CLOSE WINDOW

S717: གནོད་སྦྱིན་ནོར་བུ་བཟང་པོའི་རྟོག་པ
Wyliee-texts produced with ocr Programm

། ། རྒྱ་གར་སྐད་དུ། མ་ཎི་བྷ་དྲ་ཡ་ཡཀྵ་སེ་ན་ཀལྤ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ནོར་བུ་བཟང་པོའི་རྟོག་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡཱ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡ། ས་མ་ཡ་མ་ནུ་སྥ་ར། མ་ཎི་བྷ་ཏྲ་ཡབྷ་ག་བ་ཏ། པ་ཙི་ཏསྟཾ། དྷ་མ་དྷ་མ། དྷུ་རུ་དྷུ་རུ། མ་ཙི་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ། མ་ཎི་བྷ་དྲཱ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཏུ་ཊི་ཏུ་ཊི་པ་ཎི་བྷ་དྲ། ཙུ་ཊཾ་ཙུ་ཊི་མ་ཎི་བྷ་དྲ། ནི་ཊི་ན་ཊི་མ་ཎི་བྷ་དྲ་སྭཱ་ཧཱ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད།། སྨྱུང་བའི་ཆོ་ག་ཡོད་མ་ཡིན།། ཨརྒ་དང་ནི་ནིམ་པ་གཉིས།། གང་ཡང་རུང་བའི་ཤིང་ལ་ནོར་བུ་བཟང་པོའི་གཟུགས་བྱས་ལ་དེའི་མདུན་དུ་གནས་ཏེ། མེ་ཏོག་ལ་སོགས་པ་རྒྱ་ཆེ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་གནས་ལ། ཉི་མ་གུང་གི་དུས་སུ་ཡུངས་ཀར་དང་ཚ་བའི་མར་གྱིས་བསྣོམས་ལ་ནོར་བུ་བཟང་པོ་ལ་བྱུག་པར་བྱ་ཞིང་། རིག་པ་སྟོང་ཕྲག་བརྒྱ་བཟླས་ན་གསེར་གྱི་དོང་རྩེ་བརྒྱ་རྙེད་པར་འགྱུར་རོ། ། དེ་ཡང་གཏང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། དུ་ཧུ་ཀུ་ཙུ། ཙུ་རུ་ཙུ་རུ། ཤ་པ་རི་ཀ། མ་ཎི་བྷ་རྦ་སྭཱཧཱ། བྱ་རོག་གི་སྐད་མི་གྲག་པར་ཕྱུགས་ཀྱི་ཀོ་བ་ཙམ་གྱི་མཎྜལ་བྱས་ལ་ལན་ཅིག་བཟླས་པས་མེ་ཏོག་བརྒྱད་བརྒྱ་འབུལ་བར་བྱེད་དོ།། ཟླ་བ་གཅིག་ན་གསེར་སྲང་གཅིག་རྙེད་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། བྷྲ་མ་རི་བྷྲ་མ་རི། སུཥྚུ་སུཥྚཱ། ཡཀྵཾ་མ་བྷ་ཛཱ། སཱི་ཌ་ཡ། སཱི་ཌ་ཡ། ཨ་པཱ་ཏ་ཡ། ཨུ་པ་དཪྴ་ཡ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཇི་སྙེད་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་བར་དུ་བྱས་ཏེ། ཉི་མ་ཤར་བའི་བར་དུ་ལན་ཉི་ཤུ་རྩ་ལྔ་བརྗོད་ན་གསེར་གྱི་དོང་རྩེ་སྟེར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མེ་བཾ་ཤྲ་པབ་ཎཱ་ཡ། རཏྣ་མེ་བྷ་བཱ་ཧ་ཡཾ་སྭཱ་ཧཱ། ཉི་མ་རེ་རེ་བཞིན་སྔ་བར་ལངས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ན་བླ་བ་གཅིག་ན་དོང་རྩེ་གསུམ་སྟེར་བར་བྱེད་དོ།། ན་མོ་བྷ་ག་པ་ཏེ་ཨ་དིཏྱ་ཨ་པ་མི་སཱི་ཀ་ས་ལུ་བ་ཏོ་ས་སྭཱ་ཧཱ། བུད་མེད་དང་སྐྱེས་པའི་གཟུགས་བྱས་ལ་ཀུ་ཤའི་མཚོན་གྱིས་བཅད་ན་སྐྱུགས་པའི་ནད་ཞི་བར་བྱེད་དོ།། ན་མ་སྣེ་བི་རི་ཙྱཻཏྱ་ཀུ་ན་ཛ་ལ་སྱ་ཏི་མི་གི་ལི་ཕུ། སྐུད་པ་དམར་པོ་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་རྐེད་པ་ལ་བཅིངས་ན་རྡེའུ་མེད་པར་བྱེད་དོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། བ་ལ་ཀ་ཧ་ལེ་མེ་ཧཱ་ལེ་སྭཱ་ཧཱ། བུད་མེད་གང་ལ་ཁྲག་རྒྱུན་མི་འཆད་པར་འབབ་ན། ཁྲག་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་རྐེད་པ་ལ་བཅིངས་ན་ཁྲག་འཆད་པར་འགྱུར་རོ།། ཨིནྡྲ་བྷཱུ་ཏ་བཱིརྱ་སྭཱ་ཧཱ། ཏ་ལའི་ལོ་མ་ལ་ཡོངས་སུ་བསྔགས་ཏེ། @ནུབ་མོའི་གནས་སྐབས་སུ་བཞག་ལ་སྔ་བར་དཀྱིལ་འཁོར་བྱས་ཏེ་ཉེ་བར་གཞག་ལ་གང་ན་ཡོད་པ་དགོས་པ་ཐམས་ཅད་ཀྱི་མིང་བྲིས་ཏེ། ཏ་ལའི་ལོ་མ་ལ་ལན་གསུམ་དུ་བཟླས་ལ་ཏ་ལའི་ལོ་མ་གཞན་གྱིས་དཀྲིས་ཏེ་བསྲེགས་ལ་ལག་པ་ལ་དེའི་ཐལ་བརྙེས་ན་རྐུན་མས་མི་མཐོང་བར་འགྱུར་རོ། ། གནས་སྐབས་ཀྱིས་གཞན་གྱི་ལས་ཀྱང་ཅུང་ཟད་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་ལས་བྱས་རྡོ་རྗེ་ཅན། ། དུར་ཁྲོད་གནས་སུ་ཞུགས་པར་བྱ།། ལེགས་པར་བཟླས་པ་ཤེས་བྱ་ལ།། ནུབ་མོ་བྱུང་ནས་དངོས་གྲུབ་ལ།། འདིར་ནི་གྲོགས་སུ་གསོལ་གདབ་པོ།། དེས་དུར་ཁྲོད་ཀྱི་རས་བླངས་ལ་ཁྲོ་ཞིང་མིག་དམར་བས་དྲི་ཞིམ་པོས་ལུས་ལ་བྱུགས་ལ་དུར་ཁྲོད་ཀྱིས་བླངས་ཏེ་བསྒྲུབ་བྱ་བྲི་བར་བྱའོ། ། ཐལ་བ་དང་སོལ་བས་ཡན་ལག་ཡང་དག་པར་བཀང་སྟེ། ཡན་ལག་བཀུག་ལ་བཅུག་སྟེ། བསྒྲུབ་བྱའི་གཟུགས་བརྙན་གྱི་ལུས་ཀྱི་སྙིང་ཁའི་པདྨ་དཀར་པོ་ལ་གཞག་པར་བྱའོ།། འཕྲལ་དུ་འབྱུང་བའི་འོ་ཁྲག་དང་དུག་དང་བསྲེས་ཏེ། འབྲས་ཀྱི་ཁ་ཚོས་ཀྱི་ཁུ་བ་དང་བཅས་པས་མཛེས་པར་བྱས་ལ་ལུས་པོ་འམ་རུས་པ་དང་བསྲེས་ཏེ་ཡང་དག་པར་གཏོར་ལ་བསྡུས་ཏེ་དྲིལ་ལ། སྐུད་པ་ཕྲ་མོ་ནག་པོས་མི་བཀབ་ལ་དཀྲི་བར་བྱའོ།། སོལ་བས་ཕྱི་རོལ་བྱུགས་ལ་དུར་ཁྲོད་དུ་བརྐོས་ཏེ། བཅུག་ལ་བདག་གིས་གསད་དོ་ཞེས་སོ།། བརྐོས་པ་བཀང་བའི་སྟེང་དུ་ལག་པས་རྡོ་རྗེའི་མཚན་མ་བྱས་ལ་ཐལ་བར་བྱའོ་ཞེས་སྔགས་ཀྱིས་བཟླས་པར་བྱའོ།། ཧཱུ~ཾ་སུཾ་བྷ་ནི་སུཾ་བྷ། ཧཱུ~ཾ་གྲྀཧྞ་གྲྀཧྞ། ཧཱུཾ་གྲྀཧྞཱ་པ་ཡ། ཧཱུཾ་གྲྀཧྞ་པཱ་ཡ། ཧཱུཾ་ཨཱ་ན་ཡ་ཧོ། བྷ་ག་བན། ཆེ་གེ་མོ་ཧཱུ~ཾ་ཕཊ། དྷུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུཾ་བྷ་ནི་སུཾ་བྷ། ཧཱུཾ་གྲྀཧ་གྲྀཧྞ། ཧཱུཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཧཱུ~ཾ་མ་ར་ཡ་ཆེ་གེ་མོ་ཧཱུ~ཾ་ཕཊ། སྔོན་དུ་བསྙེན་པ་ཁྲི་ཆོ་གཅིག་བྱའོ། ། ཨོཾ་ཨི་མེ་དུ་ཏི་ར་ས་མ་ཀ་བྱ་ཨག་ནཾ་ཀྲ་ཙནྣ་སརྦ་ཡ། ཙ་ཏུརྞ། མསྟ་ཀ་ཙ་ཏ། སཱ་ཧཱ་ཤ་ཡ། ན་ཀུ་ལཎྱ་ཙ་ཏཏྟ་སརྦ་ཤྱ་ཙ། ཛི་བྷ་ཡཾ། པེ་ཏ་ལ་ཤྱ་ཙ། མསྟ་ཀེ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་དང་ཆེ་གེ་མོ་ཕྱེ་ཞིག་མ་མ་བ་ཤ་མ་ག་ཏུ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མིང་གི་གཟུགས་བརྙན་བྱས་ཏེ། སྐེ་ཚེའམ་ཡུངས་ཀར་གྱིས་གང་གི་མིང་ནས་བཟུང་ནས་སྦྱིན་སྲེག་བྱས་ན་དེ་འབྱེད་པར་བྱེད་དོ། ། ཨོཾ་ཙ་མུཎྜེ་ནི་མ་བྷེ་ད་པ་སོ་ཏ་པ་སོ།། ས་ཤྱ་ནི་མ་བ་ཤྱ་མ་ཧཱ་ཨཱད་མྱམ། པྲ་ཏྱཀྵ་བྷཎཱ་པ་ན་ཆེ་གེ་མོ་དང་ཆེ་གེ་མོ་ག་ཏ་ཙ་དོ་པྲྀ་ཏིར་བྷ་ཡ་ཏུ་ར་ཏོ་ཙད། ཀ་ལ་ཧཽ་བྷ་བ་ཏུ། པི་པ་ཙེ་ཏ་ཨ་ས་མ་ག་མ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ་ཚེས་བཅུ་བཞི་ལ་བརྩམས་ཏེ། ནིམ་པའི་ཡམ་ཤིང་གིས་ནུབ་བདུན་གྱི་ཐུན་མཚམས་སུ་སཱིར་སྲེག་བྱས་ན་ཞག་གསུམ་ན་འབྱེད་པར་འགྱུར་རོ། ། ཕ་མེས་ཀྱི་ནག་ཤིང་དང་རུས་གོང་ལ་གཟུགས་བརྙན་བྱས་ཏེ། རང་གི་མིང་གཉིས་དུག་དང་། ཁྲག་དང་། སྐེ་ཚེ་དང་། ནིམ་པའི་ལོ་མས་བྱུགས་ལ་རྒྱབ་དང་རྒྱབ་ཏུ་སྤྲད་དེ། མི་རོའི་སྒྲས་བཅིངས་ན་སྐྱེ་འགྲོ་ཐམས་ཅད་ཀྱང་འབྱེད་པར་བྱེད་ན། ཕལ་པའི་མི་ལྟ་སྨོས་ཀྱང་ཅི་དགོས། ཨོཾ་སྨ་སཱ་ན་པི་ཤཱ་ཙ་བི་དེ་ཥྚ་ཡ་ཧཱུཾ་ཕཊ། མི་རོའི་སྒྲལ་ལན་བརྒྱ་བཟླས་ལ་བཅིང་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བྷ་དྷུ་ནཱ་ད་ཡ་ཧཱུཾ་ཕཊ། འདིའི་སྔོན་དུ་བསྙེན། པ་ནི་སྟོང་ཕྲག་བཅུ་གཉིས་བྱས་ཏེ། དེ་ནས་ཕྱིས་ནི་ཨརྐའི་ཤིང་གི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་བཟུང་སྟེ་ཁ་སྦྱོར་དུ་བྱས་ལ་དེ་ལ་སྔགས་འདིས་བསྲུང་བར་བྱའོ།། ཨོཾ་མ་ཧཱ་བ་ལ་ཨ་ཙ་ལ་བནྡྷ་བནྡྷ་པཱི་ཌ་ཡ་པཱི་ཌ་ཡ། ཏི་ལ་ཀཱ་མ་རཱུ་པ་ཧཱུཾ་ཕཊ། རྒྱལ་རིགས། རྗེའུ་རིགས། བྲམ་ཟེའི་རིགས། དམངས་རིགས། དམན་རིགས། ཡིག་མཁན་གྱི་རིགས། ཚོང་པའི་རིགས་སོ།། རིགས་རྐུན་པོའང་ལྷོ་ཕྱོགས་སུ་གཏོགས་པའི་ཤང་རོ་བསྲེགས་པའི་སར་དུར་ཁྲོད་ཀྱི་མེས་བསྲེགས་ཏེ། བོང་བུའི་ཁྲག་གིས་བསད་ལ་དེའི་སོལ་བ་ལ་བསྲུང་བ་བྱས་ཏེ། སྔགས་འདི་ཡིས་ལན་བརྒྱད་བརྒྱར་བཟླས་ཏེ། ཨོཾ་ན་མོ་བྷ་གཱ་རྟི་ཏ། ཨཱ་ན་ཡ་ཏྱཾ་གི་ཧཱུ~ཾ་ཕཊ། ཕྱིས་ནི་རྩ་བའི་སྔགས་ཀྱིས་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ཏེ། གོང་གི་མཽང་བྲིས་པ་དེ་ཤ་ཟས་གཟུང་བར་འགྱུར་རོ།། ཛ་སྙེད་ཀྱི་སྔགས་མཁན་ཁ་ཅིག་གིས་གྲོལ་བར་བྱེད་པར་འདོད་པ་ཐམས་ཅད་ཀྱིས་ཀྱང་འགྲོལ་བར་བྱེད་པར་མི་ནུས་སོ། ། དེའི་མིང་ཕྱིས་ན་གྲོལ་བར་འགྱུར་རོ།། ནིམ་པ་ལ་གནས་པའི་བྱ་རོག་ནག་པོའི་ཚང་ལ་ཉི་མའི་གུང་ལ་མར་ནག་གིས་བྱུགས་ལ། རྩ་སྐམ་པོ་དེས་དེ་ལ་མར་ནག་བྱུགས་པ་རྣམས་དུར་ཁྲོད་ཀྱི་མ་ལ་ལེགས་པར་བསྲེགས་ཏེ་བསྡུས་ནས། དེའི་ཐལ་བ་ཐུབ་པོ་བྱས་ལ་ཁང་པའི་ཐོག་གི་འོག་ཏུ་བཞག་པར་བྱས་ན། དེའི་ཁྱིམ་ལ་དྲོའི་ཆར་པ་འབབ་པར་འགྱུར་རོ།། ཨོཾ་ཨ་ན་ལ་བ་ཤ་ཙ་བ། ཡུ་ས་ག་མ་ཧེ། བི་ཤཱ་ན་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་ལ། དེ་ནས་ཨུ་དུས་ཝ་རའི་རིགས་ཀྱི་མིང་བརྗོད་པ་ན་ཉམས་པ་ཉིད་དུ་འགྱུར་རོ། ། གལ་ཏེ་མ་གྱུར་ན་ཕྱུང་ལ་དེའི་དུམ་བུ་དུམ་བུ་བྱས་ཏེ། དུག་ལ་སོགས་པ་དང་ལྡན་པའི་སྐེ་ཚེ་དང་བཅས་པས་སྦྱིན་སྲེག་བྱ་སྟེ། བློ་དང་ལྡན་པས་དགྲ་བོ་ཉམས་པར་གྱུར་པའི་ཆེད་དུའོ། ། དོན་ཡོད་པ་ཡི་གཟུངས་ནི་ཡོངས་སུ་བསམ་བྱ་སྟེ།། བནྡྷ་ཀ་ཡི་མེ་ཏོག་དྲི་ཞགས་བསྣམས་པ་ཡི།། ཡང་དག་ཁྲོས་པས་སྔགས་ཀྱིས་མངོན་དུ་རབ་བྱས་ལ། ། བྱ་རོག་གཤོག་པ་དག་ལ་དེ་དུས་བྱ་བ་ནི།། ཕཊ་ཀྱི་ཡི་གེ་རྣམ་པར་དགོད།། གཡས་པའི་སོར་པོ་ལ་ནི་ཡི་གེ་དགོད།། ཞགས་པས་བཅིངས་ལ་ཐག་ནི་རིང་པོ་རུ།། མི་འདོད་བཞིན་དུ་ཁྱེར་ལ་སྔགས་ཀྱི་བཟླས་པ་བྱ། ། པ་ནི་ཞགས་པའོ།། ཌའི་སེ་གོལ་གྱིས་འདིར་ཁྱེད་ཀྱིས་ཡོད་པར་མི་བྱའོ་ཞེས་བྱ་བའི་ངག་གིས་བཟླས་པ་བྱའོ།། བཟླས་པ་རྫོགས་ནས་བྱ་རོག་ནག་པོའི་སྒྲོ་ནི་བསྒྲུབ་བྱ་ཕྱོགས་ན་ཡོད་པའི་སར་བཟླས་ལ་བསྒྱུར་རོ། ། སྔགས་ནི། ཕཊ་ཧྲཱིཿཧཱུཾ་ཧཱུཾ་ཕཊ་ཆེ་གེ་མོ་སྐྲོད་ཅིག་ཕཊ། གཡོན་པའི་ལག་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ། ལྕི་ཏིར་གྱི་ཐལ་བ་ཁུ་ཚུར་གྱིས་བཟུང་སྟེ། བརྒྱ་ཕྲག་བརྒྱད་ཀྱི་བར་དུ་བཟླས་པ་དགྲ་བོའི་ཁྱིམ་དུ་བསྒྱུར་ནས་ཕྱིར་མིག་མི་ལྟ་བར་སོང་ལ་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ།། ཨོཾ་ན་མཿཀུ་ལ་ནི་ཀུ་ལི་ནི་ཀཽ་ལི་ཀི་ལི། གྲྀཧྞ་གྲྀཧྞ། ཨུཙྪུ་ཊ་ཡ་ཨུཙྪ་ཊ་ཡ་ཨུཙྪ་ཊ་ཡ་ཧཱུཾ། སྐྱེས་པའི་ངར་གདོང་གཡོན་པའི་རུས་པ་ལ་མཐེབ་ཆེན་གྱི་ཚོན་གང་གིས་ཚད་ལ་ཕྱག་བཞི་པ་མཚོན་ཆ་ཐམས་ཅད་དང་ལྡན་པར་བྱས་པའི་བགེགས་ཀྱི་བདག་པོ་བྱའོ། ། མཚན་ཆའི་མིང་ནི་གཡས་ཀྱི་ཕྱག་ན་དགྲ་སྟ་དང་ཞགས་པའོ།། གཡོན་གྱི་ཕྱག་ན་ཐོད་པ་དང་རྩེ་གསུམ་མོ།། དུག་དང་། རྒྱམ་ཚྭ་དང་། སྐེ་ཚེ་ལ་སོགས་པས་བྲིས་པ་ན་ཏ་ལའི་ལོ་མ་ལ་སྔགས་བྲིས་ཏེ་བཀྲི་བ་ནི་ཁ་ཐུར་དུ་བསྟན་ཏེ་སྦ་བ་འམ། ཡང་ན་སྒོའི་ཕྱོགས་སུ་བརྐོས་ལ་སྦས་ཏེ་ཞག་བདུན་དུ་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་འགྱུར་རོ།། ཕྱུང་ན་ཐར་པར་འགྱུར་རོ། ། དེ་ཉིད་ཀྱི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། དཾཥྚ་ཏ་ཀ་ཊ་བྷེ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ར་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ། ཧ་ན་ཧཱ་ན། གརྫ་གརྫ། བཻ་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱན་བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ཎ། པ་ཏི་དྷོ་བི་ཏ། ཨནྟེ་ཀ་རཱ་ཡ་སྭཱ་ཧཱ། དེ་ལྟར་སྔགས་ཏ་ལའི་གྲོ་ག་ལ་བྲིས་ཏེ་བརྐོས་ལ་སྦ་བར་བྱའོ། ། ཨོཾ་ཀཱ་ཀེ་ཀ་ར་པེ། ཀཱ་ཀཱི་ཀཱ་ཀཱ་པཎྜི་པོ་ས་རི་ཥི་ཆེ་གེ་མོའི་ཧྲྀ་ད་ཡཾ་དྲྀ་ཤྱ་གཙྪ། ཀཱི་ཀཱི་ཡ་ཐཱ་སུ་ཁ་ཨུཛྙཱ་མུ་ཁི་སྭཱ་ཧཱ། སེ་ཧ་ར་དང་སྲོན་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་བར་དུ་བཟླས་ཏེ་སྒོར་བརྐོས་ཏེ་སྦས་ན། གང་གི་མིང་བྱས་པ་བྱ་རོག་བཞིན་དུ་རྒྱུ་ཞིང་སྐྲོད་པར་འགྱུར་རོ།། ཨོཾ་ན་མཿཀྲྀཥྚི་ཤེ་བ་རི་ཡེ་མཾ་ས། ཤྲོ་ནི་ཏ། བྷོ་ཛ་ནི་ཡེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་ཛཱ། རེ་ཎ་གྲྀཧྞཱ་པ་ཡ་ཨ་ཤུ་ཧཱུཾ་ཕཊ། རིམས་ཀྱིས་ཕག་མོ་གཟའ་མིག་དམར་གྱི་དུས་སུ་ཤིང་ནིམ་པའི་ལྷོ་ཕྱོགས་ཀྱི་རྩ་བ་ལ་སྐུ་གཟུགས་བྱས་ལ། ཚ་བ་གསུམ་གྱི་བདུག་པས་བདུགས་ན་འཛིན་པར་འགྱུར་རོ། ། གུ་གུལ་གྱིས་བདུགས་ན་གྲོལ་བར་འགྱུར་རོ།། ཨོཾ་དྷུ་ནི་ཙཎྜ་སྭཱ་ཧཱ། མིའི་མགོ་བོའི་སྐྲ་བཟུང་ལ་གཏུམ་པོ་དབང་ཕྱུག་གི་རྐང་པ་ལ་དྲུད་ན་ཉི་མ་ཁ་ཅིག་ལ་རིམས་བསྐྱེད་དོ།། སྙིང་ཁར་ཟླ་བའི་ད་འཁོར་བསམ་ལ། དེའི་སྟེང་དུ་ཡི་གེ་བཾ་དཀར་པོ་ལས་ཆར་དབབ་པར་བསམས་ན་སྙིང་ཁར་ཟུག་གཟེར་བྱུང་བ་མེད་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། པོ་དྷི་སཏྭ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཀ་ཊེ། བི་ཀ་ཊེ། ཀ་ཊེ། ཀ་རོ་ཊ། བཱི་རྱེ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བླ་མ་སེང་གེ་སྒྲའི་སྔགས་འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལྕི་བས་དཀྱིལ་འཁོར་བརྒྱད་བྱས་ཏེ། དེ་ལྕི་བའི་ལྷག་མ་ལ་ལན་བདུན་དུ་བསྔགས་པ་ལ་ལུས་ལ་ནད་ཡོད་པའི་སར་བྱུག་པའོ།། ཞག་བདུན་ན་ནད་ཞི་བར་འགྱུར་རོ།། གལ་ཞི་བར་མ་གྱུར་ན་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་པ་དག་གི་དགོངས་པར་གྱུར་པ་ཡིན་ནོ། ། ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྨྲའོ།། མོ་རཏྣ་ཏྲ་ཡཱ་ཡ། མ་ཧཱ་ཡཀྵ་ས་ནཱ་པ་ཏཱ་ཡེ། སོ་བྷ་སོ་ཀྲྀ་ནི་ཡ། སོ་རོ་ཏི་སྭཱ་ཧཱ། གནོད་གནས་ཀྱི་སྙིང་པོ་མཆོག་ཏུ་གྲུབ་པ་འདི་ཉིད་པུས་མོའི་བར་ཙམ་ཆུར་བཅུག་སྟེ་གནས་ནས། འབུམ་ཕྲག་གཅིག་བཟླས་པ་བྱས་ན་ནོར་སྟེར་རོ། ། ནིམ་པའི་ཤིང་གི་རང་བཞིན་ལ་སོར་བཞི་པའི་ནོར་བུ་བཟང་པོའི་སྐུ་གཟུགས་བྱས་ཏེ། གསོ་སྦྱོང་ལྡན་པའི་ལྷ་བཟོས་ཚོན་རྩིས་བྱུག་པར་བྱའོ།། མཆོད་པ་དང་གཏོར་མའི་ཉེ་བར་སྤྱོད་པ་བྱས་ལ་དུ་བ་མེད་པའི་སོལ་བའི་མེ་ལ་ཐུན་མཚམས་གསུམ་དུ་སྤོས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཕྱུག་པོ་དབང་དུ་འགྱུར་རོ།། ན་མཿཀ་པཱ་ལེ་ཤྭ་རཱ་ཡ་ཛེཛོ་ཧུ་ཏུ་ཧུ་རུ་མུ་ཧུ་རཱི་ཡེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲ་བྱེས་ལ། དེ་ནས་འབྲས་སོ་བའི་ཁང་པར་ཡོངས་སུ་བཟླས་པ་ཙམ་དང་། ཐོད་པ་བཅུག་པ་ཙམ་གྱིས་འབྲས་ཀྱི་ས་བ་འཕེལ་བར་བྱེད་དོ།། གིའུ་ཝང་གིས་གྲོ་བ་ལ་ནོར་རྒྱུན་མའི་གཟུངས་མངོན་པར་བསྔགས་ལ་ཐལ་བ་བླངས་ཏེ་གང་དུ་བླུགས་པའི་ཁྱིམ་བདག་ཡུལ་གཞན་དུ་འགྲོ་བར་འགྱུར་རོ། ། སྔགས་ནི། ཀ་ཏ་ལི་ཀ་ཏ་ལི་ཀེ་བི་དི་ཙེ་ལེ། ནམོ་བྷ་ག་ཝ་ཏེ། བི་ཀ་ཊེ། བི་ཀ་ཊེ། མ་ཧཱ་བི་ཀ་ཊེ། ཙུ་ཊ་ཙུ་ཊ་སྭཱ་ཧཱ། འདིའི་ཆོ་གའང་འདི་ཉིད་དོ།། ན་མོ་བྷ་ག་ཝ་ཏཻ་རུ་དྲཱ་ཡ། དྷྲྀ་དྷ་ཀ་ཎཾ་བི་རུ་པཱ་ཀཱ་ལ་མ་པ་སྟ་ནི་མ་ཧོ་ད་རི་ཧ་ན། ཤ་ཛཱ་ཤཱུ་ལེ་ན་ཀྲུདྡྷ་ཤྱ་པི་པ་ཤྲོ་ཎ་ཏི། ཧ་ན་ད་ཧ་མཱ་ར་ཡ། ཨུད་པ་ཏ་ཕཊ། ནཱ་ཤ་ཡ་ཕཊ་ཕཊ་ཕཊ། ཨུ་དུམ་ཝ་རའི་ཤིང་གི་དུམ་བུ་རྩེ་གསུམ་པ་ལ་སྐུད་པ་དམར་པོ་དཀྲིས་ཏེ། སྠི་ཀ་མདུན་དུ་བྱིས་ལ་ཕུར་བུ་ལག་ཏུ་བཞག་ལ་སྟོང་ཕྲག་གཅིག་ཏུ་བཟླས་ཏེ། དགྲ་བོའི་སྒོར་སྦས་ན་སྐྲོད་པར་འགྱུར་རོ།། ཡམ་ཤིང་ལ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ཏེ། ལྕེ་སྦྱང་གི་ཁྲག་གིས་བསད་དེ། དེའི་སོལ་བས་གང་གི་མིང་བྲིས་ན་དེ་ཤ་ཟས་གཟུང་བར་འགྱུར་རོ།། ཕྱིས་ན་ནི་གྲོལ་བར་འགྱུར་རོ།། དུར་ཁྲོད་ཀྱི་སོལ་བའི་མེ་ལ་ཝའི་ཁྲག་གིས་བསད་ལ་ཝའི་ཁྲག་དང་བསྲེས་ཏེ་བསྒོས་ལ་དས་གང་གི་མོང་བྲིས་པ་དེ་མ་ཐག་ཉིད་དུ་མྱོས་པར་འགྱུར་རོ། ། ཕྱིས་ན་ནི་གྲོལ་བར་འགྱུར་རོ།། ཨཽ་ཏྲི་ན་ཏྲྀ་སོ་ཤ་ཙ་བི་ཀྲྀ་ཏ། དཥྨ་ཙཏྟ་མུ་ཁ་ཆེ་གེ་མོ་མུཙྪ་ཊ་ཡ་བྷྲ་མ་ཧཱུཾ་ཕཊ། བྱ་རོག་གི་སྒྲ་མི་གྲག་པར་ཚེཚོད་མ་ཐམས་ཅད་དང་ལྡན་པའི་ཟན་གྱི་ཆང་བུ་བྱིན་པར་བྱས་ན་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། ། ཨོཾ་ཀ་ཀཱི་ཀྵ་ཀ་རུ་དི་ཀེ། ཀཱ་ཀ་པཎྜི་ནུ་བྷོ་ཛ་ནེ་ཆེ་གཻ་ཧྲྀ་ད་ཡཾ་གྲྀཧྱེ་གཙྪ་ཀཱ་ཀཱ་ཡ་ཛ་ཐཱ་མུ་ཁཾ་སཱ་ཧཱ་ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། བཅུ་བཞི་ལ་བྱ་རོག་ནག་པོའི་ཚང་གི་ཤིང་ལེ་ཙན་དན་དྷའི་མེས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ཕུད་ཀྱི་ཆང་བུ་ལ་ལན་བདུན་བསྔགས་ཏེ། དགྲ་བོའི་ཁང་པར་བསྐུར་ཏེ་ཕྱིར་མིག་མི་བལྟ་བར་བྱས་ན་ཞག་བདུན་ཕྲག་གསུམ་ན་ངེས་པར་སྐྲོད་ཅིང་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། ། ཡ་མ་རཱ་ཛ་ས་དོ་མ་ཡ། ཡ་མེ་དོ་རུ་ཎ་ཡོ་ད་ཡ། ཡ་ད་ཡོ་ནི་ར་ཡཀྵེ་ཡ་ཡེ་ཀཱ་ཡཙྪ་ནི་རཱ་མ་ཡ། དབུས་སུ་ཨའོ།། ཀྵེ་དང་མ་མ་ད་ནི་ནང་གི་འཁོར་ལོའོ།། ཡཙྪ་ནཻ་རཱ་ཛ་ས་དོ་རུ་ན་ཡོ་ནཻ་ར་ཞེས་བྱ་བ་གཉིས་པའོ།། འཁོར་ལོའི་རིའུ་མིག་ལའོ།། རོ་བསྲེགས་པའི་ཤིང་གི་རང་བཞིན་ལས་ཁ་སྦྱོར་བྱས་ལ་དེའི་ཤིང་ལ་བྱས་པའི་སྨྱུ་གུས་བྲི་བར་བྱའོ། ། དཔྱངས་པའི་རོའི་སྟེང་ཕྱོགས་ཀྱི་ཐག་པ་བླངས་ཏེ། དུ་བ་ཕྱིར་མི་འབྱུང་བར་བསྲེགས་ལ་དེའི་ཐལ་བ་དང་བོང་བུའི་ཁྲག་བསྲེས་ཤིང་བཤིང་བསྲོས་ལ་སྣག་ཚ་བྱའོ། ། ཁ་སྦྱོར་དེ་ལ་གང་གི་མིང་བྲིས་པ་དེ་རིམས་ཆེན་པོས་འཛིན་པར་འགྱུར་རོ།། བེ་མས་བཀྲུས་ན་གྲོལ་ལོ།། ཨོཾ་ཙ་ལ་ཙིཙྪ། ཙ་ལེ་ཙ་ལཙྪེ་སྭཱ་ཧཱ། ཟངས་མའི་ཁབ་ཀྱིས་ཕུག་པའི་ཀ་ར་ཝཱི་ར་དམར་པོ་ནི་ཡུངས་ཀར་གྱི་མར་གྱིས་སྦར་བའི་མར་མེ་རྩེ་མོ་ལ་བརྒྱ་ཕྲག་བརྒྱད་དུས་གསུམ་དུ་བསྲེག་པར་བྱའོ།། ཞག་བདུན་གྱིས་སྔོན་མ་མཐོང་བའི་བུད་མེད་ཀྱང་འགུགས་པར་བྱེད་དོ། ། ཨོཾ་བྲཧྨ་པ་ཏི་བ་དེ་རི་རི་གེ་སྭཱ་ཧཱ། རྒྱལ་པོའི་ཆུང་མ་ཆེན་མོའང་བརྫུན་མིན་པར་བཟླས་པ་ཙམ་གྱིས་དབང་དུ་འགྱུར་རོ།། ཀརྞྞ་མུ་ཊི་ཧཱུཾ་ཕཊ། ཙ་མུཎྜ། འདི་འབུམ་ཕྲག་བཞི་བཟླས་ལ་ཞག་གཅིག་ཏུ་ཐུན་གསུམ་དུ་སྐེ་ཚེའི་སྦྱིན་སྲེག་བྱས་ན་འགུགས་པར་བྱེད་དོ། ། ཨོཾ་ར་གེ་ཏེ། ར་ག་ཏི་ནི་སྭཱ་ཧཱ། འབུམ་ཕྲག་གཅིག་བཟླས་ལ་པདྨའི་སྐུད་པ་དང་། ཚལ་ཆེན་པོས་ཐོད་པར་དུ་བ་བསྒྲུབ་པར་བྱ་བ་ཐོད་པ་ཁ་བརྒྱད་ཀྱི་ཚོགས་ཐོད་པ་གང་དུ་དུད་པས་བསགས་པ་དེའི་སྟེང་དུ་བཞག་ལ་ཆང་གིས་བཀང་བར་བྱའོ། ། དེས་མིག་ལ་བསྐུས་ན་འཇིག་རྟེན་པ་དབང་དུ་བྱེད་དོ།། དུད་པ་ལ་སྟོབས་པོ་ཆེ་ལ་སོགས་པ་བསྲུང་བར་བྱའོ།། གཞན་དུ་བསྲུང་བ་མ་བྱས་ན་ཤ་ཟས་ཁྱེར་རོ།། ཨོཾ་ཙཎྜ་མུ་ཁི་ཀ་ལི། བཟླས་ན་ས་གསུམ་གྱི་དཀྱིལ་འཁོར་དབང་དུ་བྱེད་དོ།། ཨོཾ་ཀར་དར་པ་ཡ། ནཱ་ཡ་ན་ན་མ་མོ་ཧ་རི་སྭཱ་ཧཱ། ཀ་ར་ཧ་རའི་རྩ་བ་ལ་སྡོང་བུ་བྱས་ཏེ་ཕྱུགས་སེར་སྐྱའི་མར་གྱི་དུ་བ་བསགས་ལ་དེས་མིག་ལ་བྱུགས་ན་དབང་དུ་བྱེད་དོ།། ཨོཾ་ཀཱ་མེ་ཤཱ་ར་སྭཱ་ཧཱ། སྦྲུལ་ནག་པོའི་མགོ་བོ་དངས་འཛིན་པའི་དུད་པ་ལ་ལན་བདུན་དུ་ལེགས་པར་བཟླས་ཏེ། ངེས་མིག་ལ་བསྐུས་ན་དབང་དུ་བྱེད་དོ།། དབང་ཕྱུག་ཆེན་པོའི་རྟགས་ཀྱི་ལྷོ་ཕྱོགས་གདོང་གི་ཐད་དུ་འདུག་པར་བྱས་ནས་ཁྲི་ཕྲག་གཅིག་གི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པ་དེས། མེ་ཏོག་དམར་པོས་བཅོས་པའི་གོས་དམར་པོ་གོན་ལ་མཚན་མོ་ཀུན་ཏུ་འཇིགས་པ་དང་བཅས་པས་བཟླས་པའོ།། རེངས་པའི་ཕྱག་རྒྱས་བཅིངས་ལ་དེའི་སྔགས་བཟླས་པར་བྱ་སྟེ། ཁྱད་པར་དུ་གཟའ་དང་གཟས་བཟུང་བའི་དུས་སུ་སྟོབས་པོ་ཆེའི་སྔགས་བཟླས་པར་བྱའོ།། ལག་པ་གཡས་པའི་ཁུ་ཚུར་དུ་གཞུག་པར་བྱའོ།། རེངས་པར་བྱེད་པ་ལ་གདུག་པ་ལཾ་གདུག་པ་ཅན་རྣམས་ཀྱི་མདུན་དུ་བྱས་ན་རེངས་པར་འགྱུར་རོ། ། སྔགས་ནི། ད་ར་ཎ་བཛྲ་ར་ཏི། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སརྦ་དུཥྚཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་པ་། ཧཱུཾ་ཕཊ། རེངས་པའི་སྔགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསྟ་སྨེ་ཙཎྜ་བཛྲ་པཱ་ཎ་ཡེ། ཀཱ་ཀེ་ཀཱ་ཀཱི་ནི། བྷྲ་མ་ཎི་བྷྲ་མ་རི། ཧ་ན་ཧ་ན། ཏྲ་ས་ཡ་ཏྲཱ་ས་ཡ། བི་དྷཱན་ས་ཡ། པ་ར་སེ་ནྱ་ཙཀྲི་བཛྲ་པཱ་ཎི་ཨཙྪསྠ་པ་ཐེ་ན། ན་ར་ཙེ་ན་མཱ་ར་ཡ་སྭཱ་ཧཱ། མཆོད་པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་དུར་ཁྲོད་ཀྱི་མེ་རབ་ཏུ་སྦར་བའམ། གཙུབ་ཤིང་ལས་བྱུང་བའི་མེ་དང་རས་བླངས་ཏེ། ཁྲག་དང་། ཕྱེ་དང་། ཡུངས་ཀར་བསྲེས་པས་སི་མ་རའི་རས་བལ་གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན། ནམ་ཕྱེད་ཀྱི་དུས་སུ་གཡུལ་ཐམས་ཅད་ཉམས་པར་བྱེད་དོ།། ཨོཾ་མ་ཧཱ་ཏེ་ཛ་མ་ཎི་བྷ་དྲ། སཾ་བྷ་ར་སཾ་བཱ་ར་སྭཱ་ཧཱ། འདུམ་བཟླས་ན་དངུལ་འབུམ་རྙེད་པར་འགྱུར་རོ། ། མཐོང་བའི་ཆོས་ལ་ཡིད་ཆེས་པར་འགྱུར་རོ།། ཨོཾ་ཛ་ལ་ཛ་ལ་ཨ་གཱ་ན་ཡེ་སྭཱ་ཧཱ། ཡུངས་ཀར་དང་ཐལ་བ་ལ་སོགས་པས་ཁོ་ར་ཁོར་ཡུག་བཅིངས་ན། འབྱུང་པོ་ལ་སོགས་པ་དང་མཆེ་བ་ཅན་ལ་སོགས་པ་མི་འོང་བར་འགྱུར་རོ།། མཐོང་བའི་ཆོས་ལ་ཡིད་ཆེས་པའོ།། རྡོག་པ་དྲག་པོས་བརྒྱབ་པའི་བུམ་པ་བཅག་པའི་དུམ་བུ་བླངས་ནས་སྣོད་ཀྱི་ཐོག་ཏུ་འདུག། ཁང་སྟོང་དུ་མེས་ཚིག་དུས་སུ་སྔགས་མཾ་བརྗོད་དེ་གནས་པས་དབྱུག་པ་བཟུང་ནས། མ་ཡིག་བརྗོད་པས་བུམ་བཅག་བྱ།། མ་ཡིག་དེ་ཉིད་སོང་པར་གྱུར་ནས་སུ།། སྦྱོར་བ་འདི་ནི་མེ་མཆེད་པ་ལའོ། ། དུར་བ་དང་བཅས་འབྲས་ཀྱི་སོ་ལ་བཟླས།། བླ་མའི་དུམ་བུ་མེ་ཡིས།། མཆོད་ཡོན་སྔགས་ཀྱིས་སྦྱིན་སྲེག་བྱས་ནས་ནི།། མེ་ནི་མཆེད་པར་གྱུར་པ་ཞི་པ་ཡིན།། ཨ་ཐི་སད་ཀྵོ་བྷ་སུ་ཎ། ཨ་ཐོ་པཏྟ་ཏམྦྷཱ་པཉྩ་ནཱ་མ་དཱ་ཡི། དཱ་བི་ཎཱཾ་ཁནྟ་ཛ་བེ་དཾ་ཨ་ཏི་ཀྲ་མ། ན་མོ་ནན་ཏི་པ་དཱི། པི་ལི་པི་ལི། སིདྡྷི་སིདྡྷི་སཱ་ཧཱ། མཆོད་ཡོན་གྱི་སྔགས་སོ།། ཨཛྫ་དྷརྨ་དཱན་ཏེ་བྷ་ར་ཨཙྪ་ར་ཡ། ཨཱི་ཛྷ་ཏུ་། ཨ་ཏུ་ཧཱུཾ། ཀཾ་ཚེ། ཨོཾ་གུ་རེ་ཨིཾ་བི་ཨུ། ཨེ་དེ་སརྦེ་སརྦཱ་ཧོརྠེ་ཎེ་བནྡྷ་ཧུ་བྷ་བ་ཨུ། མེས་ཚིག་པའི་དུ་བ་ལ་ཡོངས་སུ་བཟླས་ཏེ། ལན་ཁ་ཅིག་ཏུ་ཨརྐ་སྦྱིན་ནོ།། ཆུ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ཏེ་ཁང་པ་ལ་ཡོངས་སུ་གཏོར་ན་མེས་མི་འཚིག་གོ། ཨོཾ་ཀི་རི་ཀི་རི་རི་ཥ་བྷ་ཡ་སྭཱ་ཧཱ། བསྙེན་པ་ཁྲི་ཚེ་གཅིག་བྱའོ།། དེ་ནས་དཔུང་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་སྦྱར་བར་བྱའོ།། གང་གི་ཚེ་མདུན་ཕྱོགས་སུ་འགྲོ་ན་དགོས་པ་མི་འགྲུབ་བོ། ། འདི་ནི་ནུབ་མོ་ཁང་པའི་ནང་དུ་གཅེར་བུས་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་རཱ་པ་ཏ་ཡེ། ཏདྱཿ། ཎ་པར་དཪྴ་ཨ་སྭཱ་ཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་ཚ་བའི་མར་ནག་གིས་རྐང་པ་ལ་བྱུགས་ཏེ་ཉལ་ན་རྨི་ལམ་ན་དགོས་པ་སྟོན་པར་བྱེད་དོ།། ཨོཾ་གྲ་ཎ་དེ་ཤྲ་པ་ཙི་ས་སྟོང་ཕྲག་གཅིག་སྔོན་དུ་བསྙེན་པ་དང་ལྡན་པས་ཉལ་བའི་དུས་སུ་རུ་རྟའི་ལྡེ་གུ་ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་བསྔགས་ཏེ། ལག་པ་དང་རྐང་པ་ལ་བྱུགས་ལ་མངོན་པལ་བ.རེད་པའི་དགོས་པ་ཡིད་ལ་བྱ་ཞིང་། གཙང་མའི་ས་ཕྱོགས་སུ་ཉལ་ན་དགེ་བ་དང་མི་དགེ་བ་སྟོན་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨ་ཧཱ་ར་དེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲོ་ཚ་གཅིག་བྱས་ལ་འབྲས་ཁུར་གྱི་རང་བཞིན་ལས་རི་ཁྲོད་མའི་གཟུགས་གཅེར་བུ་གསུམ་བྱའོ། ། ཉི་ཟླ་གཟས་བཟུང་བའི་དུས་སུ་ལག་པར་བཞག་ལ་ཇི་སྲིད་མ་གྲོལ་གྱི་བར་དུ་བཟླས་པ་བྱའོ།། དེ་ནས་སོང་བྱིས་པ་མི་མཐོང་བའི་ལམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། ། མེ་ལོང་ལ་སོགས་པ་ལ་དཔའ་བོ་ཆེན་མོས་བདེན་པར་སྟོན་ཏོ།། དཱ་མནྟྲ་ཧོ། ཀྲཱ་མ་པདྨ་པཱ་ཏྱེ། ཏད་བྷུ་ཏཾ། ཡང་བྷ་བྱཾ། ཡང་གྲ་ཏཾ། ཏྲ་ཧཾ། བི་ད་རུ་ཡ་ཏ་སྭཱ་ཧཱ། བུ་རམ་དང་ཕྱིས་རྡོ་རྗེ་བྱས་ལ་བྱིན་ཏེ། སྔགས་ཁྲི་ཚེ་གཅིག་བཟླས་སོ།། མཐེ་བོང་ལ་རྒྱ་སྐྱེགས་ཀྱིས་བསྐུས་ན་འབེབས་པར་བྱེད་དོ།། ན་མོ་རཏྣ་ད་ཡ་ཡ། རཀྵ་རཀྟ། ཨཾ་གུཥྚེ། ཡང་ཀིན་ཙིཏ་སཱཾ་སཱཾ་ཏཾ་ག་ཏཾ། དྷ་བྱཻ་ཏ་ཏ་སརྦ་དཪྴ་ཡ་སཱཧཱ། ཁྲི་ཚེ་གཅིག་གི་བསྙེན་པ་བྱས་ལ་མཐེ་བོང་ལ་སྐྲ་སེན་དབབ་བོ།། ཨོཾ་ཨ་ལུ་ཀེ། བ་ལུ། ཀེ། གྲིཧྞ་པིཛྫ། པི་ཤཱ་ཙི་སྭཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚེ་གཅིག་བཟླས་ལ། དེ་ནས་བསྒྲུབ་པ་བྱ་སྟེ། ཕུད་ཀྱི་ཟན་ཆང་ལ་ལན་བདུན་དུ་བསྔགས་ལ་རྒྱབ་ཏུ་བསྒྱུར་བར་བྱའོ།། ཞག་བདུན་ན་རྣམ་པར་བྱེད་དོ། ། ཞག་དང་པོ་ལ་མ་བསྟན་ན་ཡི་ཆད་པར་མི་བྱའོ།། གཉིས་པ་དང་གསུམ་པར་བསྒྲུབས་ན་བྲམ་ཟེ་བསོད་པའང་འགྲུབ་བོ།། གལ་ཏེ་མ་གྲུབ་ན་སྤྱི་བོགས་ནས་འཆིའོ།། ཕྱག་ན་རྡོ་རྗེའི་བཀའ་ཇི་བཞིན་ནོ། ། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་ཨ་མ་ལ་བི་ཀྲཱནྟ། ཏེ་ཛོ་ནི། ཨ་ར་ཛེ་སྭཱ་ཧཱ། དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱ་ཉེ་བར་གནས་པ་ལ་མཆོད་ཡོན་ལ་སོགས་པ་ཐམས་ཅད་བྱའོ། ། ས་གཞི་འདི་ཙམ་གྱི་ཚདས་བདག་གིས་འདི་ཙམ་དུ་འགྲོ་བར་བྱའོ་ཞེས་ཡིད་ལ་བྱས་ལ། ཕྱག་རྒྱ་བཅིངས་ལ་སྔགས་ཉི་ཤུ་རྩ་གཅིག་ཏུ་བརྗོད་པར་བྱས་ན། དེ་ཉིད་ཀྱི་ལམ་དུ་འཇིགས་པ་མེད་པར་འགྲོའོ། ། ཁུ་ཚུར་གཉིས་གཅིག་ཏུ་བྱས་ལ་མཐེའུ་ཆུང་གཉིས་ཁ་ཕྱེ་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱས་ཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀུ་རུ་ཀུ་ལེ་སྭཱཧཱ། སྔོན་དུ་བསྟེན་པ་ཁྲི་ཆོ་གཅིག་བྱས་ལ། དེ་ནས་པ་ལང་གི་ལྕིབས་དཀྱིལ་འཁོར་བྱས་ལ། དེའི་དབུས་སུ་མདའ་དང་བཅས་པའི་གཟུ་བྲིས་ལ་མདའི་སྒོ་ལ་བཅོམ་ལྡན་འདས་མའི་རང་གི་མིང་གི་ཡི་གེ་དང་པོ་བཀོད་ལ། བཅོམ་ལྡན་འདས་མ་ལ་མཆོད་ཡོན་བྱས་ཏེ། དྲི་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། གཏོར་མ་ལ་སོགས་པས་མཆོད་ལ་གསོལ་བ་གདབ་པར་བྱའོ། ། ཆེ་གེ་མོའི་ཡུལ་དུ་འགྲོ་ཞིང་འོང་བར། བཅོམ་ལྡན་འདས་མ་འདིར་གཤེགས་པ་དང་ལྷན་ཅིག་ཏུ་དེར་སོང་སྟེ། འོངས་ནས་བཅོམ་ལྡན་འདས་མ་ལ་བཟོད་པར་གསོལ་ཏེ་བསྡུ་བར་བྱའོ། ། ལམ་དུ་འགྲོ་ན་ཁྲི་ཕྲག་གཅིག་བཟླས་པ་བྱས་ཏེ་ཆོ་ག་བྱས། དཀྱིལ་འཁོར་ཉེ་བར་བྱུགས་ལ་གཞུ་དང་བཅས་པའི་མདའ་དང་ཤར་དུ་ཁ་བལྟས་པ་མངོན་པར་བྲིས་ལ། དེའི་སྟེང་དུ་བཅོམ་ལྡན་འདས་མ་སྔོན་བཞིན་དུ་མཆོད་པ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ལ་བརྒྱ་ཕྲག་བརྒྱད་བཟླས་ལ་འགྲོ་བར་བྱའོ།། དེ་ནས་འགྲོ་བར་འགྱུར་རོ།། སོང་ནས་ཕྱིར་འོངས་ན་དེ་ལ་གཞུ་མདའ་། དང་བཅས་པ་ཁ་རྒྱབ་ཏུ་བལྟས་ལ། དེ་བཞིན་དུ་བྲིས་པར་གྱུར་པའི་བཅོམ་ལྡན་འདས་མ་སྔོན་དུ་མཆོད་པར་གཤེགས་སུ་གསོལ་བར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭ་ཡམཎྜ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རི་ཙི་དྷརྨི་ནིར་ཡ་ཏེ་ཏཱ་རེ་ཏཱ་ར་ཨ་བྷ་ག་བ་ཏི། ཏུཏ་ཏཱ་རེ་བྷ་བ་བྷ་བ་ཡེ་མོ་ཙ་ནི་ཏུ་རེ་སྭཱ་ཧཱ། འཇིགས་པ་ལས་ཐར་པར་བྱེད་པ་འདི་ནི་ཁ་ཅིག་ཏུ་འཇིགས་པ་ཆེན་པོ་ཡིན་ན། ཆུ་བོ་དང་འབྲོག་དགོན་པ་ཆེན་པོར་སེང་གེ་དང་། སྟག་དང་། དོམ་དང་། མ་ཧེ་ཥ་དང་། རྒྱལ་པོ་དང་། སྲིན་པོ་དང་། ཤ་ཟ་ལ་སོགས་པ་རྣམས་སུ་སྔགས་འདི་དྲན་པར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ཤྲི་ལེ། ཀུ་མཱ་བྷཱུ་ཏ་ཡ། ཨོཾ་ཧི་རི་ཏིཥྛ་ཏ་ས་ར་བདྡྷོ་པ་བཾ་ན་ག་མ་ཙ་ལ་སྭཱ་ཧཱ། སྦྲུལ་རྣམས་ཀྱི་ཁ་འཆིང་ངོ་།། རྐུན་མ་དགྲ་བོ་ལ་སོགས་པའང་ཁྱུང་པར་དུ་མི་མཆེད་པར་བྱེད་པ་དང་། འདི་རྣམས་འཆིང་བྱེད་ཆོ་གའོ།། ཨུཏྤ་ལའི་ཕྱག་རྒྱ་དང་བཅས་པས་སོ།། ལག་པ་གཉིས་ཐལ་མོ་སྦྱར་ལ། མཐེབ་མཛུབ་གཉིས་བཀུག་སྟེ། མཐེ་བོང་ཆེ་། གཉིས་གཞུག་པར་བྱའོ།། གུང་མོ་གཉིས་ཀྱི་སྟེང་ནས་སྲིན་ལག་གཉིས་དཀྲི་བར་བྱའོ།། དེ་ནི་ཨུཏྤ་ལའི་ཕྱག་རྒྱའོ།། ན་མཿས་མནྟ་བུདྡྷ་ནཱཾ། ཨོཾ་ཧཱུཾ་བ་རཱ་ཧཱ་ཎཱཾ། ཨོཾ་ཧཱུཾ་བ་ར་ད་བཛྲཱ་ཡ་ཧཱུཾ། མཆོག་སྦྱིན་པའི་རྡོ་རྗེ་འཕགས་པ་འཇམ་དཔལ་རྡོ་རྗེ་དཀྱིལ་འཁོར་ལ་གནས་པ་ཐམས་ཅད་ཀྱི་བར་དུ་གསེར་གྱི་མདོག་ཏུ་བསམས་ནས། ཕྱོགས་བཞིར་ཁའི་རིམ་པར་འབྱེད་དོ།། ཨུཏྤ་ལའི་ཕྱག་རྒྱ་དང་བཅས་པའོ། ། ན་མོ་རཏྣ་ཏཱ་ཡཱ་ཡ། ན་མོ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཀ་ཙེ་བི་ཀ་ཙེ་སྟཾ་བྷ་ནཾ་སརྦ་རོ་ཥ་པྲ་ཤ་མ་ནི་སྭཱ་ཧཱ། ལགས་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ། རང་ཁ་ཡོངས་སུ་ཉེ་བར་བྱ་ཞིང་གོས་ལའང་མདུད་པ་བྱའོ།། དེ་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན་ཁྲོས་པ་ཞི་ནས་དད་པར་འགྱུར་རོ།། ཨ་ཨི་དེ་བི། ཨགྣི་ཛ་དྷ། ཛ་ལ་མ་ཎ། བྷ་ད་ཛ་དྷ། གྷུ་ལ་མཱ་ན། ཀ་ཙ་ཧ་སི། པི་ཊ་ཨཎྜེ་ཎ། ཨི་ཌེ་དནྟཾ་ཏ་རེ་ཎ་སྭཱ་ཧཱ། ཤིང་བུ་བག་ཙམ་གཅིག་ལ་ཡོངས་སུ་བཟླས་ལ་སོའི་བར་དུ་བཅུག་སྟེ་བཟླས་པས་ཁྲོས་པ་དང་པར་འགྱུར་རོ། ། ཨ་ཨི་ཏེ་སི་ཨ་སཱ་ཎ~ཾ་ཧི་བ་ཨཱི། སྔམ་ཅུ་དཾ། ས་ཎཾ་ཧི། ཨ་ཏྱ་ཧོ། ཨུཏྟ་དེ་མོ་ཏུསྥོ། ཨ་བ་རི་ཎི་ཨུཏྟ་རཙཱཧི། འདི་ནི་ཉེ་བར་སྤྱོད་པ་ནི་འོག་གི་གོས་ཀྱི་ནང་དུ་ཤིང་ལས་སྟན་བྱས་ལ་ལན་བདུན་དུ་མངོན་པར་བསྔགས་ཤིང་ཁྲོས་པ་ལ་བྱིན་ན་ཅུང་ཟད་ཀྱང་ཟློག་པར་མི་ནུས་སོ། ། མུ་ཏ་ཧོ། བ་དུ་ནོ་ར་ཨ་ཙཀྵཿཏོ་ཙན་ད་ཨི་ཙ་ཨུ་ཧཱུཾ་ཨ་ས་ན། ས་མཱི་ཛི་ཧཱ། ཀོ་མཻ་ཀི་ཚཾ་བྷ་ན་ཏིཎ་། མོ་མཎྜ་ཧ། ཨེ་ཙུ་ལི་པཱ་ཤ་ནི་སྭཱ་ཧཱ། ལགས་པ་གཡས་པས་མངོན་པར་བསྔགས་པ་བྱས་ལ་རང་གི་ཁ་མཉེ་བར་བྱའོ།། ཁ་སྦྱངས་པའི་སྔགས་ཏེ། ཡུངས་དཀར་ལ་ལན་བརྒྱད་བཟླས་ཏེ་གཏོར་ན་གཉིད་མཐུག་པར་བྱེད་དོ། ། ཨོཾ་སཱ་བ་ཎི་ཡ་མ་པྲ་པཀྵ་མི་སིདྡྷི་ཤ་བ་ར་བྷཱ་ཥི་ཏཾ་པ་ར་ཙཀྲ། མ་ཧཱ་ནི་སིདྡྷི། པ་ཏ་པིཾ་གེ། ས་ཧཱ་ན་རཱ་ཙཎྜ་ལི་མ་ཏཾ་གི་སྭཱ་ཧཱ། ཡུང་དཀར་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་པ་། བྱས་ལ། གང་དུ་བསྐུར་བ་དེར་གཉིད་མཐུག་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་མ་རི་ཀེ་ཤི། བྷྲ་མ་ར་མཱ་ཏེ། བྷྲ་མ་བི་བྷྲ་མ་མུ་ཏ་ཡ་མ་ཧཱ་ཡ་སྭཱ་ཧཱ། ཡུངས་ཀར་ལ་འབུམ་ཕྲག་གཅིག་བཟླས་ཏེ་ས་ལ་མ་རེག་པར་བར་སྣང་གི་ཁང་པ་ལ་གཞག་པར་བྱའོ། ། ཁང་ས་དང་རྡོ་སྟེགས་ལ་རབ་ཏུ་གཏོར་ན་དུས་མ་ཡིན་པའི་གཉིད་མཐུག་པོར་སྐྱེད་པར་བྱེད་དོ།། གྲོང་ངམ་གྲོང་ཁྱེར་གྱི་དབུས་སུ་གནས་ཏེ་ཡུངས་ཀར་གྱིས་ཕྱོགས་དང་ཕྱོགས་མཚམས་སུ་གཏོར་ན། སེམས་ཅན་ཀུན་ཤི་བ་དང་འདྲ་བར་གཉིད་ལོགས་པར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ། མཧཱ་སཏྭ་ཡ་མ་ཧཱ་ཀཱ་རུ་ཎི་ཤྱ། ཀ་ཡ། ཏཱ་རེ་ཏཱ་རེ་ཏཱ་ར་ཡ་བྷ་ག་བཱ་ཏི་སྭཱ་ཧཱ། བནྡྷ་མོ་ཙ་ནི་ཆེ་གེ་མོ་བནྡྷ་མ་ཀྵཾ་ཀུ་རུ་སྭཱ་ཧཱ། བདེན་པའི་བྱིན་གྱིས་བརླབས་ཀྱང་དང་པོ་ཉིད་དུ་སྦྱར་བར་བྱའོ།། བཅོམ་ལྡན་འདས་མ་འཁོར་ཐམས་ཅད་གྲོལ་བར་གྱིས་ཤིག། གང་གིས་བཅིང་པ་གྲོལ་བ་ཡིས།། བདེན་པ་དེ་ཡི་བདེན་པ་ཡིས།། ཆེ་གེ་མོ་བཅིངས་པ་ལས་གྲོལ་བར་གྱིས་ཤིག། བཟླས་པས་བཅིངས་པ་གྲོལ་བར་བྱེད་དོ། ། བཟླས་པའི་དུས་སྤྱན་རས་གཟིགས་དབང་ཕྱུག་གིས་གྲོལ་བར་བྱེད་ཅིང་། བཅོམ་ལྡན་འདས་མས་ཀྱང་གྲོལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ལམྦ་པྲ་ལལླེ་ཥིམྦ་བི་དེ་མ་མ་མཀྵ་ཡ་སྭཱ་ཧཱ། འདི་བཟླས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ།། ཡང་ན་གཙང་སྦྲ་དང་ལྡན་པར་བྱེད་པས་མཚན་ཐོག་མཐར་བཟླས་མ་བཅིངས་པ་ལས་གྲོལ་བར་བྱེད་དོ། ། ནམ་དེ་བི་མ་ཧཱ་དེ་བི་པྲ་ཏྱཾ་གི་རི་སྭཱཧཱ། ཏ་ལའི་གློག་ལ་མངོན་པར་བྲིས་ཏེ། སྲིན་བུཀ་ཀ་ནུའི་ཁང་བུར་བཅུག་ལ་དེའི་སས་ཁ་བཀབ་ཅིང་མིང་ནས་བར་བྱས་ན། དེ་བཅིངས་པ་ལས་གྲོལ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ནམ་ཨརྠ་བ་མོ་ཀི་ཏི་ཤྭ་རཱ་ཡ། བོ་ཧོས་ཏྲསྱ། མཐསཥྚ་ཡ། མཧཱག་སཀྵ5། ཨུ0f7f། ཀུ་རྦེ་བི་ག་རེ་ཊ་སྭཿ། མར་གྱིས་ལྕགས་ལ་བྱུགས་ན་འཆག་གོ།། ནམཿསརྦ་བུདྡྷ་བོ་དྷིས་ཏེ་བྷེ། ཀུརྦ་ནྡ་ཀུ་རུཿ། ཀན་ཀུ་ཏུ་རུ་སྭཱཧཱ། ཕྱོགས་གངན་བཅིངས་པ་འམ། བསྐོར་ཁང་ཅིག་གནས་ནི་ལས་ད་ལ་བརྒྱ་ཕྲག་བཟླས་ཏེ་གཏོར་ན་དཔག་ཚད་བརྒྱ་ན་ཡོད་པ་གྲོལ་ལོ། ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་སོ།། ཨ་ཏི་མུཀྐའི་ཡམ་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱའོ།། དེ་ནས་དེ་ཉིད་ཀྱི་ཐལ་བས་སྦྱར་བར་བྱའོ། ། ནི་མི་འམ་ཤིང་གིས་མེ་མར་གྱི་སྦྱིན་སྲེག་བྱས་ན་ལྕགས་སྒྲོགས་འཆག་ཅིང་གྲོལ་བར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཀཱ་ཡཱ། ཏདྱ་ཐཱ། ཏཱ་རེ་ཏཱ་རེ། ཏཱ་རཱ་ཡ། ཛ་ཡེ་ཛ་ཡེ། ཏུཏྟཱ་རེ། ཛ་ཡ་བ་ཧེ་ཏུ་རེ་སཱ་ཧཱ། ཡུལ་ཆོས་ཀྱི་རྩོད་པ་ལས་ལན་ལོན་པའི་ལས་རྒྱལ་བར་བྱེད་པ་ལ་སྒྲོལ་མ་སྦྱར་བར་བྱའོ།། མུ་ནི་ཀ་ས་ཨ་མུ་ནི་མ་དྷ་ཨི། མུ་ནི་ལཾ་ག་ལེ་ཧི་ཕ་ལེ། ཨི་ཤི་དྷ་བི་ལབི་དན་ཏཾ། ཆེ་གེ་མོ་སྱ་མུ་ཧཾ། བགྨ་ནེ་ནེ་ཧཾ་པ་པེ་མ་སྭཱ་ཧཱ། དབང་དུ་བྱ་བ་དང་། དབྱེ་བ་དང་། སྡོད་པ་དང་། ཁ་བཅིངས་པ་རྣམས་ནི་རྫ་མཁན་གྱིས་འཁོར་ལོ་འཁོར་བཞིན་པའི་ས་དང་། ལོག་བཞིའི་ས་དང་། དབུས་ཀྱི་ས་དང་། འཁོར་ལོའི་སྲོག་ཤིང་གི་ས་དང་། སྣོད་ཀྱི་ས་རྣམས་བླངས་ཏེ་གཟུགས་བརྙན་གཉིས་བྱས་ཏེ། ཁ་སྤུསྤྲད་དེ་བཞག་ནས་སྤྱད་པ་དམར་པོས་བར་མཚམས་མེད་པར་དཀྲིས་ལ། ཁམ་སྐྱོང་མ་བསྲེགས་པ་ཁ་སྦྱར་གྱི་དབུས་སུ་བཞགས་ལ་ཆེ་གེ་མོ་དབང་དུ་གྱུར་ཅིག་ཅེས་བྱ་བའི་ཚིགས་བརྒྱ་ཕྲག་བརྒྱང་བཟླས་པར་བྱའོ།། ད་དུ་རའི་འབྲས་བུ་བྱི་བའི་ཁུང་བུར་གཙུག་ལ་བུད་མེད་གཅེར་བུས་གཏུན་ཤིང་གིས་བརྡུངས་ན་ཆེ་གེ་མོ་དབྱེ་བར་འགྱུར་རོ།། རྨུག་མའི་བུ་མོའི་རྒྱབ་ཀྱི་རུས་པ་ལ་མིང་དང་སྔགས་སུ་སྤེལ་བ་མངོན་པར་བྲིས་ཏེ། རུས་པ་དེའང་ལམ་གྱི་བཞི་མདོར་རྐེད་པ་ནུབ་ཙམ་དུ་བརྐོས་པའི་ཁུང་བུར་གཙུག་ལ་ས་གཡོག་ན་སྨོད་པར་བྱེད་དོ།། ཚ་བའི་རང་བཞིན་གྱིས་གཟུགས་བརྙན་བྱས་ལ་སྔགས་བརྗོད་བཞིན་པས་གཟུགས་བརྙན་རའི་པགས་པས་ཁ་དགག་པར་བྱས་ན་ཁ་བཅིངས་པར་བྱས་པ་ཡིན་ནོ། ། གཟུགས་བརྙན་དེའང་དབེན་པའི་ཕྱོགས་སུ་གཞགས་པར་བྱ་སྟེ། དུར་ཁྲོད་ཀྱི་སོལ་བས་དགྲ་བོའི་མིང་དང་སྤེལ་བ་བྱི་བའི་ཁུང་བུར་གཙུག་ལ་རའི་ལགས་པས་ཁ་བཀབ་སྟེ། བུད་མེད་གཅེར་བུས་གཏུན་ཤིང་ལགས་པས་བཟུངས་པས་ལན་བདུན་དུ་མངོན་པར་བསྔགས་ཏེ། ནུབ་མོ་ཆེ་གེ་མོའི་ཁ་ཆིངས་ཤིག་ཅེས་བརྡུང་བར་བྱའོ།། དེ་ལྟར་ཞག་བདུན་དུ་བརྡུངས་ན་འཆིང་བར་འགྱུར་རོ།། རྩེ་མོ་བདུན་ལས་བྱུང་བའི་ས་བླངས་ཤིང་རྫ་མཁན་གྱི་ལག་པའི་ས་ལས་སའི་ཁུང་བུ་གཅིག་བྱས་ལ་བསྔགས་ཏེ། ཏ་ལའི་ལོ་མ་ལ་མངོན་པར་བྲིས་ཏེ་ཁུང་བུའི་ནང་དུ་བཅུག་ལ་བྱི་ཁུང་དུ་བཞག་སྟེ། ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་ཁ་བཅད་ལ་རྡུལ་གྱིས་དེའི་སྟེང་དུ་གཡོགས་ན་ཁ་བཅིངས་པར་འགྱུར་རོ།། ཨོཾ་བྷུ་རི་ཧྱ་མ་ན། ས་ཀུ་རུ་པྲ་སོ་ཨེ་ཨཾ། ཆེ་གེ་མོ་བནྡྷ་མཱ་ར་ཡ་ཧཱུཾ་ཕཊ། མིང་གི་ཡི་གེ་དང་སྔགས་ཀྱི་ཡི་གེ་བར་དུ་སྤེལ་ལ། ཨརྐའི་ལོ་མ་ལ་སོལ་བས་བྲིས་ཏེ་དཀྲིས་ལ། ཚེར་མ་མང་པོ་བཙུགས་ལ་ཁང་པའི་ནང་གི་སྟེང་གི་དབུས་སུ་སྔགས་བརྒྱ་ཕྲག་བརྒྱད་བཟླས་ཏེ་བརྐོས་ལ་སྭས་ན་ཁ་བཅིང་པར་བྱེད་དོ། ། དེ་ལྟར་མང་པོའང་སོ་སོར་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། པཱ་རཱ་ཡ་ས་ནི་ནཱ་ས་ནི་སྭཱ་ཧཱ། ཁམ་ཀྱོང་དུ་ཕྱུགས་ཀྱི་ལྕི་བས་གཟུགས་བརྙན་བྱས་ལ་རིགས་པ་བཟླས་ཤིང་འགྲོན་བུ་དགུས་བརྒྱན་ཏེ། མིག་གཉིས་དང་། ཁ་དང་། རྣ་བ་གཉིས་དང་། ལྟེ་བ་དང་། ལག་པ་གཉིས་དང་། བཤང་བའི་ལམ་དུ་བརྒྱན་ནོ།། དགྲ་བོའི་ཞག་ལོན་པའི་ཕྱི་ས་བཅུག་ལ་རིག་པ་འདིའང་ལན་བརྒྱད་བརྒྱར་བཟླས་ཏེ། ཁམ་ཀྱོང་གཉིས་པས་ཁ་བཀབ་ལ་གཙང་མའི་གནས་སུ་བཞག་ལ་ཡུལ་ཆོས་ལས་གཞན་ལས་རྒྱལ་བར་འགྱུར་རོ། ། བསྙེན་པ་ཁྲི་ཆོ་གཅིག་གོ། ཨོཾ་ཤརྐ་ཀན་ཐ་ཙ་དུ་པ་ཏ་ཁཱ་ཧི། མ་ནུ་ཥ་ཀོ་གཱུ་ཀཾ་ཏ་ཤྱ་ཨ་ཐཱ་བི་གཱུ་ཐེ་ན། ཆེ་གེ་མོ་མུ་ཁཾ་བནྡྷ་མི། མུ་ཙུ་ཀྲ། མུ་ཙུཀྲ་གུ་སཱཿ་བོང་བུའི་བལ་དང་། དང་པོ་བྲེགས་མ་ཐོག་གི་བྱིས་པའི་སྒྲ་དང་། ཚེར་མ་རྣོན་པོ་ལ་བརྒྱད་བརྒྱ་མངོན་པར་བཟླས་ཏེ། བྱི་བའི་ཁུང་བུར་བཅུག་ལ་རྡུལ་གྱིས་བཀང་ན་ཁ་འཆིང་བར་འགྱུར་རོ།། ཧ་ཧཱུཾ་ཧ་ལག་པ་ལ་བཀོད་ན་དུར་ཁྲོད་ཀྱི་སྲུང་བའོ། ། ཧཱུཾ་ཧ། རིག་པ་བཟླས་ཏེ་འཕྲལ་དུ་རོ་སྲེགས་པའི་ཐལ་བ་ཆང་པར་བཟུང་ལ། ཡང་ན་དེ་བཟླས་པས་གཡོན་ན་ཧཱུཾ་གི་ཕྱག་རྒྱ་བཅིངས་ཏེ། ཐལ་བ་དེ་དང་གུ་གུལ་གྱི་རིལ་བུ་བྱས་ལ་བརྒྱ་ཕྲག་བརྒྱད་བཟླས་པ་བྱས་ལ། དཔྲལ་བར་ཐིག་ལེ་བྱས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ།། ཧཱུཾ་ཧེ་ཧོ་ཧོ་ཧ། བཅིངས་པ་ལས་བཟླས་ན་གྲོལ་བར་འགྱུར་རོ།། དི་ཨོཾ་པྲ་ཛ་པྲི་སཱི་ཧེ་པྲི། བཟླས་པས་བཅིངས་པ་ལས་གྲོལ་བར་འགྱུར་རོ།། ན་མོ་བྷ་ཙ་ཏ་ཤྱ་མ་མ་ཧཱ་ཤྲ་མ་ཎ་ཤ་ཀ་ཏི་བི་ཏི་པ་ཏྲཾ་སུ་རཱ་ཡ་སྭཱ་ཧཱ། ལན་བདུན་དུ་མངོན་པར་བསྔགས་པ་བྱས་པའི་ལྷུང་བཟེད་བསོད་སྙོམས་ལ་ཞུགས་ན་སྟེར་བར་མི་འདོད་པ་རྣམས་ཀྱིས་ཀྱང་སྟེར་བར་འགྱུར་ཏེ། མྱུར་དུ་ལྷུང་བཟེད་གང་བར་འགྱུར་རོ།། ཀ་ར་ལི་རའི་མེ་ཏོག་དཀར་པོའི་ཤིང་གིས་དེ་བཞིན་དུ་སོ་ཤིང་བྱས་ན་མ་བླངས་པར་རྙེད་པར་འགྱུར་རོ། ། འཇམ་དཔལ་གྱིས་བོན་གྱིས་ལན་མང་དུ་བཟླས་པས་དེ་མ་ཐག་ཏུའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བེ་དྱ་ཀུཾ་ཛ་ར་ཤྱ་ཧི་མ་ཙ་ཏ། ཨུཏ་ཏ་རེ་ཎ་པཱ་ཤ་སུ་ཙ་ཨཀྵི་ན་མཿབཱ་ན་རི་ས་མེ། ཨ་ནཾ་ཙ་པཱ་པ་ནི་ཙ། ད་དུ་སརྦ་ཀཱ་མི་ཀཾ། ཨ་མོ་ཏི་ཙ། ཨ་མོ་ཊི་བྷུ་ན་བྷ་རུ་ཛ་བ་སཱ་ཧཱ། བྱ་རོག་གི་སྒྲ་མི་གྲགས་པར་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་བཟླས་པ་བྱས་ནམ་བླངས་པར་ཟན་རྙེ་པར་འགྱུར་རོ།། ཨོཾ་དྷ་མ་དཱ་ཡ་སཱཿ། བཟའ་བ་ཐམས་ཅད་དང་ཆོད་མ་ཀུན་ལ་ནོར་སྦྱིན་གྱི་གཟུགས་བྱས་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ལ་ཟས་བཅོས་པའི་དབུས་སུ་བཞག་པར་བྱས་ན་ཟད་པ་མེད་པར་འགྱུར་རོ། ། ཟན་བཙོས་པའི་སྣོད་དུ་བཞུག་པ་དེ་རང་གི་རང་བཞིན་དུ་འདྲུལ་བར་མི་བྱའོ།། ཨ་རཾ་ཛ་རེ་ཀ་རཾ་ཛ་རེ་བི་ཥ་ཛ་རེ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ་ཟས་བྱིན་པའི་དུས་སུ་སྲན་མ་། མ་ཤ་ལ་སོགས་པས་སྦྲུས་ནས་ཟོས་ན་འཛིན་བློ་རྣོ་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཱ་ཨཱརཱ་ཡཱ་ལོ་ཀཱི་ཏི་ཤྭ་རཱ་ཡཱ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ནཱ་མཿསིཏྭཱ། ཨོཾ་མ~ཾ་དྷཱ་དྷཱ་ར་ཎི། པྲ་ཡུཾ་མི། ཨི་ཡ་མེ། སརྨི་དྷནྨ། ཏདྱ་ཐཱ། ཏྲི་སི་ཁོ་ཏྲི་ཤཱུ་ལ་དི་ལི་དི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། ཨ་བ་ལོ་ཀི་ཏེ། ས་རོ་བྷི་ཨ་ཛྙཱ་པ་ཡ་ཏིདྷཱ་ར་ཎི། ཨཾ་ཡཾ་མ་ས་མྲྀ་ཏྱཻ་ཏུ་སཱ་ཧཱ། དེ་ལ་འདིའི་ཉེ་བར་སྤྱོད་པ་ནི་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུ་ཐམ་པ་བྱས་ལ། དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཆུ་སྲང་བཞི་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ཏེ་བཞག་ལ། འཐུང་ན་ཞག་བདུན་གྱི་བར་དུ་ཉི་མ་གུང་གུང་ལ་མར་བཙོས་པའི་འབྲས་བཟའ་བར་བྱའོ།། ཞག་བདུན་དུ་སྨྲ་བཅང་བྱས་ན་གཞུང་བརྒྱ་ཕྲག་གསུམ་འཛིན་པར་འགྱུར་རོ།། མཆོག་ཏུ་གྲུབ་པའི་གཟུངས་ནི་འདི་ཡིན་ནོ། ། ཨརྒ་རི་མཀྵ་རཱི། ཙཎྜཱ་ལི། བི་ན། བ་ཡོ་དྷ་རེ། ཨཀྐཱ་ཨཿ། ཆེ་གེ་མོ་མོ་ཤ་མཱ་ན་ཡ་སཱ་ཧཱ། ཨརྐའི་ལོ་མ་ལ་མིང་བྲིས་ཏེ་མེར་སྦྱིན་སྲེག་བྱས་ན་འགུགས་པར་བྱེད་དོ།། ཨོཾ་ཙ་མུཎྜེ་མ་ཏཾ་གི། ཨཱུརྡྷ་ཀེ་ཤི། ཆེ་གེ་མོ་ཤ་མ་ན་ཡ་སྭཱ་ཧཱ། མར་ནག་གི་ཆོས་འབྱུང་བ་ལ་བསླུས་པས་བདག་པོ་ཁོལ་པོ་དང་འདྲ་བར་བྱེད་དོ།། བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པས་བྱའོ།། ཨོཾ་ཏཱ་རེ་ཧཱུ་ཧ་ར་སྭཱ་ཧཱ། འདིས་གླང་བུའི་རཱ་གཡས་པས་བླངས་པའི་ས་བླངས་ཏེ། དེས་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་བྱེད་དོ།། ན་མཿཀྲིཥྞ་ཤཱ་བ་རཱ་ཎཱ། གི་རི་གི་རི། ཀུ་མ་ར་བ་ན། ཀྲིཥྞ་བ་རོ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། སྦྲང་བུ་མཆུ་སྤྱང་ཐམས་ཅད་ཀྱིས་ཟོས་པའོ།། དུག་མེད་པར་བྱ་བ་ལ་རབ་ཏུ་སྦྱར་རོ།། ཨོཾ་ཤར་ཤོ་བྷ་ན་ཧ་རེ་སྭཱ་ཧཱ། སྔགས་འདིས་གོས་ལ་ལན་བདུན་དུ་བསྔགས་པར་བྱས་ཏེ། གང་ལེ་བྱིན་པ་དེ་དབང་དུ་འགྱུར་རོ།། དོན་ཡོད་པ་ལ་སྦྲང་དང་བཅས།། མི་རོའི་མེ་ཏོག་དང་ཡང་ནི།། འདི་དེ་ཕྱེ་མར་བྱས་སྦྱར་བས།། མི་དང་མི་མོ་དབང་དུ་བྱེད།། ནམོ་བུདྡྷཱ་ཡ། སཱར་ཧ་། སཱཧཱ། ན་མོ་རུ་དྲཱ་ཡ། ཨགྣི་བལླཱིར་ཎ་གཱི་སྭཱཿ། ཡུངས་ཀར་ལ་ལན་ཉི་ཤུ་འམ་བཅུར་ཡོངས་སུ་བཟླས་ཏེ། བུད་མེད་དང་སྐྱེས་པ་ལ་བརྡེག་པར་བྱས་ནས་འགྱིང་བག་དང་བཅས་པའི་བུད་མེད་དམ། འགྱེ་རུ་རིའང་འོང་བར་འགྱུར་རོ།། རོ་ཙ་མུཥྤེ། དྷུ་མ་ཀེ་ཤི་བི་དྷུང་ཛི་བྷེ་ཧི་ན་ཧ་པ་ཙ་ཆེ་གེ་མོ་བྷི་བྷ་ཤ་མ་གཙྪ་ཏུ་སྭཱ་ཧཱ། ཉེ་བར་སྤྱོད་པའི་ཕྱོགས་ཀྱི་སོར་མོ་ལ་ཤར་དུ་མངོན་པར་འདུག་སྟེ། ལན་བདུན་དུ་བསྔགས་ལ་བསྟན་པར་བྱས་ན་དབང་དུ་འགྱུར་རོ།། ཨོཾ་ན་མོ་བི་མ་ལ་ཀཱིརྟ་ཡེ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ཏདྱ་ཐཱ། བི་མ་ལ་ཕུ། བི་མ་ལ་ཀཱན?་ཕུ། བི་མ་ལ་ཀུ་རུ་པྲ། བི་མ་ལ་ས་མུ་དྷཱ་རེ་ཕུ་སྭཱ་ཧཱ། ཆུ་ལ་ལན་བདུན་དུ་སྔགས་ཏེ་བྱིན་ན་མིག་གི་ནཱད་མེད་པར་བྱེད་དོ།། ན་མོ་བྷ་ག་བ་ཏེ། སུ་དར་ཤ་ནཱ་ཡ། སུ་རུ་སུ་རུ་གཙྪ་གཙྪ། ཨཀྵི་རོ་ག་མ་ཏིཥྛ་ཆེ་གེ་མོ་སྭཱ་ཧཱ། སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ།། ཐང་ཆུ་དང་། ཐང་ཤིང་དང་། པྲི་ཡང་ཀུ་དང་། རུ་རྟ་དང་། བྱི་བའི་བྲུན་དང་། ཕྱུགས་ཀྱི་རོ་དང་སྨྱུག་མའི་ཤུན་པ་དང་། ལ་ཆ་དང་། རའི་ཆུ་ངན་དང་། གཤིབས་ལ་གྲིབ་མ་ལ་བསྐམ་པར་བྱའོ།། བདུག་པ་འདི་ནི་མཆོག་གི་གཙོ།། གཟའ་རྣམས་ཀུན་ལས་གྲོལ་བར་བྱེད།། དེ་རུ་སྦྲུལ་ནི་མི་གནས་ཤིང་། གང་བཞན་གདུག་ཅན་གཟའ་ལ་སོགས།། གཙོ་བོ་འདི་ཡིས་ནད་རྣམས་འཇོམས།། བརྟན་པོར་ཉིན་བཞི་རིམས་དང་ནི།། ཐོགས་གི་སྡོང་བུ་ཇི་བཞིན་དུ།། བརྗེད་བྱེད་ཀྱང་འདི་ཉམས་པར་བྱེད། ། སྐལ་བ་དྲན་པའི་བུད་མེད་གང་།། རང་བྱུང་མེ་ཏོག་མེད་གྱུར་ཅིང་།། ཁྱིམ་ཐབས་དང་ཡང་དབྱེ་བ་ཡང་།། བདུག་སྤོས་འདི་ཡི་ས་ཡན་ལག་གིས།། སྐྱེས་ཤིང་རབ་ཏུ་གདུངས་ནས། ནི།། བསྐལ་པ་བཟང་པོ་བསྐྱེད་པའི་མཆོག། བདུག་སྤོས་བྲམ་ཟེ་གང་བཞེངས་པ།། ལས་ཀུན་བྱེད་པ་ཤིས་པའོ།། དེ་ལས་བདུག་པའི་སྔགས་ནི། ཨོཾ་སུ་བྷི་ར་ཎ་ཏཱ་ཡ་སྭཱ་ཧཱ། མིའི་ཐོད་པར་དབྱངས་ཡིག་བྲིས་ལ། བུད་མེད་དང་དོམ་ཕྱུགས་ཀྱི་བྱེ་བྲག་དང་བཅས་པ་བྲིས་ལ། གང་ལ་སྔགས་པས་ལྕགས་ཀྱུས་བཀུག་ན་བུད་མེད་དབང་དུ་བྱེད་དོ།། གཙང་མའི་ས་ཕྱོགས་སུ་ལྕགས་ཀྱུའི་རྣལ་འབྱོར་གྱིས་བཟླས་ན། དཔག་ཚད་གཅིག་ཙམ་ན་སེམས་དགྲ་པ་འམ། ཡང་ན་དེ་ལ་བག་ཙམ་ཞིག་གིས་འདོད་པས་མྱོས་ནས་འོང་བར་འགྱུར་རོ།། འགུགས་པའི་ཡི་གྲེ་མེ་དང་རླུང་གིས་བསྐོར་བའི་དབྱངས་ཡིག་མྱུར་དུ་དབྱངས་ཡིག་ཡན་ལག་བཞག་སྟེ། བུད་མེད་འདོད་པ་ལ་དགའ་བར་བྱེད་དོ།། ཨོཾ་ག་མ་ཏྲེ་ཙནྡྲ་བ་དྲཱ་ཡ། བྷ་ག་བཱན་ཧཱུཾ་ཕཊ། འདི་ནི་རྩ་བའི་སྔགས་ཏེ། འདི་གྲུབ་པས་གསང་སྔགས་ཐམས་ཅད་གྲུབ་པ་ཡིན་ནོ། ། སྔོན་དུ་བསྙེན་པ་འབུམ་ཕྲག་བཅུ་བཟླས་པ་བྱས་ཏེ། དེ་ནས་མེ་སྦར་ལ་ཏིལ་མེར་དང་སྦྲང་རྩིའི་ནང་དུ་བསྩགས་ལ་བརྒྱ་ཕྲག་བརྒྱད་སྦྱིན་སྲེགས་བྱས་ནས་དེ་ནས་འགྲུབ་པར་འགྱུར་རོ།། ཨོཾ་ཀ་མདེ་བ་ཧས། མ་སྲི་ཤ། ཨུཥྨ་ཏི་ཀུ་རུ་སྭཱཿ། ལག་པ་ལ་ལན་བདུན་དུ་བསྔགས་ལ་གཞན་གང་ལའང་རེག་ན་འདོད་པའི་ལྷ་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ།། ཨོཾ་ཀཱ་མ་དེ་བ་ནི་རཀྵ་ཡ་སྭཱ་ཧཱ་སྔགས་འདིས་མིག་ལ་ཡོངས་སུ་བཟླས་ནས་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། ། ཨོཾ་ཀཱ་མ་དེ་བཾ་པསྟ་སྭཱ་ཧཱ། སྔགས་འདིས་གོས་ལ་མངོན་པར་ལན་བདུན་དུ་བསྔགས་ཏེ། གང་ལ་རེག་པ་དབང་དུ་འགྱུར་རོ། ། ཨོཾ་ཀཱ་མ་དེ་བ་སེ་ནུ་ད་མཱ་ཡ་སྭཱ་ཧཱ། སྔགས་འདིས་རང་གི་དབང་པོ་ལ་ཡོངས་སུ་བཟླས་ནས་གང་རེག་པ་དེ་དབང་དུ་འགྱུར་རོ།། ཨོཾ་ཀཱ་མ་ཤྲི་ཧཱུཾ་ཕཊ། རྒྱ་སྐྱེགས་ཀྱི་ཤིང་གིས་མེ་སྦར་ཏེ་ཡུངས་ཀར་སྟོང་ཕྲག་བརྒྱད་ཀྱི་སྤྱན་སྲེག་བྱས་ན། རྒྱལ་པོའམ་རྒྱལ་པོའི་བུ་དབང་དུ་འགྱུར་རོ།། འདས་བུད་མེད་ཀྱི་སྤྱི་བོར་རེ་ག་ན་དབང་དུ་འགྱུར་རོ།། ཨོཾ་ཀཱ་མ་དེ་བ་ཨ་མུ་ཀཾ་མེ་བ་ཤ་མཱ་ན་ཡ་སྭཱ་ཧཱ། འདིས་མེ་ཏོག་གམ་འབྲས་བུ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། ། ཤུ་ཤུ་ཤེ་མུ། ཁང་པ་སྟོང་པར་ཉའི་ཕྱེ་མར་བསྲེག་ཤིང་སྟོང་ཕྲག་བཅུ་བཟླའོ།། དེ་ནས་ཉའི་ཕྱེ་མ་དང་བདུག་པ་དེ་བསྲེས་པར་བྱས་ན་སྣ་ཚོགས་པ་བུད་མེད་འོང་བར་འགྱུར་རོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་བཱ་ཏཱ་ཙ་ལ་ནེ། ཙ་ལ་ཙ་ལ་སཱ་ཧཱ། སྔགས་འདིས་སྦྱངས་ནས་ཤི་བའི་རྐང་མཐིལ་གྱི་པགས་པ་ལ་རེག་ན། ལན་ཉི་ཤུ་རྩ་གཅིག་ག་བར་དུ་ཡོངས་སུ་བཟླས་ལ་བླང་བར་བྱའོ། ། བླང་བ་ལ་ཕྱི་མིག་མི་ལྟ་བར་རང་གི་གནས་སུ་ཁྱེར་ལ། དེ་ནས་ཕྱི་ནི་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་ཚ་བའི་མར་ནག་ཏུ་བཅུག་ལ་བཙོ་བར་བྱའོ།། དེ་ནས་བླངས་ལ་ལན་བདུན་དུ་བསྔགས་ཏེ་རྐང་པ་ལ་བསྐུས་ན་དཔག་ཚད་སྟོང་དུ་ཕྱིན་པར་ཡང་མི་འཆད་དོ། ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མ་སྲཾ་གྷ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཨཱརྱ་ཎིཀཱ་ཡ། དྱ་ཐ། དྷ་ར་ཎི། དྷ་ར་ཎི། དྷ་ར་དྷ་ར། དྷ་རེ་སུ་བྷ་དྲེ་སཱ་ཧཱ། ཁྲི་ཆོ་གཅིག་སྔོན་དུ་བསྙེན་པ་བྱས་པ་ཉི་མ་གབས་བཟུངས་པ་འམ། ཟླ་བ་གཟས་བཟུང་བའི་དུས་སུ་སྲན་མ་མ་ཤ་ཁར་བཅུག་ལ་ཇི་སྲིད་མ་གྲོལ་གྱི་བར་དེ་ཉིད་དུ་བཟླས་པ་བྱས་ན། དེ་ནས་སྲན་མ་མ་ཤ་མྱུ་གུ་སྐྱེ་བར་འགྱུར་ཏེ། དེ་ཟོས་ན་ཟོས་པ་འཛིན་པར་འགྱུར་རོ།། དེ་ལྟར་མི་བྱེད་ན་ཕྱེ་མ་ཞིབ་མོར་བྱས་ཏེ། དེ་གང་ལ་བྱི་བ་དབང་དུ་འགྱུར་རོ།། ཨོཾ་གུ་ལུ་གུ་ལུ་ལ། བཛྲ་དྷ་ར་ཨ་ནུ་ཙ་ར་ཡ་སྭཱ་ཧཱ། སྡིགས་མཛུབ་ལ་མངོན་པར་བསྔགས་ཏེ་སྤྲིན་རྣམས་གཏོར་བར་བྱེད་དོ།། མ་འདྲེས་པའི་རྫ་བུམ་ལ་ཕྱོགས་བཞིར་མཉམ་པའི་ཕྱག་རྒྱ་ཅན་འཕགས་པ་རབ་འབྱོར་ཚོཆོན་སྣ་མ་ལུས་པས་བྲི་བར་བྱའོ། ། རབ་འབྱོར་གྱི་གཡས་གཡོན་གཉིས་སུ་ཀླུ་གཞོན་ནུ་གཉིས་སྦྲུལ་མགོ་བདུན་བདུན་ཡོད་པ་ཕྱག་འཚལ་བ་བྲི་བར་བྱ་སྟེ། དེའི་སྦྲུལ་མགོ་སོ་སོར་ལ་ཕུའི་ཡི་གེ་བྲི་བར་བྱ་སྟེ། @འཕགས་པ་རབ་འབྱོར་གྱི་ཐུགས་ཀར་བྷྲཱུཾ་བྲིས་མེ་ཏོག་སྣ་ཚོགས་པས་མཆོད་ལ། སྟེང་ཁབ་མེད་པའི་གན་སུ་བཞག་པར་བྱས་ན་ས་བཞི་ཐམས་ཅད་ཆུའི་དཀྱིལ་འཁོར་ཆེན་པོར་འགྱུར་རོ།། སོ་མ་བཏབ་བའི་ཁམ་ཀྱོཀྱང་ལ་ཚོགས་ཀྱི་བདུག་པོ་བྲིས་ལ་དུག་དང་། ཁྲག་དང་། སྐེ་ཚེ་དང་ལྡན་པས་ཚོགས་བདག་གི་སྙིང་ཁར་བཀོད་པར་བྱའོ།། ཧཱུཾ་ཀ་རའི་ནང་དུ་བྲིས་ལ་ཕྱི་རོལ་དུ་སྟོབས་པོ་ཆེའི་སྔགས་ཀྱིས་བྲི་བར་བྱའོ།། སེང་ལྡེང་གི་ཤིང་གི་མེ་ལ་གདུངས་ན་ཆར་ཆོད་པར་བྱེད་དོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ད་ཧ་པ་ཙ་བི་དྷྭན་ས་ཡ། ཨུཙྪཤྨ་ཀྲོ་དྷ་ཧཱུཾ་ཕཊ། མཐོང་བའི་ཆོས་ལ་ཡིད་ཆེས་པ་ཡིན་ཏེ། མཚོན་གྱིས་བཅད་པའི་བྲམ་ཟེའི་བདྲག་ཡོན་པའི་ཆུང་སྦུབས་ཀྱིས་དཔལ་ཧེ་རུ་ཀ་མགོན་པོ་ཀླུས་བསྐོར་བ། ཀླུའི་རྒྱན་དང་ལྡན་པ། ཕྱག་གཉིས་པ། གཡོན་ནཐོད་པ། གམས་པན་རྩེ་གསུམ་པའི་བ་དན། མི་བསྟོད་པ་དགུ་རྒྱན་ལ་བཞུགས་པ། ཕྱི་རོལ་ཏུ་སྔགས་བྲི་བར་བྱ་སྟེ། ཨོཾ་ཧི་དྲུག་བཛྲས་མ་ཡདྡྷེ་སརྦཛྲནྟུ། ས་མ་ས། རྒྱུ་ཐཿ། བདཱ་བཱནྡྷ། བ.རཱ་པ་ཡ་ཧཱུཾ་ཕཊ། རང་མམིའི་ནང་དུ་གཟུགས་བརྙན་ཁ་ཐུར་དུ་བསྟན་ཏེ་བཞགས་ལ་སྔགས་བཟླས་ན་དེ་མ་ཐག་འབེབས་སོ། ། གལ་ཏེ་ཞི་བར་འདྲི་ན་གཟུགས་བརྙན་འོ་མས་བཀྲུས་ན་མེད་པར་བྱེད་དོ།། ནམ་ཤར་ཤ་ར། བི་ཤ་རེ་བི་ཤ་རེ། སརྦ་བི་ཥ་གཱ་ཏ་ནི་སྭཱཧཱ། ལན་གསུམ་དུ་རྣམ་པར་བཟླས་པ་བྱས་ན་ཤི་བ་སྤོང་བར་བྱེད་པའི་དུག་སེལ་བའི་རིགས་སྔགས་སོ།། ན་མོ་རཏྣ་ཛཱ་ཡཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུམཱ་ར་དྷཱ་ཏ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། བྷུ་གཱ་ཝ་ན་མཉྫུ་ཤྲི་ཀུ་མཱ་ར་བྷཱུ་ཏ། སརྦ་ཏ་ཐཱ་ག་ཏཱ་ཡ། བ་ལ་བི་དྷི་ཛཱ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་ཁེས་ཏེ། སརྦ་ས་ཏྭཱ་ནུ་ཙ་ཤནྟི་ཀུརྱཱ་སྭཱ་ཧཱ། འབྲུམ་བུའི་ཉེ་བར་འཚོ་བའི་དུས་སུ་འབྲུམ་བུ་འབྱུང་བ་ཇི་སྙེད་པ་དེ་སྙེད་ཀྱི་གྲངས་ལཾ་ཙན་དན་གྱི་ཚུལ་ཉི་ཤུརྩ་གཅིག་བསྔགས་ཤིང་ནད་པ་དེ་ལ་སྦེད་ཅིང་ཡན་ལག་བྱུགས་མཉེ་བར་ཞི་བར་འགྱུར་རོ། ། ཨོཾ་སྭ་པནྟ་རེ། སྭང་ན། ཨ་བ་ལོ་ཀ་ཏེ་ཧཱུཿ་། མོ་རྒྱ་རི། རྒྱབ་གྱི། ནི་ནས། ར་ཏྲ་མཱ་ཡ། ས་རྐྱེན་ཏེ་རེས་རྦ། བྱི་རོའི་དུས་སུ་སྔལ་ཀྱི་ཕྱོགས་སུ་དཀྱི་འཁོར་གྲུ་བའི་བབྱས་པ་སྔགས་བརྗེས་ནས་ཉམ་ན་དམ་པ་བྱན་པར་འགྱུར་རོ། ། ཚན་ཡོན་། ན་།། ན་། 6། འ་ལས་པ་དྲིརིམ་པ་མ་ཐབ་གཅིག་ཟངས་ཏེ། རིཤིང་སྔགས་བརྗོད་རྗེ་རྗེ་བཙུན་གྱི་གབས་པ་བསྣན་པ་བྷྱས་ཏེ། དེའི་བན་ན་པ་གའི་གདན་ང་བ་ལཉམ་བར་བྱས་ན་ཐོན་གང་དུ་སྐྱེས་པའི་སྐྱེ་དྲིམམན་མཐོ་འོ། ། མས་།། ས་ད། #ལས་མྱོ་འི་ལ་ས་པག་མ་བགོངས་ཀྱིམསས་མ་རྣམས་ངེས་པར་འགྱུར་རོ།། ཁ་པོ་དྷཱ། ཨོཾ་བཏཱ་། མ་སྱཱཧཱ། ནན། དག་ས། སྭཱ་རྦ་པ་ཨཱཧཱ། སྔས་འདིས་པབ་བལ་ལྡན་ན་དུ་དུ་སྔགས་ཐོས་ན།། དབེམས་ཅད་མེད་ཅི་བད་ས་ནི་ན་། ས་པར་བྱེད་པའི་མ་། ས་སསོ།། ། ས་ད་བྱེད་པའི་ན་པོ་སེལ་། མ་ས་མེད་པ་བྱེད་པའི་ཟུགས་པ། འམ་བའི་མ་མེད་པར་བྱུད་པའི་རྗེ་།། བའི་ཐུགས་གཟེར་མེད་པར་བྱེད་པའི་སྔགས་སོ། ། ཨོཾ་ཀཱ་མ་པ་ཧཱ་སཱ་ཧཱ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ།། ཨོཾ་ཀྵི་ཀྵི་ས་མ་ཀྵི་ཡེ་སྭཱཧཱ། མིག་གྲི་ནད་མེད་པར་བྱེད་པའི་སྔགས་སོ། ། ཨོཾ་ཀྵ་པ་ཡ་ཀྵ་བ་མ་ཀྵི་སྭ་ཧཱ། ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ།། ཨོཾ་ཀྵ་ཀྵ་སྭཱ་ཧཱ། རྣ་བ་ན་པ་མེད་པར་བྱེད་པའི་སྔགས་སོ།། སོཀྵི་མ་ཧཱ་པ་ཀྵི་བ་ས་བཾ་ཀྵི་མ་ཏཱ་པཀྵི་ས་མ་ཡ། དུག་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ།། ཨོཾ་ཧསྟི་ཀརྞ། ཙུ་ལུ་ཙུ་ལུ་སཱ་ཧཱ། སྲོག་ཆགས་ལྤགས་ཕྱེ་མེད་པར་བྱེད་པའི་སྔགས་སོ།། སྔགས་འདིས་ཁ་བཤལ་བའི་ཆུ་དེཞག་གཅིག་ཏུ་བཞག་ལ་གཏོར་ན་མེད་དོ། ། ཧེ་ཧ་ཧཱུཾ་ཧ། མཁའ་འགྲོ་མ་འཆིང་བར་བྱེད་པའི་སྔགས་སོ།། ཧཱུཾ་ཧ་ར་ཧཾ་ཧ། ཡུངས་ཀཱར་ལ་སྔགས་ཏེ་བརྒྱབ་ན་མཁའ་འགྲོ་མ་རྣམས་འབྲོས་པར་འགྱུར་རོ།། ཨོཾཀྵ་སུཀྵ་ཏ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ།། ཨོཾ་ཀྵུ་ཀྵཱ་ཀྵ། རྣ་བའི་ཟུག་གཟེར་མེད་པར་བྱེད་པའི་སྔགས་སོ།། འདིས་མར་ནག་ལ་མངོན་པར་བསྔགས་ཏེ་རྣ་བའི་བུ་ཀཱ་དགང་བར་བྱའོ།། ། ཨོཾ་ཀཱཀྵེ་ཧ~ཾ་ས། འགོ་བའི་ནད་མེད་པར་བྱེད་པའི་སྔགས་སོ།། ཨོཾ་ཧཱུ~ཾ་ཧཱུ~ཾ་ནཱཾ། རཀྵ་ས་ཧཱ་ས་ཧཱ་ས་ཙ་ཀི་ཏོ་ནཱ་ཤ་ཡ་སྭཱ་ཧཱ། གསུས་པའི་འབུ་མེད་པར་བྱེད་པའི་སྔགས་སོ།། ཨཱ་ཨི་དྷཱི་ཙི་ཧཱུཾ་ད་ཧད་ཧི། ཛ་ལན་ཏཾ། ཧ་རུ་སེ་ག་རུ་ཊཾ། ཏྲུ་སེ་བཾ་ཀྵ། ཨ་ཏ་པཱ་སཾ། མུདྦྷ་པུ་ཏན། ཊི་རེ་བི་ཤྭ་མཱ་ཙ་ལ། མ་ཀཱ་མ་ཨ་བྷ་ས་ཐཱ། མུ་ཧ་བ་ཧ་ཨི། ས་ར་སྭ་ཏི། སི་ཁ་བྷ་ས་ཨ~ཾ། བནྡྷ་བནྡྷ་དེ་བི་ཤ་ཨུ་སྤ་ར་གི། སི་རི་ཧ་ར་དཾ། ཨི་ཛ་སོ།། ཨ་གི་ལ་ནཱི། ཀེ་ལེ་ཧ་རེ། བ་ཤ་མ་ཨ་པ་ས་ཐཱ། གཞན་སྦྲུལ་གྱིས་བཟུངས་པའི་དུག་བཅིང་བའི་སྔགས་སོ།། ཨ་ཧ་བི་ཧི་བུ་རུ་ཀ་རི་ཨུ། སུ་བ་དུ་གྲ། མ་བྷ་ནཱནྟུ། ཀཱ་སུ་བུ་ཏ། ཨེ་ཀ་ཀྵུ་ར། བི་ཤྭ་བནྡྷེ། གྷུ་རུ་ཌ་ཧཱུཾ་དཾ་ཤ་ཧཾ། ཡ་ཧ་གནྟུ་ཌ། མེ་ཨཾ་བ་ཤཾ། བ་ཁ་ལ་ཨཱི། ཨུ་སུ། ཨཱ་ཨཱ། རེ་བི་ཤ་ཙ་ལ། མ་ཀ་མ་ཨ་པཱ་སཱ་ཐཱ། བདག་གཉིད་སྦྲུལ་གྱིས་བཟུང་བའི་དུག་བཅིང་བའི་སྔགས་སོ།། ཨོཾ་མ་ཧཱ་དེ་བ་ཀ་པ་ཀནྟྲ། ཨེ་ཨཾ་བི་ཤཾ། བྷཀྵ་བྷཀྵ། ཧ་ར་ཧ་རཱ། དྷུ་ཀཱ་སྭཱ་ཧཱ། རི་བཱི་ཥ་སཱ་སྟཱ་ནཱཾ། ཛ་ཛ་ཛཱ་སཱ་ཧཱ། དུག་བཅིང་པར་ལས་གྲོལ་བར་བྱེད་པའི་སྔགས་སོ།། ཨོཾ་མ་ཧཱ་དེ་བ་ར་མེ་ཤྭ་རི་ཎ། པ་ལ་ཀནྠ། ཧ་རེ་ཧ་ར་ཧཱུཾ། བཟའ་བ་ལ་སོགས་པ་དབབ་པའི་སྔགས་སོ།། ཨོཾ་ན་མ་ཤི་ཤ་ཡ། མ་ཧཱ་དེ་བ་མ་ཏཱ་བ་ལ་དེ་བ། ཡཀྵ་རཱཀྵ་ས་བྷུ་ཏ། པྲེ་ཏཱ་པི་ཤཱ་ཙ། སིདྡྷ་ཡོ་ག་ཌཱ་ཀི་ནི། ཨ་ཀཪྵ་ཨ་ཀ་རཱ་། པུཥྤཾ་དྷཱུ་པཾ་བ་ལི། གྲ་ཧཱ་བྷཀྵ་སཱ་ཧཱ། ཡི་དགས་ལ་སོགས་པའི་གཏོར་མའི་སྔགས་སོ།། ཨོཾ་ཙ་མུཎྜ་བཛྲ་གྷོ་ཎོ་ཧཱུ~ཾ་ཕཊ། སྔགས་འདིས་གཞན་གྱི་སྔགས་ཐམས་ཅད་མེད་པར་བྱེད་དོ།། ཆང་ཚོང་མའི་ཆང་ཉམས་པར་བྱེད་དོ།། ཉ་བའི་ཉ་རྒྱ་འཆིང་བར་བྱེད།། མར་ནག་འཚག་པའི་ཆསྤྱད་ཉམས་པར་བྱེད་དོ། ། ཕྱུགས་རྫི་རྣམས་ཀྱི་མར་མེད་པར་བྱེད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ཏདྱཐཱ། ཏུ་རུ་དྷ་རུ། སུ་རུ་སུ་རུ། བི་སུ་རུ་བི་སུ་རུ། ཆེ་གེ་མོ་སརྦ་ཀཱརོ་ཥ་ཥ་ནི། བི་ཤོ་ཥཱ་ནི། མ་སྲ་བ་དུམཱ་ཤཱུ་ལ་ཡ་ཏུ་མ་ས་ཏུ་སཙྱ་ཏྱ། མ་ཏུ་ཥ། མ་ཏུ་ཏི་བྷ་བ་ཏུ། ཨ་དྲེ་བ་པ་རི། ཤུཥྚ་ཏུ་སྭཱ་ཧཱ། གྲོག་མཁར་གྱི་ས་ལ་སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། འབྲས་དང་ཁྱི་རྡོ་ལ་སོགས་པ་ལ་བྱུགས་ན་སོས་པར་འགྱུར་རོ།། ན་མོ་མུཉྩ་མུཿ། སཨཱརྱཱ་བ་། ལོ་ཀི་ཤྭ་རཱ་ཡཱ། བིཛྙཱ་པ་ཡ་ཏི་སྭཱ་ཧཱ། གྲོ་ག་ལ་གོ་རོ་ཙ་ནས་བྲིས་ལ་སྐུད་པ་དམར་པོས་ལག་པ་བཅིངས་ན་རིམས་ཐམས་ཅད་མེད་པར་བྱེད་དོ།། སེར་པོའི་རྫས་ཀྱིས་ཨའི་ཡི་གེ་བྲིས་ལ། དེའི་ནང་དུ་གང་ཡིན་པའི་མིང་བྲིས་ཏེ། སྟེང་དུ་སངས་རྒྱས་ཀྱི་སྐུ་གཟུགས་བཞགས་པར་བྱའོ།། དེས་ནི་ལྷ་བདེ་བྱེད་ཡིན་ཡང་རེངས་པར་བྱེད་དོ།། ཨོཾ་ཛ་ག་སེ་ལི་ཡེ། བྷིཛྫ་སུནྣིརྡྷ་སི་ཊཱ་སོ།། སུ་བྷ་དྲེ་སུ་བྷ་དྲེ། སཱ་ནཱཾ་སཱ་ནཱཾ། ཨ་བ་ལ་ཧི་སུནྣ་དི་སུནྡ་བཏྟ་རེ། ཧི་ཤ་ལ། ཨ་བ་རི། ས་ཛ་ཧོ་སྭཱ་ཧཱ། ཟངས་མའི་སྣོད་དུ་ཆུ་བླུགས་ལ་ལན་བདུན་དུ་མངོན་པར་སྔགས་ཏེ། རླུང་དང་རྗེས་སུ་མཐུན་པར་ནམ་མཁའ་ལ་གཏོར་ཏེ། སེར་བ་དང་། རླུང་དང་། ཆུར་འབབ་པ་ལ་སོགས་པ་མེད་པར་བྱེད་དོ།། ཨཱིན་དེ་ན་ཧ་ཏ་བ་ཨེ། ཛ་མ་ཎ། ཨུད་པ་ཌ་ཨ་ཛཱི་ཧཱ། ད་ཨ་བ་མ་ཧཱ་དེཿན། ཏཛྫ་ཨ་སུ་ཧཱ་རེཎ། ཨོཾ་ཛིམྦྷ་ཛིནྟ་ཛམྦྷེ་ནི་ཛམྨེ་ཧྭེ། ཨོཾ་སྟམྦྷེ་ནི་སྟམྦྷེ་ཏི། ཨོཾ་མོ་ཧི་ནི། མོ་ཧེ་ཧི། ཨེ་ཧྱེ་ཧེ། ཨེ་ཧི་ནི། ཨོཾ་སྟམྦྷ་སྟམྦྷ། མ་ཧཱ་སྟམྦྷ། ཆེ་གེ་མོ་སྟམྦྷ་ཡ་སྭཱ་ཧཱ། གང་ལ་ཡི་གེ་འཕྲེང་བ་གཉིས་བྲིས་ཏེ། འོག་གི་སྔགས་ཀྱི་ཡི་གེ་བར་བར་དུ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིས་པ་བཅིངས་ཏེ། ཁམ་ཀྱོང་དུ་བཞག་པ་དེའི་སྟེང་དུ་རང་གྱི་ཕྱིས་བཏང་སྟེ། དེའི་སྟེང་དུ་ཉལ་ཉིལ་གྱི་ཐལ་བ་བཀང་སྟེ། ཁམ་ཀྱོང་གཞན་གྱིས་ཁ་བཀབ་སྟེ། དག་པའི་རླུང་གི་སྦྱོར་བས་བརྐོས་ལ་སྭས་ན་རེངས་པར་བྱེད་དོ།། ཨོཾ་ཙུཀྵ་བི་ཙུཀྵ། ཙ་ཙ་ཀ། བི་བི་ཤ་ནི་བི་ཏི་ཧི་སྭཱ་ཧཱ། གསུས་པའི་འབུ་ལ་སོགས་པ་གཅོད་པའི་སྔགས་སོ།། བིའུ་ཤི་བ་གང་ཡིན་པ་ལ་ཁྲུས་བྱས་ཏེ། གཞན་གྱི་བེའུ་ལ་ཁྲུས་བྱས་པའི་ཆུ་ལ་ལན་བདུན་དུ་བསྔགས་ཤིང་། ཚྭ་ནག་པོ་ལའང་ལན་བདུན་སྔགས་ཏེ། རྒྱབ་ཏུ་ཅུང་ཞིག་བླུག་ཅིང་སྔགས་བྲི་བར་བྱའོ།། དེ་སྣར་ཡང་བླུགས་པར་བྱའོ།། ན་མོ་བྷ་ག་བ་ཏེ་ནཱུ་ཏྲཱ་ཡ། པཾ་ཙ་ག་པོ་ཨི། མཾ་ཧྲཱི་ས་ཏྲ་བི་བི་མནྟ་ལེ་ཀ་ཏ། མ་སཾ་ཙ་ནན་དྲི་བི་ཤ་ལ་པ་དུ་མ་ཙ་ཏུརྟ་ཀ་ལུ་ཤོ་དི་རི། པཉྩ་མི་གཱ། ཀ་ལི་ག་ཛ་སཾ་ས་མར་ཐཱ། བྷཾ་ཛི་ཀ། ཡ་ཐ་ཡ་ཐ། ནག་བྱཱ་ཨེ་ཡ་ཛ། བ་སུ་དེ་བ་ཤྱས་མཐོས་མུ་དྲེ་ས་མུ་དྲེ། ག་ཧཱ་མ་བྱ་ཧི། ཀ་ཏི་ཀཱ་ཀཱ་ཏཱ་ས་མ་ཡོ།། ས་ཏོ་ཛོ་ཨེ་གི་ཧཾ་བཙྪ་ཀོ། སརྦ། ས་མ་ཤོ། གཙྪ་ཀོ། ཨི་མེ་དྷཱ། ལ་ས་ནཾ་མ་ཧཾ་ཏ.་ཡཾ་སོ་མ་ཡོ་དཱ་མོ་ཨ་ཡཾ། ཆེ་གེ་མོ་ག་བི་ཨ་མུ་ཀ་བཙྪ་ཀེ་བྷྱ། པ་ཎ་ཨུ་སམ་པ་ཏུ། ས་མ་གཙྪནྟ་མཾ་གོ། ཨ་ཀཾ་ཙནྡ་ལི། བཱ་བྷི་བྷཱུ་ཏི་སྭཱ་ཧཱ། ཚྭ་དང་བསྲེས་པའི་ཆུས་གསེར་གྱི་དོང་རྩེ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ལ། བེའུའི་མགུལ་པར་གདགས་ཤིང་དེའི་ཆུ་བེའུ་ལ་གཏོར་ན་འགྲུབ་པར་འགྱུར་རོ།། ནོར་བུ་བཟང་པོའི་རྟོག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཇི་སྙེད་ཚད་ཀྱི་སྔགས་ཀྱི་ཆོག་ཞིབ་མོའི་རྟོག་པ་རྫོགས་སོ། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཉྫུ་ཌཱི་དང་། བོད་ཀྱི་ལོ་ཙོ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།

CLOSE WINDOW