Wylie | e-texts produced with ocr Programm |
། རྒྱ་གར་སྐད་དུ། སི་ཧ་ནཱ་ད་ཏནྟྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པརྦ། གསུང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པདྨའི་དབང་ཕྱུག་ཏུ་བསྒྱུར་ཏེ་རྡོ་རྗེའི་གདན་ལ་བཞུགས་སོ།། དེ་ནས་གསང་བའི་བདག་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དང་། ལམ་རྣམས་ཇི་ལྟར་སྦྱང་། ཨེ་མ་ཧོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་མཆོག་སྤྱན་རས་གཟིགས་སེང་གེ་སྒྲ་ཞེས་བྱ་བ་ཡོད་དེ། དེས་སྨོན་ལམ་སྦྱང་བ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱས་སོ།། དེ་ནས་བཅོམ་ལྡན་འདས་པདྨའི་དབང་ཕྱུག་ལངས་ཏེ་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཀཾ་ཊ། བཱིརྱེ་སྭཱ་ཧཱ། ཨོཾ་ཨཱཿཧྲིཿ། ས~ཾ་ཧ་ནཱ་ད་ཧཱུཾ། བྲུཾ་ཨཱཾ་ཛཱི་ཁཾ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་བ་ལི་ནཻ་བྷུ། ཛཱ་ཛཱི་བ་པུཥྤེ་དྷཱུ་པེ་ཧཱུཾ། སརྦ་ཨརྨྨ་ཏེ་ཧཱུཾ། ཨོཾ་བ་ཏ་ཡི། མ་ཧཱ་བ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛཿསྭཱཧཱ། ཨོཾ་བྷཀྵ་བྷཀྵ་ས་མ་ཡ་ཏིཥྛ་ཛཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཏ་པྲ་ཏེ་ཧཱུཾ་ཕཊ། སིད་ཏི་ཀ་ར་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། མ་ཧཱ་ནཱ་ག་གི་ས་ཏི་སརྦེ་བྷུར། ཕུཿཕུཿཕུཿསྭཱ་ཧཱ། ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྠི་ཏི་ས་མ་བ་ཏི། ས་ར་མ་ཏི་སིད་དྷ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཧཱུཾ་སྭཱཧཱ། པུཿཧྲཱིཿ། ཨོཾ་སི་ཧ་ནཱ་ད་ཧཱུཾ་ཕཊ་ཕཊ། ནཱ་ག་དུ་བ་ལི་མཱ་ར་ཡ་ཕཊ། ཛྭཱ་ལ་ཛྭ་ལ་ཙྪ་ཕཊ། ཨོཾ་ཨ་བིགྷྣཱནྟ་ཀྲྀཏ་ཧཱུཾཿ། ཨོཾ་ཨགྣ་ཡེ་ཨ་ཏི་བྱ། ཨ་བྷི་ས་མ་ཡ་ཡ་ཤ། མ་ཧཱ་ཀྲི་ཡེ་ཧ་བྱ། ཀ་བྱ་མ་ཧཱ་ནི་ཡ་སྭཱཧཱ། ཨོཾ་བྷ་བ་ག་ཨགྣ་ཡེ། ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཨཱཿཧྲཱིཿསི་ཧ་ནཱ་ད་བཛྲ་ཙཀྲ་བརྟི་ལོ་ཀི་ཀ་ནརྀ་བྲུཾ་ཏྲ~ཾ་ལོ་ཀོཏྟ་ར་ཎི་སི་ཧ་ནཱ་ད་བྲུཾ་བྲུཾ་བྲུཾ་ཧཱུཾ་ན་ཧཱུཾ་ན་སིཾ་ཧ་ནཱ་ད་བྲུཾ་བྲུཾ་བྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། གསང་བའི་བདག་པོ་འདི་ནི་མཎྜལ་གྱི་བསྒྲུབ་པ་ཞེས་བྱ་བའོ།། གསད་དང་། ཕྱིར་ལྡོག་པ་དང་། གདུག་པ་དང་། བཅིང་བ་དང་། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ། མངར་གསུམ་ལག་པའི་མཐིལ་དུ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུར་རོ།། འདི་ནི་ཀླུའི་སྡེ་དཔོན་ཞེས་བྱ་སྟེ། སེང་གེའི་སྟེང་དུ་ཟླ་བ་ལ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། ། གཡས་ན་ཐོད་མཚན་རྩེ་གསུམ་ལ།། དྲག་པོའི་རྒྱལ་རིགས་དབང་དུ་བསྡུས།། པདྨའི་རྩེ་ལ་ཐོད་པ་ནི།། འཕྲིན་ལས་བཞི་ལྡན་ཀུ་མུ་ད།། ཤེས་རབ་སྦྱོར་བའི་རལ་གྲིར་བཅས།། དཀའ་ཐུབ་ལྡན་པའི་སྐུ་དེ་ལ།། རིག་སྔགས་རྣམ་པར་རྒྱན་པ་པོ།། གསུམ་དང་ལྔ་ནི་མདུན་དུ་འཕྱང་།། རྩེ་མོར་འོད་དཔག་མེད་པས་བརྒྱན།། སེང་གེའི་ཆ་ལས་བྱུང་བ་ཡིན།། འདམ་སྐྱེས་དམར་པོའི་ལོ་མ་གཉིས།། པདྨ་བཞི་ལ་སྔགས་བཞི་ལྡན།། རང་ལུས་འོག་གནས་ཐལ་མོ་སྦྱོར།། སྐུ་ལ་འདུད་ཅིང་འཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི་བསྐྱོད་པའི།། ཐུགས་ཀ་ནས་ནི་སྔགས་འོད་འདོན།། སྤྲོ་བ་གསུམ་དུ་ལྡན་པའི་སྔགས། ། ཉི་ཤུ་རྩ་གཅིག་གདོན་པར་བྱའོ།། གསང་བའི་བདག་པོ་རྒྱུད་འདི་ལ་སྨོད་པའི་སེམས་ཅན་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ།། གསང་བའི་བདག་པོ་རྒྱུད་འདི་ཉན་པ་དང་། སེམས་པ་དང་། མཆོད་པ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས་ཅན་དེ་དག་ལ་རྒྱལ་ཆེན་བཞིའི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་སྲུང་བ་དང་། སྒྲུབ་པ་དང་། སྦ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད། དེ་བས་ཆེས་ལྷག་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་སྲུང་བ་བཞིན་དུ་སྲུང་བར་འགྱུར་རོ། བདུད་ཀྱིས་བར་དུ་གཅད་པར་མི་ནུས་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་པདྨོ་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ་ལས་ཐར་པར་འགྱུར་རོ།། ཚེ་འདི་མ་དང་ཆུའི་འཇིགས་པ་ལས་ཐར་པར་འགྱུར་རོ། ། འདིར་ནི་མདོ་ཙམ་སྨོས་སུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ།། གང་རྒྱུད་འདི་ལ་གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ན། དེ་ལ་ལྷའི་བུ་དང་། ཀླུའི་བུ་ཁྱེད་རྣམས་ཀྱིས་སྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བའི་བདག་པོ་དང་། ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླང་བར་བྱས་སོ། ། དེ་ནས་གཞན་སྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲཛྙཱ་ཀཱ་རཱ་དྭང་། བོད་ཀྱི་ལོ་ཙ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་ནུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱི་ཡ་སི་ཧ་ནཱ་ད་ན་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྨྲ་གཟུངས་ཞེས་བྱ་བ།
CLOSE WINDOW