CLOSE WINDOW

S712: རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས
Wyliee-texts produced with ocr Programm

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་རྒྱལ་པོ་ཁྱེད་ཀྱིས་དེ་ལྟར་བྱོས་ཤིག། རྡོ་རྗེ་མཆུའི་ཆོ་ག་རྫོགས་སོ།། བོད་སྐད་དུ། རྡོ་རྗེ་མནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་འདུས་ནས་ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པར་བགྱིད་པ། སྙིང་འགེམས་པར་བགྱིད་པ། ཀླུ་མ་རུངས་པ་རྣམས་ཀྱི་རིགས་ཕུང་བར་འགྱུར་བ། རླུང་དང་སེར་བའི་སྤྲིན་ཐམས་ཅད་ཟློག་པར་བགྱིད་པ། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་ཐམས་ཅད་འབྱོར་པར་བགྱིད་པ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་བརྗོད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། འཕགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱིས་བརླབས་ཀྱིས། ཁྱེད་ཀྱིས་སྨོས་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞིས་གཟུངས་སྔགས་འདི་སྨྲས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། ། རྡོ་རྗེ་འཛིན་དྲག་པོ་ལ་ཕྱག་འཚལ་ལོ།། ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་བོ་ཆེ་རྣམས་ལ་ཕྱག་འཚལ་ལོ། ། འཇིག་རྟེན་གསུམ་གྱི་གཙོ་བོ་ལ་ཕྱག་འཚལ་ལོ།། རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ།། རྡོ་རྗེ་གནམ་ལྕགས་འབར་བ་མ་རུངས་པ་དྲག་ཏུ་རྒོད་པ་ལ་ཕྱག་འཚལ་ལོ།། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཛྭ་ལ་ཏེ། བི་ཀྲཱི་ར། བཛྲ་ཛ་ཡ་ཛ་ཡ། མ་ཧཱ་བ་ལ་བྷྱོ་ར་བཱི་ར་པ་ར་ཀྲ་མ་ཀྲོ་དྷཱ་རཱ་ཛ། པྲ་མ་བྷ་པུ་པུ་མ། པྲ་མ་སཱ་རེ། བྷོ་བྷྱོ་ན་ག་དེ་བི་དཾ། བྱི་ས་ར་མ་དྷ། པྲ་མ་དྷ་ན་དྷེདྷན། མུརྡྷ་ནཱན། སྥོ་ཊ་ཡཱམ། ཧཱུཾ་ཧཱུཾ། ཕཊ་ཕཊ། བྷ་ར་བྷ་ར། བརྞྞ་ཙཀྲ། ཧ་དྷ་ནི་བྷོ་པན་ནཱ་གེནྣ། མཱ་ཏི་ཀྲ་མཱ་ཐ་བརྞ་ཙཀྲེ་ཎ། ཤི་ར་ཙིནྟ་མ་ཎི་ཙུ་ཏི་ཧཱུཾ་ཏི་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་མུ་དུ་མུ་དུ་ཧྱེནར། སརྦ་དུཥྨཱན་སྭཻ་ཊ་ཡ། ཧྲྀ་ད་ཡ། མ་ཧེ་ཤྭ་ར་ཛ་ལི་ཏ། ཏྲི་ཤཱུ་ལ་དྷ་ར་དྷ་རེ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ། མུ་ཙི་མུ་ཙ། དུ་དི་བ་བྷ་བ་བྷ། ཀྵ་ཎེ་ཀྵ་ཎེ་ཙ་ཏུ་ར་ཎཱ་ན་མ་ཧཱ་རཱ་ཛཱ་ནཱན། ཛཱ་ལི་ཏ་ཤཀྵི་དྷ་ར་དྷ་ར། ཧཱུཾ་ཕཊ། སཱུ་ར་སཱུ་ར། བི་སཱུ་ར་བི་སཱུ་ར་བི་སྥུ་ར། ཙ་རརྦ་ཙཱ་ར་ཐ་ཙ་རརྦ། ནཱཾ་ཤ་ཡ་དུཥྚན་ནཱ་ག་ཧྲྀ་དཱ་ཡ། སྥོཊ་ཡཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། དུཥྚ་ཨཱཾ་ཤཱ་ནི། པཱུཏྟ་མ་ག་ཤི་བཱིརྱ་ཛཱ་ལ་། བྷསྨིཾ་ཀུ་རུ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར། བྷོ་ནཱ་གཱ་དྷི་པ་ཏི་པི་ཙནྟུ། བི་པོ་ཡཱ། བྷོ་བྷོ་ཏུ། ཏུ་ཏི་ཏུ་ཏི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨཱ་ཤཱ་ནི་ནཱ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། @་ཨཱ་ཤཱ་ནི་ནཱ་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། བི་སྥོ་ཊ་ཀ་ཡ་ཧཱུཾ་ཕཊ་སྭཱཧཱ། བུདྡྷ་བི་ལོ་ཀི་ཏ་ཡ་སྭཱ་ཧཱ། བྲཧྨ་ཡ་སྭཱཧཱ། བིཥྱ་མུ་རཱ་ཡ་སྭཱ་ཧཱ། མ་ཧེ་ཤྭ་ར་ཛྭ་ལི་ཏཏྲི་ཤཱུ་ལཱ་ཡ་སྭཱ་ཧཱ། ཙ་ཏུར་མ་ཧཱ་རཱ་ཛ་ས་མ་དྷ་རཱ་ཡ་སྭཱཧཱ། བི་ཙི་ག་ཏི་ཡ་ཕཊ་སྭཱཧཱ། ཨོཾ་ད་རི་དི་རི་སྭཱཧཱ། ཛྭ་ལི་ཏ་བཱཀ་ཏྲ་ཡ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཕཊ་ཕཊ། རྡོ་རྗེ་འབར་བ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་སྔགས་འདི་ཐོས་མ་ཐག་ཏུ་ཀླུ་མ་རུངས་པ་ཐམས་ཅད་ལུས་རུལ་ནས་དྲི་མི་ཞིམ་པ་མནམ་པར་འགྱུར་རོ། ། ལུས་སོ་སོར་ཞིག་ཅིང་འཕོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བསྐྱབ་ཏུ་གསོལ། ལྷ་དང་འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་སྨད་པར་གྱུར། བདག་ཅག་ནི་མ་རུངས་པར་གྱུར་ཏོ། ། བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་གནོད་པར་མི་བགྱིད། འགུམ་པར་མི་བགྱིད། ཆུང་ངུ་ན་མིག་ཀྱང་ལྟ་བར་མི་བགྱིད་ན་སྐབས་ལྟ་བར་ལྟ་ཅི་སྨོས། རྒྱ་མཚོ་ཀླུའི་རྒྱལ་པོ་དང་། ཀླུའི་རྒྱལ་པོ་གདུགས་ལྟ་བུ་དང་། ཀླུའི་རྒྱལ་པོ་མཐུ་ཆེ་བ་དང་། མདངས་ཆེ་བ་དང་། མ་རུངས་པ་ལ་སོགས་ཏེ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས། ཀླུ་ཐམས་ཅད་ཀྱིས་དུས་ཕྱི་མའི་ཚེ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་པར་མི་བགྱིད། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། མེ་ཏོག་དང་། ལོ་མ་དང་། ཡལ་ག་ཐམས་ཅད་སྲུང་བར་བགྱིད། རླུང་དང་སེར་བ་ཐམས་ཅད་དགག་པར་བགྱིད། དུས་དུས་སུ་ཆར་དབབ་པར་བགྱིད་པར་རང་གི་བྲོའི་ཚིག་གི་ཡི་དམ་དང་། དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བགྱིའོ།། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བ་དང་། ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བགྱིད། གནོད་པར་མི་བགྱིད་དོ། ། བཅོམ་ལྡན་འདས་ཡོན་ཏན་གྱི་ཁྱད་པར་འདི་དག་ལས་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག། བྲོའི་ཚིག་ཀྱང་འདི་ལགས་ཏེ། ཏདྱ་ཐཱ། ཨཽ་ཏ་གི་ཙ་གི། གྷུ་ལི་གྷུ་ལི། མུ་ལི་ཤ་ཤ། གུ་གུ། ཤཱི་ཏི། བཱི་ར་མ་ཏི། ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། ཆར་ཆེ་བ་འམ། ཆར་མི་འབབ་པ་འམ། དུས་མ་ཡིན་པར་ཆར་འབ་བ་པའམ། རླུང་དང་། སྤྲིན་དང་། སེར་བ་དང་། གྲང་བའི་རླུང་དང་། གནམ་ལྕགས་ལྷུང་བའི་ཚེ་རིག་འཛིན་གྱིས་བྲོ་ཚིག་འདི་ཁང་ཏོག་གམ། ས་མཐོན་པོ་འམ། རའི་སྟེང་དུའང་རུང་། ཁ་ཤར་ཕྱོགས་སུ་བལྟས་ཏེ། ལན་བདུན་སྐད་ཆེན་པོར་བཟླས། ཡུངས་ཀར་ལ་ལན་བདུན་བཟླས་ཏེ་གྱེན་དུ་གཏོར་ན། གཏོར་མ་ཐག་ཏུ་ཀླུ་ཐམས་ཅད་དུམ་བུར་འགྱུར་ཞིང་། ནན་ཏན་བྱས་པས་མྱུར་དུ་ཆར་འབེབས་སོ། ། གཟུངས་འདི་ཉིད་ཀྱིས་དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས། ནན་ཏུར་དྲག་པོར་བྱས་ཏེ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར་འགྱུར་རོ། ། རྡོ་རྗེ་གནམ་ལྕགས་མཆུ་ལན་བརྒྱད་དུ་བཟླས་པས་ཀླུ་དགག་པར་བྱ། ལན་ཅིག་དྲན་པས་རླུང་དང་སེར་བ་སླར་བཟློག་པར་བྱའོ།། གནམ་ལྕགས་ལྷུང་ནའང་ཆུར་འགྱུར་རོ། ། རྡོ་རྗེ་བསྐོར་ན་ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འབྱོལ་ལོ།། ནང་པར་སྔར་ས་དབེན་པར་འདུག་སྟེ། སྔགས་འདི་ལན་སུམ་ཅུ་རྩ་གཉིས་བཟླས་ན་རླུང་དང་། སྤྲིན་དང་། སེར་བའང་འགག་པར་འགྱུར་རོ།། ཀླུས་གནོད་པ་མི་བྱེད་ཅིང་ཕྱིས་ཀྱང་མི་ཚུགས་སོ།། ཡུངས་ཀར་ལ་བསྔགས་ཏེ་ཕྱོགས་བཞིར་གཏོར་ན་ལོ་གཅིག་གི་བར་དུ་མཚམས་བཅད་པར་འགྱུར་ཏེ། རླུང་དང་། སྤྲིན་དང་། སེར་བའང་མི་གཡོའོ།། ངག་ཉན་ཅིང་ཀུན་ཏུ་སྲུང་བ་དང་། ལས་བྱེད་པར་འགྱུར་རོ།། སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་དྲལ་བུ་དཀྲོལ་ན་ཀླད་པ་འགས་ཤིང་ས་ལ་ལྷུང་བར་འགྱུར་ཏེ། གནོད་པ་བྱེད་པ་སེལ་ལོ།། མཆོད་པ་ཚུལ་བཞིན་བསྔགས་པར་བྱས་ཏེ། སྐད་གསལ་བར་བཀླགས་ཏེ་ཕྱོགས་བཞི་སྟེང་འོག་ཏུ་ཡུངས་ཀར་གཏོར་ན་སར་པ་དང་། རླུང་དང་། ཀླུས་གནོད་པར་བྱེད་པ་བཅངས་པར་འགྱུར། ལྟས་ངན་པ་དང་། མ་དགེ་བ་དང་། བཀྲ་མི་ཤིས་པ་དང་། གཟའ་དང་། འབྱུང་པོ་དང་། ཤ་ཟ་དང་། གནོད་སྤྲིན་དང་། སྲིན་པོའང་ཕྱིར་བསྐྲད་པར་འགྱུར། དཔག་ཚད་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར། ནད་དང་། གནོད་པར་སེམས་པ་དང་། ཕས་ཀྱི་རྒོལ་བའི་དགྲ་བགེགས་ཐམས་ཅད་ཟློག་པར་འགྱུར་རོ། ། ལོ་ཏོག་དང་། འབྲས་བུ་དང་། ཁུ་བ་རྒྱས་པ་དང་། སྨིན་པ་དང་། ཆེ་བར་འགྱུར། འབྱུང་པོ་དང་། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །། རྒྱ་གར་སྐད་དུ། ཨཱརྱ་ལོ་ཏ་དུརྞྞ་ན་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།

CLOSE WINDOW