་ན་ཎཱི་ཡདྨ་ན་ཨ་དྷི་པ་ཏ་ཡེ་སྭཱཧཱ། དངུལ་གྱི་མདོག་ཅན་གྱི་སྔགས་སོ།། ཙ་ནྡྲ་ཡཱ་སྭཱཧཱ། སྤྱོད་པའི་དབང་པོའི་སྔགས་སོ།། མུ་ཁེ་ནཱ་ཡ་སཱ་ཛྙཱ། དབང་པོ་གདོང་གི་སྔགས་སོ།། ཨོཾ་དྷན་དྷཱ་སྭཱ་ཧཱ། གཏེར་སྦྱིན་གི་སྔགས་སོ། ། མདྷི་དྲཱ་པ་ཡ་དྷ་ན་ཨདྷི་པ་ཏ་ཡེ་སྭཱཧཱ། རིན་ཆེན་ལྟེ་བའི་སྔགས་སོ།། སུ་ན་ཀྵནྡྷ། ནཱ་ཡ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། སྟེ་མཛེས་ཀྱི་སྔགས་སོ།། ཨོཾ་སུ~ཾ་བྷ་ན་བྷཱ་ཡ་དྷེ་ན་ཨ་དྷི་པ་ཏ་སྭཱཧཱ། གནོད་མཛེས་ཀྱི་ལྟེ་བའི་སྔགས་སོ།། ཨོཾ་ཨ་སུ་བྷ་ན་བྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གནོད་མཛེས་ལྟེ་གཞན་གྱི་སྔགས་སོ།། ཨོཾ་བྷ་ན་བྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུའི་ལྟེ་བ་ཅན་གྱི་སྔགས་སོ།། ནིཎ་བྷ་ཡ་དྷ་ན་ཨ་དྷི་པ་ཡེ་སྭཱ་ཧཱ། ལྟེ་སྔན་ཆན་གྱི་སྔགས་སོ།། བཻ་ཤྲ་མ་ཎ་བྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ།། རྣམ་ཐོས་སྲས་ཀྱི་སྔགས་སོ།། མ་ཧཱ་ན་བྷ་ཡ་དྷ་ན་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ།། ལྟེ་ཆེན་གྱི་སྔགས་སོ།། ། ཨོཾ་ཛཾ་བྷ་དྲ་གཱ་ཊཱ་ཡེ་སྭཱ་ཧཱ། བུམ་པ་བཟང་པོའི་སྔགས་སོ།། ཧཱ་ར་ཛཾ་བྷ་ཀ་ཧཱུཾ་ཕཊ། རྨུགས་བྱེད་ཀྱི་སྔགས་སོ།། ཨཀྵ་ཨིནྡྲཱ་ཡ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་ཞེས་བྱ་བའི་སྔགས་སོ།། སུ་སེ་མ་ཡ་སྭཱ་ཧཱ། སྡེ་མཛེས་ཀྱི་སྔགས་སོ།། ཧར་ཧ་ར་ཙནྡ་སེ་ན་ཡ་སྭཱཧཱ། ཟླ་བ་སྡེའི་སྔགས་སོ།། ཛ~ཾ་བྷ་ལཱ་ཡ་སྭཱ་ཧཱ། གནོད་གནས་ཀྱི་སྔགས་སོ།། མོ་ཏཱ་ཡ་སྭཱ་ཧཱུཾ། འདུལ་བྱེད་ཀྱི་སྔགས་སོ།། ར་བྷུ་ཛི་ཏཱ་ཡ་སྭཱ་ཧཱ། ལྕེ་དམར་པོའི་སྔགས་སོ།། མ་དྷར་ཡ་སྭཱ་ཧཱ། གསུས་པོ་ཆེའི་སྔགས་སོ།། བྷི་མ་ལ་བྷི་ལ་དཪྴ་ནི་ཨ་ཡ་ཏི་སྭཱཧཱ། དྲི་བྲལ་མའི་སྔགས་སོ།། བྷ་ས་ལེ་ཎ་ཡ་ཎེ་བོ་དྷ་ཡ་སྭཱ་ཧཱ། རྒྱས་ཆེན་མོའི་སྔགས་སོ།། ཙནྡྲ་སུམ་ཏི་སུ་ར་པཱུ་ཛི་ཏེ་ཙིནྡེ་ཙནྡ་ཙནྡྲ་མ་ཏི་སྭཱ་ཧཱ། ཟླ་འོད་བློ་གྲོས་མའི་སྔགས་སོ།། འགུགས་པའི་སྤྱན་ཅན་མའིའོ།། ཨོཾ་ཙནྡྲ་པདྨི་སྭཱ་ཧཱ། པདྨའི་སྙིང་པོའི་སྔགས་སོ།། སུ་བྷུ་མ་ནོར་བེ་སཱཧཱ། སྨིན་མཛེས་པའི་སྔགས་སོ། ། ཨོཾ་བ་ཧུ་པྲ་ཏ་ཡ་སྭཱ་ཧཱ། ལག་པ་དང་ལག་མངས་མའི་སྔགས་སོ།། ལི་ཏོ་ག་ཏ་མོ་ཏི་སྭཱ་ཧཱ། སྲིན་ཆེན་མའི་སྔགས་སོ།། སུ་གེ་མ་ལི་ཀེ་ཤ་བྷ་རེ་ཎི་སྭཱ་ཧཱ། སྒྲ་མཛེས་མ་ཞེས་བྱ་བའི་སྔགས་སོ།། བ་ན་མཱ་ལ་བཱ་ལི་ནི་སྭཱ་ཧཱ། ནགྶ་ཀྱི་འཕྲེང་བ་མ་ཞེས་བྱ་བའི་སྔགས་སོ།། ཨུ་ཏིཥྛ་བྷུ་ཙཱ་ལི་སྭཱ་ཧཱ། ཀ་ཡེམ་པ་མེའི་སྔགས་སོ།། ཧཱུ~ཾ་མཱ་ལི་མཱ་ལི་ཀ་ལ་ཀ་ཧ་ལི་དྷུ་མི་ཀི་ལི་ཀི་ལི་སྭཱ་ཧཱ།། ལྗོན་མ་འཕྲེང་བ་མའི་སྔགས་སོ། ཀསཱ་མཱ་ལ་བྷི་ལ་སོ་ནི་སྭཱ་ཧཱ།། འདོད་པ་འཕྲེང་བ་མའི་སྔགས་སོ།། སརྦ་དྷ་ཡི་བྷ་སརྦ་ཨ་ཏྲ་མ་ནོ་ཛྙཱ་བ་བེ་ག་བྷེ་དེ་སྭཱ་ཧཱ། ཡིད་ཀྱི་ཤུག་ཅན་མའི་སྔགས་སོ།། ཀ་མཱ་བི་ཀཱ་མ་མི་ནི་སྭཱ་ཧཱ། འདོད་པའི་གཟུགས་ཅན་མའི་སྔགས་སོ། ། ཤྲུ་ཏ་བཱཀྐེ་ཀར་སྭཱ་ཧཱ། ཐོས་ངག་མའི་སྔགས་སོ།། སུམ་དྷ་ར་ས་ནི་ཀ་མོ་ནེ་སྭཱ་ཧཱ། ལྷ་མཛེས་མའི་སྔགས་སོ།། མ་ཧོ་གྷོ་བྷ་ཡ་ཀ་རི་ཎཱི་སྭཱ་ཧཱ། རྫུ་འཕྲུལ་ཆེན་མོའི་སྔགས་སོ།། ། གནོད་སྦྱིན་མོ་རྣམས་ཀྱིའོ།། ཨིནྡྲ་དེ་བཱ་དྭཱི་པ་ཏ་ཡེ་སྭཱ་ཧཱ། དབང་པོའི་སྙིང་པོའོ།། ཨགྣ་ཡེ་ཨུད་བྱཱ་དྷི་པ་ཏ་ཡེ་སྭཱ་ཧཱ། མེ་ལྷའི་སྙིང་པོའོ།། ཡ་མ་པྲ་ཏི་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གཤིན་རྗེའི་སྙིང་པོའོ།། ནཻརཎྜ་རཀྵ་སཱ་དྷི་པི་ཏ་ཡེ་སྭཱ་ཧཱ། བདེན་བྲལ་གྱི་སྙིང་པོའོ།། མ་དུ་ན་ཡ་ཛ་ལ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུ་བདག་གི་སྙིང་པོའོ། བཱ་ཡ་བེ་ཨནྟ་རཀྵ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། རླུང་ལྷའི་སྙིང་པོའོ།། ཀུ་བེ་རཱ་ཡ་དྷ་ན་ཨ་དྷི་པ་། ཏ་ཡེ་སྭཱ་ཧཱ། ལུས་ངན་གྱི་སྙིང་པོའོ།། ཨི་ཤཱ་ནཱ་ཡ་བྷཱུ་ཏ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། དབང་ལྡན་གྱི་སྙིང་པོའོ།། ཨཱུར་དྷཾ་བྲཧྨ་ཎེ་སྭཱ་ཧཱ། ཚངས་པའི་སྙིང་པོའོ།། ཨ་དྷོ་བིཥྚི་བེ་སྭཱདྷཱ། ཁྱབ་འཇུག་གྱི་སྙིང་པོའོ།། ། ཨ་བི་བརྟྟ་ཡ་སྭཱ་ཧཱ། རྡོ་རྗེའི་སྙིང་པོའོ།། ཧུ་ཏ་ས་ན་ཡ་སྭཱ་ཧཱ། ཤ་ཀ་ཏིའི་སྙིང་པོའོ།། མ་ཧཱ་སྱ་མ་ཡ་སྭཱ་ཧཱ། དབྱུག་པའི་སྙིང་པོའོ།། ཁརྣ་བི་མ་ལ་བྷ་རི་ཎི་སཱ་ཧཱ། རལ་གྲིའི་སྙིང་པོའོ།། བ་རུ་ཎ་ཏ་མ་ཨ་དྷཱི་པ་ཏ་ཡེ་སྭཱ་ཧཱ། ཞགས་པའི་སྙིང་པོའོ།། པྲ་བྷཱཉྫ་ནེ་ཡེ་སྭཱ་ཧཱ། རྒྱལ་མཚན་གྱི་སྙིང་པོའོ།། མཱུཧཱ་སུ་མྱ་རསྨ་ཡེ་སྭཱ་ཧཱ། འཁོར་ལོའི་སྙིང་པོའོ།། བྷ་ལ་སེ་བྷ་སྭཱ་ནཱ། རྩེ་གསུམ་པའི་སྙིང་པོའོ།། ། བྷི་ལ་ཤ་བྷི་ཧཱུཾ་ལེ་སྭཱ་ཧཱ། ཕྱོགས་ཀྱི་སྔགས་སོ།། ཤ་རེ་ཛྭ་ལ་སྭཱ་ཧཱ། མདའི་དྲ་བའི་སྔགས་སོ།། ཨོཾ་ཨཱུར་དྷ་ཛྭ་ལ་བཛྲ་པཉྫ་ར་ཡ་སྭཱ་ཧཱ། རྡོ་རྗེ་དྲ་བའི་སྔགས་སོ།། འདི་རྣམས་དང་རང་རང་གི་སྔགས་མཁས་པས་བུམ་པ་ལ་བཟླས་པར་བྱ། སློབ་མ་དཀྱིལ་འཁོར་དུ་ཡང་བཞུགས། དབང་བསྐུར་བར་ནི་རབ་ཏུ་བརྟག། རྒྱལ་པོ་དབང་བསྐུར་བར་ནི་མཛོད།། སྐྱེ་བོ་གང་རྣམས་དངོས་གྲུབ་འདོད། དེ་རྣམས་དབང་བསྐུར་དོན་དུ་བྱ། རྒྱན་པའི་དོན་དུ་རབ་ཏུ་འབད། དེ་ལྟར་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཆོ་ག་བཞིན་དབང་བསྐུར་བ་དང་། དམ་ཚིག་བསྟན་པ་དང་། རྗེས་སུ་གནང་བ་ལས་ཕྱག་རྒྱ་ཆེན་པོའི་སྐལ་བ་ཅན་དུ་ཤེས་པར་བྱའོ། ། རང་རང་གི་ས་དང་ཕྱག་རྒྱས་དབང་བསྐུར་བ་ལའང་མཆོད་པ་རྒྱ་ཆེན་པོ་དང་སྦྱིན་སྲེག་བྱས་པ་བསྡུ་བ་དང་གཤེགས་སུ་གསོལ་བ་བྱའོ།། དེ་ལྟར་གནོད་གནས་ཀྱི་བདག་པོའི་དམ་ཚིགས་བསྟན་པ་དང་། རང་གི་སྔགས་བསྒྲུབ་པའི་སྐལ་བ་ཅན་དུ་བསྐུར་རོ།། དེ་ནས་ཉིན་རེ་བཞིན་དུ་དུས་གསུམ་དུ་སྔགས་དང་ཕྱག་རྒྱས་བདག་བསྲུང་བ་བྱས་ལ། འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཞབས་བསིལ་དང་མཆོད་ཡོན་ལ་སོགས་པ་ཕུལ་ནས། ཉེ་བར་སྤྱོད་པའི་མཆོད་པ་ཉི་ཤུ་སྔགས་དང་ཕྱག་རྒྱས་ཕུལ་ལ། ཆོ་ག་ཇི་ལྟར་ཚོགས་པའི་མཆོད་པ་བྱས་ནས་སྔོན་དུ་བསྙེན་པ་བྱའོ།། དེ་ནས་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ངས་རྒྱས་པར་བཤད་པར་བྱ་སྟེ། དེ་ནས་ཡང་གནོད་སྦྱིན་གྱི་དབང་པོས་གུས་པ་ཉེ་བར་སྐྱེས་ནས། བཅོམ་ལྡན་འདས་ལ་གསོལ་བ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་གཟིགས་ནས། སེང་གེའི་སྒྲ་བསྒྲགས་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱེད་རྣམས་ཉོན་ཅིག། འདའ་བར་དཀའ་བས་འདི་བསྟན་པ་སྙིང་རྗེ་ཆེན་པོའི་བདག་ཉིད་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་དང་ལྡན་པ། གནོད་གནས་ཀྱི་དབང་པོའི་ཕྱག་རྒྱའི་མཚན་ཉིད་སྔགས་དང་ལྡན་པ། དེ་ནས་གནོད་གནས་ཀྱི་དབང་པོས་ཐལ་མོ་སྦྱར་ཏེ་པུས་མོ་ས་ལ་བཞག་སྟེ། ཕྱག་བྱས་ནས་ཅིའང་མི་སྨྲ་བར་བསྡད་དོ།། དེ་ནས་བཅོམ་ལྡན་འདས་སེང་གེ་བཞིན་འཇིགས་པ་མེད་པས་སྔགས་དང་ཕྱག་རྒྱ་འདི་གསུངས་པ། ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་ནས་གུང་མོ་གཉིས་ཕྱིར་བཟློག་མིང་མེད་ཀྱི་རྩེ་མོ་གཉིས་སྦྱར་ལ། མཛུབ་མོ་གཉིས་ཚིགས་གསུམ་པ་བཅག་ནས་དེར་གཞག་སྟེ་མཐེ་བོང་ཕྱོགས་སུ་གཞག། མཐེབ་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་འདི་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་ཕྱག་རྒྱའོ། ། འདི་བཅིངས་པ་ཙམ་གྱིས་གནོད་གནས་ཀྱི་དབང་པོ་ཉེ་བར་གནས་པར་གྱུར་ནས་སྒྲུབ་པ་པོ་ལ་ལྟ་ཞིང་མཆོག་སྟེར་བར་བྱེད་དོ།། འདིའི་སྔགས་ནི་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། སྔགས་འདི་དང་ལྡན་པའི་ཕྱག་རྒྱས་གནས་རྣམ་པ་ལྔར་སྦྱར་བས་བྱིན་གྱིས་བརླབ་པར་བྱའོ། ། གནོད་གནས་དང་སོ་སོར་མཉམ་པར་འགྱུར་རོ།། ལག་པ་གཉིས་ཁུ་ཚུར་བཅངས་ནས་མཐེའུ་ཆུང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་སྤྱོད་པའི་དབང་པོའི་ཕྱག་རྒྱ་སྟེ། བདག་བསྲུང་བ་ལ་ངེས་པར་བྱ་བར་རོ། ། འདིའི་སྔགས་ནི། ཨོཾ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། དེ་ལྟར་ཁུ་ཚུར་བྱས་ཏེ་མཐེའུ་ཆུང་གཉིས་ནང་དུ་བཅུག། སྲིན་ལག་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་དབང་པོ་གདོང་གི་ཕྱག་རྒྱ་སྟེ་བདག་བསྲུང་བ་ལ་ངེས་པ་སྟེ། འདིའི་སྔགས་ནི། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། དབང་པོ་གདོང་གི་ཕྱག་རྒྱ་ལས་མིང་མེད་ཀྱི་ཚིགས་གསུམ་པ་ག་དེ་ནོད་སྦྱིན་མོ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་ཨ་ནི། འདིས་ཀྱང་བདག་བསྲུང་བ་བྱའོ།། སྤྱན་འདྲེན་པའི་དུས་སུའང་གནོད་སྦྱིན་མོ་རྣམས་སྤྱན་དྲང་བར་བྱའོ།། སྟེང་དང་། འོག་དང་། ཕྱོགས་བཅུར་རབ་དང་། དྲ་བ་དང་། ཕུར་བུ་ཏི་དང་ལག་པ་གཉིས་ཁུ་ཚུར་བྱས་ནས་མཛུབ་མོ་གཉིས་པོ་སོ་སོར་ཁབ་ཀྱི་རྩེ་མོ་ལྟར་བྱས་པ་འདི་ནི་དྲ་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཙི་རནྡྲ་བནྡྷ་དི་ཤ་ཕཊ། ར་བ་དང་ངེས་པར་སྦྱར་བར་བྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་གཅིག་ཏུ་བྱས་པ་ནི་དྲ་བའི་ཕྱག་རྒྱ་སྟེ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། དྲ་བའི་དོན་དུ་ངེས་པར་སྦྱར་རོ།། ལག་པ་གཉིས་ཁུ་ཚུར་བྱས་ནས་འོག་ཏུ་གཞག་པ་ན་། ཕུར་བུའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཧྲི་ཏ་ཏ། སྤྱན་དྲང་བར་བྱ་བ་ནི་རྩ་བའི་ཕྱག་རྒྱ་མཐེ་བོང་ཅུང་དགུག་པ་ནི་སྤྱན་དྲང་བའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཧོ་ཙུ་ལུ་ཙུ་ལུ། ཏཱ་ར་ཏཱ་ར། ཛ་ལ་ས་ཡ་ནཾ་། པྲི་ཡ་ཡ་སྭཱ་ཧཱ། རིམ་པ་འདིས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ།། དེ་ནས་ཨརྒྷཾ་སྦྱིན་པར་བྱའོ།། ལག་པ་གཉིས་བརྟེན་པའི་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་མཐེ་བོའི་ངོས་ལ་སྦྱར་ཏེ། འདིའི་སྔགས་ལ། ། ཨོཾ་ཡཀྵ་ནཱ་དྷ་ཡ་ཀེནྣ་ན་པྲི་ཡ་པཱ་ཤ་པཱ་ཤ་སྭཱ་ཧཱ། དེ་ནས་གདན་དབུལ་བར་བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ཏེ་མཛུབ་མོ་གསུམ་པ་མཉམ་པར་བྱས་ནས་ཚིགས་གསུམ་པ་བཀུག་སྟེ་དབུས་མར་སྦྱར་ནས། གཞན་སོ་སོར་བྱས་པ་ནི་བཅོམ་ལྡན་འདས་ཀྱི་སེང་གེའི་གདན་གྱི་ཕྱག་རྒྱའོ།། འདི་བསྟན་པ་ཙམ་གྱིས་གནོད་སྦྱིན་གྱིས་བདག་པོ་འཁོར་དང་བཅས་པས་སེང་གེའི་གདན་ལ་བཞུགས་པར་འགྱུར་རོ།། སེང་གེའི་གདན་གྱིཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཨིནཱ་ཡ་ས་མ་ཀཾ་སྭཱ་ཧཱ། དེས་ནས་ཁྲུས་ཀྱི་ཕྱག་རྒྱ་བཅིངས་ནས་གནོད་གནས་འཁོར་དང་བཅས་པ་ཁྲུས་གསོལ་བར་བྱ། ལག་པ་གཉིས་ཡང་རྟེན་གྱི་ཐལ་མོ་བྱས་མཐེའུ་ཆུང་གཉིས་ཕྱིན་ཅི་ལོག་ཏུ་བྱས་ལ་མིང་མེད་གཉིས་དཀྱིལ་དུ་བྱས་པ་གུང་མོ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས། དེའི་ཕྱི་རོལ་ཏུ་གུང་མོའི་ཚིགས་གསུམ་སྦྱར། མཐེ་བོང་གཉིས་ཕྱོགས་སུ་གཞག་པ་ནི་། ལྷ་ཐམས་ཅད་ཀྱི་ཁྲུས་ཀྱི་ཕྱག་རྒྱའོ།། འདིའི་སྔགས་ནི། ཨོཾ་ནཱ་ནཱ་པྲི་ཡ་གཱ་ཏ་གྷ་ཏ། ཀུཾ་པ་བྷ་ཙ་ལ་སྭཱ་ཧཱ། གོས་ཀྱི་ཕྱག་རྒྱ་བཅིངས་ནས་གོས་དབུལ་བར་བྱ་སྟེ། ཡང་ལག་པ་གཉིས་མཐེ་བོང་དང་མཛུབ་མོ་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་ལྟར་བྱས་ཏེ། སོར་མོ་ཕྱི་མ་རྣམས་བརྐྱང་བ་འདི་ནི་གོས་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་དྷི་རི་དྷི་རི་མ་ཧཱ་ས་མུ་དྲ་ཨཾ། ན་ར་དྷ་ཀ་སྭཱ་ཧཱ། རྒྱན་གྱི་ཕྱག་རྒྱ་ཉེ་བར་བྱས་ཏེ། ལག་པ་གཉིས་སོར་མོ་གསུམ་གྱི་མཐེ་བོང་བཀབ་ནས་སྡིགས་མཛུབ་འཁྱིལ་བའི་ཚུལ་དུ་བྱས་ནས། ཕན་ཚུན་སྟེང་དུ་བསྐོར་ནས་གཅིག་ཏུ་བྱས་པ་འདི་ནི་རྒྱན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་མེ་གྷ་བྷ་ར་ཎ་ཛྭ་ལ་བུ་ག་ན་སྭཱ་ཧཱ། ཡང་དག་པར་སྐྱང་ནུལ་བྱ་བའི་ཕྱག་རྒྱ་ནི་ལག་པ་གཡས་པ་ཁུ་ཚུར་བཅངས་ནས། ལག་པ་གཡོན་པ་ནོར་བུ་འཆིང་བའི་མཚམས་སུ་ལག་པའི་གདུབ་ཀོར་ལྟར་གཟུང་བ་ནི་སྐྱང་ནུལ་བྱ་བའི་ཕྱག་རྒྱའོ།། འདིའི་སྔགས་ནི། ཨོཾ་ཧཱ་ར་ཧཱ་ར་ཛོ་གྷཱ་ཎཱ་ཡ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་གྱི་ཕྱག་རྒྱ་ངེས་པར་བསྟན་པར་བྱ་སྟེ། དེ་ཉིད་ལས་སོར་མོ་རྣམས་སོར་སོར་བརྐྱང་ནས་ཁ་འོག་ཏུ་དབུབ་པ་ནི་དཀྱིལ་འཁོར་ཉེ་བར་བྱུག་པའི་ཕྱག་རྒྱའོ།། འདི་སྔགས་ནི། ཨོཾ་ཀུ་ཏི་ཛུ་ཀ་དྷཱ་ར་ཏ་པྲི་ཡཱ་ཡ་སྭཱཧཱ། རྡུལ་ཚོན་གྱི་འཕྲེང་བའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། དཀྱིལ་འཁོར་གྱི་ཕྱག་རྒྱལ་སོར་མོ་རྣམས་ཁ་འོག་ཏུ་བྱས་ནས་གཞག་པ་ནི་རྡུལ་ཚོན་གྱི་འགྲེང་བའི་ཕྱག་རྒྱའོ།། འདིར་སྔགས་ནི། ཧེ་ཧེ་ཕེ་ན་བྷ་ལི་པྲི་ཡ་སོ་བྷ་ན་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཉིས་བརྟེན་པའི་མཐལ་མོ་སྦྱར་ལ། མཐེའུ་ཆུང་ཁབ་ཀྱི་རྣམ་པ་ལྟར་བྱས་ནས། མིང་མེད་དང་། གུང་མོ་དང་མཛུབ་མོ་རྣམས་ནང་དུ་བཅུག་པ་ནི་དྲིའི་ཕྱག་རྒྱའོ། ། འདིའི་སྔགས་ནི། ཨོཾ་ལ་ལཱ་གཱ་ལཱ་ག་ལ་སུ་ཀཱནྡྲེ་བནྡྷ་ཡ་སྭཱཿ། དེ་ནས་མེ་ཏོག་གི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། དྲིའི་ཕྱག་རྒྱ་ལས་མཐེབ་དྲང་པོ་གྱེན་དུ་བསྒྲེང་བ་ནི་མེ་ཏོག་གི་ཕྱག་རྒྱའོ། ། འདིའི་སྔགས་ནི་ཨོཾ་པུཥྚ་པྲ་བྷ་ར་པུ་ཝེ་གྷ་སྭཱཧཱ། བདུག་སྤོས་ཀྱི་ཕྱག་རྒྱ་ནཱི། མེ་ཏོག་གི་ཕྱག་རྒྱ་ལས་ཚིགས་གསུམ་པ་ཅུང་ཟད་བཀུག་པར་བྱ་བ་ནི་བདུག་། ཕྱག་རྒྱའོ།། འདིའི་སྔགས་ནི། ཨོཾ་རུ་རུ་མ་ཧཱ་དྷཱུ་པ་པྲི་ཡཱ་ཡ་སྭཱ་ཧཱ། གཏོར་མའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། བདུག་སྤོས་ཀྱི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ལོངས་སྤྱོད་པའི་རྣམ་པར་བཀོད་ནས་མཐེའུ་ཆུང་གཉིས་ནང་དུ་བྱས་པས་ནི་གཏོར་མའི་ཕྱག་རྒྱའོ། ། འདིའི་སྔགས་ནི། ཨོཾ་ས་ཀ་ས་ཀ་བྷ་རི་ལ་ཛ་ན་ག་ན་ཀ་བ་ལི་ཏ་ཡཀྵ་དེ་ཧི་དེ་ཧི་སྭཱ་ཧཱ། མེ་མར་གྱི་ཕྱག་རྒྱ་ཉེ་བར་གནས་པ་ནི། གཏོར་མའི་ཕྱག་རྒྱ་ལས་སོར་མོ་ཐམས་ཅད་ཁུ་ཚུར་བྱས་ལ་མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་པ་ནི་མེ་མར་གྱི་ཕྱག་རྒྱའོ། ། འདིའི་སྔགས་ནི། ཨོཾ་ཕུ་རུ་ཕུ་རུ་པྲ་ཀ་ས་ཡ་སྭཱ་ཧཱ། དྲིའི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡས་པ་ཁོང་སྟོང་ལ་ཐུར་དུ་བྱས་པ་ནི་དྲིའི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཀི་ནི་ཀི་ནི་ཀནྡྷ་ཀན། གྷ་ཤཾ་མེ་དྲི་མུ་སཱ་ཧཱ། གདུགས་ཀྱི་ཕྱག་རྒྱ་ཉེ་བར་གནས་པ་ནི། ཡང་ལག་པ་གཉིས་ཕན་ཚུན་དུ་། མངོན་པར་ཕྱོགས་ནས་གཅིག་ཏུ་སྦྱར་ཞིང་ནང་དུ་ཞུམ་ནས་མཐེ་བོང་ཕྱོགས་སུ་བཞག་པ་ནི་གདུག་གྱི་ཕྱག་རྒྱའོ།། འདིའི་སྔགས་ནི། ཨོཾ་གྲྀཧྞ་ཙ་པྲ་ཏི་ཡཙྪ་ཏྲཾ་ཀ་རཀྵ་ཀ་སྭཱ་ཧཱ། རྔ་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི་ལག་པ་གཡས་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ནས་སོར་མོ་ལྷག་མ་རྡོ་རྗེ་ལྟར་མཚོན་པས་ཕྱོགས་གཉིས་ཀ་བསྐོར་བ་ནི་རྔ་ཡབ་ཀྱི་ཕྱག་རྒྱའོ། ། འདིའི་སྔགས་ནི། ཨོཾ་མ་ར་ཙ་ཙ་མ་ཀ་ར་པྲི་ཡ་ཀེ་ཊུ་ཊུ་སྭཱ་ཧཱ། དྲུང་ཡབ་ཀྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གྱི་སེན་མོ་བཀབ་ནས་སོར་མོ་ལྷག་མ་རྣམས་བརྐྱང་སྟེ། རྡོ་རྗེ་ལྟར་མཚོན་ནས་ཡོངས་སུ་བསྐོར་བ་ནི་རླུང་ཡབ་ཀྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི་ཨོཾ་བྷ་རཾ་བྷ་བྷ་སུ་ཏ་གཱ་ཡ་སྭཱ་ཧཱ། རྒྱལ་མཚན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ལག་པ་གཡས་པའི་མཐེ་བོང་གིས་མིང་མེད་དང་མཐེ་ཆུང་གི་སེན་མོ་མནན་ནས། མཛུབ་མོ་དང་གུང་མོ་གཉིས་གཅིག་གི་རྣམ་པ་ལྔར་བྱས་ནས་འོག་ཏུ་བསྐྱོད་པ་ནི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཨོཾ་ཏུ་ཤ་ཏུ་ཤ་ཀ་ལ་སྭཱ་ཧཱ། ཛ་པྲི་ཡཱ་ཡ་སྭཱ་ཧཱ། གདན་གྱི་ཕྱག་རྒྱ་ཉེ་བར་བསྟན་པ་ནི། ཡང་ལག་པ་གཉིས་ཀྱི་མིང་མེད་དང་མཐེའུ་ཆུང་རིམ་གྱིས་མནན་ནས། གུང་མོ་དང་སྡིགས་མཛུབ་གཉིས་ཁབ་ཀྱི་རྣམ་པ་ལྟར་བྱས་ལ་སྟེང་དུ་སྐོར་བ་ནི་གདན་གྱི་ཕྱག་རྒྱ་སྟེ། འདིའི་སྔགས་ནི། ཛ་ལ་ཛམ་དུ་དུ་ཁ་ཡན་ཏྲི་པྲི་ཡ་སྭཱ་ཧཱ། གདན་གྱི་སྔགས་སོ།། འདི་རྣམས་ནི་གནོད་སྦྱིན་གྱི་དབང་པོའི་ཉེ་བར་མཆོད་པར་ཉི་ཤུའོ། ། སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཡིད་ལས་བྱུང་བའི་མཆོད་པ་མཐོང་བ་དང་ཐོས་པས། རང་བཞིན་གྱི་སྔགས་དང་ཕྱག་རྒྱས་མཆོད་པ་འདི་ཐམས་ཅད་དབུལ་བར་བྱའོ། ། དེ་ནས་བདག་ཉིད་འབུལ་བ་དང་། སྡིག་པ་བཤགས་པ་དང་། བསོད་རྣམས་ལ་རྗེས་སུ་ཡིད་རང་བ་དང་། དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པ་དང་། བསྟོད་པས་མཉེས་པར་བྱ་བ་དང་། གླེང་བཞི་དང་། ཚིག་ཏུ་བརྗོད་པའི་མདོ་ལ་སོགས་པ་ནོད་པ་དང་། མཚན་བརྒྱ་རྩ་བརྒྱད་པ་གདོན་པ་དང་། མཆོག་སྦྱིན་གྱིས་ཚིགས་སུ་བཅད་པས་བསྐུལ་བ་དང་། རྟག་ཏུ་ཆུ་སྦྱིན་པ་དང་། ལྷ་ཐམས་ཅད་ལ་གཏོར་མ་སྦྱིན་པ་དང་། འདི་རྣམས་ཐམས་ཅད་བྱས་ལ། བོ་དྷི་ཙི་སྔགས་ཀྱི་སྐུད་པ་ཡོངས་སུ་བཟུང་ལ་གནོད་གནས་དང་འདྲ་བར་རང་བསྒོམས་པ་ཡི། ཨོཾ་ཡིག་སྤྱི་བོར་དགོད་པར་བྱ། ཛམ་ཡིག་ཁ་རུ་ངེས་པར་དགོད།། བྷ་ཡིག་ལག་པ་གཡས་པར་དགོད།། ལཱ་ཡིག་གཡོན་པར་དགོད་པར་བྱ། ཛཱ་ཡིག་སྙིང་ཁར་དགོད་པའོ། ། བརླ་ནི་གཡས་དང་གཡོན་པ་ལ།། ལིནྡྲ་ངེས་པར་དགོད་པར་བྱ།། ཡེ་ཡིག་མཚན་མར་དགོད་པར་བྱ།། དེ་ནས་བློ་དང་ལྡན་པ་ཡིས།། རྐང་པའི་མཐིལ་དུ་སྭཱ་ཧཱ་དགོད།། འདི་རྣམས་གནོད་སྦྱིན་དབང་པོ་རྒྱལ། ། གསང་བའི་སྙིང་པོར་རབ་ཏུ་གྲགས།། འདི་རྣམས་གང་ཤེས་བློ་ལྡན་ཡིན།། དེ་ཡིས་དངོས་གྲུབ་འགྲུབ་པར་འགྱུར།། ཇི་ལྟར་ནུས་པ་བཟླས་པར་བྱ།། བདག་ཉིད་བསྲུང་བ་བྱས་ནས་ནི། ། སེམས་ཅན་རྣམས་ལ་བསོད་ནམས་གང་མཉམ་པར་གཞག་པས་དབུལ་བར་བྱ།། ཇི་ལྟར་འདོད་པས་བླངས་ནས་ནི།། དེ་ནས་གཤེགས་སུ་གསོལ་བར་བྱ།། སྔར་གྱི་སྤྱན་དང་ཕྱག་རྒྱ་ལས། མཐེ་བོང་བརྐྱང་བས་བསྐྱོད་པའོ།། སྔགས་དང་བཅས་པས་གཤེགས་སུ་གསོལ།། སྔགས་ནི། ཨོཾ་ཌི་ཌོ་ཏྲ་ཏ་བྷ་ག་ཏ་ཨཛྲ་གྷ་ཚ་གྷ་སྭཱ་ཧཱ། རིམ་པ་འདིས་སྔོན་དུ་བསྙེན་པ་འབུམ་བྱས་ལ་ཕྱི་ནས་ཇི་ལྟར་འདོད་པར་བསྒྲུབ་པར་བྱའོ། ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེས།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཇི་སྲིད་རིམ་པ་འདིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ཆེན་པོར།། འགྱུར་བ། བཅོམ་ལྡན་འདས་ཤིན་ཏུ་ངོ་མཚར་ཏོ།། བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཏོ།། སེམས་ཅན་ཐམས་ཅད་ཁྱད་པར་སྤྲོ་བ་དང་། དོན་ཐམས་ཅད་བསྒྲུབ་པ་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་ཅན་སེམས་རྟོག་པ་གང་གིས་གནོད་གནས་ཀྱི་དབང་པོའི་རྟོག་པ་མཉམ་པར་འདོད་པའི་རྟོག་པ་མ་ལུས་པར་བསྒྲུབ་པའི་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས་གནོད་གནས་ཀྱི་རྟོག་པ་འདི་གསུངས་པ། སྔར་བརྗོད་པའི་ཚོ་གས་སྔོན་དུ་བསྙེན་པ་བྱས་ལ། དེ་ནས་ཡང་གནོད་གནས་ཀྱི་དབང་པོ་ལ་དྲི་དང་མེ་ཏོག་གྱི་མཆོད་པ་བྱས་ནས། རྒྱ་མཚོ་། ཆུར་ཞུག་པ་ལ་སྟོང་ཕྲག་བཅུ་བཟླས་པ་བྱས་ནས་སྔོན་དུ་བསྙེན་པར་འགྱུར་རོ།། དེ་ནས་ཡང་ངོའི་ཚེས་གཅིག་ལ་རྒྱ་མཚོར་འབབ་པའི་ཆུའི་འགྲམ་དུ་ཕྱིན་ནས་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ཏེ། ཉིན་མཚན་གཅིག་ཏུ་སྨྱུང་བར་གནས་ནས་ཁྱོར་བ་འབུམ་གྱི་ཆུ་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ། ། སྦྱོར་བ་འདི་ཉིད་ཀྱིས་པུས་མོས་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་སྟོང་ཕྲག་བཅུའི་སྦྱིན་སྲེག་བྱས་ནས། གྲོང་བཅུ་འམ་གསེར་སྲང་སྟོང་རབ་ཏུ་སྟེར་བར་འགྱུར་རོ། ། ཆུ་བོ་དེ་ཉིད་ལ་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་པདྨ་ལ་ཞོ་དང་། མར་དང་། སྦྲང་རྩིར་སྦགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་གཏེར་གྱི་བུམ་པ་རྙེད་པར་འགྱུར་རོ། ། ཡང་སྦྱོར་བ་དེ་ཉིད་ཀྱིས་ཟར་མའི་མེ་ཏོག་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ནས་རྒྱལ་བའི་དབང་དུ་འགྱུར་རོ།། མྱ་ངན་མེད་པའི་ཡམ་ཤིང་ལ་མེ་སྦར་ཏེ། ཨ་པ་མརྒའི་སྙེ་མ་ལ་མར་ད་སྦྲང་རྩི་དང་སྤགས་ནས་སྦྱིན་སྲེག་སྟོང་བྱས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དབང་དུ་འགྱུར་རོ། ། ཨ་པ་མརྒའི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ། ཨ་པ་མརྐའི་ས་བོན་ཞོ་དང་། མར་དང་། སྦྲང་རྩིས་བྱུགས་ལ་མིང་མེད་དང་མཐེབ་མོས་གཟུང་ནས་རང་གི་ཁྱིམ་དུ་གཏེར་མཐོང་བར་འགྱུར་རོ། ། དེ་ནས་ཉིན་རེ་བཞིན་ཏིལ་གྱི་མེ་ཏོག་ཞོ་དང་། མར་དང་། སྦྲང་རྩིས་སྤགས་ནས་དུས་གསུམ་དུ་སྟོང་ཕྲག་བརྒྱང་དུ་སྦྱིན་སྲེག་བྱས་ན་དོན་དུ་གཉེར་བ་འཐོབ་པར་འགྱུར་རོ། ། ཉི་མ་གཅིག་གིས་འཁོར་ཉིས་བརྒྱ་དང་བཅས་པས་མ་བསླངས་པར་བཟའ་བ་དང་བཅའ་བའང་རྙེད་པར་འགྱུར་རོ།། མྱ་ངན་མེད་པའི་མེ་ཏོག་ལ་ཞོ་དང་། མར་དང་། སྦྲང་རྩིས་བྱུགས་ཏེ། དུས་གསུམ་དུ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་གང་གསོལ་བ་བཏབ་པ་དེ་ཐོབ་པར་འགྱུར་རོ།། མྱ་ངན་མེད་ཀྱི་མེ་ཏོག་དང་ཨ་པ་མརྒའི་ས་བོན་བསྲེས་ལ། ཞོ་དང་། མར་དང་། སྦྲང་རྩིས་བྱུགས་ལ། སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་མོ་དབང་དུ་འགྱུར་རོ།། མིང་བཟུང་ནས་སྦྱིན་སྲེག་དེ་ཉིད་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་རྒྱལ་པོའི་བུ་དེ་ཉིད་ཐོབ་པར་འགྱུར་རོ།། མེ་ཏོག་དམར་པོ་མཉམ་པ་ཡོངས་སུ་བཟུང་ནས་རྒྱ་མཚོར་འབབ་པའི་ཆུ་བོར་ཕྱིན་ལ་རྐེད་པ་ནུབ་ཙམ་དུ་ཆུར་ཞུགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་ན། གང་མེ་ཏོག་དེའི་དྲི་ཚོར་བ་དང་རེག་པ་དེ་རྣམ་པ་ཐམས་ཅད་དུ་དབང་དུ་འགྱུར་རོ།། ཆོག་དེ་ཉིད་ཀྱིས་གནོད་སྦྱིན་མོ་རྣམས་འགུགས་པར་འགྱུར་རོ།། ཡང་ཆུ་དེ་ཉིད་ལ་ཨ་པ་མརྒའི་ཤིང་གིས་སྦྱིན་སྲེག་སྟོང་བྱས་ན་ཉི་མས་མཆོག་སྟེར་བར་འགྱུར་རོ།། དེ་ལྟར་མན་ད་ར་བའི་མེ་ཏོག་གི་སྦྱིན་སྲེག་བྱས་ན་བརྒྱ་བྱིན་གྱིས་མཆོག་སྟེར་བར་འགྱུར་རོ། ། ཏིལ་གི་མེ་ཏོག་གིས་ནི་ཚངས་པས་མཆོག་སྟེར་བར་འགྱུར་རོ།། བེ་ཏའི་མེ་ཏོག་གིས་ནི་ནོར་ལྷས་མཆོག་སྟེར་བར་འགྱུར་རོ།། སྔགས་དེ་ཉིད་ཟློས་བཞིན་པས་མཐེའུ་ཆུང་དང་མཐ་བོང་གཉིས་ཀྱི་གཟུགས་བརྙན་བཅིངས་ནས་ཇི་སྲིད་སྔགས་སྟོང་ཕྲག་བཅུ་བཟླས་པ་དེ་སྲིད་གང་འདོད་པ་དེ་རྙེད་པར་འགྱུར་རོ། ། དེ་ནས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ།། འབུམ་ཕྲག་བཟླས་པས་རྒྱལ་པོ་འགུག་པར་འགྱུར་རོ། ། འབུམ་ཚོ་གཉིས་བཟླས་ན་གནོད་སྦྱིན་མ་རང་འོང་བར་འགྱུར་རོ།། འབུམ་ཚོ་གསུམ་བཟླས་པས་སེམས་ཅན་ཐམས་ཅད་འགུགས་པར་འགྱུར་རོ།། ཡང་ན་རྐང་པས་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ན་ཡིད་ལ་གང་འདོད་པ་དེ་རྙེད་པར་འགྱུར་རོ། ། རྒྱལ་པོའི་ཨརྒའི་རང་བཞིན་གྱི་ཤིང་ལ་གཟུགས་བརྙན་བྱས་ལ་མ་ཙོས་པའི་ཁ་དོག་གི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་ཉིད་ཀྱང་མདུན་དུ་ཟླ་བ་དྲུག་ཏུ་མི་སྨྲ་བར་བཟླས་ན་ལག་པ་གཡོན་པའི་མཐིལ་དུ་སྔགས་ཁྲི་མངོན་པར་བཟླས་ནས་གཏེར་གང་ན་ཡོད་པའི་སར་ཕྱིན་ཏེ། སྟེང་དུ་ལག་པ་གཞག་སྟེ་སྔགས་བརྒྱ་རྩ་བརྒྱད་བཟླས་ན་གཏེར་ཐམས་ཅད་འགུགས་པར་འགྱུར་རོ།། དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་མྱ་ངན་མེད་ཀྱི་རྩ་བ་ན་གནས་པས་ཉིན་མཚན་དུ་གསོ་སྦྱོང་གིས་གནས་ཤིང་། ཉིན་མཚན་སྦར་ཆོད་ཀྱིས་ཟས་ཟ་བས་ཉི་ཤུ་རྩ་གཅིག་ཏུ་སྦྱིན་སྲེག་བྱས་ན་དགོས་པ་ཐམས་ཅད་སྒྲུབ་པར་ནུས་སོ། རྒྱ་སྐྱེགས་ཀྱི་ཁུ་བ་དང་ཞོ་བསྲེས་ནས་སྲེག་བླུགས་སྟོང་བྱས་ན་གསེར་སྲང་སྟོང་སྟེར་བར་འགྱུར་རོ།། ཨ་པ་མརྒའི་ཡམ་ཤིང་ཞོ་དང་། མར་དང་། སྦྲང་རྩིས་མངོན་པར་སྦགས་ནས་ཉིན་མཚན་དུ་སྨྱུང་བར་གནས་པས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་པས་ཤིན་ཏུ་ཤེས་རབ་འཕེལ་བར་འགྱུར་བ་དང་། ཚིགས་བཅད་སྟོང་ཡང་འཛིན་པར་འགྱུར་རོ།། ཨརྒའི་རྩ་བ་ལ་ཆོ་ག་འདིས་སོར་མོ་དྲུག་པའི་གཟུགས་བརྙན་ཅོད་པན་དང་ཐོར་ཙུགས་ལྡན་པར་བྱས་ལ། དེའི་མདུན་དུ་ཨ་པ་མརྒའི་ཡམ་ཤིང་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། སོ་མ་མ་སོ་པ་ཏ་ཏྲི་ཎི་ཡ་མི་རི་ཏི་མ་ཎི་རི་ཏི་སྭཱ་ཧཱ། སྔགས་འདིས་སྦྱིན་སྲེག་སྟོང་བྱས་ན་དོང་ཅེ་རྒྱད་རྙེད་པར་འགྱུར་རོ། ། གནོད་གནས་ཀྱི་སྙིང་པོའི་མཆོག་རྙེད་པར་འགྱུར་རོ།། འདི་ཉིད་ཀྱི་གནས་པས་པུས་མོ་ནུབ་ཙམ་དུ་ཆུར་ཞུགས་ནས་འབུམ་ཕྲག་དྲུག་བཟླས་ན་ནོར་རྙེད་པར་འགྱུར་རོ། ། ནིམ་པའི་ཤིང་གི་རང་བཞིན་ལ་ཆུ་ཞེང་དུ་སོར་བཞི་མཉམ་པའི་ནོར་བུ་བཟང་པོ་བྱས་ལ། གསོ་སྦྱོང་དང་ལྡན་པའི་རི་མོ་མཁན་གྱིས་བྲིས་ལ་ཉེ་བར་མཆོད་པ་དང་གཏོར་མ་བྱིན་ནས། དུ་བ་མེད་པའི་མེ་ལ་དུས་གསུམ་དུ་དེའི་མདུན་དུ་རྒྱ་སྐྱེགས་ཀྱི་སྲེག་བླུགས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ཕྱུག་པོ་རྣམས་དབང་དུ་འགྱུར་རོ། ། ལེགས་པར་ཡན་ལག་སྟེར་བ་དང་། རྨད་འགྱུར་ཆེན་པོའི་བརྩོན་འགྲུས་དང་། ལྟོས་པ་མེད་པའི་སྙིང་རྗེ་དང་། ཡང་དག་ཇི་བཞིན་སྟོན་པ་དང་། རྫུ་འཕྲུལ་གྱིས་ནི་འགྲོ་བ་དང་།། ཐམས་ཅད་དུ་ནི་སྐྱོན་མེད་པ།། སྡུག་བསྔལ་བ་ནི་ཉོན་མོངས་ཉམས།། ཛམྦྷ་ལ་ཡི་སྒོམ་པ་པོ།། དེ་ནས་ཡང་གནོད་སྦྱིན་དབང་པོའི་སྙིང་པོ་རྒྱས་པར་བཤད་པ་ནི། མཆོག་གི་དངོས་གྲུབ་དང་བསྐུལ་བའི་ཡི་གེ་དང་ཡང་དག་པར་ལྡན་པ་འདི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ས་མ་ཡ་མ་ནུ་སྨ་ར་མ་ཎི་བྷ་དྲཱ་ཡ། བྷ་ག་བན་ཏེ་ཙིཏྟཏྟཏ་ཏི། དྷཱ་མ་དྷམ?། དྷུ་རུ་དྷུ་རུ། མ་རི་ནི་མ་ཧཱ་ཡ་ཀྵ་སེ་ན་པ་ཏ་ཡེ། ཧུ་ལུ་ཏུ་ལུ་མ་ཎི་དྷ་དྲཱ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲཱ། ཏུ་རིཏུ་ཊི་མ་ཎཱི་བྷ་དྲཱ། ཏི་ཊི་ཏི་ཊི་མ་ཎི་དྭཱ་དྲཱ་སཱ་ཧཱ། ཆེ་གྲངས་མེད་ཅིང་རྒྱུ་སྐར་མེད།། སྥཱ་བའི་ཆོ་ག་ཡོད་མ་ཡིན། ཨརྒའམ་ནི་ནིམ་པའི་ཤིང་། གཞན་པ་རྣམས་ལ་ནོར་བུ་བཟང་པོའི་གཟུགས་བྱས་ཏེ། དེའི་མདུན་དུ་འདུག་ལ་ཉི་མ་ཕྱེད་ཀྱི་དུས་སུ་དྲི་དང་མེ་ཏོག་ལ་སོགས་པའི་མཆོད་པ་བྱས་ནས་ཡུངས་ཀར་གྱི་ཚ་བའི་མར་ནག་དང་བཏགས་པའི་རིལ་བུ་བྱས་ཏེ། ནོར་བུ་བཟང་པོའི་ལྟོ་བར་བཅུག་ནས་རིག་པ་སྟོང་ཕྲག་བརྒྱད་བཟླས་ནས་དོང་ཚེ་བརྒྱ་རྙེད་པར་འགྱུར་རོ།། དེ་ཉིད་དུ་ཟད་པར་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྩ་བའི་སྔགས་ཀྱི་རྟོག་པ་གསུངས་པ། གང་གིས་ལོ་མ་བཙོས་པ་ཟ་བ་དང་བསོད་སྙོམས་ཀྱི་འཚོ་ཞིང་འབུམ་ཕྲག་གསུམ་བཟླས་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྒྱ་ཆེ་བའི་མཆོད་པ་བྱས་ནས་སྟོང་ཕྲག་བརྒྱད་དུ་བཟླས་པ་བྱས་ན་ནོར་མང་པོ་རྙེད་པར་འགྱུར་རོ། ། ཟླ་བ་དྲུག་ཏུ་ཆུ་ནང་དུ་ཆུའི་སྦྱིན་སྲེག་བྱས་ན་སྟོང་ཕྲག་བརྒྱ་རྙེད་པར་འགྱུར་རོ།། ཇི་ལྟར་འབྱུང་བ་བཞིན་དཀར་གསུམ་གྱི་གཏོར་མ་དང་མཆོད་པ་འཕུལ་ལ་ཨ་ཤྭཏྠའི་ཡམ་ཤིང་གི་ཞོ་དང་། མར་དང་། སྦྲང་རྩི་སྤགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ན་བར་སྣང་ལས་སྒྲ་ཐོས་པ་ཡིད་ལ་འདོད་པའི་རིག་པ་འཛིན་པའི་འབྲས་བུ་འགྲུབ་པ་དང་། སེམས་ཀྱིས་བྱས་པས་ཚོགས་པར་འགྱུར་རོ། ། དེ་བཞིན་དུ་ལས་སྣ་ཚོགས་གཞན་འགྲུབ་སྟེ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་འབུམ་ཕྲག་གཅིག་བཟླས་ནས། དཀར་པོ་དང་ནག་པོའི་ཕྱོགས་ལ་བསོད་སྙོམས་ཟ་ཞིང་རེ་མོས་ཀྱི་སྤང་བར་གནས་ནས་གཏོར་མ་དང་། མཆོད་པ་ཆོ་ག་བཞིན་བྱིན་ནས། ཏིལ་ནག་པོ་ལ་ཞོ་དང་། མར་དང་། སྦྲང་རྩི་སྦགས་ལ་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་ནས་གྲོང་མཆོག་བཅུ་གཉིས་རྙེད་པར་འགྱུར་རོ། ། བག་མེད་པ་ལས་མ་གྲུབ་ན་སྟོང་ཕྲག་བཅུའི་ནང་ནས་གྲོང་གཅིག་རྙེད་པར་འགྱུར་རོ།། ཆུ་བོའི་འགྲམ་དུ་ནོར་བུ་བཟང་པོ་བཞག་ནས་མར་དང་འོ་ཐུག་ཟ་ཞིང་མཆོད་རྟེན་སྐུ་གདུང་དང་ལྡན་པ་ལ་འབུམ་ཕྲག་གཅིག་བཟླས་ནས། གནམ་སྟོང་ལ་མཚན་མོ་སྦྱང་བར་གནས་པས་ཛཱ་ཏིའི་མེ་ཏོག་ལ་སྟོང་ཕྲག་བརྒྱད་དུ་རེ་རེ་ལ་མངོན་པར་བསྔགས་ནས་མཆོད་རྟེན་ལ་ཕུལ་ན་ནང་པར་ཕྱུག་སྟོང་ཕྲག་སྟེར་བར་འགྱུར་རོ།། བསོད་སྙོམས་ཟ་ཞིང་རིགས་གཙང་མ་ལ་དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གཅིག་ཏུ་བཟླས་ནས་ནག་པོའི་ཕྱོགས་ཀྱི་བརྒྱད་ལ་མཚན་མོ་སྦྱང་བར་གནས་ལ། འཛ་མྦུའི་ཡམ་ཤིང་ལ་མེ་སྭ་ར་ལ་ནཱ་ག་པུས་བཞོ་དང་། མར་དང་སྦྲསྣསྦྲ་རྩིས་སྦགས་ནས་སྟོང་ཕྲག་བརྒྱད་དུ་སྦྱིན་སྲེག་བྱས་པ་དང་། མངར་གསུམ་གྱི་བཤོས་གཙང་མ་དང་། གཏོར་མ་བྱིན་ནས་སྦྱིན་སྲེག་ཡོངས་སུ་རྫོགས་པ་དང་། བྲམ་ཟེའི་གཟུགས་ཀྱིས་འོངས་ནས་ངས་ཅི་བྱེད་ཅེས་སྨྲ་བར་བྱེད་དོ། ། དེ་ལ་སྨྲ་བ་དོང་ཚེ་ལྔ་བྱིན་ཅིག་ཅེས་སྨྲས་པ་དང་། དེ་ལྟར་བྱའོ་ཞེས་སེ་ས་མི་སྣང་བར་འགྱུར་ཏེ། ཉིན་རེ་ཞིན་དུ་སྟེར་བར་འགྱུར་རོ།། ལྷག་མ་མེད་པར་ཟད་པར་བྱའོ།། བཛྲ་སྐྱེས་པའི་མཚོའི་འགྲམ་དུ་ཕྱིན་ཏེ་ཆུ་དང་བཅས་པའི་ཕྱེ་ཟ་བ་འམ། ཡང་ན་ཇི་ལྟར་རྙེད་པའི་ཟས་ཟ་ཞིང་ནོར་བུ་བཟང་པོའི་ཁ་ཕྱིར་བསྟན་པར་བཞག་ལ་གསོལ་བ་བཏབ་ན། ཇི་སྲིད་དུ་སྟོང་ཕྲག་བརྒྱ་རྫོགས་པར་པདྨོའི་སྦྱིན་སྲེག་བྱས་ན་དེའི་རྗེས་ལ་དཔལ་པདྨོ་འོངས་ཏེ། འོངས་པ་ལ་དེ་ལ་པདྨོ་ཉེ་བར་ཕུལ་ནས་དྲི་དང་བཅས་པའི་ཆུའི་ཨརྐ་བྱིན་ན། དེས་སྨྲས་པ། བུ་ཅི་ཞིག་བྱ་ཞེས་སྨྲས་ན། སྒྲུབ་པ་པོ་སྨྲ་བར་བྱ་སྟེ། གཏེར་མང་པོ་བདག་ལ་རབ་ཏུ་སྩོལ་ཅིག། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ།། དེ་ནས་གང་དུ་འགྲོ་བ་དེར་ཁྱེར་ནས་ཕྱིན་པ་དེ་ཟད་པ་མེད་པར་འགྱུར་རོ།། ནོར་བུ་བཟང་པོའི་མདུན་དུ་ཟླ་བ་ཕྱེད་དུ་བཟླས་ནས་ཇི་སྲིད་ཟླ་བ་ཉའི་ནུབ་མོ་སྨྱུང་བར་གནས་པས་ཤ་མེད་པའི་གཏོར་མ་བྱིན་ནས། དེ་ནས་ནོར་བུ་བཟང་པོའི་སྙིང་ཁར་མིང་མེད་བཞག་ནས་ཇི་སྲིད་དུ་བཟླས་པ་དེ་སྲིད་དུ་གཡོ་བར་འགྱུར་རོ།། དེ་ནས་ཉིན་རེ་བཞིན་དུ་སྟོང་རྩ་ལྔ་ལྔ་རེ་སྟེར་བར་འགྱུར་རོ། ། ལྷག་མ་མེད་པར་ཟད་པར་བྱའོ།། དུར་ཁྲོད་ཆེན་པོར་ཕྱིན་ནམ་དུར་ཁྲོད་ཀྱི་ཐལ་ཟན་མཆོད་རྟེན་བྱས་ཏེ། བསོད་སྙོམ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་འབུམ་ཕྲག་གསུམ་བཟླས་ནས་ནག་པོའི་ཕྱོགས་ཀྱི་བཅུ་བཞི་ལ་མཚན་མོ་སྦྱང་བར་གནས་པས། བཅོམ་ལྡན་འདས་ལ་རྒྱ་ཆེ་བའི་མཆོད་པ་བྱས་ནས་ལྷག་མ་མེད་པར་རབ་ཏུ་ཟད་པར་བྱའོ།། དུར་ཁྲོད་ཆེན་པོར་ནོར་བུ་བཟང་པོ་ལ་ཤ་ཏ་བུས་པ་ཕུལ་ལ། ཨ་ཀ་རུ་དང་དུ་རུ་ཀ་བསྲེས་པའི་བདུག་པ་ཕུལ་ཏེ། གདོང་ཕྱིན་ཅི་ལོག་ཏུ་བཞག་ནས་ཇི་སྲིད་མཚན་ཕྱེད་པ་དེ་སྲིད་དུ་བཟླས་སོ།། དེ་ནས་ཤ་ཟའི་བདག་པོ་རང་འོངས་པ་དང་། སྔར་བཞག་པའི་གཏོར་མ་ཕུལ་ལ་འཁོར་རྣམས་ལ་ཆང་ཡང་དབུལ། དེ་ནས་སྒྲུབས་པོ་གསོལ་བ་གདབ་པར་བྱའོ།། དེ་ནས་དེ་མགུའོ་ཞེས་སཱའོ།། སྒྲུབ་པ་པོས་སྨྲས་པ། ཉི་མ་རེ་རེ་གཡོ་ག་རེ་རེ་བྱིན་ཅིག། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་ཏོ། ། དེ་ནས་མངག་གཞུགས་པ་ལ་སོགས་པ་རབ་ཏུ་སྦྱིན་ནོ།། གཞན་ཡང་དེ་བཞིན་གཤེགས་པས་ལས་ཀྱི་ཚོགས་བྱ་བ་གསུངས་པ། རིའི་རྩེ་མོར་འཛེགས་ཏེ་ཁྲུ་གང་ཙམ་གྱི་ནོར་བུ་བཟང་བཞག་ནས་འོ་མ་དང་འོ་ཐུག་ཟ་ཞིང་། དུས་གསུམ་དུ་ཁྲུས་བྱེད་ཅིང་འབུམ་ཕྲག་གསུམ་དུ་བཟླས་ནས། དེ་ནས་དཀར་པོའི་ཕྱོགས་ཀྱི་ཉ་ལ་ཐུག་པའི་མཚན་མོའི་གསུམ་དུ་སྦྱང་བར་གནས་ནས། ནོར་བུ་བཟང་པོ་ལ་རྒྱ་ཆེ་བའི་མཆོད་པ་བྱས་པ་དང་། གཏོར་མའི་ཆོ་ག་རྒྱ་ཆེ་བ་བྱས་ནས་ཀུ་ཤའི་ཤུན་བུ་དག་བྱིན་ནས་ཇི་སྲི་སྒྲ་གྲགས་པས་དེ་སྲིད་དུ་བཟླས་པ་བྱའོ།། དེ་ནས་དེ་མ་ཐག་ཏུ་གནོད་སྦྱིན་ཐམས་ཅད་ཉེ་བར་འོངས་ནས་དེ་རྣམས་ལ་མེ་ཏོག་དམར་པོ་དང་། དྲི་དམར་པོ་དང་། ཨན་སྦྱིན་པར་བྱའོ།། དུ་རུ་ཀའི་བདུག་པའང་བདུག་པར་བྱའོ།། དེ་ནས་གནོད་སྦྱིན་དེས་ལེགས་སོ་ཞེས་བྱ་བ་བྱིན་ནས་སྤྲས་པ། ངས་ཁྱོད་ལ་ཅི་བྱེད་ཅེས་ཟེར་བ་དང་དེ་ནས་དེ་ལ་སྨྲས་པ་དང་། ཉིན་རེ་བཞིན་མངག་གཞུག་རབ་ཏུ་བྱིན་ཅིག། དེ་ལྟར་བྱའོ་ཞེས་ཟེར་ནས་མི་སྣང་བར་འགྱུར་རོ།། དེ་ལ་སོགས་པ་བསམ་གཏན་ཙམ་གྱིས་གནས་པ་ལ་མ་མཐོང་བར་འཁོར་གྱིས་བསྐོར་ནས་གནས་སོ། ། གང་དང་གང་འདོད་པ་དེར་ཁང་པ་བརྩེགས་པ་དང་ལྷའི་བཞོན་པ་སྤྲུལ་ཏེ། སྟོང་ཕྲག་གཅིག་དང་བཅས་པ་ལ་རབ་ཏུ་འདོད་པའི་ཟས་རྣམས་སྟེར་བར་འགྱུར་རོ།། ཉིན་རེ་བཞིན་དུ་གནོད་སྦྱིན་མར་སྤྲུལ་ཞིང་འོངས་ནས་ཐོ་རངས་གི་དུས་སུ་འགྲོ་བར་འགྱུར་རོ། ། དེ་ཉིད་ཀྱི་ཚེ་ལོ་སྟོང་དུ་འགྱུར་རོ།། རྒྱ་མཚོའི་འགྲམ་དུ་ནོར་བུ་བཟང་པོའི་གཟུགས་བརྙན་བཞག་སྟེ། བསོད་སྙོམས་ཟ་ཞིང་འབུམ་ཕྲག་བཟླས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་ལྔ་ལ་ཐུག་པར་ནུབ་གསུམ་དུ་སྨྱུང་བར་གནས་པས་རྒྱ་མཚོ་ཆེན་པོ་དང་ཉེ་བར་ཕྱིན་ནས། ཇི་སྲིད་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་སྲིད་ཀྱི་བར་དུ་བཟླས་པ་བྱའོ།། མདུན་དུ་རྒྱ་མཚོ་ཆེན་པོ་རང་འོང་བ་དེ་ལ་དྲི་དང་མེ་ཏོག་གི་མཆོད་པ་ཕུལ་ལ་ཨ་ཀ་རུའི་བདུག་པས་བདུགས་ལ། ཀྱེ་རིགས་པ་འཛིན་པ་མཆོག་གང་འདོང་པ་རབ་ཏུ་སྦྱིན་པར་སྨྲའོ།། དེས་སྨྲས་པ། རྒྱ་མཚོ་ཆེན་པོར་ང་ཐོགས་པ་མེད་པར་འགྲོ་བར་གྱིས། དེ་ལྟར་བྱ་ཟེར་ནས་མི་སྣང་བར་འགྱུར་རོ། ། དེ་ནས་རྒྱ་མཚོ་ལ་ཞུགས་ན་རྒྱ་མཚོ་ན་ཡོད་པའི་ནོར་བུ་རིན་པོ་ཚེ་བླངས་ནས་འབྱུང་བར་འགྱུར་རོ།། རྒྱ་མཚོ་ན་ཡོད་པའི་ཀླུ་རྣམས་ཀྱང་དབང་དུ་འགྱུར་རོ་ཞེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཀའ་སྩལ་ཏོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་གནོད་སྦྱིན་གྱི་དབང་པོ་དབྱངས་སྙན་གྱི་སྔགས་གསུངས་པ། ན་མེ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། མ་ཎི་ནི་སྭཱ་ཧཱ། རྩ་བའི་དཀར་པོའི་ཕྱོགས་ཀྱི་བརྒྱད་དམ། ཡང་ན་དཀར་པོའི་བཅུ་བཞི་ལ་ཉིན་ཞག་གཅིག་ཏུ་སྨྱུང་བར་གནས་པས། རོ་ཧི་ཏའི་ཉལ་བའི་ལྕི་བ་དང་མར་གྱིས་བྱུགས་ནས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ངོང་ཚེ་བརྒྱ་རྙེད་པར་འགྱུར་རོ། ། གཞན་ཡང་ཉེ་བར་མཆོད་པ་དང་། སྔོན་དུ་འབུམ་ཚོ་གསུམ་བཟླས་ནས། ཉ་མ་གོད་པ་ལ་ཞོ་དང་། མར་དང་། སྦྲང་རྩི་མངོན་པར་བྱུགས་ནས་སྟོང་ཕྲག་བཅུ་སྦྱིན་སྲེག་བྱས་མདོང་ཚེ་སྟོང་ཕྲག་རྙེད་པར་འགྱུར་རོ། ། མ་གྲུ་ནའང་ཀར་ཤ་པ་ཎ་སྟོང་ཕྲག་གཅིག་རྙེད་པར་འགྱུར་རོ།། ཨོཾ་བཛྲ་ཛམྦྷ་ལ་ཛྭ་ལེནྡྲ་ཡ་སྭཱཿ། དེ་ནས་ཡ་ནོར་བུ་བཟང་པོ་བསྒྲུབ་པར་འདོད་ན་མཆོད་སྦྱིན་གྱི་ཤིང་། དཀར་པོ་ལ་ནོར་བུ་བཟང་པོའི་གཟུགས་བརྙན་བྱས་ལ། མཆོད་པ་ཆེན་པོ་རབ་ཏུ་གནས་པར་བྱས། དེའི་མདུན་དུ་ཨ་པ་མནའི་ཡམ་ཤིང་ལ་མར་དང་སྦྲང་རྩིས་བྱུགས་ལ་འབུམ་ཕྲག་ཏུ་སྦྱིན་སྲེག་བྱས་ན་འདོང་པའི་འབྲས་བུ་རྙེད་པར་འགྱུར་རོ། ། པེ་ཏ་ལའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ།། ཏིལ་དང་འབྲས་ཐུག་པོ་ཆེའི་སྦྱིན་སྲེག་འབུམ་བྱས་ན་གསེར་སྲང་སྟོང་རྙེད་པར་འགྱུར་རོ།། དེ་ལྟར་ཤ་ཏ་པུས་པ་དང་། གུ་གུལ་དང་། ཀུན་ད་དང་། ཙན་དན་དཀར་པོ་དང་། དུ་རུ་ཀ་ལ་སོགས་པ་དེ་རྣམས་རེ་རེ་འབུམ་དུ་སྦྱིན་སྲེག་བྱས་ན་དོང་ཚེ་སྟོང་ཕྲག་རྙེད་པར་འགྱུར་རོ།། ཏིལ་དང་འབྲས་ཀྱི་སྦྱིན་སྲེག་བྱས་ན་རྒྱལ་པོ་དབང་འགྱུར་རོ། ། ཉེའུ་ཇི་ལྟར་འཚོང་བ་ཉོས་ལ་ཆུ་བོའི་གཞུང་ལ་ལྟེ་བ་ནུབ་ཙམ་དུ་ཆུའི་ནང་དུ་ཞུགས་ནས་ཁ་ཤར་དུ་བལྟས་ཏེ་སྦྱིན་སྲེག་བརྒྱ་བྱས་ན་སུམ་འགྱུར་གྱིས་དོང་ཚེ་རྙེད་པར་འགྱུར་རོ།། རས་བལ་གྱི་ས་བོན་ལ་མར་དང་སྦྲང་རྩིས་བྱུགས་ནས་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ནས་ཉི་མ་བདུན་གྱིས་བར་ལ་རས་གཅིག་རྙེད་པར་འགྱུར་རོ། ། རྟག་ཏུ་བཟླས་ན་གོས་དང་བཟའ་བ་རྙེད་པར་འགྱུར་རོ།། འབུམ་བཟླས་ན་དོང་ཚེ་ལྔ་སྟོང་རེད་པར་འགྱུར་རོ། ། འབུམ་ཚོ་གཉིས་བཟླས་ན་གྲོང་རྙེད་པར་འགྱུར་རོ།། འབུམ་ཚོ་གསུམ་བཟླས་ན་ལོངས་སྤྱོད་ཆེན་པོ་རྙེད་པར་འགྱུར་ཞིང་གྲོང་བརྒྱད་ཀྱི་བདག་པོར་འགྱུར་རོ།། བེའུའི་ལྕི་བ་ལ་སྦྱིན་སྲེག་སྟོང་བྱས་ན་བ་གླང་སྟོང་རྙེད་པར་འགྱུར་རོ། ། གཞན་ཡང་དུད་འགྲོ་རྣམས་ཀྱི་ལུས་ལ་ཞོ་དང་སྦྲང་རྩིས་སྔགས་ལ་ཉིན་རེ་བཞིན་སྦྱིན་སྲེག་བྱས་ན་ར་ལུག་ལ་སོགས་པ་རྙེད་པར་འགྱུར་རོ།། བ་གླང་གིས་ལྷས་ཀྱི་ནང་དུ་ཀུ་ཤའི་མེ་ཏོ་མར་དང་སྦྲང་རྩིས་བྱུགས་པ་འབུམ་ཚོ་གཅིག་སྦྱིན་སྲེག་བྱས་ན་འབྱུང་པོ་དང་ཤ་ཟ་དབང་དུ་འགྱུར་རོ། ། རིག་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཇི་ལྟར་འདོད་པ་རྙེད་པར་འགྱུར་རོ།། ཡང་བ་གླང་གི་ལྷས་ཀྱི་ནང་དུ་འོ་མ་དང་འོ་ཐུག་ཟ་ཞིང་ཤྲི་བ་ལའི་ཡམ་ཤིང་ལ་སྦྱིན་སྲེག་འབུམ་བྱས་ན་གང་འདོད་པའི་གསོལ་བ་བཏབ་པ་དེ་ཉིད་ཡོད་པར་འགྱུར་རོ། ། མཚན་མོ་གསུམ་དུ་སྨྱུང་བར་གནས་ལ། ཟླ་བའམ་ཉི་མ་གཟས་བཟུང་བ་ལ་ལྡོང་རོས་སམ། གིའུ་ཝང་སྲང་ལྔས་ཨ་ཤྭཏྠའི་འདབ་མ་བཞི་ལ་གཡས་བསྐོར་གཡོན་བསྐོར་དུ་བཞག་ནས། ཡང་འདབ་མ་བཞི་གཡོགས་ལ་ཇི་སྲིད་དྲོ་བར་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ།། དུ་བ་དང་འབར་བས་འདི་ལྟར་ས་བསླངས་ནས་གསུམ་འགྲུབ་པར་འགྱུར་རོ། ། བ་གླང་གི་ལྷས་ཀྱི་ནང་ངམ་ཆུ་བོ་འདུས་པར་བསོད་སྙོམས་ཟ་བ་འམ། འོ་ཐུག་ཟ་བས་ཨརྒའི་འོ་ཐུག་མར་དང་སྦྲང་རྩིས་བྱུགས་ནས་ལོ་སྟོང་ཚོ་ལྔ་སྦྱིན་སྲེག་བྱས་ན། རང་ཉིད་ཀྱིས་ནོར་གྱི་བདག་པོ་ནོར་བུ་བཟང་པོ་ནོར་གྱི་བདག་པོ་ནོར་དང་བཅས་པ་མཐོང་བར་འགྱུར་རོ།། ང་མགུའོ་ཞེས་དེ་སྨྲ་ན་མཆོག་བརྒྱད་གང་འདོད་པ་སྟེར་བར་འགྱུར་རོ།། རྒྱལ་པོ་དང་། གཏེར་དང་། རྫུ་འཕྲུལ་གྱིས་ཆགས་པ་དང་། རིག་པ་འཛིན་པ་དང་། ཐམས་ཅད་དབང་དུ་བྱེད་པ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། རྡུལ་བུ་དང་། ལུས་སྲུལ་པོ་རྣམས་དབང་དུ་འགྱུར་རོ།། དྲན་པ་ཙམ་གྱིས་མདུན་དུ་འདུག་པར་འགྱུར་རོ།། རྐང་བཞི་པ་ལ་སོགས་པའི་སེམས་ཅན་ཤི་བ་རབ་ཏུ་ཞི་བར་བྱེད་པ་དང་། ས་འོག་འཇུག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་གྱི་འཁྲུལ་འཁོར་རབ་ཏུ་འཇིག་པ་དང་། ཆུ་རེངས་པ་དང་། བཅུད་ལེན་དང་། ཚར་གཅད་པ་དང་། རྗེས་སུ་གཟུང་བ་བརྒྱད་པོ་འང་། རྣམས་ལ། དེའི་མདུན་དུ་གང་ན་གང་གཅིག་བླངས་པར་བྱའོ།། དེས་གང་ཅི་འདོད་པ་དེ་སྟེར་བར་འགྱུར་རོ།། པདྨ་མར་དང་སྦྲང་རྩིས་བྱུགས་ནས་འབུམ་དུ་སྦྱིན་སྲེག་བྱས་ན་པདྨ་རཱ་གའི་ནོར་བུ་རྙེད་པར་འགྱུར་རོ།

CLOSE WINDOW