CLOSE WINDOW

S680:
Wyliee-texts produced with ocr Programm

ནོར་ལྡན་བསོད་ནམས་སྐལ་བ་ཆེ།། སྐལ་བཟང་མཐོང་ན་དགའ་བ་མོ།། མཐར་བྱེད་སྐྲག་བྱེད་འཇིགས་པ་མོ།། ཤིན་ཏུ་དྲག་ཅིང་ཆེར་འབར་མ།། འགྲོ་ལ་གཅིག་ཏུ་ཕན་བརྩོན་ཞིང་། ། སྐྱབས་འོས་མོས་ལ་བྱམས་པ་མོ།། ཚིག་གི་དབང་ཕྱུག་ཕྲ་བ་མོ།། རྟག་པར་ཀུན་ཏུ་འདོད་སྦྱིན་ལ།། དོན་ཀུན་གྲུབ་པ་བཟང་མོ་སྟེ།། སྐས་མ་མ་མ་ནོར་སྦྱིན་མ།། འཇིགས་བྱེད་བསོད་ནམས་གོའུ་ཏ་མ། ། དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཡུམ།། སྒྲོལ་མ་ཡོན་ཏན་མཐའ་ཡས་ཤིང་།། བསམ་པ་ཐམས་ཅད་རྫོགས་མཛད་མ།། མིང་ནི་བརྒྱ་དང་བརྒྱད་པོ་འདི།། ཐོ་རངས་ལངས་ཏེ་གང་ཞིག་ཀློག། སྒྲོལ་མས་འདོད་པའི་དོན་ཐམས་ཅད།། ཕུན་སུམ་ཚོགས་པ་ཐོབ་པར་བྱེད།། འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །། ཁ་ཆེའི་པཎྜི་ཏ་བུད་དྷ་ཨཱ་ཀ་ར་དང་། ། བོད་ཀྱི་ལོ་ཙ་བ་ག་རུབ་ཆོས་ཀྱི་ཤེས་རབ་ཀྱིས་ཁ་ཆེའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། བོད་ཀྱི་ལོ་ཙ་བ་ག་རུབ་ཆོས་ཀྱི་ཤེས་རབ་ཀྱིས་ཁ་ཆེའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སརྦ་དུཥྚ་པྲ་དུཥྚ་ན་མ། མ་ཀྲི་ཏཿ་བྷ་ཡ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏ་ཏཱ་རེ་ཏུ་རེ་སརྦ་དུཥྚ་པྲ་དུཥྚ་ན་མ། མ་ཀྲི་ཏཿ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ནི་ཏ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་གཟུངས་རྫོགས་སོ།། སྟཾ་བྷ་ཡ། མོ་ཧ་ཡ། བན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ནི་ཏ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་གཟུངས་རྫོགས་སོ།། གར་སྐད་དུ། ཨཱརྱ་ཏཱ་རཱ་སྭ་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་ཏེ་ཏཱ་རེ་ཡཻ། ཧཱུཾ་ཧཱུཾ་ཧཱུཾ། ས་མ་ཡ་སྠི་ཏེ། བྷ་ར་བཱ་ར། སརྦ་བྷ་ར་ཎ། བི་བྷུ་ཥི་ཏེ། པདྨ་ནི་པདྨ། མཧཱ་པདྨཱ། ཨ་ས་ན་སྠི་ཏེ། ཧ་ས་ཧ་ས། ཏྲཻ་ལོཿ་པབ་ར་དེ། སརྦ་དེ་བ་ད་ན་པ། པཱུ་ཛི་ཏེ་སྨ་རཱ་ཧཱི། བྷ་ག་བ་ཏེ་ཏཱ་རེ། སྨ་རཱ་ཧཱི། བྷ་ག་བན་ཏ། ཏ་ཐཱ་ག་ཏཱ་སྱ། པུ་ར་ཏཿས་མ་ཡཽ་དྷ་ར་དྷ་ར། མ་ཧཱ་སཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ཎི་ཀ། བི་ཙི་ཏྲ་བྷ་ར་ཎེ། ཨོཾ་བི་ལོ་ཀཱ་ཡ། ཆེ་གེ་མོ། བྷ་ག་བཱན་ཏེ། ཏཱ་རེ། ཧྲཱི་ཧྲཱི་ཧཱུ~ཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ།། དངོས་གྲུབ་ཐམས་ཅད་ཐོབ་པབར་འགྱུར་རོ། ། སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ།། དཀར་པོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླས་པར་བྱའོ། ། གང་འདོད་པ་དེ་སྦྱིན་ནོ།། མཆོག་ཐམས་ཅད་སྟེར་རོ།། མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ།། གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ།། ། རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་ཡ་ཤོ་བ་ཏིཿ་ར་ཎི།

CLOSE WINDOW