Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨཪྠ་བི་ནི་ཤྩ་ཡ་ནཱ་མ་དྷརྨ་པརྱ་ཡ། བོད་སྐད་དུ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། ཤར་ཕྱོགས་ཀྱི་ཀུན་དཀའ་ར་བ་རི་དགས་འཛིན་གྱི་མའི་ཁང་པ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ་དང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ།། དགེ་སློང་དག་གིས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེ་ལ་དགེ་སློང་དག་དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་དེ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལྔ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པ་དང་། འཕགས་པའི་བདེན་པ་བཞི་དང་། དབང་པོ་ཉི་ཤུ་རྩ་གཉིས་དང་། བསམ་གཏན་བཞི་དང་། ཚངས་པའི་གནས་བཞི་དང་། ལམ་བཞི་དང་། ཏིང་ངེ་འཛིན་བསྒོམ་པ་བཞི་དང་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་། དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་དང་། རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ། དགེ་སློང་དག་འདི་ནི་དོན་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་མདོར་བསྟན་པའོ། ། དགེ་སློང་དག་དེ་ལ་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདྲ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི་ཕུང་པོ་ལྔའོ།། དགེ་སློང་དག་དེ་ལ་ཉེ་བར་ལེན་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཉེ་བར་ལེན་པའི་ཕུང་པོ་དང་ཚོར་བ་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་ཤེས་ཉེ་བར་ལེན་པའི་ཕུང་པོ་དང་། འདུ་བྱེད་ཉེ་བར་ལེན་པའི་ཕུང་པོ་དང་། རྣམ་པར་ཤེས་པ་ཉེ་བར་ལེན་པའི་ཕུང་པོ་སྟེ། དགེ་སློང་དག་འདི་དག་ནི། ཉེབར་ལེན་པའི་ཕུང་པོ་ལྔའོ།། དགེ་སློང་དག་དེ་ལ་ཁམས་བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་སྒྲའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཏེ། དགེ་སློང་དག་འདི་དག་ནི་ཁམས་བཅོ་བརྒྱད་ཅེས་བྱའོ།། དགེ་སློང་དག་དེ་ལ་སྐྱེ་མཆེད་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། མིག་ནང་གི་སྐྱེ་མཆེད་དང་། གཟུགས་ཕྱིའི་སྐྱེ་མཆེད་དང་རྣ་བ་ནང་གི་སྐྱེ་མཆེད་དང་། སྒྲ་ཕྱིའི་སྐྱེ་མཆེད་དང་། སྣ་ནང་གི་སྐྱེ་མཆེད་དང་། དྲི་ཕྱིའི་སྐྱེ་མཆེད་དང་། ལྕེ་ནང་གི་སྐྱེ་མཆེད་དང་། རོ་ཕྱིའི་སྐྱེ་མཆེད་དང་། ལུས་ནང་གི་སྐྱེ་མཆེད་དང་རེག་བྱ་ཕྱིའི་སྐྱེ་མཆེད་དང་། ཡིད་ནང་གི་སྐྱེ་མཆེད་དང་། ཆོས་ཕྱིའི་སྐྱེ་མཆེད་དང་། དགེ་སློང་དག་འདི་དག་ནི་སྐྱེ་མཆེད་བཅུ་གཉིས་སོ།། དགེ་སློང་དག་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པ་གང་ཞེ་ན། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ།། མ་རིག་པ་འགག་པས་འདུ་བྱེད་འགག། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག། རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག། མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག། སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག། རེག་པ་འགགས་པས། ཚོར་བ་འགག། ཚོར་བ་འགགས་པས། སྲེད་པ་འགག། སྲེད་པ་འགགས་པས། ལེན་པ་འགག། ལེན་པ་འགགས་པས། སྲིད་པ་འགག། སྲིད་པ་འགགས་པས། སྐྱེ་བ་འགག། སྐྱེ་བ་འགགས་པས། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ།། དེ་ལ་མ་རིག་པ་གང་ཞེ་ན། འདི་ལྟ་སྟེ། སྔོན་གྱི་མཐའ་མི་ཤེས་པ་དང་། ཕྱི་མའི་མཐའ་མི་ཤེས་པ་དང་། སྔོན་དང་ཕྱི་མའི་མཐའ་མི་ཤེས་པ་དང་། ནང་མི་ཤེས་པ་དང་། ཕྱི་མི་ཤེས་པ་དང་། ནང་དང་ཕྱི་མི་ཤེས་པ་དང་། ལས་མི་ཤེས་པ་དང་། རྣམ་པར་སྨིན་པ་མི་ཤེས་པ་དང་ལས་དང་རྣམ་པར་སྨིན་པ་མི་ཤེས་པ་དང་། ལེགས་པར་བྱས་པའི་ལས་མི་ཤེས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་མི་ཤེས་པ་དང་། རྒྱུ་མི་ཤེས་པ་དང་། འབྲས་བུ་མི་ཤེས་པ་དང་། རྒྱུ་དང་འབྲས་བུ་མི་ཤེས་པ་དང་། རྒྱུ་ལས་བྱུང་བའི་ཆོས་རྣམས་མི་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་རྣམས་མི་ཤེས་པ་དང་། སངས་རྒྱས་མི་ཤེས་པ་དང་། ཆོས་མི་ཤེས་པ་དང་། དགེ་འདུན་མི་ཤེས་པ་དང་། སྡུག་བསྔལ་མི་ཤེས་པ་དང་། ཀུན་འབྱུང་བ་མི་ཤེས་པ་དང་། འགོག་པ་མི་ཤེས་པ་དང་། ལམ་མི་ཤེས་པ་དང་དགེ་བ་དང་། མི་དགེ་བའི་ཆོས་རྣམས་མི་ཤེས་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བསྟེན་པར་བྱ་བ་དང་། བསྟེན་པར་བྱ་བ་མ་ཡིན་པའི་ཆོས་རྣམས་མི་ཤེས་པ་དང་རེག་པའི་སྐྱེ་མཆེད་དྲུག་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་པ་དང་། མི་མཐོང་བ་དང་། ཁོང་དུ་མི་ཆུད་པ་དང་། མངོན་པར་མི་རྟོགས་པ་དང་། མུན་པ་དང་། ཀུན་ཏུ་མོངས་པ་དང་། མ་རིག་པའི་མུན་པ་ཏེ། འདི་ནི་མ་རིག་པ་ཞེས་བྱའོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། འདུ་བྱེད་རྣམས་གབནེན། འདུ་བྱེད་གསུམ་སྟེ། ལུས་འདུ་བྱེད་དང་། ངག་གི་འདུ་བྱེད་དང་། ཡིད་ཀྱི་འདུ་བྱེད་དོ།། ལུས་ཀྱི་འདུ་བྱེད་རྣམས་གང་ཞེ་ན། དབུགས་རྔུབ་པ་དང་། འབྱུང་བ་སྟེ། ལུས་འདི་ནི་ལུས་ལས་བྱུང་བ། ལུས་ལ་རྟེན་པ་ལུས་དང་འབྲེལ་པ། ལུས་ལ་འབེབས་པ་འཇུག་པ་སྟེ། དེའི་ཕྱིར་དབུགས་རྔུབ་པ་དང་། འབྱུང་བ་དག་ལུས་ཀྱི་འདུ་བྱེད་རྣམས་ཞེས་བྱའོ།། ངག་གི་འདུ་རྣམས་གང་ཞེ་ན། རྣམ་པར་རྟག། རྣམ་པར་དཔྱད་ནས་ཚིག་སྨྲའི་རྣམ་པར་མ་བརྟགས་པ་མ་ཡིན། རྣམ་པར་མ་དཔྱད་པར་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ནི་ངག་གི་འདུ་བྱེད་ཅེས་བྱའོ།། ཡིད་ཀྱི་འདུ་བྱེད་རྣམ་གང་ཞེ་ན། ཆགས་པའི་སེམས་པ་གང་ཡིན་པ་དང་། ཞེ་སྡང་གི་སེམས་པ་གང་ཡིན་པ་དང་། གཏི་མུག་གི་སེམས་པ་གང་ཡིན་པ་སྟེ། ཆོས་དེ་ནི་སེམས་ལས་བྱུང་བ། སེམས་ལ་རྟེན་པ། སེམས་དང་འབྲེལ་པ་སེམས་ལ་རྟེན་ནས་འཇུག་པས། དེའི་ཕྱིར་སེམས་པ་ནི་ཡིད་ཀྱི་འདུ་བྱེད་ཅེས་བྱ་སྟེ། དགེ་སློང་དག་འདི་དག་ནི་འདུ་བྱེད་རྣམས་ཞེས་བྱའོ།། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་ལ། རྣམ་པར་ཤེས་པ་གང་ཞེ་ན། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདི་དག་ནི་རྣམ་པར་ཤེས་པའི་ཚོགས་དྲུག་གོ།། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ལ། མིང་དང་གཟུགས་གང་ཞེ་ན། མིང་ནི་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་སྟེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འདིན་མང་། གཟུགས་གང་ཞེ་ན། གཟུགས་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་པོ་དག་སྟེ། ས་འི་ཁམས་དང་། ཆུའི་ཁམས་དང། མེའི་ཁམས་དང་། རླུང་གི་ཁམས་སོ།། @་ཁམས་གངཞན། གང་ལྕི་བ་དང་ས་བནུབ་པའོ།། ཆུའི་ཁམས་ག་ཞེན། གང་གཤེར་བ་དང་བརྟན་པའོ།། མེའི་ཁམས་གང་ཞེ་ན། གང་ཚབ་དང་། ཡོངས་སུ་སྨིན་པར་བྱེད་པའོ།། རླུང་གི་ཁམས་གང་ཞེ་ན། གང་བསྐུམ་པ་དང་། སློང་བ་དང་། ཡང་ཞིང་གཡོ་བའོ།། གཟུགས་འདི་དང་སྔ་མའི་མིང་དེ་གཉིས་གཅིག་ཏུ་བསྡུས་ཏེ། མིང་དང་གཟུགས་ཞེས་བྱའོ།། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལ། སྐྱེ་མཆེད་དྲུག་གང་ཞེ་ན། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་ཡིད་ཀྱི་སྐྱེ་མཆེད་དང་། འདིན་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ལ། རེག་པ་གང་ཞེ་ན། རེག་པའི་ཚོགས་དྲུག་སྟེ། མིག་གི་འདུས་ཏེ་རེག་པ་དང་། རྣ་པ་དང་། སྣ་དང་སྦེ་ལུས་དང་། མིང་ཀྱི་འདུས་ཉི་ག་པའོ།། རེག་པའི་རྐྱེན་གྱིས་ཚར་བ་ཞེས་བྱ་བ་ལ། ཚོར་བགང་ཞེན། ཚོར་བའི་ཚིགས་དྲུག། དྲུག་ག་ཞེན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ།། ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ། སྲེད་པ་གང་ཞེ་ན། སྲེད་པའི་ཚོགས་དྲུག་སྟེ། དྲུག་གང་ཞེ་ན། གཟུགས་ལ་སྲེད་པ་དང་། སྒྲ་ལ་སྲེད་པ་དང་། དྲི་ལ་སྲེད་པ་དང་། རོ་ལ་སྲེད་པ་དང་། རེག་བྱ་ལ་སྲེད་པ་དང་། ཆོས་ལ་སྲེད་པའོ།། སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱ་བ་ལ་ལེན་པ་གང་ཞེ་ན། ལེན་པ་བཞི་སྟེ། བཞི་གང་ཞེ་ན། འདོད་པའི་ལེན་པ་དང་། ལྟ་བའི་ལེན་པ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་ཀྱི་ལེན་པ་དང་། བདག་ཏུ་སྨྲ་བའི་ལེན་པའོ།། ལེན་པའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་ལ། སྲིད་པ་གང་ཞེ་ན། སྲིད་པ་གསུམ་མོ།། གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པའོ། ། དེ་ལ་འདོད་པའི་སྲིད་པ་གང་ཞེ་ན། འོག་གི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ནས་ཉེ་བར་བཟུང་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་འདི་ནི་འདོད་པའི་སྲིད་པ་ཞེས་བྱའོ།། གཟུགས་ཀྱི་སྲིད་པ་གང་ཞེ་ན། ཚངས་རིས་ཀྱི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ། འོག་མིན་གྱི་ལྷ་རྣམས་ཀྱི་བར་འདི་ནི། གཟུགས་ཀྱི་སྲིད་པ་ཞེས་བྱའོ།། གཟུགས་མེད་པའི་སྲིད་པ་གང་ཞེ་ན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ནས་ཉེ་བར་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བར་འདི་ནི། གཟུགས་མེད་པའི་སྲིད་པ་ཞེས་བྱའོ།། སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱ་བ་ལ། སྐྱེ་བ་གང་ཞེ་ན། གང་སེམས་ཅན་དེ་དང་སེམས་ཅན་གྱིས་རིས་དེ་དང་དེ་དག་ཏུ་སྐྱེ་བ་དང་། རྫོགས་པར་སྐྱེ་བ་དང་། འཇུག་པ་དང་། མངོན་པར་འགྲུབ་པ་དང་། ཕུང་པོ་རྣམས་འབྱུང་བ་དང་།། སྐྱེ་མཆེད་རྣམས་རབ་ཏུ་ཐོབ་པ་དང་། སྲོག་གི་དབང་པོ་འབྱུང་བ་དང་། རིས་མཐུན་པ་དང་ཕྲད་པ་སྟེ། འདི་ནི་སྐྱེ་བ་ཞེས་བྱའོ། ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བ་ལ། རྒས་པ་གང་ཞེ་ན། སྤྱི་ཐར་བ་དང་། སྒྲ་སྐྱེ་བ་དང་། གཉེར་མ་མང་བ་དང་། འཁོགས་པ་དང་། ཤོམ་པ་དང་། སྐུར་ཏེ་གདུང་རྟེན་ལྟར་དགུ་པ་དང་། སྒྲ་ངར་ངར་པོར་གྱུར་ཅིང་དབུགས་རྒྱུ་བའི་ལུས་སུ་གྱུར་པ་དང་། ལུས་སྨེ་བ་ལྟ་བུས་གང་བ་དང་། ལུས་མདུན་དུ་དགུ་པ་དང་། འཁར་བ་ལ་རྟེན་པ་དང་། དབང་པོ་རྣམས་ཡོངས་སུ་སྨིན་པ་དང་ཡོངས་སུ་ཞིགས་པ་དང་། འདུ་བྱེད་རྣམས་རྙིངས་པ་དང་། ཤིག་ཤིག་པོར་གྱུར་པ་དང་། བློང་བ་དང་། ཞན་པ་དང་། ཉམས་པ་དང་། ཡོངས་སུ་ཉམས་པ་སྟེ། འདི་ནི་རྒ་བ་ཞེས་བྱའོ།། འཆི་བ་གང་ཞེ་ན། གང་སེམས་ཅན་དེ་དང་། དེ་དག་སེམས་ཅན་གྱིས་རིགས་དེ་དང་དེ་དག་ནས་འཆི་བ་དང་། འཕོ་བ་དང་། ཞིག་པ་དང་། མི་རྟག་པར་འགྱུར་བ་དང་། འཆི་བའི་དུས་བྱེད་པ་དང་ཉམས་པ་དང་། དྲོད་ཉམས་པ་དང་། སྲོག་གི་དབང་པོ་འགགས་པ་དང་། ཕུང་པོ་རྣམས་འདོར་བ་འདི་ནི་འཆི་བ་ཞེས་བྱ་བ་སྟེ། འཆི་བ་འདི་དང་སྔ་མའི་རྒ་བ་དེ་གཉིས་གཅིག་ཏུ་བསྡུས་ནས། རྒ་ཤི་ཞེས་བྱ་སྟེ། དགེ་སློང་དག་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་ཞེས་བྱའོ།། དེ་ལ་འཕགས་པའི་བདེན་པ་བཞི་གང་ཞེ་ན། སྡུག་བསྔལ་འཕགས་པའི་བདེན་པ་དང་། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ།། སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་། རྒ་བའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ་དང་། གང་འདོད་པ་བཙལ་ཏེ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ།། མདོར་སྡུས་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ནི་སྡུག་བསྔལ་ཡིན་ཏེ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། ། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། གང་འདི་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདོད་ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་སྟེ། འདི་ནི་སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོགས་པ་འཕགས་པའི་བདེན་པ་གང་ཞེ་ན། གང་ཡང་འབྱུང་བའི་སྲེད་པ་དང་། དགའ་བའི་འདི་། ཆགས་དང་ལྡན་པ་དང་། དེ་དང་དེར་མངོན་པར་དགའ་བ་དེ་ཉིད་མ་ལུས་པར་སྤངས་པ་དང་། ངེས་པར་སྤངས་པ་དང་། བྱང་བར་འགྱུར་བ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་རྣམ་པར་ཞི་བ་དང་། ནུབ་པ་སྟེ། འདི་ནི་སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་ཞེས་བྱའོ།། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པ་ཞེས་བྱ་སྟེ། འདི་དག་ནི་འཕགས་པའི་བདེན་པ་བཞིལས་བྱའོ། ། དབང་པོ་ཉི་ཤུ་རྩ་གཉིས་གང་ཞེ་ན། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། ཕོའི་དབང་པོ་དང་། མོའི་དབང་པོ་དང་། སྲོག་གི་དབང་པོ་དང་། སྡུག་བསྔལ་གྱི་དབང་པོ་དང་། བདེ་བའི་དབང་པོ་དང་། ཡིད་བདེ་བའི་དབང་པོ་དང་། ཡིད་མི་བདེ་བའི་དབང་པོ་དང་། བཏང་སྙོམས་ཀྱི་དབང་པོ་དང་། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ཉི་ཤུ་རྩ་གཉིས་སོ།། དེ་ལ་བསམ་གཏན་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་རྣམས་འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ་རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་རྟོག་པ་དང་། དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དག་པ་སྟེ། སེམས་ཀྱི་རྒྱུད་ཅིག་ཏུ་གྱུར་པས་རྟོགས་མེད་པ། དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་དགའ་བའི་འདོད་ཆགས་དང་བྲལ་བས། བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དེ་དྲན་པ་དང་ལྡན་པ། བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པ་བསམ་གཏན་གསུམ་པ་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་རྫོགས་པར་བྱས་ནས་གནས་པ་སྟེ། དགེ་སློང་དག་འདི་དག་ནི་བསམ་གཏན་བཞིའོ།། དེ་ལ་ཚངས་པའི་གནས་པ་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གིས་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པར་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས། རྫོགས་པར་བྱས་ཏེ་གནས་ཤིང་། དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། དེ་བཞིན་དུ་བཞི་པ་དང་། བླ་དང་། འོག་དང་། ཐད་ཀར་རྣམ་པ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་འདི་ཐམས་ཅད་དུ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས། ཚད་མེད་པ། ཤིན་ཏུ་བསྒོམས་པས་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་། དེ་བཞིན་དུ་སྙིང་རྗེ་དང་ལྡན་པ་དང་། དགའ་བ་དང་ལྡན་པ་དང་། བཏང་སྙོམས་དང་ལྡན་པའི་སེམས་ཁོ་ན་མེད་པ། འགྲན་ཟླ་མེད་པ། གནོད་པ་མེད་པ། ཡངས་པ་རྒྱ་ཆེན་པོར་གྱུར་པ། མི་གཉིས་པ། ཚད་མེད་པ། ཤིན་ཏུ་བསྒོམས་པས་མོས་པར་བྱས་ནས། ཁྱབ་པར་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་སྟེ། འདི་ནི་ཚངས་པའི་གནས་པ་བཞིའོ།། དེ་ལ་ལམ་བཞི་གང་ཞེ་ན། མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་ཡང་ཡོད་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་བྲལ་ལ་སླ་བའི་ལམ་ཡང་ཡོད། མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་ཡང་ཡོད་དོ།། དེ་ལ་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན། ཞེ་སྡང་གི་ཤས་ཆེ་བ་ཡིན། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་ལ་འདོད་ཆགས་ཀྱིས་ཤས་ཆེ་བས།། འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེ་བས། ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། དེ་གཏི་མུག་གི་ཤས་ཆེ་བས། གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ། ཟག་པ་རྣམས་ཟད་པར་བྱ་བ་ལ། དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མི་མྱུར་བའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ། བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བུལ་ལ་དཀའ་བའི་ལམ་མོ།། དེ་ལ་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆེ་བ་ཡིན། ཞེ་སྡང་གིས་ཤས་ཆེ་བ་ཡིན། གཏི་མུག་གི་ཤས་ཆེ་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆེ་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། ཞེ་སྡང་གི་ཤས་ཆེ་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་། གཏི། མུག་གི་ཤས་ཆེ་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པ་ཡིན་ནོ། ། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར། འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་དཀའ་བའི་ལམ་མོ།། དེ་ལ་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་དང་། ཞེ་སྡང་གི་ཤས་ཆུང་བ་དང་། གཏི་མུག་གི་ཤས་ཆུང་བ་ཡིན་ཏེ། འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། ཞེ་སྡང་གི་ཤས་ཆུང་བས་ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས་གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན་ཡང་དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བྲལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། མྱུར་བར་འཇུག་པ་མ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་བུལ་བ་དང་། ཞན་པ་དང་། མི་རྣོ་བ་དང་། འཇུག་པ་མི་མྱུར་བའི་ཕྱིར། འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ་བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་བུལ་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་བུལ་ལ་སླ་བའི་ལམ་མོ། ། དེ་ལ་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་གང་ཞེ་ན། འདི་ལ་ཁ་ཅིག་རང་བཞིན་གྱིས་འདོད་ཆགས་ཀྱི་ཤས་ཆུང་བ་ཡིན། ཞེ་སྡང་གི་ཤས་ཆུང་བ་ཡིན། གཏི་མུག་གི་ཤས་ཆུང་བ་ཡིན་ཏེ། དེ་འདོད་ཆགས་ཀྱི་ཤས་ཆུང་བས་འདོད་ཆགས་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། ཞེ་སྡང་གི་ཤས་ཆུང་བས། ཞེ་སྡང་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་མྱོང་བ་མ་ཡིན། གཏི་མུག་གི་ཤས་ཆུང་བས། གཏི་མུག་ལས་བྱུང་བའི་སྡུག་བསྔལ་དང་། ཡིད་མི་བདེ་བ་རྒྱུན་མི་འཆད་པར་ཡང་མྱོང་བ་མ་ཡིན་ལ། དེའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་པོ་འདི་དག་ཀྱང་། ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པ་ཡིན་ནོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་འཇིག་རྟེན་ལས་འདས་པའི་དབང་པོ་དེ་དག་ཆེ་བ་དང་། རྣོ་བ་དང་། མྱུར་བར་འཇུག་པའི་ཕྱིར་འདི་ལྟ་སྟེ། ཟག་པ་རྣམས་ཟད་པར་བྱ་བ་ལ། བར་ཆད་མེད་པའི་ཏིང་ངེ་འཛིན་ལ་རེག་པ་མྱུར་བ་ཉིད་དེ། འདི་ནི་མངོན་པར་ཤེས་པ་མྱུར་ལ་སླ་བའི་ལམ་སྟེ། འདི་དག་ནི་ལམ་བཞིའོ།། དེ་ལ་ཏིང་ངེ་འཛིན་བསྒོམ་པ་བཞི་གང་ཞེ་ན། དགེ་སློང་དག་ཏིང་ངེ་འཛིན་བསྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། འདོད་ཆགས་སྤོང་བར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་ཡང་ཡོད། ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཡེ་ཤེས་མཐོང་བ་ཐོབ་པར་འགྱུར་བ་ཡང་ཡོད་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཤེས་རབ་འཐོབ་པར་འགྱུར་བ་ཡང་ཡོད་དོ།། དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། འདོད་ཆགས་སྤོང་བར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད་སྐྲ་དང་། ཀླད་པ་ལ་ཐུག་གི་བར་དུ་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོགས་སྟེ། ལུས་འདི་ལ་ཡོད་པ་ནི་སྒྲ་དང་། ཁ་སྤུ་དང་། སོ་དང་། སེན་མོ་དང་། རྡུལ་དང་། དྲི་མ་དང་། པགས་པ་དང་། ཤ་དང་། རུས་པ་དང་། རྒྱུས་པ་དང་། རྩ་དང་། མཁལ་མ་དང་། སྙིང་དང་། གློ་བ་དང་། མཆིན་པ་དང་། ཕོ་བ་དང་། ལོང་ཀ་དང་། རྒྱུ་མ་དང་། གཉེ་མ་དང་། ལྒང་བུ་དང་། མཆེར་བ་དང་། ཕྱིས་དང་། མཆི་མ་དང་། རྡུལ་དང་། ངར་སྣབས་དང་། མཆིལ་མ་དང་། ཞག་དང་། ཆུ་སེར་དང་། རྐང་དང་། ཚིལ་དང་། རྣག་དང་། བད་ཀན་དང་། མཁྲིས་པ་དང་། ཁྲག་དང་། ཀླད་པ་དང་། ཀླད་རྒྱས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་གང་བར་ཡང་དག་པ་ཇི་ལྟ་བ་བཞིན་སོ་སོར་རྟོག་གོ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འབྲུ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། འབྲས་སཱ་ལུ་དང་། འབྲས་དང་། ནས་དང་། ཟོ་དང་། མོན་སྲན་ཟེའུ་དང་། མོན་སྲན་སྣེའུ་དང་། རྒྱ་སྲན་དང་། འབྲས་ནི་སྨྲ་བ་དང་། སྲན་ཆུང་དང་། མོན་སྲན་ནག་གུ་དང་། ཏིལ་དང་། འབྲས་དྲུས་པ་དང་། ཡུངས་ཀར་གྱིས་གང་བའི་སྦྱང་ཞིག་ཁ་གཉིས་ཕྱེ་བ་དེ་ལ་མིག་དང་ལྡན་པའི་མི་ཞིག་གིས་བླུག་སྟེ་སོ་སོར་བརྟགས་ན། འདི་དག་ནི་འབྲས་སཱ་ལུའོ།། འདི་དག་ནི་འབྲས་སོ།། འདི་དག་ནི་ནས་སོ།། འདི་དག་ནི་གྲོའོ།། འདི་དག་ནི་མོན་སྲན་གྲེའུའོ།། འདི་དག་ནི་མོན་སྲན་སྡེའུའོ། ། འདི་དག་ནི་རྒྱ་སྲན་ནོ།། འདི་དག་ནི་འབྲས་ནི་སྤ་བའོ།། འདི་དག་ནི་སྲན་ཆུང་ངོ་།། འདི་དག་ནི་མོན་སྲན་ནག་གུའོ།། འདི་དག་ནི་ཏིལ་ལོ།། འདི་དག་ནི་འབྲས་དྲུས་པའོ།། འདི་དག་ནི་ཡུངས་དཀར་རོ་ཞེས་བྱ་བར་ཤེས་སོ། ། དགེ་སློང་དག་དེ་བཞིན་དུ། དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ལུས་འདི་ཉིད་ལ་འོག་གི་རྐང་མཐིལ་ཡན་ཆད། ཀླད་པ་ལ་ཐུག་གི་བར་དུ་སྔ་མ་བཞིན་དུ་ཀླད་པ་དང་། ཀླད་རྒྱས་དང་། གཅིན་དང་། མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་བར་ཡང་དག་པ་ཇི་ལྟ་བཞིན་དུ་སོ་སོར་རྟོག་སྟེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། འདོད་ཆགས་སྤོང་བར་འགྱུར་བའོ།། དགེ་སློང་དག་དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན་མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་རང་གིས་ལུས་འདི་ཉིད་གཉེན་པར་བྱེད། ཡོངས་སུ་གཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་པ་སྟེ། འདི་ལྟ་སྟེ། དབེན་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་དེའི་རང་གི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་མེད་དོ། ། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། མེ་ཏོག་ཨུཏྤ་ལ་འམ། པདྨ་འམ། ཀུ་མུ་དཱ་འམ། པདྨ་དཀར་པོ་ཡང་རུང་སྟེ། ཆུ་ནས་སྐྱེས་པ་ཆུར་བྱིང་བ་དེ་དག་ཐམས་ཅད་ནི། བསིལ་བའི་ཆུས་མཉེན་པར་བྱས་པ་ཡོངས་སུ་ཁྱབ་པར་བྱས་པ། ཡོངས་སུ་ཚིམ་པར་བྱས་པ། ཀུན་ཏུ་རྒྱས་པར་བྱས་པ་དག་གོ།། དགེ་སློང་དག་དེ་བཞིན་དུ་དགེ་སློང་དགོན་པ་ན་འདུག་ཀྱང་རུང་ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བས་རང་གི་ནང་གི་ལུས་འདི་མཉེན་པར་བྱེད། ཡོངས་སུ་མཉེན་པར་བྱེད། ཡོངས་སུ་ཁྱབ་པར་བྱེད། ཡོངས་སུ་ཚིམ་པར་བྱེད། ཀུན་ཏུ་རྒྱས་པར་བྱེད་དེ། འདི་ལྟ་སྟེ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་དེའི་ནང་གི་ལུས་ཐམས་ཅད་ལ་མ་ཁྱབ་པ་འམ། ཁྱབ་པར་མ་གྱུར་པ་མེད་དེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། མཐོང་བའི་ཆོས་ལ་བདེ་བར་གནས་པར་འགྱུར་བའོ།། དགེ་སློང་དག་དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཡེ་ཤེས་མཐོང་བ་ཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས། ལེགས་པར་རྟོགས་པར་བྱས། དེ་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས། དེ་སྣང་བ་དེ་སེམས་ལ་སྒོམ་སྟེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན་མཚན་མོ་ཇི་ལྟ་བར་ཉིན་མོ་ཡང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཏུ་ཇི་ལྟ་བར་སྟེང་དུ་ཡང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ཏུ་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ཏེ། དེ་སྣང་བ་དེ་སེམས་ལ་སྒོམ་མོ།། དགེ་སློང་དག་འདི་ལྟ་སྟེ་དཔེར་ན། སོས་ཀའི་ཟླ་བ་བླ་མ་ལ། ནམ་མཁའ་ལ་སྤྲིན་མེད་ཅིང་སྤྲིན་དང་བྲལ་བའི་ཉིན་མོ་ཉི་མ་གུང་ལ་སྣང་བ་ཡོངས་སུ་དག་ཅིང་། ཡོངས་སུ་དཀར་ལ་འོད་གསལ་ཏེ། མུན་པ་མ་ཡིན་ནོ།། དགེ་སློང་དག་དེ་བཞིན་དུ་དགེ་སློང་གིས་སྣང་བའི་འདུ་ཤེས་ཤིན་ཏུ་ལེགས་པར་བཟུང་། ལེགས་པར་ཡིད་ལ་བྱས། ལེགས་པར་རེག་པར་བྱས། ལེགས་པར་རྟོགས་པར་བྱས་ཏེ། ཉིན་མོའི་འདུ་ཤེས་ལ་ཤིན་ཏུ་གནས་ནས། དེ་སྣང་བ་དེ་སེམས་ལ་སྒོམ་ཏེ། ཉིན་མོ་ཇི་ལྟ་བར་མཚན་མོ་ཡང་དེ་བཞིན། མཚན་མོ་ཇི་ལྟ་བར་ཉིན་མོ་ཡང་དེ་བཞིན། སྔར་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན། ཕྱིས་ཇི་ལྟ་བར་སྔར་ཡང་དེ་བཞིན། འོག་ཇི་ལྟ་བར་སྟེང་ཡང་དེ་བཞིན། སྟེང་དུ་ཇི་ལྟ་བར་འོག་ཏུ་ཡང་དེ་བཞིན་ཏེ། དེ་ལྟར་ཕྱེ་ཞིང་ཀུན་ནས་བསྐོར་བ་མེད་པའི་སེམས་ཀྱིས་ཉིན་མོའི་འདུ་ཤེས་ཤིན་ཏུ་གནས་ནས། དེ་སྣང་བ་དེ་སེམས་ལ་སྒོམ་པ་སྟེ། འདི་ནི་ཏིང་དེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཡེ་ཤེས་མཐོང་བ་འཐོབ་པར་འགྱུར་རོ།། དགེ་སློང་དག་དེ་ལ་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན་ཤེས་རབ་ཐོབ་པར་འགྱུར་བ་གང་ཞེ་ན། དགེ་སློང་འདི་ལྟ་སྟེ། དགེ་སློང་དག་དགོན་པ་ན་འདུག་ཀྱང་རུང་། ཤིང་དྲུང་ན་འདུག་ཀྱང་རུང་། ཁང་སྟོང་ན་འདུག་ཀྱང་རུང་། བདེ་བ་ཡང་སྤངས་ཏེ་སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་། ཡིད་མི་བདེ་བ་ཡང་ནུབ་པས། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་དེ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ནས་གནས་ཏེ། འདི་ནི་ཏིང་ངེ་འཛིན་སྒོམ་པ་ཀུན་ཏུ་བསྟེན་ཏེ། བསྒོམས་ཤིང་མང་དུ་བྱས་ན། ཤེས་རབ་འཐོབ་པར་འགྱུར་བ་སྟེ། དགེ་སློང་དག་འདི་དག་ནི་ཏིང་ངེ་འཛིན་བསྒོམ་པ་བཞིའོ། ། དགེ་སློང་འདི་དག་དེ་ལ་དྲན་པ་ཉེ་བར་གཞག་པ་བཞི་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་བརྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས། འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་གསལ་ནས་ནང་གི་ལུས་ལ་ལུས་ཀྱིས་རྗེས་སུ་ལྟ་ཞིང་གནས་པ་དང་། བརྟུན་པ་ཤེས་བཞིན་ཅན། དྲན་པ་དང་ལྡན་པས་འཇིག་རྟེན་གྱི་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཕྱིའི་ལུས་དང་། ནང་དང་། ཕྱིའི་ལུས་དང་ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ནང་དང་ཕྱིའི་ཚོར་བ་རྣམ་དང་། ནང་གི་སེམས་དང་། ཕྱིའི་སེམས་དང་ནང་དང་ཕྱིའི་སེམས་དང་། ནང་གི་ཆོས་རྣམས་དང་། ཕྱིའི་ཆོས་རྣམས་དང་། ནང་དང་ཕྱིའི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་སྟེ། དགེ་སློང་དག་འདི་དག་ནི་དྲན་པ་ཉེ་བར་གཞག་པ་བཞིའོ།། ། དགེ་སློང་དག་དེ་ལ་ཡང་དག་པར་སྤོང་བ་བཞི་གང་ཞེ་ན། དགེ་སློང་དག་དེ་ལ་དགེ་སློང་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་སྐྱེད་ཅིང་། འབད་དེ་བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་། ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར། དྲན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར། འདུན་པ་སྐྱེད་ཅིང་འབད་དེ་བརྩོན་འགྲུས་རྩོམ་ལ། སེམས་རབ་ཏུ་འཛིན་ཅིང་ཡང་དག་བཔར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། ཉམས་པར་མི་འགྱུར་བ་དང་། ཕྱིར་ཞིང་འབྱུང་བ་དང་། རྒྱས་པ་དང་། ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་ཅིང་འབད་དེ། བརྩོན་འགྲུས་རྩོམ་ལ་སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་སྟེ། དགེ་སློང་དག་འདི་དག་ནི་ཡང་དག་པར་སྤོང་བ་བཞིའོ།། དགེ་སློང་དག་དེ་ལ་རྫུ་འཕྲུལ་གྱི་རྐང་པ་བཞི་གང་ཞེ་ན། འདི་ལ་དགེ་སློང་བདག་གི་འདུན་པ་ཧ་ཅང་བྱིང་ན་ཡང་མི་རུང་ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་བརྩོན་འགྲུས་ཧ་ཅང་བྱིང་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་། ། ཞེས་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་སེམས་ཧ་ཅང་བྱིང་ན་ཡང་མི་རུང་ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན། པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བདག་གི་དཔྱོད་པ་ནི་ཧ་ཅང་བྱིང་ན་ཡང་མི་རུང་། ཧ་ཅང་བཟུང་ན་ཡང་མི་རུང་ངོ་ཞེས་སྨོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་སྟེ། དགེ་སློང་དག་འདི་དག་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ།། དགེ་སློང་དག་དེ་ལ་དབང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ།། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན། འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་དང་། དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་དང་། ལས་དགེ་བ་ཡང་རུང་། མི་དགེ་བ་ཡང་རུང་། གང་བྱེད་པའི་ལས་དེ་དང་དེའི་རྣམ་པར་སྨིན་པོ་མྱོང་བར་འགྱུར་བ་དང་། དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ།། དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན། དད་པའི་དབང་པོས་ཆོས་གང་དག་ལ་དད་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ།། དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གསོན་པ་སྟེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་གསོན་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ།། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་། དེ་ཆོས་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ། འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱ་སྟེ། དགེ་སློང་དག་འདི་དག་ནི་དབང་པོ་ལྔའོ།། དགེ་སློང་དག་དེ་ལ་སྟོབས་ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི། སྟོབས་དང་། ཤེས་རབ་ཀྱི་སྟོབས་ཏེ། དགེ་སློང་དག་འདི་དག་ནི་སྟོབས་ལྔའོ།། དགེ་སློང་དག་དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་གང་ཞེ་ན། དགེ་སློང་དག་འདི་ལ་དགེ་སློང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྐུར་བ་སྒོམ་པ་དང་། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི། ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས། པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བསྒོམ་པ་སྟེ། དགེ་སློང་དག་འདི་དག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ།། དགེ་སློང་དག་དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ། དགེ་སློང་དག་འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ།། དེ་ལ་ཡང་དག་པའི་ལྟ་བ་གང་ཞེ་ན། གང་འཇིག་རྟེན་ལས་འདས་པ། བདག་མེད་པའི་ལྟ་བ་ལས་བྱུང་བ་ཡིན་གྱི། སེམས་ཅན་ལས་མ་ཡིན། སྲོག་ལས་མ་ཡིན། གསོ་བ་ལས་མ་ཡིན། སྐྱེས་བུ་ལས་མ་ཡིན། གང་ཟག་ལས་མ་ཡིན། ཤེད་ལས་སྐྱེས་ལས་མ་ཡིན། ཤེད་བུར་ལྟ་བ་ལས་བྱུང་བ་མ་ཡིན། ཆད་པ་དང་། རྟག་པར་ལྟ་བ་ལས་བྱུང་བ་མ་ཡིན། འབྱུང་བ་དང་འཇིག་པར་ལྟ་བ་ལས་བྱུང་བ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པར་ལྟ་བ་ལས་བྱུང་བ་མ་ཡིན་པ་ནས། འཁོར་བ་དང་། མྱ་ངན་ལས་འདས་པའི་བར་ལས་ལྟ་བ་ལས་བྱུང་བ་མ་ཡིན་ཏེ། འདི་ནི་ཡང་དག་པའི་ལྟ་བ་ཞེས་བྱའོ།། དེ་ལ་ཡང། དག་པའི་རྟོག་པ་གང་ཞེ་ན། རྟོག་པ་གང་དག་གིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་བའི་རྟོག་པ་དེ་དག་ལ་མི་རྟོག་གི། རྟོག་པ་གང་གིས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་འབྱུང་བར་འགྱུར་བ་དེ་དག་ལ་རྟོག་པ་སྟེ། འདི་ནི་ཡང་དག་པའི་རྟོག་པ་ཞེས་བྱའོ།། དེ་ལ་ཡང་དག་པའི་ངག་གང་ཞེ་ན། ངག་གང་གིས་བདག་དང་གཞན་ལ་གདུང་བར་མི་བྱེད་པ་དང་། བདག་དང་གཞན་ལ་ཉོན་མོངས་པར་མི་བྱེད་པ་དང་། བདག་དང་གཞན་ལ་གནོད་པར་མི་བྱེད་པ་དང་། ངག་གང་གིས་འཕགས་པ་རྣམས་ལ་ཡང་དག་པར་འཇུག་པའི་ངག་དེས། ཏིང་ངེ་འཛིན་ལ་དགའ་བས་སྦྱོར་བའི་ཚིག་དང་ལྡན་པ་ཡིན་ཏེ། འདི་ནི་ཡང་དག་པའི་ངག་ཅེས་བྱའོ།། དེ་ལ་ཡང་དག་པའི་ལས་ཀྱི་མཐའ་གང་ཞེ་ན། ལས་གང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་ལ་རྣམ་པར་སྨིན་པ་ཡང་དཀར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་གནག་ཏུ་གྱུར་ལ། རྣམ་པར་སྨིན་པའང་དཀར་གནག་ཏུ་གྱུར་པའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་གང་དཀར་པོ་མ་ཡིན་པ་རྣམ་པར་སྨིན་པ་ནག་པོར་འགྱུར་བའི་ནག་པོ་ཟད་པར་འགྱུར་བའི་ལས་དེ་མངོན་པར་འདུ་མི་བྱེད་པ་དང་། ལས་བཟང་པོ་ལ་རྟེན་པ་དང་། ལས་ཀྱི་མཐའ་བཟང་བ་སྟེ། འདི་ནི་ཡང་དག་པའི་ལས་ཀྱི་མཐའ་ཞེས་བྱའོ།། དེ་ལ་ཡང་དག་པའི་འཚོ་བ་གང་ཞེ་ན། གང་འཕགས་པའི་རིགས་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་མི་འདོར་བ་ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱི་འཇལ་བ་མེད་པ་དང་། ངེས་པ་དང་། ཆོ་གའི་ངང་ཚུལ་ཅན་དང་གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་བདག་གི་རྙེད་པས་ཆོག་པར་འཛིན་པ་དང་། འཕགས་པས་གནང་བ་ཁ་ན་མ་ཐོ་བ་མེད་པའི་འཚོ་བ་སྟེ། འདི་ནི་ཡང་དག་པའི་འཚོ་བ་ཞེས་བྱའོ།། དེ་ལ་ཡང་དག་པའི་རྩོལ་བ་གང་ཞེ་ན། རྩོལ་བ་གང་ལོག་པར་འགྱུར་བའི་ཕྱིར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྒྱས་པར་འགྱུར་བའི་རྩོལ་བ་དེ་མི་འདོད་པ་དང་། རྩོལ་བ་གང་ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པ་ལ་འཇུག་ཅིང་། མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇོག་པའི་རྩོལ་བ་དེའི་རྗེས་སུ་འགྲོ་བ་སྟེ། འདི་ནི་ཡང་དག་པའི་རྩོལ་བ་ཞེས་བྱའོ།། དེ་ལ་ཡང་དག་པའི་དྲན་པ་གང་ཞེ་ན། གང་དག་དེ་ལ་ཉེ་བར་གནས་ན། མི་གཡོ་བ་དང་། དྲན་པ་དང་། གྱ་གྱུ་མེད་པ། འཁོར་བའི་སྐྱོན་གྱི་ཉེས་དམིགས་ཡང་དག་པར་སྟོན་པ་དང་། མྱ་ངན་ལས་འདས་པའི་ལམ་དུ་འདྲེན་པའི་དྲན་པ་དང་། འཕགས་པའི་ལམ་མ་བརྗེད་པ་སྟེ། འདི་ནི་ཡང་དག་པའི་དྲན་པ་ཞེས་པའོ། ། དེ་ལ་ཡང་དག་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ཡང་དག་པ་ཉིད་དུ་མཉམ་པ་དང་། ཏིང་ངེ་འཛིན་གང་ལ་གནས་ན་སེམས་ཅན་རབ་ཏུ་ཐར་པར་བྱ་བའི་ཕྱིར། ཡང་དག་པར་བསྟན་པའི་ངེས་པར་གྱུར་པ་ལ་འཇུག་པ་སྟེ། འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱའོ།། དེ་ལ་དབུགས་རྔུ་བས་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གང་ཞེ་ན། དྲན་བཞིན་དུ་དབུགས་རྔུབ་ན། དྲན་བཞིན་དུ་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དྲན་བཞིན་དུ་དབུགས་ཕྱུང་ན། དྲན་བཞིན་དུ་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབུགས་རིང་དུ་བརྔུབས་ན། དབུགས་རིང་དུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབུགས་རིང་དུ་ཕྱུང་ན་དབུགས་རིང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབུགས་ཐུང་ངུ་བརྔུབས་ན། དབུགས་ཐུང་ངུ་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབུགས་ཐུང་ངུ་ཕྱུང་ན་དབུགས་ཐུང་དུ་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་།། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། ལུས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་། དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བྱུང་ན། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན་ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། ལུས་ཀྱི་འདུ་བྱེད་ཐམས་ཅད་ཡང་དག་པར་མྱོང་ཞིང་། དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་ན། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ན། བདག་གི་ལུས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། དགའ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རང་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། བདེ་བ་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། སེམས་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ། བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་ན། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ན། སེམས་ཀྱི་འདུ་བྱེད་ཡང་དག་པར་མྱོང་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདྲ། བྱེད་ཤིན་ཏུ་སྦྱངས་ནས་དབུགས་འརྔུབས་ན། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་ཀྱི་འདུ་བྱེད་ཤིན། ཏུ་སྦྱངས་ནས་དབུགས་ཕྱུང་ན། བདག་གི་སེམས་ཀྱི་འདུ་བྱེད་ཤིན་ཏུ་སྦྱངས་ནས་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་བརྔུབས་ན། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་དབུགས་ཕྱུང་ན། བདག་གི་སེམས་མངོན་པར་མཆོག་ཏུ་དགའ་བར་བྱེད་ཅིང་། དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་བརྔུབས་ན། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་། དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ན། བདག་གིས་སེམས་རྣམ་པར་གྲོལ་བར་བྱེད་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་གཞག་ཅིང་དབུགས་བརྔུབས་ན། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། བདག་གི་སེམས་མཉམ་པར་བཞག་ཅིང་དབུགས་ཕྱུང་ན། བདག་གི་སེམས་མཉམ་བར་བཞག་ཅིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེ་བཞིན་དུ་མི་རྟག་པའི་རྗེས་སུ་ལྟ། འདོད་ཆགས་དང་བྲལ་བའི་རྗེས་སུ་ལྟ། འགོག་པའི་རྗེས་སུ་ལྟ། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་ན། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་བརྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ན། སོ་སོར་སྤངས་པའི་རྗེས་སུ་ལྟ་ཞིང་དབུགས་ཕྱུང་ངོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་སྟེ།། དགེ་སློང་དག་འདི་དག་ནི་དབུགས་བརྔུབས་པ་དང་། འབྱུང་བ་དྲན་པ་རྣམ་པ་བཅུ་དྲུག་གོ། དེ་ལ་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞི་གང་ཞེ་ན། འདི་ལ་འཕགས་པ་ཉན་ཐོས་ནི་དེ་ལྟར་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་སངས་རྒྱས་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ་ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ་འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་རང་གིས་རིག་པར་བྱ་བ་སྟེ། འདི་ལྟ་སྟེ། རྒྱགས་པ་མེད་པར་བྱེད་པ། སྲེད་པ་རབ་ཏུ་སེལ་བ། ཀུན་གཞི་ལེགས་པར་འཇོམས་པ། ལམ་གྱི་རྒྱུན་བཅད་པ། སྲེད་པ་ཟད་པ་འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་ཆོས་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལེགས་པར་ཞུགས་པ། རིག་པ་ལ་ཞུགས་པ། དྲང་པོ་ལ་ཞུགས་པ། མཐུན་པར་ཞུགས་པ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ། རྗེས་སུ་མཐུན་པའི་ཆོས་སྤྱོད་པ་སྟེ། དགེ་འདུན་གྱི་ནང་ན་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་རྒྱུན་ཏུ་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ལན་ཅིག་ཕྱིར་འོང་བ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་ཕྱིར་མི་འོང་བ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་ཞུགས་པ་དག་ཀྱང་ཡོད། དགེ་འདུན་གྱི་ནང་ན་དགྲ་བཅོམ་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། སྐྱེས་བུ་ཟུང་བཞི། སྐྱེས་བུ་གང་ཟག་བརྒྱད་དོ།། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་འདི་ལྟ་བུ་སྟེ། དད་པ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ། ཐོས་པ་ཕུན་སུམ་ཚོགས་པ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ། ཤེས་རབ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པ། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་སྟེ། འཇིག་རྟེན་གྱི་སྦྱིན་གནས་ཡིན་ནོ་ཞེས་དགེ་འདུན་ལ་ཤེས་ནས་དད་པ་དང་ལྡན་པ་ཡིན། འཕགས་པ་བཞེད་པའི་ཚུལ་ཁྲིམས་རྣམས་དང་ལྡན་པ་ཡིན་ཏེ། ཚུལ་ཁྲིམས་དེ་དག་ནི་མ་ཉམས་པ། མ་ཞིག་པ་མ་རལ་པ། འདྲེན་མར་མ་གྱུར་པ། སྲ་སྲར་མ་ཡིན་པ། རང་དབང་ཅན་མ་འཕགས་པ། ཤིན་ཏུ་རྫོགས་པ། མཁས་པས་བསྔགས་པ། མཁས་པ་དག་གིས་མ་སྨད་པ་དག་སྟེ། འདི་དག་ནི་རྒྱུན་ཏུ་ཞུགས་པའི་ཡན་ལག་བཞིའོ།། དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། དགེ་སློང་དག་དེ་ལ་དེ་བཞིན་གཤེགས་པ་ནི་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅིང་། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལམ་ཡང་དག་པར་འཛིན་པ་དང་། རྣམ་པར་སྨིན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། སེམས་ཅན་ཕ་རོལ་མོས་པ་དུ་མ་ཅན་དག་གི་མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ས་ཏུ་མཁྱེན་ཏོ།། ཁམས་དུམ་པའི་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཅན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། ། སེམས་ཅན་གཞན་དག་གི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། ཐམས་ཅད་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ས་ཏུ་མཁྱེན་ཏོ། ། སེམས་ཅན་གཞན་དག་གི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་བཞག་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ།། རྣམ་པ་དང་བཅས། ཡུལ་ཕྱོགས་དང་བཅས། རྒྱུ་ཅི་ལས་གྱུར་པ་རདང་བཅས་པར་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སྐྱེ་བ་གཅིག་ཀྱང་རྗེས་སུ་དྲན་ནོ།། གཉིས་དང་གསུམ་དང་བཞི་ནས་སྐྱེ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རྗེས་སུ་དྲན་ནོ་ཞེས་རྒྱ་ཆེར་སྦྱར་རོ།། ལྷའི་མིག་རྣམ་པར་དག་པ་མིའི་ལས་འདས་པས་སེམས་ཅན་སྐྱེ་བ་དང་། ལུས་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པ་དག་གིས་བདེ་འགྲོ་དང་། ངན་འགྲོ་རྣམས་སུ་སྐྱེ་བ་དག་གི་སེམས་ཅན་གཟིགས་སོ་ཞེས་རྒྱ་ཆེར་སྦྱར་རོ། ། ཡང་དག་པའི་ཤེས་རབ་ཀྱིས་ཟག་པ་རྣམས་ཟད་ནས་ཟག་པ་ལ་སོ་སེམས་རྣམ་པར་གྲོལ་བ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། ། དེ་ལ་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་གང་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་ལ་འདིར་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང་ཁྱོད་ཀྱི་ཆོས་འདི་དག་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེ་བཞིན་གཤེགས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་བ་ཐོབ་ཅིང་། མི་འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་། དགེ་སྦྱོང་ངམ། བྲམ་ཟེ་འམ། སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ཡང་གང་དག་དེ་བཞིན་གཤེགས་པས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་། བར་དུ་གཅོད་པར་མི་འགྱུར་རོ་ཞེས་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་། གང་ཡང་འདིས་འཕགས་པ་ངེས་པར་འབྱུང་བའི་ལམ་སྟེན་པ་དེ་དག་བསྟེན་ཀྱང་། སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་གང་ཡང་འདིར་དེ་ལ་ཞེས་བྱ་བར་རྒྱས་པར་སྦྱར་བ་དང་། ང་ཟག་པ་ཟད་དོ་ཞེས་བདག་ཉིད་ཞལ་གྱིས་འཆེ་བ་ལ་འདིར་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་སྐྱེ་དགུ་ལས་གང་གིས་ཀྱང་ཟག་པ་འདི་དག་ཡོངས་སུ་མ་ཟད་དོ་ཞེས་དེ་ལ་རྒོལ་བའི་མཚན་མ་དེ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ། དེ་བཞིན་གཤེགས་པས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས་བདེ་པ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཤིང་ཁྱུ་མཆོག་གི་གནས་སུ་དམ་བཅས་ཏེ། འཁོར་གྱི་ནང་དུ་སོང་ནས་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་དགེ་སློང་ངམ། བྲམ་ཟེའི་འམ། སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་སྟེ། འདི་དག་ནི་མི་འཇིགས་པ་བཞིའོ།། དེ་ལ་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚོགས་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། འདི་དག་ནི་སོ་སོ་ཡང་དག་པར་རིག་པ་བཞིའོ།། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། འདས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། མ་འོངས་པའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། ད་ལྟར་བྱུང་བའི་དུས་ལ་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་སྟེ། འདི་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ།། དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་དང་། ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་ལྡན་པ་དང་། རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་དང་། སོར་མོ་རིང་བ་དང་ཕྱག་དང་ཞབས་དྲ་བས་འབྲེལ་པ་དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། མདུན་མཐོ་བའི་སྐུ་དང་ལྡན་པ་དང་། བྱིན་པ་རི་དགས་ཨེ་ནྱ་ཡའི་ལྟ་བུ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། རོ་སྟོད་སེང་གེ་འདྲ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་། སྐུ་རྣམ་པར་དག་པ་དང་། མགུར་དུང་ལྟ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚེམ་བཞི་བཅུ་མཉམ་པ་དང་། ཚེམས་མཉམ་ཞིང་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་ལྗགས་ཤིན་ཏུ་རིང་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། ཚངས་པའི་དབྱངས་དང་བྱ་ཀ་ལ་འདིའི་སྒྲ་དབྱངས་དང་། སྤྱན་མཐོན་མཐོང་དང་། སྤྱན་གྱི་རྫི་མཔའི་འདྲ་བ་དང་པགས་པ་སྲབ་པ་དང་། པགས་པའི་མདོག་གསེར་འདྲ་བ་དང་། སྤུའི་ཁུང་བུ་རེ་རེ་བ་དང་། སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་དང་། དབུ་སྐྲ་རིན་པོ་ཆེ་ཨིནྡྲ་ནི་ལ་ལྟ་བུ་དང་སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན་ཏུ་དཀར་བ་དང་། དབུ་གཙུག་ཏོར་དང་ལྡན་པ་དང་། དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོང་ལྟར་ཆུ་ཞེང་གབ་པ་དང་། ཀུན་ཏུ་མཛེས་པ་འདི་ནི། སྐྱེས་བུ་ཆེན་པོའི་མཚན་ཏེ། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་ནི་སྔོན་ཡི་དམ་ལ་བརྟན་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཀྱི་འོག་གི་མཐིལ་གཉིས་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་འདི་ནི། སྔོན་སེམས་ཅན་གཞན་ལ་སྤ་བཀོད་བ་མ་བྱས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་འདི་ནི། སྔོན་སེམས་ཅན་རྣམས་ལ་ཆོས་ཀྱི་བསྲུང་བ་དང་། བསྐྱབ་པ་དང་སྦ་བ་བྱས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་ཞབས་དྲ་བས་འབྲེལ་པ་འདི་ནི། སྔོན་གཡོག་འཁོར་གྱི་དབྱེན་མ་བྱས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་འདི་ནི། སྔོན་ཀོས་དམ་པ་སྣ་ཚོགས་རབ་ཏུ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་འདུན་མཐོ་བའི་སྐུ་དང་ལྡན་པ་འདི་ནི། སྔོན་བཟའ་བ་དང་། བཏུང་བ་རྒྱ་ཆེན་པོ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་བྱིན་པ་རི་དགས་ཨེ་ནྱ་ཡའི་ལྟ་བུ་འདི་ནི། སྔོན་སངས་རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་འདི་ནི། སྔོན་གསང་བའི་ཚིག་བསྲུངས་པ་དང་། འཁྲིག་པའི་ཆོས་སྤངས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་འདི་ནི། སྔོན་དགེ་བའི་ལས་ཀུན་ཏུ་བསྲུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཐལ་གོང་རྒྱས་པ་འདི་ནི། སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་དཔུང་མགོ་ཤིན་ཏུ་ཟླུམ་པ་འདི་ནི། སྔོན་གཞན་དག་ལ་དབུགས་འབྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཕྱག་མ་བཏུད་པར་པུས་མོར་སླེབས་པ་འདི་ནི། སྔོན་གཞན་ལ་བྱ་བ་ཅི་ཡོད་ཅེས་བྱ་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྐུ་རྣམ་པར་དག་པ་འདི་ནི། སྔོན་དགེ་བ་བཅུའི་ལས་ཀྱི་ལམ་ངོམས་མི་མྱོང་བར་ཡང་དག་པར་སྤྱད་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་མགུར་དུང་ལྟ་བུ་འདི་ནི། སྔོན་ནང་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་འགྲམ་པ་སེང་གེའི་འདྲ་བ་འདི་ནི། སྔོན་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་བྱས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚེམས་བཞི་བཅུ་མཉམ་པ་འདི་ནི། སྔོན་སེམས་ཅ།། ལ་མཚུངས་པར་གནས་སྦྱར་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་ཚེམས་ཐགས་བཟང་བ་འདི་ནི། སྔོན་སེམས་ཅན་བྱེ་བའི་བསྡུམས་བྱས་པས་སོ།། དེ་བཞིན་གཤེགས་པའི་ཚེམས་ཤིན་ཏུ་དཀར་བ་འདི་ནི། སྔོན་ཡིད་དུ་འོང་བ་རབ་ཏུ་བྱིན་པས་སོ།། ཚེམས་མ་ཉམས་པ་འདི་ནི། སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་ཀུན་ཏུ་བསྲུངས་པས་གྲུབ་པའོ།། དེ་བཞིན་གཤེགས་པའི་ལྗགས་ཤིན་ཏུ་རིང་བ་འདི་ནི། སྔོན་བདེན་པའི་ཚིག་ཡང་དག་པར་བསྲུང་བས་གྲུབ་པའོ།། དེ་བཞིན་གཤེགས་པའི་རོ་བྲོ་བའི་མཆོག་དང་ལྡན་པ་འདི་ནི། སྔོན་བསོད་ནམས་ཚང་མེད་པས་བདག་ཉེ་བར་བརྟན་ཅིང་གཞན་ལ་རབ་ཏུ་བྱིན་པས་གྲུབ་པའོ། ། དེ་བཞིན་གཤེགས་པའི་ཚངས་པའི་དབྱངས་དང་བྱ་ཀ་ལ་བིངྐའི་སྒྲ་དབྱངས་འདི་ནི། སྔོན་སེམས་ཅན་ལ་ཚིག་འཇམ་པོ་སྨྲས་པ་དང་། ཀུན་ཏུ་དགའ་བའི་ཚིག་ཐོས་པར་བྱེད་པས་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྤྱན་མཐོན་མཐིང་འདི་ནི། སྔོན་བྱམས་པ་དང་ལྡན་པས་སེམས་ཅན་ཡང་དག་པར་བསྲུངས་པས་སོ། ། སྤྱན་གྱི་རྫི་མ་པའི་འདྲ་བ་འདི་ནི། སྔོན་བསམ་པ་བཅོས་མ་མ་ཡིན་པས་སོ།། པགས་པ་སྲབ་པ་འདི་ནི་སྔོན་ཆོས་ཡང་དག་པར་སྡུད་པ་ལས་སུ་རུང་བས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་པགས་པའི་མདོག་གསེར་འདྲ་བ་འདི་ནི། སྔོན་མལ་ཆ་དང་། གདིང་བ་དང་གོས་ལིང་དུ་འོང་བ་བྱིན་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུའི་ཁུང་བུ་རེ་རེ་བ་འདི་ནི། སྔོན་འདུ་འཇི་ཡོངས་སུ་སྤངས་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་འདི་ནི། སྔོན་མཁན་པོ་དང་།། སློབ་དཔོན་དང་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བསྟན་པ་ལ་མཐུན་པར་འཛིན་པས་གྲུབ་པའོ། ། དེ་བཞིན་གཤེགས་པའི་དབུ་སྐྲ་རིན་པོ་ཆེ་ཨིནྡྲ་ནི་ལ་ལྟ་བུ་འདི་ནི། སྔོན་སེམས་ཅན་གྱི་སྲོག་ལ་སྙིང་བརྩེ་བ་དང་། བོང་བ་དང་། དབྱུགས་པ་དང་། མཚོན་ཆ་བོར་བས་གྲུབ་པའོ།། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་སྒོའི་བར་གྱི་དཔྲལ་བའི་སྤུ་ཤིན་ཏུ་དཀར་བ་འདི་ནི། སྔོན་བསྔགས་པར་འོས་པ་རྣམས་ཀྱི་བསྔགས་པ་བརྗོད་པས་མངོན་པར་གྲུབ་པའོ།། དེ་བཞིན་གཤེགས་པའི་དབུ་གཙུག་ཏོར་དང་ལྡན་པ་འདི་ནི། སྔོན་བླ་མ་ལ་གུས་པར་བྱས་པས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐུ་ཤིང་ནྱ་གྲོ་ད་ལྟར། ཆུ་ཞེང་གྲུབ་པ་འདི་ནི། སྔོན་བདག་དང་གཞན་ཏིང་ངེ་འཛིན་ལ་སྦྱོར་བས་མངོན་པར་གྲུབ་པའོ། ། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང་།། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་དག་འཇིགས་པ་ལས་དབུགས་དབྱུང་བ་བྱས་པས་གྲུབ་པ་སྟེ།། དགེ་བའི་རྩ་བ་ཚད་མེད་པས་ཆོས་འདི་དག་ལ་དབང་སྒྱུར་བའི་ཕྱིར། དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་སྐུ་ལ་མངོན་པར་སྒྲུབ་པའོ། ། དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སམ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་།། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་རྩ་མི་མངོན་པ་དང་། རྩ་མདུད་པ་མེད་པ་དང་། ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་། ངང་པའི་སྟབས་སུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། མ་ཡོ་བར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་དང་། སྐུ་རིམ་པར་འཚམ་པ་དང་། སྐུ་ཁོ་ལག་ཡངས་ཤིང་བཟང་བ་དང་མཚན་ཡོངས་སུ་རྫོགས་པ་དང་། གོམ་པ་སྙོམས་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་རྣམ་པར་དག་པ་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་། སྐུ་ཤིན་ཏུ་གྲིམ་པ་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་། སྐུ་ཟླུམ་པ་དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། ཕྱལ་ཕྱང་ངེ་བ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་དང་།། ཀུན་ནས་མཛེས་པ་དང་། ཀུན་ཏུ་སྤྱོད་པ་གཙང་བ་དང་། སྐུ་ལ་སྨེ་བ་དང་། གནག་བག་མེད་པ་དང་།། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་གི་རི་མོ་མདང་ས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་ཡང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་། ལྗགས་སྲབ་པ་དང་། ལྗགས་འཇམ་པ་དང་།། ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང་། མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤང་མཐོ་བ་དང་། ཤངས་གཙང་བ་དང་། སྤུན་ཡངས་པ་དང་། སྤྱན་རིང་བ་དང་། རྫི་མ་སྡུག་པ་དང་། སྤྱན་དཀར་ནག་འབྱེས་ཤིང་ཨུཏྤ་ལའི་འདབ་མ་ཡང་བ་ལྟ་བུར་འདུག་པ་དང་། བྲང་ཆེ་ཞིང་རྒྱས་ལ་འཁྲེགས་པ་དང་། སྤྲིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན་མ་སྣུམ་པ་དང་།། སྙན་ཤལ་སྟུག་ཅིང་རིང་བ་དང་། སྙན་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། འཕྲལ་བ་དབྱེས་འཇམ་པ་དང་། དབུ་ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐ་མི་འཛིང་བ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་དང་ཞབས་ལ་དཔལ་གྱི་བེའུ་དང་། བཀྲ་ཤིས་དང་།། གཡུང་དྲུང་འཁྱིལ་བ་དང་། འཁོར་ལོ་དང་། རྡོ་རྗེ་དང་། པདྨ་དང་། ཉ་ལ་སོགས་པའི་མཚན་ཡོད་པ་ཡིན་ཏེ། འདི་དག་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། ། དགེ་སློང་དག་ཁྱོད་ལ་ཆོས་བཤད་པར་བྱ་སྟེ། ཚང་པར་སྤྱོད་པ། ཐོག་མར་དགེ་བ་དང་། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པཔ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། འདི་ལྟ་སྟེ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡང་དག་པར་རབ་ཏུ་བཤད་པར་བྱ་ཞེས་གང་སྨྲས་པ་དེ་ནི་བཤད་པ་འདི་ཡིན་ནོ། ། དགེ་སློང་དག་འདི་དག་ནི་དགོན་པའི་གནས་སམ། ཤིང་དྲུང་ངམ། ཁང་སྟོང་ངམ། རི་སུལ་ལམ། རིའི་ཕུག་གམ། སོག་ཁྲོད་དམ། བླ་ག་མེད་པ་འམ། དུར་ཁྲོད་དམ། ནགས་ཚལ་གྱི་མཐོངས་སམ། བས་མཐའི་མལ་སྟན་དག་ཏུ་ངེས་པར་བསམ་གཏན་དུ་གྱིས་ཤིག། དགེ་སློང་དག་བག་མེད་པར་གྱུར་ཏ་རེ། ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི་ངེས་ཀྱི་རྗེས་སུ་བསྟན་པའོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྔ་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དེན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་རྫོགས་སོ། ། ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་བཱནྟ་ཐཱ་ག་ཏོ་ཧྱ་ཝ་ཏ། ཏེ་ཥཱ.ུ་ཡོ་ནི་རོ་དྷ་མེ་ཝཾ་ཝཱ་དི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།
CLOSE WINDOW