Wylie | e-texts produced with ocr Programm |
བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ལྕགས་མཆུ་ནག་པོའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་མ་ཎི་བྷ་དྲ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེ་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་སྙིང་པོ་འདི་ཉིན་རེ་ཞིང་དུས་གསུམ་དུ་འདོན་པར་བྱེད་ན། བདག་དེའི་སླད་བཞིན་དུ་རྟག་ཏུ་འབྲང་བར་འཚལ་ལོ།། དེའི་དགོས་པ་ཐམས་ཅད་ཀྱང་བྱེད་དོ།། ཟས་དང་། གོས་དང་། དབྱིག་དང་། གསེར་དང་། ནོར་དང་། འབྲུ་དང་། དངུལ་ཡང་སྩལ་བར་འཚལ་ལོ།། དེའི་དོན་ཐམས་ཅད་ཀྱང་འགྲུབ་པར་བགྱིའོ།། སེམས་ཅན་ཐམས་ཅད་ཀྱང་དེའི་དབང་དུ་འགྱུར་བར་བགྱིའོ།། དེའི་བྱ་བ་སྣ་ཚོགས་ཐམས་ཅད་ཀྱང་མོད་ལ་བསྒྲུབ་པར་འཚལ་ཏེ། འཁྲུག་པ་དང་ལྡན་པ་ནི་མ་གཏོགས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎཱི་བྷ་དྲ་ཡ། མ་ཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། སྱད་ཡ་ཐེ་དན། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལ་མ་ཎ་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཙི་ལི་མ་ཎི་བྷ་དྲ། ཙི་ལ་ཙི་ལི་མི་ཎི་བྷ་དྲ། ཙུ་ལུ་མ་ཎི་བྷ་དྲ། ཙུ་ལུ་ཙུ་ལུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི། བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། སརྦ་ཨརྠམྨ་སཱ་དྷ་ཡ་སཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་སུ་པཱུ་ཏ་ནེ། སུ་རུ་མེ། སུ་མཱ་ཏེ། སུ་རཱ་ཐེ། སསྨ་བ་ཏེ། ཧི་ལི་ཀེ། ཧི་ལ་ཀཱ་ལི། པཱུརྞེ། སིདྡྷེ་བྷ་དྲ་ཧི་ལི་ཧི་ལི་སཱ་ཧཱ། ཨེ་ཧི་ཀོ་ཎིཥྐ་ཨེ་ཧི་སོ་ན་ཏི། ཨེ་ཧི་གོ་ནཏྟེ་སྭཱ་ཧཱ། ལན་བདུན་བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ། ། འདིའི་ཆོ་ག་ནི་འདི་ཡིན་ཏེ། ཟླ་བ་ཡར་གྱི་ཚེས་བཅོ་ལྔ་ལ་གཙང་སྦྲ་བྱས་ལ། དུས་གསུམ་དུ་ཨ་ཀ་རུའི་བདུག་པ་བསྲེགས་ཏེ། ལན་བདུན་སྟོང་བཟླས་བརྗོད་བྱས་ན་གསེར་རྙེད་པར་འགྱུར་རོ། ། འཕགས་པ་ནོར་བུ་བཟང་པོའི་གཟུངས་ཞེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་ས~ཾ་ཧཱ་དང་ལོ་ཙ་བ་བནྡེ་ཀླུའི་དབང་པོས་བསྒྱུར་བ།
CLOSE WINDOW