CLOSE WINDOW

S636: འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མ་དྲ་བ་ཞེས་བྱ་བ
Wyliee-texts produced with ocr Programm

། ། རྒྱ་གར་སྐད་དུ། ཨཱརྱ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཛྭ་ལ་མཱུ་ལ་ཏནྟནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལེ་གུས་པར་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཧི་མ་ལ་ཡའི་ཚལ་ཆེན་པོ་ཙན་དན་སྡོང་པོ་དང་མྱུ་གུ་རྒྱས་པའི་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། འདི་ལྟ་སྟེ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་གཡ་འོད་སྲུངས་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་ཀུན་འགེད་གཞོན་ནུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་ལ་སོགས་པ་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། པདྨ་དཀར་པོ་དང་། ཉི་འོད་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། པདྨའི་སྤྱན་དང་། ཡེ་ཤེས་དབང་ཕྱུག་དང་། པདྨའི་དབང་ཕྱུག་དང་། རྡོ་རྗེའི་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཀུན་ཏུ་བཟང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་ནམ་མཁའི་སྙིང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། འཇིག་རྟེན་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བློ་གྲོས་མི་ཟད་པ་དང་། ནམ་མཁའི་མཛོད་དང་། བློ་གྲོས་རྒྱ་མཚོ་དང་། མཐུ་ཆེན་པོ་ཐོབ་པ་དང་། ཟླ་འོད་དང་། ཟ་བ་ཅན་གྱི་འོད་དང་། སྤོབས་པ་བརྩེགས་པ་དང་། མྱ་ངན་དང་མུན་པ་ཐམས་ཅད་སེལ་བའི་བློ་གྲོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་། གཞན་ཡང་གཙོར་བྱམས་པ་ལ་གནས་པའི་དགེ་སློང་མང་པོ་དང་། དགེ་སློང་མ་མང་པོ་དང་། དགེ་བསྙེན་དང་། དགེ་བསྙེན་མ་མང་པོ་དང་། ལྷའི་ཚོགས་དང་། ཀླུའི་ཚོགས་དང་། དེ་བཞིན་དུ་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་དང་། ཤ་ཟ་དང་། མི་དང་། མི་མ་ཡིན་པ་བྱེ་བ་ཕྲག་དྲུག་དང་། ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་དང་། རྡོརྗེ་གཤིན་རྗེ་གཤེད་དང་། རྡོ་རྗེ་གཞན་གྱིས་མི་ཐུབ་པ་དང་། རྡོ་རྗེ་རྟ་མགྲིན། རྡོ་རྗེ་བགེགས་མཐར་བྱེད་དང་། རྡོ་རྗེ་གཙུག་ཏོར་དང་། རྡོ་རྗེ་གནོད་མཛེས་རྒྱལ་པོ་ལ་སོགས་པ་བདུན་ནུ་དང་སྤྱན་མ་དང་། མཱ་མ་ཀྵི་དང་། ན་བཟའ་དཀར་མོ་དང་། སྒྲོལ་མ་དང་། འོད་ཟེར་ཅན་དང་། དབྱངས་ཅན་མ་དང་། ཕག་ཞལ་མ་དང་། ཁྲོ་གཉེར་ཅན་དང་། རི་ཁྲོད་མ་དང་། དྲག་སེལ་མ་དང་ནོར་རྒྱུན་མ་དང་། དཀར་མོ་དང་། ཡིད་བཟང་མ་དང་། རྣམ་པར་རྒྱལ་མ་དང་། དཔལ་འཕྲེང་མོ་དང་། ས་འཛིན་བཟང་མོ་དང་། རྡོ་རྗེ་དབང་ཕྱུག་མ་ལ་སོགས་པ་སྟོང་ཕྲག་དྲུག་བརྒྱ་དང་ཐབས་ཅིག་ཏུ་བཞུགས་སོ། ། དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་བླ་མ་དང་། བཀུར་སྟི་དང་། རིམ་གྲོ་བྱ་བའི་ཕྱིར་མཆོད་པ་དུ་མས་མཆོད་ཅིང་བསྔགས་པ་དུ་མས་བསྟོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཐུགས་རྗེ་ཆེན་པོ་ཡོངས་སུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་ཤིང་ལྟས་བཅོ་བརྒྱད་དུ་གྱུར་ཏོ།། དེའི་ལྟས་དེ་མཐོང་ནས་ལང་ཀའི་རྒྱལ་པོ་སྒྲ་སྒྲོགས་ཤིན་ཏུ་སྙེམས་པ་དང་ལྡན་ནས་རང་གི་འཁོར་དུ་བ་དང་ལྷན་ཅིག་དེར་ལྷགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྒྲ་སྒྲོགས་ཀྱི་སེམས་ཀྱིས་རྟོག་པ་ཐུགས་སུ་ཆུད་ནས་སྐུའི་གནས་ཐམས་ཅད་ནས་འོད་ཟེར་བྱེ་བ་ཕྲག་དུ་མ་བྱུང་ངོ་། ། འོད་ཟེར་དེ་དང་ས་གཡོས་པ་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་གསལ་བར་གྱུར་ཏོ།། དེའི་ཚེ་སྒྲ་སྒྲོགས་སྙེམས་པ་དང་བཅས་པས་དེའི་འཁོར་ཐམས་ཅད་ཀྱིས་འཛམ་བུའི་གླིང་དུ་ཡམས་ནད་ལ་སོགས་པས་རྣམ་པར་འཚེ་བ་དེ་ཐུགས་ཀྱིས་ཡོངས་སུ་དགོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གདོང་བཅུ་གཅིག་པ་དྲང་སྲོང་རིག་སྔགས་འཆང་བྱེ་བ་ཕྲག་བརྒྱ་སྟོང་དང་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། གཡས་ཕྱོགས་སུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་སངས་རྒྱས་ཀྱི་མཐུས་ལྷའི་ཚོགས་རྣམས་ཀྱི་ནང་ནས་ལྷའི་བུ་རིན་པོ་ཆེ་པདྨའི་ཐབས་བརྒྱན་པ་ཞེས་བྱ་བ་བཞེངས་ཏེ་ཐལ་མོ་སྦྱར་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན།། རིག་སྔགས་འཆང་བའི་ཚོགས་དང་བཅས།། ཆེ་བའི་བྱིན་རླབས་ལྡན་པ་རྣམས།། སྒྲ་སྒྲོགས་སྙེམས་པ་གཞོམ་པ་དང་།། ཉོན་མོངས་རྒྱུད་ནས་གདོན་པ་དང་། ། སེམས་ཅན་རྣམས་ལ་ཕན་པ་དང་།། བདག་ལ་ཤིན་ཏུ་སྨན་པའི་ཕྱིར།། སྐུ་དང་རྗེས་སུ་མཐུན་པ་ཡི།། རིག་སྔགས་སྦྱོར་བ་ཁྱད་པར་ཅན།། སྙིང་པོ་དམ་པ་བཤད་དུ་གསོལ།། དེ་ཚེ་འཁོར་ཚོགས་ཐམས་ཅད་ཀྱིས། ། མཁའ་ཕྱོགས་མེ་ཏོག་ཆར་གྱིས་བཀང་།། བཅོམ་ལྡན་ཐུབ་པའི་དབུ་ལ་ནི།། རིན་ཆེན་མེ་ཏོག་གདུགས་སུ་གྱུར།། ལྷ་རྣམས་གཙང་མར་སྦྱར་བ་ཡི།། ཡོན་ཆབ་བདུག་སྤོས་དྲི་དང་བཤོས། ། ཅི་འབྱོར་དད་པའི་སྟོབས་ཀྱིས་ཕུལ།། ཐུབ་པས་ནམ་མཁའི་མཛོད་དུ་བརླབས།། ལྷ་ཡི་བུ་མོ་དུ་མ་ཡིས།། རོལ་མོ་སིལ་སྙན་འཕན་གདུགས་དང་།། བླ་རེ་རྒྱལ་མཚན་ལྷབ་ལྷུབ་དང་། ལྔ་ལྗིན་བཟའ་དུམས་མཆོད།། དེ་ནས་མགོན་པོ་སྤྱན་རས་གཟིགས།། པདྨ་གཞོན་ནུའི་ཞལ་མངའ་བས།། བཞེངས་འཛུམ་ཐལ་མོ་སྦྱར་ནས་ནི།། སྟོན་པ་ལ་ནི་འདི་སྐད་གསོལ།། སྒྲ་སྒྲོགས་བཞིན་གྱིས་སྙམ་པ་དང་། ། མདའ་དང་རྩལ་གྱིས་དྲེགས་པ་སྟེ།། འདི་ནི་ལེགས་བརྩམས་ལས་བྱུང་མིན།། ཤིན་ཏུ་ལོག་པ་ལས་ཀྱང་མིན།། སྔོན་དུ་སངས་རྒྱས་གདོང་མཛེས་ཀྱི།། བསྟན་པ་ལ་ཡང་མགོ་བཏང་བའི།། བསོད་ནམས་གྲངས་ཀྱིས་བྱུང་བ་ཡིན། ། ལགས་པ་དུ་མར་འཁྲུལ་པ་ནི།། ཟས་དང་སྣོད་སྤྱད་དགོས་ནོར་རྒྱན།། བསྐལ་པ་བཞི་བཅུའི་མཆོད་སྦྱིན་ཏེ།། དེ་ནས་རྩལ་དང་ཤུགས་ཀྱང་ཡིན།། མདའ་ནི་བྷྲིང་གི་རི་ཏི་ཡི།། བྱིན་རླབས་སྔོན་དུ་བྱེད་མོད་ཀྱང་། ། གྲངས་མང་ཚུལ་ཁྲིམས་བྲལ་བས་ན།། སྲིན་པོའི་རིགས་སུ་འཁྲུངས་པ་དང་།། འཁོར་བཅས་གཞན་ལ་གནོད་འགྱུར་ཡིན།། ངས་ནི་ངང་ཚུལ་རྨད་བྱུང་བའི།། ལུས་ཀྱི་བདེ་གཤེགས་སྦྱིན་པ་དང་།། སྒྲུབ་བརྩོན་ལགས་བྱས་མཐའ་ཡས་པ།། སྤྱོད་བཟང་ལ་གནས་བསྒྲལ་བའི་གྲངས།། གངྒཱ་ཀླུང་གི་རྡུལ་དང་མཚུངས།། དེ་སྐད་འབྲས་བུ་དེ་བརྩམས་ཏེ།། དང་པོའི་ལས་ཅན་ཇི་སྙེད་ལ། ། ཕན་གདགས་གཞི་ནི་བྱ་བའི་ཕྱིར།། ཅུང་ཟད་བསྡུས་ནས་བརྗོད་བྱ་སྟེ།། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། སྔོན་ཆེ་འདས་དུས་བསྐལ་པ་ནི།། གངྒཱ་ཀླུང་བཅུའི་སྔ་རོལ་གྱི།། ཆེར་འདས་པ་ཡི་སྔ་རོལ་ན།། བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།། མ་ན་ད་རའི་དྲི་ཞེ་བྱ་བ།། འཇིག་རྟེན་སྟོན་པ་བྱུང་བའི་ཚེ།། བདག་ནི་ཁྱིམ་བདག་དྲག་པོར་གྱུར།། ཐུབ་པ་དེ་ལ་རག་སྔགས་མནོས།། ཐོབ་མ་ཐག་ཏུ་བསྐལ་པའི་གྲངས། ། བཞི་ཁྲི་སྙེད་ཀྱི་འཁོར་བ་བསྙིལ།། དེ་རྗེས་བསྐལ་པ་གངྒཱ་ཀླུང་།། བྱེ་བ་སྙེད་གཅིག་སྔ་རོལ་ན།། བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།། ཐོགས་མེད་པདྨ་བརྒྱ་ཡི་སྤྱན།། གཙུག་ཏོར་ཡོན་ཏན་རབ་རྒྱས་པའི། ། འོད་ཟེར་རྒྱལ་པོ་ཞེས་བྱ་བ།། འཇིག་རྟེན་སྟོན་པོ་བཞུགས་པའི་ཚེ།། བདག་ཉིད་དྲང་སྲོང་བདག་པོར་གྱུར།། རིག་སྔགས་འདི་མནོས་བསྒྲུབས་པ་ཡིས།། ཕྱོགས་བཅུའི་སངས་རྒྱས་ཞལ་མཐོང་ཞིང་། ། སྐྱེ་མེད་ཆོས་ལ་བཟོད་པ་ཐོབ།། དེ་རྗེས་འདས་རུས་བསྐལ་པ་ནི།། བྱེ་བ་ཕྲག་བརྒྱའི་སྔ་རོལ་ན།། བདེ་གཤེགས་རྫོགས་སངས་རྒྱས་ཀྱི་མཚན།། ཚེ་དཔག་མེད་ཅེས་འཇིག་རྟེན་དུ། སྟོན་པ་བྱུང་བ་བདག་གིས་མནོས།། དེ་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས།། བདག་ལ་དབང་བསྐུར་ལུང་བསྟན་མཛད།། ཁྱོད་ཀྱི་སྔོན་དུ་བསྐལ་པའི་གྲངས།། བརྗོད་མི་ལང་ནས་རིག་སྔགས་ཕྱིར།། ཡང་དག་སྟོང་ཕྲག་སྟོང་སྙེད་ཀྱང་།། དང་བའི་མཆོད་སྦྱིན་ཆེན་པོ་བྱས།། བྱེ་བ་ཕྲག་གྲངས་བཅུ་གཅིག་ཏུ།། ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་བླངས།། དེ་དང་དེ་ཡི་རྣམ་སྨིན་མཆོག། སངས་རྒྱས་ཞིང་ཁམས་རབ་འབྱམ་དུ། ། ཡང་དང་ཡང་དུ་འབྱུང་བར་འགྱུར།། ཕྱིས་ནི་འདྲེན་པ་ཤཱཀྱ་ཞེས།། མི་མཇེད་འཇིག་རྟེན་ཁམས་འཁྲུངས་ཚེ།། མི་ཡུལ་ལས་ཀྱང་ཁྱད་པར་དུ།། ཡི་དགས་གླིང་དུ་སྐྱེས་པ་འགག་གཏན་ལ་འདུད་འཕེལ་བྱ་བའི་ཕྱིར། ། མཚན་མོ་མུན་ནག་སྤྲིན་རུམ་དུ།། སྐད་ཅིག་གློག་འགྱུ་ཇི་ལྟ་བར།། རིག་སྔགས་འཆང་བ་གདོང་བཅུ་གཅིག། ཡན་ལག་སྟོང་དང་ལྡན་པ་ལ།། སྤྱན་ནི་ཚིག་སྟོང་སུམ་ཅུ་པའི། ། མཚན་དང་ལྡན་པའི་སྐུ་འབྱུང་འགྱུར།། དེ་ཚེ་སྐལ་ལྡན་ལ་ལ་ཞིག། མཚན་ནས་བརྗོད་ཅིང་སྐུལ་མོས།། རིག་སྔགས་ཟློས་པ་པོ་གང་ཞིག། འཇིག་རྟེན་འདོད་པ་ཀུན་གྲུབ་ཅིང་།། ཕྱི་ནང་ཡེ་ཤེས་ཉིས་འགྱུར་རོ། ། ལུང་བསྟན་དེ་སྐད་ཐོབ་པའི་ཕྱིར།། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག། གྲངས་སྙེད་ཞལ་ནས་གསུངས་པ་ཡི།། རིག་སྔགས་སྙིང་པོ་གདོང་བཅུ་གཅིག། མཐུ་ཆེན་ཐོགས་པ་མེད་པ་སྟེ།། འགྲོ་ལ་སྨན་ཅིང་བདེ་བ་དང་། ། ནད་ཀུན་སེལ་བྱེད་སྡིག་ཀུན་སྦྱོང་།། བཀྲ་ཤིས་མེད་པ་ཀུན་ཟློག་ཅིང་།། རྨི་ལམ་མཚན་མ་ངན་ཀུན་སེལ།། དུས་མིན་འཆི་དང་ངན་སེམས་ཟློག། རྟག་ཏུ་དཔལ་དང་སེམས་བདེ་ཐོབ།། མྱ་ངན་སྡུག་བསྔལ་ངལ་བ་སེལ།། རྩོད་འཁྲུག་ཐམས་ཅད་ཞི་བ་དང་།། བདུད་དང་གདོན་བགེགས་ཞི་བར་འགྱུར།། འཇིག་རྟེན་སྨོན་པ་ཀུན་འགྲུབ་ཅིང་།། བདུད་དང་བར་ཆད་མཚོན་ཆ་ནད།། དབྱིག་པ་རྡེག་དང་བཅིང་བ་དང་།། བཙོན་རར་བཅུག་དང་མཚོན་ཆས་བརྩལ།། གསོད་སར་ཁྲིད་དང་ཡན་ལག་གཅད།། མིག་འབྲུ་མཚོན་གྱིས་གཙགས་པ་དང་།། ཆུ་དང་མེ་དང་རླུངས་གཡོས།། དུག་དང་བྱད་སྟེམས་རོ་ལངས་དང་། ། ཆོམ་རྐུན་མི་མ་ཡིན་རྣམས་གནོན།། རིག་སྔགས་འདི་ཡིས་བསྲུངས་པ་དང་།། ལེན་དང་འཛིན་དང་བྲི་བ་དང་།། ཀློག་དང་ཁ་ཏོན་བཤད་སོགས་རྣམས།། བརྩོན་ལ་འཇིག་རྟེན་ལྷ་བཅས་དང་། ། བདུད་དང་ཚངས་པ་དགེ་སྦྱོང་དང་།། བྲམ་ཟེ་བཅས་པས་གནོད་པ་མེད།། སྔོན་གྱི་ལས་དྲག་ཡོད་པ་ཡང་།། བྱང་ཞིང་བསྲབས་ཏེ་མེད་པར་འགྱུར།། ངེས་པའི་དངོས་པོ་འདི་ལགས་པས།། རིག་ནས་མངོན་སུམ་ཡིད་ཆེས་པར།། རྣམ་པར་རྟོག་མེད་སེམས་ཀྱིས་བླང་།། དེ་སླད་སྐྱབས་དང་སྐྱོབ་པ་དང་།། སྲུང་དང་དབུགས་འབྱིན་དཔལ་མགོན་དང་།། གླིང་དང་ཁང་ཁྱིམ་འདི་ཉིད་ཡིན།། ཉེ་རིང་ས་ཕྱོགས་ཇི་སྲིད་པར། ། མཚམས་བཅད་ནས་ནི་རིག་སྔགས་དང་།། འབྱུང་པོ་རྣམས་ཀྱིས་འཚེ་བ་མེད།། གང་གི་སངས་རྒྱས་ཕྱག་འཚལ་མཆོད།། སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས།། མངོན་པར་དགའ་ཞིང་གཟུངས་སྔགས་འདིས། ། ཉི་ཤུ་རྩ་གཅིག་བརྗོད་པ་ལ།། ཕྱོགས་བཅུ་སངས་རྒྱས་མ་ལུས་པ།། མཚུངས་པར་ཡི་རངས་ལེགས་པ་སྦྱིན།། རྩ་བ་བཞི་དང་མཚམས་མེད་ལྔ།། མ་ལུས་སྡིག་ཀུན་འབྱང་བར་འགྱུར། ། གནོད་སྦྱིན་སྲིན་པོ་སོགས་སྣང་ཡང་།། གཟུངས་དང་བྱམས་པའི་སྙིང་རྗེའི་སེམས།། དང་པོ་བསྐྱེད་ནས་བླ་མེད་ཀྱི།། བྱང་ཆུབ་སེམས་མཆོག་ས་ལ་དགོད།། གངྒཱ་ཀླུང་བརྒྱའི་སངས་རྒྱས་ཀྱི།། མཚན་ནས་བརྗོད་ཅིང་བསྟོད་པ་བས།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་།། བདག་གི་མིང་བརྗོད་དྲན་བྱེད་ཅིང་།། རིག་སྔགས་རྒྱུན་དུ་བརྗོད་ན་དེ།། མྱུར་དུ་མཆོག་དགའི་ས་འཐོབ་ཙོང་།། ལག་པའི་མཐིལ་ནས་མཐོང་བ་ལྟར། ། བླ་མེད་བྱང་ཆུབ་མྱུར་དུ་འབྱུང་།། རྩེ་གཅིག་དྲན་པས་གུས་བྱས་ཏེ།། རྟག་ཏུ་ནང་པར་སྔར་ལངས་ནས།། ཆོས་བཞིན་དུ་ནི་དགེ་དགྱེས་ཏེ།། བརྒྱ་རྩ་བརྒྱད་དུ་གང་བརྗོད་པ།། ཚེ་འདིར་ཕན་ཡོན་བཅུ་ཐོབ་འགྱུར། ། རྟག་པར་ལུས་ལ་ནད་མེད་དང་།། ལྷ་དང་སངས་རྒྱས་ཀུན་གྱིས་སྲུང་།། ནོར་འབྲུ་རིན་ཆེན་གོས་རྙེད་དང་།། དགྲ་སྡང་དུལ་ཞིང་འཇིགས་མེད་དང་།། གཟའ་རྣམས་བཀུར་ཅིང་རིགས་བཙུན་འཐོབ།། དུག་དང་འདྲེ་གཤིན་གདོན་བྲལ་དང་།། ལུས་ལ་དྲི་ཞིམ་ཀུན་དགའ་དང་།། བསམ་ངན་མི་སྙན་རྗོད་བྱེད་དང་།། རིམས་ནད་བྲལ་ཞིང་དགང་སླ་དང་།། དུས་མིན་འཆི་བ་སངས་པར་འགྱུར།། གཞན་ཡང་ཡོན་ཏན་བཞི་ཐོབ་སྟེ། ། འཆི་ཀར་སངས་རྒྱས་ཞལ་མཐོང་དང་།། མཁའ་ལ་འོད་འབྱུང་ལྷས་མཆོད་དང་།། ནམ་ཡང་ངན་འགྲོར་མི་འགྲོ་ཞིང་།། བདེ་བ་ཅན་ནམ་བདེ་འགྲོར་སྐྱེ།། རིག་སྔགས་འདི་དང་སངས་རྒྱས་ཀྱི། ། ཡེ་ཤེས་སྙིང་པོ་འཛིན་པ་ལ།། བྱང་ཆུབ་སེམས་དང་སངས་རྒྱས་ཀྱི།། རྣམ་པར་ཐར་པའི་ཆོས་སྒོ་འཐོབ།། བསྐལ་པ་དུ་མར་དགེ་བསགས་དང་།། རིག་སྔགས་འདི་རྙེད་འགྱུར་བ་སྟེ།། དང་ལྡན་ཁྲེལ་ཡོང་ངོ་ཚ་ཤེས། ། བློ་བཟང་བརྩོན་ལྡན་སྙིང་རྗེ་ཆེ།། མདོག་དཀར་དང་བཟང་གསོང་པོར་སྨྲ།། སེམས་འཇམ་ལུས་ངག་དལ་བར་སྤྱོད།། བླ་མ་ལ་གུས་བརྟུལ་ཞུགས་ཆེ།། སྲེད་པ་ཆུང་ཞིང་སྦྱིན་ལ་དགའ། ། སངས་རྒྱས་གུས་ཤིང་སེམས་བཅས་པ།། ཉིན་མཚན་རྒྱུན་དུ་རིག་སྔགས་འདོན།། བཅུ་བཞི་འམ་ནི་བཅོ་ལྔ་དང་།། ཁྱད་པར་དུ་ནི་ཚེས་བརྒྱད་ལ།། གསོ་སྦྱོང་སྐུ་ཡི་མདུན་དུ་བླང་།། སྐྱོན་མ་ད་ཙན་དན་དཀར་སོགས་ཤིང་།། རིགས་བཟང་ལས་བྱས་སྐུ་གཟུགས་སམ།། ཡང་ནས་རྡོ་རིན་ཆེན་སོགས།། བཟང་ལས་བདེ་བར་གཤེགས་གཟུགས་བྱ།། ཡང་ན་རིས་སུ་བྲིས་ཀྱང་རུང་།། སྐུ་གཅིག་པུ་འམ་ལྷ་ཚོགས་ཀྱི། ། དཀྱིལ་འཁོར་རྒྱས་པར་བྱས་པ་ལ།། མངོན་སུམ་བཞིན་དུ་དམིགས་བྱས་ན།། མྱུར་དུ་མངོན་སུམ་མཐོང་བར་འགྱུར།། ཡོན་ཏན་ཀུན་གྱིས་བརྒྱན་པ་ཡི།། བུམ་པ་ཆུ་དང་བཅས་པ་ལ།། སྔགས་བརྗོད་པས་ནི་འདོད་དོན་ཀུན། ། འགྲུབ་འགྱུར་ཐེ་ཚོམ་མི་བྱའོ།། ནད་དང་འཕྲོད་པའི་སྨན་རྣམས་ལ།། སྔགས་བཟླས་བཟའ་འམ་བྱུགས་པས་སམ།། བདུགས་པ་ཙམ་ཡང་གནོད་པ་སེལ།། སྲད་བུ་འམ་ནི་གོས་དག་དང་།། ཕྱག་རྒྱས་གདབས་ཀྱང་དེ་བཞིན་ནོ།། འདོད་པ་གང་དང་གང་ལ་ཡང་།། མེ་ཡི་ལས་ཀྱི་སྦྱོར་བར་བྱ།། གསང་སྔགས་འདོན་འཛིན་ཡིད་བྱེད་ལ།། བདག་ཀྱང་རྗེས་སུ་འཇུག་པར་བྱ།། དེ་སྐད་གསུངས་པའི་དེ་མ་ཐག་བྱང་ཆུབ་སེམས་དཔའ་འཇམ་དབྱངས་ཀྱིས། ། སྔགས་ཀྱི་ངོ་བོ་ཉིད་ལ་ནི།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་རང་བཞིན་མེད་པའི་ཆོས།། སྣ་ཚོགས་གཟུགས་སུ་སྣང་བ་ལ།། བརྗོད་རྟོག་བྲལ་བའི་སྐད་ཅིག་ནི།། ཞི་བའི་ཆེ་བ་ཉིད་ཡིན་ནོ།། སྲེད་པ་དངོས་པོ་མེད་པ་ལ།། དམིགས་པར་བྱེད་པ་སྒོམ་པའོ།། དམིགས་པ་མཐར་ཐུག་མེད་མཐོང་བ།། དེ་ནི་སྒོམ་པའི་འབྲས་བུའོ།། ཀུན་ཏུ་བཟང་པོའི་གསང་སྔགས་ཀྱི།། དོན་ལ་ཆེད་དུ། འདི་ལྟར་བརྗོད།། ཨེ་མ་སྐུ་གསུམ་ཐ་དད་པར།། ལུས་ངག་ཡིད་ཀྱི་དོན་ལས་བྱུང་།། དོན་གཅིག་པ་ཡི་རྣལ་འབྱོར་གྱིས།། སྐུ་གཅིག་ཏུ་ནི་ངེས་པར་གཟུང་།། གང་ལ་གང་ཕན་སྐྱེད་པ་ལ།། འཇའ་ཚོན་བཞིན་དུ་སྣང་མོད་ཀྱང་། ། ཚིག་གིས་བརྗོད་པའི་སྤྲུལ་ཙམ་སྟེ།། ཡེ་ཤེས་སྐུ་ལ་དབྱེ་བ་མེད།། སྒྲིབ་པ་རྣམ་སེལ་ལས་ལ་ནི།། ཆེད་དུ་བརྗོད་པ་འདི་ལྟར་བརྗོད།། ཨེ་མ་དངོས་པོ་ངོ་བོ་ཉིད།། མ་བྱུང་མ་སྐྱེས་མ་འགགས་པ། སྐྱེ་འགག་ལྟ་བུའི་ཆོ་འཕྲུལ་ནི།། སྐུ་དེས་ཕྱག་རྒྱ་སྔགས་སུ་སྣང་།། ཡོན་ཏན་ཆུ་ཡི་རླབས་བཞིན་དུ།། སྐྱེ་བའི་ངོ་ལ་གསལ་བར་བྱེད།། ནན་ཏན་གྱིས་ནི་དེ་ཉིད་ཀྱང་།། རྒྱུ་བ་མེད་པར་ཁོང་དུ་ཆུད།། བྱང་ཆུབ་སེམས་དཔའ་ས་སྙིང་གིས། ། རྒྱུ་ལ་ཆེད་དུ་འདི་བརྗོད་དོ།། ཨེ་མ་རང་བཞིན་རྣམ་དག་ལ།། ཐོགས་མེད་བློ་ཡི་མུན་པའི་དབྱིངས།། རྣམ་རྟོག་བག་ཆགས་ཀྱིས་དཀྲུགས་ནས།། བློ་བུར་དཀར་གནག་ལས་སུ་སྣང་།། དཀར་པོ་སངས་རྒྱས་ཆོས་དགེ་འདུན།། དེ་ལ་སྒྲོ་བཏགས་བྱང་ཆུབ་སེམས།། དེ་ལས་བྱུང་བའི་འཕྲིན་ལས་ཀྱིས།། ཉོན་མོངས་ལས་ཀྱི་སྒྲིབ་སྦྱོང་བྱེད།། མགོན་པོ་བྱམས་པས་སྔགས་སྒྲུབ་ཀྱི།། ལམ་ལ་ཆེད་དུ་འདི་ལྟར་བརྗོད། ། ཨེ་མ་གདོད་ནས་གྲོལ་ཞིའི་སེམས།། ཆུ་ལྟར་དང་བར་སྣང་མོད་ཀྱང་།། སྣ་ཚོགས་འགྲོ་བའི་གཟུགས་བྱུང་བས།། མུན་པོ་ཐིབས་པོར་རྣམ་པར་བསྒྱུར།། དེ་ཉིད་སེམས་ཀྱི་སྣང་བའི་ཕྱིར། འབད་རྩོལ་མེད་པའི་སེམས་ཀྱིས་གྲོལ།། རྩོལ་བའི་སེམས་ཀྱི་དྲིམས་ནི།། དྲི་མ་མེད་པའི་སེམས་འཆིང་འགྱུར།། ནམ་མཁའི་སྙིང་པོས་སྔགས་མིང་ལ།། ཆེད་དུ་འདི་ལྟར་བརྗོད་པར་མཛད། ། ཨེ་མ་སྟོང་པ་མཚན་མ་བྲལ།། ཁ་དོག་དབྱིབས་བྲལ་ཆོས་ཉིད་དག། དགའ་བའི་སེམས་ཆེན་གསལ་བྱེད་པ།། ཤེས་རབ་ཆེན་པོའི་ཡི་གེ་མིན།། མཚན་དཔེ་ཡེ་ཤེས་བདེ་ལྡན་སྐུ།། གང་གང་དོན་དུ་དེ་སྣང་བ། ། སྙིང་རྗེ་ཆེན་པོའི་རིང་ཤུགས་ཀྱིས།། འབྱུང་འགྱུར་ཡི་གེ་ཏ་ཡི་དོན།། བྱང་ཆུབ་སེམས་དཔའ་པདྨོས་ནི།། གནས་ལ་ཆེད་དུ་འདི་ལྟར་བརྗོད།། ཨེ་མ་རྒྱུ་རྐྱེན་ནམ་མཁའ་ལ།། ཉི་ཟླ་སྐར་རྒྱུན་འཁོར་བ་ཡིས།། བསལ་ནས་ཉིན་མཚན་བྱེ་བྲག་བརྗོད།། ཉོན་མོངས་མ་རིག་སྲེད་ལེན་གྱིས།། འདུ་བྱེད་སྲིད་པའི་ལས་བསྐུལ་ཏེ།། རྣམ་ཤེས་མིང་གཟུགས་སྐྱེ་མཆེད་དྲུག། རེག་ཚོར་སྐྱེ་རྒ་ཤི་སྡུག་བསྔལ།། གསལ་བྱེད་དག་པ་ཉིད་ཀྱིས་དག། ཕྱག་ན་རྡོ་རྗེས་འབྲས་དོན་ལ།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མ་ཟབ་ཅིང་རྒྱ་ཆེ་བ།། སྔགས་མཐུ་བླ་ན་མེད་པ་ནི།། སངས་རྒྱས་མུ་སྟེགས་ཀྱིས་མི་ཤེས།། ཤེས་པ་ཉིད་ཀྱང་རྫས་མེད་ལ། ། ཤེས་བྱ་རྫས་སུ་ག་ལ་ཡོད།། ཤེས་དང་ཡུལ་གྱི་རྣམ་པར་ནི།། རྟོག་པའི་གཟུང་འཛིན་གྱིས་བསྒོས་པ།། དེ་ཟད་ནས་ནི་གྲོལ་བར་འགྱུར།། དེ་ནས་རིག་པའི་ལྷ་མོའི་ཚིགས།། སྤོས་དང་མེ་ཏོག་བཐོར་བྱེད་ཅིང་། ། སྙན་པའི་སྔགས་ཀྱི་གླུ་ཡིས་ནི།། མགོན་པོ་སྤྱན་རས་གཟིགས་ལ་བསྟོད།། ཨོཾ། བཅོམ་ལྡན་མགོན་པོ་ཐུགས་རྗེ་སྤྱན་རས་གཟིགས།། ཞལ་གྲངས་མདོག་དབྱིབས་དུམ་ཅིར་ཡང་སྣང་སྟོང་དང་བརྒྱད་དང་བཅུ་གཅིག་དྲུག་དང་གཅིག། བྱམས་པའི་ཞལ་བཟང་མངའ་བའི་མགོན་ལ་ཕྱག་འཚལ་ལོ།། སྤྱན་མའིའོ།། ཨོཾ། རབ་དགྱེས་ཞལ་མདོག་བུམ་ཅིར་ཡང་འགྱུར།། ལ་ལ་བྱམས་པ་སྙིང་རྗེ་དགའ་བའི་ཞལ། ། ལ་ལ་འདོད་རྨོངས་སེར་སྣ་ཆེན་པོའི་ཞལ།། ཁྲོ་སྡང་གཏུམ་ཆགས་ལྷ་ལྡན་ཕྱག་འཚལ་ལོ།། མཱ་མ་ཀཱིའོ།། ཨོཾ། ཕྱོགས་བཅུའི་སངས་རྒྱས་དབང་བསྐུར་རྫོགས་པའི་ཞལ།། གཏན་བ་མེད་པའི་མཆོད་སྦྱིན་རྒྱལ་པོའི་ཕྱག། མཛད་པ་གྲངས་མེད་ཆུབ་པའི་ཕྱག་རྒྱར་ལྡན།། གདན་གཉིས་ཞབས་གཉིས་གཤེགས་ལ་ཕྱག་འཚལ་ལོ།། ན་བཟའ་དཀར་མོའིའོ།། ཨོཾ། མཛད་པ་ཐུགས་རྗེའི་དབྱིངས་ལ་ཐུག་མེད་ཀྱང་། ། རྩོམ་པ་རྒྱ་མཚོ་རྒྱུན་མི་འཆད་མཛད་པས།། ཞིང་རྣམས་རྒྱ་མཚོ་རྣམ་པར་སྦྱོང་བ་ཡི།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། སྒྲོལ་མའིའོ།། ཨོཾ་ཉི་མ་གཟི་ལྡན་འོད་ཟེར་འགྱེད་པ་ལྟར། ། འཇུག་དགོངས་མི་མངའ་ཀུན་རྟོག་མུན་བྲལ་ཡང་།། བསྐལ་པ་རྒྱ་མཚོར་ཁྱད་པར་དོན་གསལ་བའི།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། འོད་ཟེར་ཅན་མའིའོ། ། ཨོཾ། སེམས་ཀྱི་རྒྱུད་བགག་མྱ་ངན་འདས་པའི་ཚེ།། འདོད་ཆགས་བྱུང་མ་ཐག་ཏུ་ཡལ་བ་སྟེ།། ཉོན་མོངས་རྩ་བ་བཅད་ནས་ཕ་མཐའ་མེད།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། དབྱངས་ཅན་ནོ།། ཨོཾ། ཉོན་མོངས་བདག་ཏུ་བཟུང་ན་འཁོར་བར་སྐྱེ།། དེ་ལ་ཡང་ཡང་བརྟགས་ན་ངན་འགྲོར་སྐྱེ།། རང་བཞིན་མེད་པར་ཤེས་ནས་གྲོལ་བར་འགྱུར།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཕག་གདོང་མའིའོ།། ཨོཾ། ཆོས་རྣམས་དག་པར་མཐོང་ན་མཐོ་རིས་འཐོབ།། གཉིས་འཛིན་རྟོག་པ་ཆད་ན་མྱ་ངན་འདས།། སྒྱུ་མའི་སེམས་དང་ལྡན་ན་གཞན་དོན་འབྱུང་།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཁྲོ་གཉེར་སྤྱན་མའིའོ།། ཨོཾ། རང་ཚུལ་སྤྱོད་ལ་ཆགས་པས་ས་བོན་རུལ།། གཞན་ཚུལ་དམན་པར་བརྗོད་པས་ཞིང་ས་ཆོག། ལུས་ངན་གཙང་སྦྲ་ཙམ་ལས་བྱང་ཆུབ་རིང་། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ས་འཛནི་མའིའོ།། ཨོཾ། བདག་ལྷ་མུན་པའི་དུག་གིས་བརྒྱལ་བ་ལ།། བདག་མེད་ཕྱོགས་བྲལ་ཡེ་ཤེས་བདུད་རྩིའི་སྨན།། ཕ་རོལ་ཕྱིན་བཅུ་སྤྱོད་དང་རྟོག་སྩོལ་མཛད། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དུག་སེལ་མའིའོ།། ཨོཾ། རང་ཚུལ་བཟང་སྤྱོད་ང་རྒྱལ་ཞེན་པ་མེད།། གཞན་སྤྱོད་བཏང་སྙོམས་བྱམས་ནས་རང་སེམས་སྦྱོང་།། སྲེད་མེད་བཟོད་ལྡན་ང་གིས་རྒོལ་བ་ལགས། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། རི་ཁྲོད་མའི་འོ།། ཨོཾ། ཁྲེལ་ཡོད་ངོ་ཚ་ཤེས་ཤིང་གཏོང་ལ་དགའ།། དད་དང་ཐོས་ལྡན་ཚུལ་ཁྲིམས་ཤེས་རབ་བཟང་།། ཆོ་ག་ཤེས་འདོད་ཆུང་འདི་དང་གཞན་དུ་ཕྱུག། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ནོར་རྒྱུན་མའིའོ།། ཨོཾ། ཡི་གེ་འདྲི་མཆོད་སྦྱིན་ཉན་ཀློག་དང་འཆད།། ཁ་དོན་འཛིན་སེམས་སྒོམ་བརྩོན་དེ་ལ་ཆུའི།། ཁྲུས་སོགས་སྦྱང་གནས་དཀར་གཙང་ཡོན་ཏན་སྩོལ། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དཀར་མོའིའོ།། ཨོཾ་ནརང་སེམས་དུལ་ཞིང་ལུས་ངག་བག་ཡོད་སྤྱོད།། འཇིག་རྟེན་འཇིག་རྟེན་འདས་མཆོད་དམ་པ་འཛིན། ། ཐོས་བསམ་སྒོམ་བརྩོན་དེ་ནི་དགྲ་ལས་རྒྱལ།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། རྣམ་པར་རྒྱལ་མའི་གླུའོ།། ཨོཾ། ཐ་དད་ཀྱི་འཆིང་དབྱེར་མེད་གྲོལ་བ་ཡི།། ཐབས་དང་ཤེས་རབ་བདེ་ཆེན་བྱང་ཆུབ་ལམ། ། རྣམ་ཐར་ཡེ་ཤེས་མཐའ་ཡས་དཔལ་སྟེར་བ།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། དཔལ་འཕྲེང་མའི་གླའོ།། ཨོཾ། བསམ་པ་བཟང་པོ་གསེར་གྱི་ས་གཞི་ལ།། བྱང་ཆུབ་ཕྱོགས་ཆོས་དཔག་བསམ་ཤིང་ཆེན་འཁྲུངས། ། ཡེ་ཤེས་ཐུགས་རྗེ་ཆུ་རྒྱུན་རླན་མཛད་པའི།། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཡིད་བཟང་མའི་གླུའོ།། སྒྲ་སྒྲོགས་འཁོར་བཅས་འདར་གྱུར་ཏེ།། རླུང་གིས་བཏབ་པའི་རྩཝ་དང་མཚུངས།། ཐལ་མོ་སྤྱི་བོར་སྦྱར་ནས་སུ།། ཆེད་དུ་བརྗོད་པ་འདི་གསོལ་ཏོ།། ཨོཾ། མགོན་མོ་རང་བྱུང་བཅོམ་ལྡན་འདས།། གཙོ་བོ་རབ་ཏུ་ཆེ་བའི་ལྷ།། བསོད་ནམས་དུ་མས་བསྐྱེད་པའི་སྐུ། ། ཡེ་ཤེས་མཐའ་ཡས་ཐུགས་མངའ་བ།། བློ་ལྡན་སྲིད་མཐར་མཛད་པ་པོ།། ཚུལ་ལྡན་ཚུལ་ཁྲིམས་ལ་སྦྱོར་མཛད།། གཙང་ལྡན་བྲམ་ཟེ་ཚངས་པ་ཆེ།། མཛད་སྤྱོད་མཁའ་མཉམ་སྤྱོད་ཕྱག་འཚལ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། འཁོར་ལ་ལེགས་སོ་ལེགས་སོ་ཞེས།། ཨོཾ་ཨཱ་ཧྲཱིཿཧཱུཾ་སྭཱ་སྭ་བཅས།། ཡང་ཡང་བརྗོད་པས་བྱིན་གྱིས་བརླབས།། ལྕགས་ཀྱུ་ཅན་གྱིས་ཉར་ནས།། ཀླུ་ཕྱུགས་འབུམ་ཕྲག་འདྲེན་པ་ལྟར།། དགེ་སྦྱོང་ཀུན་སློང་དཀར་པོས་ནི།། བྱང་ཆུབ་རིན་ཆེན་གླིང་འཇོག་མཛད།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེ། ། མགོན་པོ་ཡང་དག་རྫོགས་སངས་རྒྱས།། སྣ་ཚོགས་སྣང་བ་ཞེས་བྱ་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ཡན་ལག་ཆ་ཤས་ཐམས་ཅད་ལས།། འོད་ཟེར་སྣ་ལྔ་བྱེ་བ་ཕྲག། དྲུག་ཅུ་དྲུག་ཅུའི་མཐའ་གཞལ་བ། ། གྲངས་མེད་དག་ནི་བཀྱེ་བར་མཛད།། ཞིང་ཁམས་གྲངས་མེད་བདུན་གྱི་མཐའ།། ཕྱོགས་བཅུ་མ་ལུས་ཐམས་ཅད་དུ།། བོད་ཀྱིས་གང་ནས་བོང་དེ་ལས།། སྙན་པའི་ཚིགས་བཅང་འདི་སྣང་ངོ་།། སངས་རྒྱས་དང་ནི་ཆོས་ལ་བརྙས་པ་སྤངས། ། ལེ་ལོ་ཆེ་དང་སྤྱོད་པ་མཆོག་འཛིན་སྤངས།། འགྱོད་དང་ཆོས་ལ་མ་ངེས་འབྱེད་པ་སྤངས།། ང་རྒྱལ་ཆེ་དང་འདོད་ཆགས་སྤྱོད་པ་སྤངས།། འགྲོ་རྣམས་མེད་ན་བྱང་ཆུབ་ལམ་མེད་དེ།། འགྲོལ་བརྟེན་ནས་བྱང་ཆུབ་ཆེ་ཐོབ་འགྱུར། ། བྱང་ཆུབ་ཆེ་ལ་མ་ཐུགས་རྗེ་ཆེན་པོ་སྟེ།། འགྲོ་རྣམས་མེད་ན་གང་ལ་སྐྱེ་བར་འགྱུར།། དེ་སྐད་གྲགས་པའི་དེ་མ་ཐག། ཕྱོགས་བཅུའི་ཞིང་བཞུགས་སངས་རྒྱས་སྲས།། བརྗོད་ཀྱིས་མི་ལང་གཙོ་བོ་མཆོག། སྤྱན་རས་གཟིགས་དབང་གྲགས་མེད་གཙོ།། ཐམས་ཅད་འཁོར་དང་བཅས་པ་རྣམས།། མི་མཇེད་ཞིང་འདིར་ལྷགས་པར་གྱུར།། འདི་ནས་ཤར་ཕྱོགས་ཞིང་ཁམས་ནི།། གྲངས་མེད་བདུན་གྱི་མཐའ་ཉིད་ནས།། ཞིང་ཁམས་སེང་གེ་སྤུངས་པར་ནི།། སངས་རྒྱས་སེང་གེ་རོལ་པ་ཡི།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། སྤྱན་རས་གཟིགས་དབང་སེང་གེའི་སྒྲ།། མདོག་དཀར་ཤེལ་གྱི་རི་འདྲ་བ།། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག་བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུར་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི།། དངུལ་གྱི་མེ་ཏོག་དུ་མས་གཏོར། མདེ་བར་གཤེགས་སོ་རྫོགས་སངས་རྒྱས།། བོད་ཟེར་ངོ་མཚར་ལྡན་པ་དང་། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་གཏི་མུག་མུན་པ་བཅོམ།། ཤེས་རབ་མཐའ་ཡས་གསལ་བར་མཛད། ། བདག་ཀྱང་སྙིང་པོ་འདི་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་ཧྲཱིཿསིཾ་ཧཱ་ནཱ་ད་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་ཀ་ལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། བུས་བཙུགས་ཐལ་མོ་སྦྱར་ནས་བཞུགས།། ལྷོ་ཡི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི།། ཞིང་ཁམས་རིན་ཆེན་བརྩེགས་པ་ན།། སངས་རྒྱས་རིན་ཆེན་དཔལ་བཞུགས་པའི། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། སྤྱན་རས་གཟིགས་དབང་ཡིད་བཞིན་གྱི།། ནོར་བུ་འཁོར་ལོས་སྒྱུར་བ་ཆེ།། གསེར་གྱི་རི་བོའི་མདོག་འདྲ་བ།། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས། ། གློག་འགྱུར་བཞིན་དུ་ཞིང་བདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི།། རིན་ཆེན་གསེར་གྱི་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཚེ་བའི་ཚོགས་བཤད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་སེར་སྣ་འཆིང་བ་བཅད།། སྦྱིན་པའི་འབྱུང་གནས་གཏེར་ཆེན་རྡོལ།། བདག་ཀྱང་སྙིང་པོ་འདི་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་པདྨ་དྷཱ་ར་དྷ་ཀེ་ཧཱུཾ་ཕཊ།། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་ག་ལ་དེ་ལོགས་སུ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི།། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས།། ནུབ་ཀྱི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི།། ཞིང་ཁམས་པདྨོ་བརྩག་བ་ན། ། སངས་རྒྱས་པདྨའི་འབྱུང་གནས་བཞུགས།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན།། པདྨ་ནི་རྟེ་ཤྭ་ར་གཙོ།། པདྨ་རཱ་གའི་རི་འདྲ་བ།། བྱང་ཆུབ་སེམས་ཚོགས་བྱ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུར་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མོ་སྟོང་དང་ལྡན་པ་ཡི།། པདྨ་རཱ་གའི་མེ་ཏོག་ནི། ། རྒྱ་ཆེ་དུ་མ་འཐོར་བར་མཛད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། བོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚོགས་བཅས་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་པའི་འདོད་ཆགས་འདམ་རྫབ་བསྐམས། ། ཚུལ་ཁྲིམས་བྱུག་སྤོས་ཆར་དུ་ཕབ།། བདག་ཀྱང་སྙིང་པོ་དེ་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་པདྨ་ནརྀ་ཏེ་ཤྭ་ར་ཧྲཱིཿཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི།། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས།། བྱང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི། ། ཞིང་ཁམས་རྡོ་རྗེ་བཀོད་པ་ན།། སངས་རྒྱས་རྡོ་རྗེ་ཐོགས་མེད་བཞུགས།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། ཐུགས་རྗེ་ཆེན་པོ་མི་བཤོལ་བ། ། རིན་ཆེན་མ་ར་གད་རི་བོ་འདྲ།། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི།། མརྒ་ཏ་ཡེ་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་མཛད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། འོད་ཟེར་ངོ་མཚར་ལྡན་པ་དང་། རྨད་བྱུང་ཆེན་པོའི་ཚོགས་བཤད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་ལེ་ལོའི་ནགས་ཚལ་བསྲེགས།། བརྩོན་འགྲུས་བསྐལ་བའི་མེ་དཔུང་སྤར།། བདག་ཀྱང་སྙིང་པོ་དེ་ཡི་མཐུས། ། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་རཏྣ་ཨ་གྲ་ཨ་པྲ་ཏི་ཧ་ཏ་ཧཱུཾ་ཕཊ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་ག་ལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས།། བྱང་ཤར་ཕྱོགས་ཀྱི་ཞིང་ཁམ་ས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི།། ཞིང་ཁམས་གཏེར་ཆེན་བརྩེགས་པ་ན།། སངས་རྒྱས་དོན་ཡོད་འབྱུང་གནས་བཞུགས། ། དྲུང་དུ་བྱང་ཆུབ་སེམས་པའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། རྗེ་བཙུ་མདོན་ཡོད་ཞགས་པ་ཅན།། ཤེལ་གྱི་རི་བོའི་མདོག་འདྲ་བ།། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི། ། རིན་ཆེན་ཤེལ་གྱི་མེ་ཏོག་ནི།། རྒྱ་ཆེན་དུ་མ་འཐོར་བར་བྱེད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་། རྨད་བྱུང་ཆེན་པོའི་ཚོགས་བཤད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་ཞེ་སྡང་རི་བོ་བཅོམ།། བཟོད་པའི་ཉི་མ་ལྷང་ངེར་མཛད།། བདག་ཀྱང་སྙིང་པོ་འདི་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷཱ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་གབ་དཱི་ལོགས་སུ།། འཁོར་བཅས་དགབ་བའི་ཚུལ་གྱིས་ནི། ། པུས་བཙུགས་ཐལ་མོ་སྦྱར་ནས་བཞུགས།། ཤར་ལྷོའི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ཀྱི།། ཞིང་ཁམས་བདུད་རྩི་བརྩེགས་པ་ན།། སངས་རྒྱས་སྨན་གྱི་འབྱུང་གནས་བཞུགས། ། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། རྗེ་བཙུན་ཧ་ལ་ཧ་ལ་ཆེ།། པུ་ཤ་ར་ཀའི་རི་བོ་འདྲ།། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུར་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི།། པུ་ཤ་ར་ཀའི་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་བྱེད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་ཕྲག་དོག་དུག་སྡོང་སྤྲུལ། ། བསམ་གཏན་བདུད་རྩི་རྒྱ་མཚོ་རླབས།། བདག་ཀྱང་སྙིང་པོ་དེ་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་ཧ་ལ་ཧ་ལ་ཧྲཱིཿཔདྨ་གརྦྷ་ཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་གལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི།། བུས་བཅུགས་ཐལ་མོ་སྦྱར་ནས་བཞུགས།། ལྷོ་ནུབ་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ན།། ཞིང་ཁམས་པདྨ་ས་བརྒྱན་པ་ན། ། སངས་རྒྱས་པདྨའི་སྙིང་པོ་བཞུགས།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། རྗེ་བཙུན་པདྨ་རྒྱན་གྱི་ལུང་།། ཟངས་མཐུན་གྱི་རི་བོ་འདྲ།། བྱང་ཆུབ་སེམས་མཆོག་བྱེབྱེབ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། ཀློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། བདབ་མ་སྟོང་དང་ལྡན་པ་ཡི།། ཟངས་མཐུན་གྱི་མེ་ཏོག་ནི།། རྒྱུ་ཆེ་དུ་མཐོར་བར་བྱེད། ། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚོགས་བཤད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བ་རྨོངས་པའི་ཐིབས་པོ་བཅོམ། སྣ་ཚོགས་ཐབས་ཀྱི་རླུང་ཆེན་འབྱོ།། བདག་ཀྱང་སྙིང་པོ་དེའི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་པདྨ་ཨ་ལ~ཾ་ཀཱ་ར་ཧཱུཾ་ཕཊ་སྭཱཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་གལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་གཙུགས་ཐལ་མོ་སྦྱར་ནས་བཅུགས།། ཆུབ་བྱང་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ན།། ཞིང་འམས་སྟོང་ཅུ་ཞེས་བྱ་བར།། སངས་རྒྱས་དམ་ཚིག་དཔལ་བཞུགས་སོ།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། རྗེ་བཙུན་རྡོ་རྗེ་ཆོས་དབང་ཕྱུག། ནོར་བུ་དུང་གི་ཁ་དོག་འདྲ།། བྱང་ཆུབ་སེམས་མཆོག་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལགཤེགས། ། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་པ་ཡི།། སྤུག་གི་སྙིང་པོའི་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་བྱེད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས། ། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར།། འགྲོ་བའི་མནར་སེམས་ཞེན་པ་གསལ།། མཐུ་སྟོབས་ཆེན་པོའི་རྡོ་རྗེས་བཏབ། ། བདག་ཀྱང་སྙིང་པོ་དེ་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་བཛྲ་དྷརྨ་དྷཱ་ཏུ་ཧཱུཾ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་།། ཐུབ་པའི་ག་ལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི། ། པུས་གཙུག་ཐལ་མོ་སྦྱར་ནས་བཞུགས།། སྟེང་གི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ན།། ཞིང་ཁམས་གཙུག་ཏོར་བརྩེགས་པ་ན།། སངས་རྒྱས་གཙུག་ཏོར་རྒྱལ་པོ་བཞུགས།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། ཧ་རི་ཧ་རི་ཧ་རི་ལ།། ཞོན་ཞེས་རབ་ཏུ་གྲགས་པ་ཡི།། རྗེ་བཙུན་ཆོས་ཀྱི་གཙུག་ཏོར་དེ།། ཨིནྡྲ་ནཱི་ལའི་རི་བོའི་མདོག། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདམ་མ་སྟོང་དང་ལྡན་པ་ཡི།། ཨིནྡྲ་ནཱི་ལའི་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་མཛད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར། ། འགྲོ་བའི་ལོག་ལྟའི་སྒྲིབ་གཡོགས་སེལ།། དག་པའི་སྨོན་ལམ་འཁོར་ལོ་བསྐོར།། བདག་ཀྱང་སྙིང་པོ་དེ་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་བྷྲཱུཾ་ཧྲཱིཿཧ་ཧཱུཾ་སྭཱ་ཧཱ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་། ། ཐུབ་པའི་ག་ལ་དེ་ལོགས་སུ།། འཁོར་བཅས་དགའ་བའི་ཚུལ་གྱིས་ནི།། པུས་གཙུགས་ཐལ་མོ་སྦྱར་ནས་བཞུགས།། འོག་གི་ཕྱོགས་ཀྱི་ཞིང་ཁམས་མཆོག། གྲངས་མེད་བདུན་གྱི་མཐའ་ཉིད་ན།། ཞིང་ཁམས་ཟ་མ་ཏོག་མཛེས་ན། ། སངས་རྒྱས་གནོན་པའི་དཔལ་བཞུགས་སོ།། དྲུང་དུ་བྱང་ཆུབ་སེམས་དཔའི་གཙོ།། མགོན་པོ་སྤྱན་རས་གཟིགས་དབང་ནི།། རྗེ་བཙུན་མགྲིན་པ་སྔོན་པོ་རྒྱལ།། ཨན་ད་རྙིལ་གྱི་རི་བོ་འདྲ། ། བྱང་ཆུབ་སེམས་ཚོགས་བྱེ་བ་ཕྲག། བཅུ་དང་ལྷན་ཅིག་མཁའ་ལ་གཤེགས།། གློག་འགྱུ་བཞིན་དུ་ཞིང་འདིར་བྱོན།། བཅོམ་ལྡན་མགོན་པོ་ཐུབ་པ་ལ།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། འདབ་མ་སྟོང་དང་ལྡན་བ་ཡི། ། ཨན་ད་རྙིལ་གྱི་མེ་ཏོག་ནི།། རྒྱ་ཆེ་དུ་མ་འཐོར་བར་མཛད།། བདེ་བར་གཤེགས་སོ་རྫོགས་སངས་རྒྱས།། འོད་ཟེར་ངོ་མཚར་ལྡན་པ་དང་།། རྨད་བྱུང་ཆེན་པོའི་ཚིགས་བཅད་ཀྱིས།། ཞིང་རྣམས་རྣམ་པར་གཡོས་པར་གྱུར། ། འགྲོ་བའི་ཤེས་བྱའི་སྒྲིབ་ནགས་སེལ།། ཡེ་ཤེས་རལ་གྲིས་རྩ་བ་བྲེགས།། བདག་ཀྱང་སྙིང་པོ་དེ་ཡི་མཐུས།། འཕྲིན་ལས་འདི་ཉིད་གྲོགས་བགྱིད་དོ།། ཨོཾ་མ་ཎི་པདྨེ་ཧཱུཾ། སྙིང་པོ་དེ་སྐད་ཕུལ་ནས་ཀྱང་ཐུབ་པའི་ག་ལ་དེ་ལོགས་སུ། ། འཁོར་བཅས་དགའ་བའི་ཚུལ་གྱིས་ནི།། པུས་གཙུགས་ཐལ་མོ་སྦྱར་ནས་བཞུགས།། སྤྱན་རས་གཟིགས་དབང་ཚོགས་འདུས་ནས།། རིག་སྔགས་མཐུ་ཆེན་འཆད་པ་དང་། ། གཞན་དོན་རྫོགས་པར་མཛད་པ་དེའི།། ཤིན་ཏུ་དགའ་བར་མཛད་པ་ལ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀུན།། ཕྱག་རྒྱ་རྣམས་ནི་སྤྱི་བོར་བཞག། འཛུམ་པའི་མདངས་ཀྱིས་ལེགས་སོ་བྱིན།། ནམ་མཁའ་སྙན་པ་ཡིས་ཀྱང་བཀང་།། དེའི་ཚེ་ཕྱོགས་བཅུར་བཞུགས་པ་ཡི།། ཁྲོ་བོའི་རྒྱལ་པོ་མ་ལུས་རྣམས།། ས་སྟངས་ཐམས་ཅད་གར་གྱིས་བཀང་།། གཡས་བརྐྱང་གཡོན་བརྐྱང་ཟླ་གམ་དང་།། ཟླུམ་པོ་གྲུ་བཞི་གྲུ་གསུམ་འགྲོས། ། མཆོད་དང་གྱེད་མཆོངས་དྲིལ་པོ་དང་།། རྡེ་བས་དང་བཙིར་བའི་ཚུལ་གྱིས་སུ།། བགེགས་རྣམས་སྟབས་ཀྱིས་ཚར་གཅོད་མཛད།། ལག་པ་ཐལ་སྦྱར་ཕྱེ་བཙུམས་བཀྱེད།། སོར་མོ་གཅིག་བསྣོལ་གཅིག་འཁྱུད་དང་། ཀུན་བསྣོས་ཀུན་འཁྱུད་ཀུན་གདེངས་དང་།། རྒྱབ་བསྣོལ་རེས་འཁྱུད་ཀུན་འཁྱུད་དང་།། མོས་རེས་འཁྱུད་བསྒྲེངས་ཀུན་བསྒྲེང་དང་།། མཉམ་གཞག་དང་ནི་མཆོག་གི་རྒྱ།། ས་གནོན་སྐྱབས་སྦྱིན་མཆོག་སྦྱིན་སོགས། ། ཕྱག་རྒྱ་དུ་མ་བགེགས་སྩོལ་མཛད།། གཞན་ཡང་འཇིག་རྟེན་སྐྱོང་བའི་ཚོགས།། མ་ལུས་འཁོར་དང་བཅས་པ་རྣམས།། གདོང་བཅུ་གཅིག་པ་ཞེས་བྱ་བ།། སྔ་ན་མེད་པའི་རིག་སྔགས་རྨད།། ངོ་མཚར་བྱུང་ཞེས་ཐོས་མ་ཐག། ལུས་ཀྱང་ཤིན་ཏུ་འདར་གྱུར་ནས།། རྒྱལ་མཆོག་གཙོ་བོ་དྲུང་ལྷགས་ཏེ།། ཕྱག་འཚལ་ཐལ་མོ་སྦྱར་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ།། གང་ཞིག་གདོང་བཅུ་གཅིག་པ་ཡི།། རིག་སྔགས་ལེན་ཅིང་འཛིན་པ་དང་།། རྒྱུན་དུ་འདོན་དང་ཡིད་ལ་བྱེད།། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས།། དཀྱིལ་འཁོར་ཆེན་པོའི་ཚོགས་འདི་རྣམས།། གང་གིས་ཡིད་ལ་བྱེད་པའམ།། ཡང་ན་ཇི་ཙམ་དྲན་ཡང་རུང་།། དགེ་ལྡན་རིགས་ཀྱི་བུ་དེ་ནི།། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཤེས།། རིག་པའི་ལྷ་མོ་རྣམས་ཀྱི་ཡབ།། བྱིས་པ་རྣམས་ཀྱི་གཉེན་ཡིན་ཏེ།། བདག་ཅག་རྣམས་ནི་དེ་ཡི་བབངས།། སྐྱེས་བུ་ཁྱུ་མཆོག་ཆེན་པོ་སྟེ།། བསོད་ནམས་རྣམས་ཀྱི་གཏེར་ལྡན་ཞིང་།། དེ་ཡི་ཚུལ་ཁྲིམས་རལ་བ་མེད།། མི་དེ་སྐྱེ་བ་དོན་ཡོད་དེ།། ལྷ་གནས་དགའ་གནས་སྤུ་གསེབ་ཏུ།། ཡེ་ཤེས་འོད་ཟེར་བདུད་རྩི་འཛུད།། འཇིག་རྟེན་འདི་ཡི་ནད་རིགས་དང་། ། གདོན་རིགས་ཇི་སྙེད་ཡོད་པའམ།། རིག་སྔགས་བྱེད་སྟེམས་མ་ལུས་པ།། དེ་ལ་ཚུགས་པར་མི་འགྱུར་རོ།། ཆོ་ག་བཞིན་དུ་སྤྱད་པ་ཡིས།། ཚངས་པའི་ཚེ་ཚད་གནས་ནས་ཀྱང་།། ཤི་བ་སེམས་བརྒྱལ་མེད་པར་ནི། ། གནས་འཕོ་ཚུལ་གྱིས་མཐོ་རིས་འཇུག། རྒྱལ་བའི་ཞིང་དུ་གཤེགས་ནས་ཀྱང་།། རྒྱལ་བ་རྣམས་ལ་ཆོས་ཉན་ཅིང་།། རྒྱལ་སྲས་རྣམས་དང་སྟབས་གཅིག་ཏུ།། སྟོབས་དང་མི་འཇིགས་ཀུན་བསྙེས་ཏེ།། མཚན་དང་དཔེ་བྱད་ལྡན་གྱུར་ནས། ། སྐད་ཅིག་གློག་འགྱུ་ཇི་བཞིན་དུ།། འགྲོ་བ་མ་ལུས་དག་བྱེད་ཅིང་།། ཞིང་རྣམས་མ་ལུས་དག་པར་བྱེད།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། ལྷ་བྱུང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ལག་ན་རྡོ་རྗེ་འཛིན།། བཞེངས་ཏེ་ཐལ་སྦྱར་ཐུབ་པ་ལ།། ཕྱག་འཚལ་ཕྱོགས་སུ་འཁོད་ནས་ནི།། གསང་བ་བསྟོད་ནས་ཚིག་འདི་གསོལ།། ཕྱོགས་བཅུར་བཞུགས་པའི་རྒྱལ་དབང་པོ། ། མགོན་པོ་སྤྱན་རས་གཟིགས་དབང་ཀུན།། རང་རང་གནས་ནས་གཤེགས་ནས་བྱོན།། འགྲོ་བ་ཐུགས་བརྩེ་ཆེན་པོ་ཡིས།། སྙིང་པོ་བྱིན་རླབས་ལྡན་ལ་གསོལ།། རྨད་དུ་བྱུང་བའི་སྙིང་པོ་ལ།། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་།། རིག་པ་འཛིན་རྣམས་འཐུན་པར་དགྱེས།། འོན་ཀྱང་འགྲོ་མང་གཟུང་བ་དང་།། དངོས་གྲུབ་ཐམས་ཅད་མྱུར་བ་དང་།། སྙིང་པོ་མཐུ་དང་ལྡན་པའི་ཕྱིར།། མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི།། བྱིན་རླབས་ལྡན་པ་རྩ་བའི་སྔགས།། འདྲེན་པ་དེ་རིང་བཤད་དུ་གསོལ།། རིག་སྔགས་ཉི་མ་ཟླ་བའི་འོད།། རྩ་བའི་སྔགས་ཀྱིས་སྤྲིན་བྲལ་བྱེད།། འགྲོ་བ་ཐུགས་བརྩ་མཛད་པ་དང་།། བདག་ལ་ཕན་པའི་དོན་སླད་དུ། ། རྒྱལ་བ་མྱ་ངན་ཀུན་བྲལ་བས།། རྩ་བའི་གཟུངས་སྔགས་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། སྡིག་ཀུན་མྱུར་སྒྲོལ་བྱ་བ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་ཐུགས་རྗེ་ལས།། སྤྱན་རས་གཟིགས་དབང་སེང་གེའི་སྒྲ།། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀོ་ཊེ། ནི་ཀ་ཊེ། ཊི་ཀ་ཊེ། ཀ་ཊི་ཀ་ཊེ། ཀ་རོ་ཊི་བཱིརྱ་སྭཱ་ཧཱ། ཡོན་ཏན་ཡེ་ཤེས་ཚོགས་རྣམས་ཀུན།། རིག་སྔགས་འདིས་ནི་ངེས་པར་སྐྱེད།། ཁྱད་པར་དུ་ནི་མཛེ་ནད་ལ།། རྫ་ལས་བྱུང་བའི་མེ་བཞིན་ནོ། ། རྟོག་ལྡན་རྣམ་ཤེས་བརྒྱད་ཀྱི་གཞི།། སྦྱོར་ཕྱིན་མཎྜལ་ལྷམ་པ་བརྒྱད།། བ་སེར་སྐྱ་ཡི་བདུད་རྩིས་བྱུགས།། ཡན་ལག་བཅུ་གཉིས་མགོར་བཅས་པའི།། སྔགས་གྲངས་བྱིན་གྱིས་བརླབས་བྱུགས་ནས། ། ལྷག་མ་ཡན་ལག་ཐིག་ལེར་བྱ།། ཅུང་ཟད་ལྕེ་ལ་མྱང་བས་ནི།། དུས་དུས་སུམ་བརྒྱ་དྲུག་ཅུའི་ཆད།། ཉི་མ་གྲངས་ཀྱིས་དག་ནས་ནི།། ལོ་གཅིག་དུས་སུ་རྟོག་ལྡན་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། དཔལ་སྐྱེད་འཚེ་བཟློག་པ་ཡི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་ཡིད་བཞིན་འཁོར་ལོ་ཡི།། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀི་ཏི་ཤྭ་རཱ་། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་ཝརྟི་པདྨ་ཙིནྟ་མ་ཎི་ཛྭ་ལ་མ་ཧཱ་པདྨེ་རུ་རུ་ཏིཥྛ་ཛྭཱ་ལ་ཨཱ་ཀཪྵ་ཡ་ཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། གློ་བུར་གནོད་པ་གསལ་བའི་ཕྱིར། བདུན་ཕྲག་སྔགས་གྲངས་དང་མཉམ་པའི།། ཉུང་ཀར་སེར་པོ་བརྒྱ་རྩ་བརྒྱད།། རང་གི་ལུས་སམ་ཡན་ལག་ལ།། མཆོད་དང་བཅས་པས་གདགས་པར་བྱ།། དེ་ལ་ཡང་ཡང་གསོལ་བ་གདབ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། ཁམས་གསུམ་དབང་དུ་བྱ་བ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་པདྨ་གར་དབང་ཀི། རྩ་བའི་གསང་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ། ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སརྦ་སཏྭཱ་བཱ་ས་ནཱ་ག་དྷི་ནི། ན་མཿསརྦ་སཏྭཱ་པི་ས་ན། ཨཱ་ཧ་ར་ཎི། ན་མཿསརྦ་སཏྐཱ་བཱ་ཡོ་དྷ་ར་ཎཱ་ཡ། ན་མཿསྟཾ་བྷ་པྲ་ཤ་ནཱ་ཡ། ན་མཿསརྦ་སཏྭཱ་བོ་དྷི་ཙིཏྟི་ཀཾ་ས་ན་ཀ་རཱ་ཡ། ན་མཿསརྦ་སརྦ་བནྡྷ་ནཙྪེ་ད་ན་ཀ་རཱ་ཡ། ན་མཿསརྦ་སཏྭཱ་པི་ས་ན། ཨཱ་ཧ་ར་ཎི། ན་མཿསརྦ་ཨནྣེ་ཀཱ་ར་བི་དྷ་ནཱ་མ་ཀཱ་ར། ན་མཿསརྦ་བི་དྱཱ་དྷ་ར་རཱ་ཛ་པྲ་ཤ་པྲ་ཏ་ཡེ་མ་ཧཱ་ཡོ་ག་ཡོ་ཀཱི་ཤྭ་རཱ་ཡ། ཧ་ས་ཧ་སྱནཱ་ཡ། ན་མོ་སྐཱ་ཏཱ་ཨི་དཾ་ཨཱརྱ་ཨ་བ་ལོ་ཀི་ཏི་ཤྭ་ར་མུ་ཁོད་གཱིརྞྞོ་རཾ་ཤི་བི་བ་རི་དཱ། ནཱ་ག། ཡཀྵ། རཱཀྵ་ས། ཤཱཀྱ་བྲཧྨ་ལོ་ཀ་པཱ་ལ་ཡ། བིཥྞུ་མ་ཧེ་ཤྭ་ར། ནཱ་ར་ཡ་ཎ་སྐན་ད། ཀུ་བེ་ར། ཨ་སུ་རེནྡྲ། མཱ་ཏྲི་ག་ཎ། ནམ་སྐྲྀ་ཏ་ཏྲ། བཛྲ་ཁུ་ཎ་ས་ཧྲྀ་ད་ཡ། ཧ་ཡ་གྲཱི་བ་ནཱ་མ་ཡ་མོ་ཧྲྀ་ད་ཡ། མཱ་ཝརྟིཥྛ་མི་ཨ་བ་པྲ་མེ་ཡོ་ཏ་སཱ་ད་ཀཾ་ཨ་བ་ཧཾ། སརྦ་བི་ནཱ་ཡ་ཀཾ་ཨ་མོ་གྷྲ། སརྦ་ཀརྨཱ་བྷི་ཥིནྡྷེ། བི་ནཱ་ཡ་ཀན། ཏདྱ་ཐཱ། ཨོཾ་ཏ་རུ་ལ། ཏ་རུ་ཏ་ལ། བི་ཏ་རུ་ལ། སརྦ་བི་ཥ་ཀ་ཀ། སརྦ་བུད་དྷ་བི་ད་ནི། པྲ་ཛཱ་ཏི་པ་ཏ། ཨན་ལ་བི་སྥུ་ལི་ཀ། ཨརྠཱ་ཧཱ་ས་ཀེ་ཤྭ་རཱ་ཡ། ཨ་ཏོ་བ་པྲ་བི་ཏ་ཡ། བཛྲ་ཁུ་ར་ནིརྨྨ་ཏི་ཏ། ཙ་ལི་ཏ་པྲ་པུ་ད་ཏ་ལ། བཛྲོད་ཤཱནྟི་ཏ་ཏི། སི་ཏ་མ་དུ་ཏོ་ག་ཏ་པྲ་ན་མ་ཎ་བ་ཀཱ་ར་བ་ར་དུཥྚཾ་བི་དྱཱ་ཀ་མ་ག་སཾ་བྷ་ཀ་ན་ཀཱ་ར། སརྦ་བིདྱཱ་བ་ཏཱ་ཧེ་ཤ་ཀཱ་ར། པ་ར་མ་ཤཱནྟི་ཀ་ར། བུད་དྷ་བོ་དྷཱ་ཡ་མ་ཏི། བྷ་ག་བཾ་ཧ་ཡ་གྲཱི་བ་སརྦ་བི་དྱཽ་ཧྲྀ་ད་ཡ། མཱ་བརྟི་ཥྱཱ་མི། ལ་ཏྲ་ཁ་དྲ། ལ་ཧཱ་རོ་དྲ། མནྟྲན། རཀྵ་རཀྵ། ཨཱཏྨ་སྭསྟི་ཏ་ན་མནྟ་ན། སིད་དྷ་སཱ་དྷ། སརྦ་ཀརྨ་ཥཱ་མེ། སིད་དྷེ་སདི་དྷེ། དེ་ཧི་དེ་ཧི། ཨཱ་བེ་ཤ་ཨཱ་བེ་ཤ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་གྲ་ཧཻ་ཥུ་ཨ་པྲ་ཏི་ཧ་ཏ། དྷུ་ན་དྷུནར། བི་དྷུ་ན་བི་དྷུ་ན། མ་ཐ་མ་ཐ། པྲ་མ་ཐེ་པྲ་མ་ཐ། སརྦ་པ་རཱ་ཀྲ་མ་ཀྲྀ་ཏཱནྟ་མྲ། ཀ་ཁོ་ར་ད་དུ་ར་ལཾ་གི་ཏ་ཧི། མ་ཤི་ཀ། བི་ཥ་ཀ་ཏ། སཱ་ཤ་དཾཥྚ། བི་ཥ་ཙཱུརྞྞ་ཡོ་ག་ཨ་བྷི་ཙ་ར། བ་ཤཱི་ཀ་ར་ཎཿསཱདྷ་ཨཉྫ་ན། ཙ་ཀུ་མོ་ཧ་ན་ཙིནྟ། པི་ཤེ་ས་ན་ཀཱ་ར། ནིརྱ་ཨ་པ་ར་བྲྀ་ཤ་ཀ་ར་ཎ། ཏྲཱ་ས་ཡ་ཏྲཱ་ས་ཡ། མ་ཧཱ་བོ་དྷི་སེ་ཏྲ། རིན་དྷ་དི་ཤ་ནཾ། སརྦ་བྷེ་བྷྱཿསརྦ་སཏྭཱ་ནཱཾ། རཀྵ་རཀྵ་མཱ་མ་ནུ་ཏྲ་དྷརྨྨ་ས་གྷ་ཨ་ནུ་ཛྙཱ་ཏཾ་མེ་ཀརྨ་ཤཱིགྷྲཾ། ཀུ་རུ་ཀུ་རུ་ཕཊ། ཧ་ཡ་གྲཱི་བ་ཕཊ། བཛྲ་དཾཥྚོ་ཏ་ཀ་ར་བྷཻ་ར་བ་པ་ར་སེ་ནཱ་ཕཊ། ཡེ་ཀེ་ཙི་ཏ་མཱ་མ་ཨ་ཧི་ད་ཤི་གོ་བ་ཀཱ་ཡ་ཀྲ་མིན་ཏོ།། མཾ་ཏྲ་ལ~ཾ་ཏྲ་ས་མནྟི། ཛ་ས་རི་ཛུ་ཧ~ཾ་ཏི། ཀ་ཁོར་དཀུརྦ་དི་ན། སརྦ་ཛ་མུ་ཁེ་རྦ་པྲ་ཏཾ་ཏཱ་ལ་ཕཊ། ན་མཿསརྦ་དུཥྚ་གྲ་ཧོ་ཏ་སཱ་ད་ནཱ་ཡ་ཧ་ཡ་ཤྲཱི་བ་སི་དྷྱ~ཾ་ཏུ་མེ་མནྟྲ་པ་དྷ་ནི་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏོད་བྷ་བཱ་ཡ་ཙཱུ་ཧཱུ~ཾ་ཕཊ་ཕཊ་སྭཱ་ཧཱ། ན་མཿསརྦ་སཏྭཱ་ཤྩ་སིདྷྱ་ཐཱ་མེ་མནྟྲ་པ་དཱ་ནཱི་སྭཱཧཱ། གང་ཞིག་ཀླུས་ནོན་སྤྱིལ་ནི། དུང་གི་མེ་ཏོག་སྔགས་སྟོང་གིས།། བྱིན་གྱིས་བརླབས་ནས་ཀུ་གུལ་བདུག། ལུས་ལ་ཐོགས་ན་ལེགས་པར་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། ཐོགས་མེད་སེམས་དཔའ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་ཐུགས་རྗེ་མི་བཤོལ་བའི།། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་བ་ལོ་ཀི་ཏི་ཤྭནྡྲཱ་ཡ། བོ་དྷི་ས་ཏྭཱ་ཡ། མཧཱ་སཱཏྭཱ་ཡ། མ་ཧཱཀྵ་རུ་ཎཱི་ཀཱ་ཡ། ཏདྱཥྛ། ནཱ་མཿསརྦ་བྷཱི་མ་ཙ་ཀ་ར~ཾ། སརྦ་རོག་པྲ་ཤྭ་མ་ན་ཀར། སརྦ་བྷཱུདྷིན་བྷ་ར་ཀ་ར~ཾ། ཨཪྠཀྵཿབ་དིས་ས་ཏེ་བྷྱཿཏཱ་རཱ་ས་མྱཀ་ཏཱརཱ་ཎཾ་ད་ཤ་དིག་བོ་དྷི་སཏྭེ་བྷྱཿན་མཿས་མྱཀ་སཾ་བུདྡྷ་ཀོ་ཊཱི་ནཱཾ། ཨ་ཧེ་ན་མ་སྟི་ད་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཤུད་དྷ་དྷཱ་ར་ཎི་མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཨ་གྲ་བི་ཤྱ་ཏི། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་གྲ་ནཱ་མ་ཛྭ་ལ་ས་ཏི་ཀཱ་ར། མ་ཧཱ་ཀཱ་རུ་ཎ་བྱཱ་པ་ས་མཾ་ཏ་ཧ་རཾ་ཏྱ། ཏཙྪིཥྛ། ཨོཾ་ཛཿཛཊ། ཛིཿཛཊི། ཛུ་རུ་ཛུཊ། ར་རེ་ར་ར། རྀ་རི་རི་རི། ཀ་ལ་ཀ་ལ། ཀ་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦ་ཏ་ཐཱ་ག་ཏ། མ་ཧཱ་སརྨ་ཧཱ། ཨ་ནུ་ཧ་རནྟ། ཨ་ཧྱེ་སཾ་ཨེ་ཧྱེ་ཧི། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏྲ་ཙུཏྱ། སརྦ་བོ་དྷི་སཏྭ། པྲ་ཎི་དྷ་ན་གྲཧྣ། ཀཱ་ར་ཨ་ནུ་སནྣ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སཾ་བྷུ་བ་ཨེ་ཧྱེ་ཧི། ར་ལ་ར་ལ། རུ་ལུ་རུ་ལུ། དྷྱཱ་ན་བི་མོ་ཀྵ་ས་མཱ་དྷི། ས་མ་བ་ཏཱི་བྷི་ཤྩ་ར་ཨ་དྷ་ཏིཥྛ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧི་ཨེ་ཧི། བུད་དྷོ་བུད་དྷོ། བུད་དྷ་སཏྭེ་ན། དྷརྨས་ཏྱེ་ན། སཾ་གྷ་ས་ཏྱེ་ན། ཨོཾ་ཊེ་སྥུ་ཊེ་སྠཱ། སརྦ་མ་ཧཱ་མེ་ཏྲི་བྷུ་ཏཱ་ནི་པ་རནྟུ་མ་ཧཱ་ཀ་རུ་ཎ་མེ་གྷ་མཱ་མ་སརྦ་རཱ་ག་ནི་བ་ར་ཡནྟུ། པུན་པུ་ན། བི་པུན་བི་བུན། མ་ཐ་མཐ། པྲ་མ་ཐ་པྲ་མ་ཐ། ཨོཾ་ཊ་སྥོ་ཊ་སྠ། ཨེ་ཧྱེ་ཧི། མཱ་མ་སརྦ་ཤྲ་པུ་ཡཾ་ཏུ། ཀརྨ་བི་ཤོ་དྷ་ཡཾ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་པདྨ་ནཱཏཱ་ཡ། པདྨ་ཨ་པཱ་ཡ་སྭཱ་ཧཱ། ཤྭེ་ཏ་ཨཱ་ཛྙཱ་ཨུ་པ་བིདྷཱ་ཡ་སྭཱ་ཧཱ། ཀ་རུ་རི་ཎི་སྭཱ་ཧཱ། ཤུ་བྷ་ཛྙེ་སྭཱ་ཧཱ། ཙཀྲཱ་ཎཱཾ་སྭཱ་ཧཱ། ཡ་མེ་སྭཱ་ཧཱ། ཨཾ་ད་ཙེ་བི་བུད་དྷེ་བྷྱཿསྭཱནྡྷ། སཾ་སྤྲ་ཚེ་བྷྱོ་བུད་དྷེ་བྷྱཿསྭཱ་ཧཱ། ཨ་རུ་པ་དུ་ཀེ་བྷྱོ་བྷཱ་དྷི་དེ་སྭཱ་ཧཱ། བི་དེ་ཀེ་བྷྱོ་བྷཱུ་དྷི་བྷྱཿསཱཉྫ། བི་དྷི་དེ་བྷྱོ་བྷཱུ་དེབྷྱཿསྭཱ་ཧཱ། སྭ་བ་ནི་པྲཛྙེ་ཀ་བྷྱེ་བྷྲྀ་དེ་བྷྱཿསྭ་ཧཱ། བྷཱུ་མི་ཨོཾ་ཏི་རི་ཀ་ཤ་ཙ་རེ་བྷྱོབྷཱུ་དྷེ་བྷྱཿསྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཏྲཊ་ཏྲརྠ། ཏྲ་ཏི་ཏྲ་ཏི། ཏྲུ་ཏུ་ཏྲུ་ཏྲ། ན་མཱ་མ་སརྦ་བྷ་བྷྱཿསརྦོ་ཨ་པ་རྦ་བི་བྷྱཿ། རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། གྲ་ས་གྲ་ས་སྭཱ་ཧཱ། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ནཱ། ཧ་ད་ཧིད། པ་ཙ་པ་ཙ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎིཀྵཱ་ཡ། ཨཱ་ཛྙཱ་པ་ཡ་ཏི་སྭཱ་བྷཱ། ཤང་ཀ་རི་ཡི་ས་བོན་ལ།། སྟོང་དུ་བཟླས་ནས་དྲི་ཆུ་དང་།། ལྷན་ཅིག་སྦྱངས་ལ་བྱུག་པ་ནི།། ལྷོག་ནད་དྲག་པོ་འཇོམས་པར་བྱེད།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། རིག་སྔགས་སྤོད་གཏོང་གཞོམ་པ་ཡི།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་དོན་ཡོན་ཞགས་པ་ཡི།། རྩ་བའི་རིག་སྔགས་འདི་གསུངས་སོ།། ནམ་སྟཱ་ཡ་དྷཱ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿསརྦ་བུད་དྷ་བོ་དྷི་སཏྭེ་བྷྱཿན་མཿཔྲ་ཏྱེ་ཀ་བུད་དྷ་ཨཱརྱ་ཤྲཱ་བ་ཀ་སཾ་གྷེ་བྷྱོ། ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུ་ཏ་པནྡྷེ་བྷྱོ། ན་མཿས་མྱ་ཀ་ག་ཏཱ་ནཱཾ། ན་མཿསམྱ་ཀ་པྲ་ཏི་པནྣ་ནཱཾ། ན་མཿཤཱ་ར་དྲ་ཏཱི་པུ་ཏྲཱ་ཡ་མ་ཧཱ་མ་ཏ་ཡེ། ན་མ་ཨཱརྱ་མཻ་ཏྲེ་ཡ་པྲ་མུ་ཁེ་བྷྱོ། མ་ཧཱ་བོ་དྷི་སཏྭ་སཾ་གྷེ་བྷྱཿ། ན་མཿསུ་པྲ་ཏིཥྛི་ཏ། ཤཻ་ལེནྡྲ་རཱ་ཛ་པྲ་མུ་ཁེ་བྷྱཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷྱཿས་མྱཀ་སཾ་བུད་དྷེ་བྷྱོ་བྷ་ག་བདེ་བྷྱཿ། ན་མཿསུ་བརྡྷ་བརྟྟ་སུ་པྲ་ཏི་བྷཱ་སེ་བི་ནརྟི་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿསཾ་ཧ་བི་ཀྲཱི་ཌི་ཏ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿཨཱརྱ་ཨ་མི་ཏཱ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿསུ་པྲ་ཏིཥྛི་ཏ་མ་ཎི་ཀཱུ་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿས་མནྟ་ར་སྨཱད་ག་ཏཱ་ཤྲཱི་ཀཱུ་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པཱ་ཤྱི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མཿཤི་ཁི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤྭ་བྷུ་ཛ་ཏ་ཐཱ་ག་ཏཱ་ཡ། ན་མཿཀྲ་ཀུཙྪ་ན་དཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿཀ་ན་ཀ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿཀཱ་ཤྱ་བཱ། ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨན་ཏེ་ས་མྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ན་མ་ཧཱ་མུ་ན་ཡ་སྭཱ་ཧཱ། ཨོཾ་ས་མེ་ས་མེ་མ་ཧཱ་ས་མེ་རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤཱ་སརྦ་པཱ་པཾ་པྲ་ཤ་མ་ནེ་སྭཱ་ཧཱ། ནམཿསུ་པ་རི་ཀཱིརྟི་ཏ་ནཱ་མ་དྷེ་ཡ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿས་མནྟ་ཨ་ཝ་བྷཱ་ས་བི་ཛི་ཏི་སཾ་གྲཱ་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿིནྡྲ་ཀེ་ཏུ་དྷཱ་ཛ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་པྲ་བྷཱ་སེ་ཤྭ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་པྲ་ཏི་ཧཏ་བྷེ་ཛྙཱ་རཱ་ཛཱ་ལ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་གཱསྟ་གཱ་མི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསམྦྷ་ཡ། ན་མོ་ཨ་ཏཱི་ཏ་ཨ་ན་ག་ཏ་པྲཏྱཱ་ཏ་བནྡེ་བྷྱོ་བུད་ཎྱེ་བྷྱོ་བྷ་ག་བ་ཏེ་བྷྱཿཏདྱཐཱ། སྨྲྀ་ཏི་བརྡྷ་ནི། མ་ཏི་བརྡྷ་ནི་ག་ཏི་བརྡྷནི། དྷེ་ཏི་བརྡྷ་ནི། པྲདྲཱ་བརྡྷ་ནི། པྲ་ཏི་ཛྙཱན་བརྡྷ་ནི། ས་མ་ཎྱ་བརྡྷནི། པི་པ་ཤྩ་ནཱ་ཝ་རྡྷ་ནི། སརྦ་བོ་དྷི་པཀྵ་དྷརྨ་བརྡྷ་ནི། ས་ཀ་ལ་བུད་དྷདྷ་རྦ་པ་རི་པཱུ་ར་ཎཱི་མེ་སྭཱ་ཧཱ། ན་མོ་རཀྵཏྲ་པྣ་ཡ། ནམ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་ས་མ་པྲཱབྷཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ན་མ་སྠི་ཏཱ་ཨི་དེ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་མུ་ཁོད་ཤྭ་ར་མུ་ཁོད་གཱིརྞྞ་ཨ་མོ་གྷ་བཱ་ཤ་རཱ་ཛཱ་ནཱ་མ་ཧྲི་ད་ཡ་ཏ་ཐཱ་ག་ཏཱ་སཾ་མུ་ཁོ་བྷཱ་ཥི་ཏ་མ་ཧ་ཏ་པ་ར་ཥཾ་མ་དྷྱེ་ཨ་ཧ་མ་དཱ་ནཱི་མ་བརྟ་ཡི་ཥྱཱ་མི་སིདྷྱཱ་ན་ཏུ་མེ་མནྟ་བ་ཧཱཿསརྦ་བྷ་ཡེ་བྷྱོ་མ་མ་སརྦ་སཏྭཱ་ནཱཉྩ་རཀྵ་བྷ་བ་ཏུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། བི་རི་བི་རི། བི་རཾ་པ་རི། མི་རི་མི་རི། མ་ཧཱ་པདྨ་ཧསྟ། ཀ་ལ་ཀ་ལ་ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤུད་དྷ་སཏྲ། བུ་དྷྱ་བུ་དྷྱཿ། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཔྟ། ཙ་ལ་ཙ་ལ། སཉྩ་ལ་ས་སྩལ། བི་ཙ་ལ་བི་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། ཨེནྡ་ཨེནྡ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཙུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བེ་ཥེ་དྷ་རེ། ། དྷ་ར། ཐུ་། 5། ས་#། པར་བར། ། མ་ས་། ། #། ཁྲིཿ། ཉྫ། ཨོ་འགྲ་པ་འང། ར། དྷུ་རྦས?། ཏུ་པ་ལཱ། ས་ས། 8། ན་། བཱ་བ། རཱཧཱར། རམྲི་ག་ཏས་པས་པྲཉིས་ཏི། ར། 5། 515། ཐཱསམྦྷས། བྱས་ཐས།། བྷག་ས་སོ། བ་རུཎ། ཀུ་བེ་ར། བྲཧྨནྟ། བཱ་ཡུ། ཨགྣི། དྷནད། དེ་བ་རཾ་ཥི་ག་ཎ་ཨ་བྷུར་ཙི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་ཀུ་རུ། སན་ཏ་ཀུ་སྥ་ར། རུ་ཨུ0f7f། བཱ་ས་པ། བིཥྞུ། དྷ་ན་ད། བཱ་མུ། ཨནྟི། རའི། ནཱ་ཡ་ཀ། བི་ནཱ་ཡ་ཀ། བུ་ཧུ་བི་བི་དྷ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། བྷ་ར་གྷུ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། བ་ར་པ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ། ས་མནྟ་ཨ་ཝ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀ་ཤྭ་ར། མ་ཧེ་ཤྭ་ར། ཏི་བྷུ་བ་ནེ་ཤྭ་ར། སརྦ་གུ་ཎ་ས་མ་ཨ་ལཾ་ཀྲི་ཏ། ཨ་ཝ་ལོ་ཀི་ཏེ་ཤྭ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། རཀྵ་རཀྵ་མཱཾ་སརྦ་སཏྭཾཤྩ། སརྦ་བྷཱུ་ཡེ་བྷུབྷྱཿསརྦོ་བདྲ་བ་བེ་བྷྱཿསརྦོ་བ་སརྦེ་བྷྱཿསརྦ་གྲ་ཧེ་བྷྱཿསརྦ་བྷཱུ་དྷི་བྷྱཿསརྦ་བི་ཥེ་བྷྱཿསརྦ་ཛཱ་རེ་བྷྱཿེ་བཾ། བ་དྷ་བཾ་དྷན། ཏཱ་ཌ་ན། ཏརྫ་ན། རཱ་ཛ་ཏསྐ་ར། ཨགྣི། ཨུ་ད་ཀ། ཤསྟྲ་བ་རི་མོ་ཙ་ཀ། ཀ་ཎ་ཀ་ཎ། ཀིཾ་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིནྡྲི་ཡི། བ་ལ། བོ་དྷྱཾ་ག། ཙཏུ་ར་ཨདྱས་ཏྱ་སཾ་པྲ་ཀཱ་ཤ་ཀ། ཏ་པ་ཏ་པ། ཏ་མ་ཏམ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། དྷ་མ་དྷ་མ་མ་ཧཱ་ཀཱ་རུ་ཎིཀ་མ་ཧཱ་ཏ་མོ་ཨནྟ་ཀཱ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ། མ་ལ་མལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊཊ། ཋཥཛཿ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་རུ། ཥི་ཋི་ཋི་ཥི། ཏྲུཊུ་ཥུ་ཐུ། ཨེ་ན་ཡ་ཙརྦྦ་ཀྲ་ཏ་པ་རྀ་ཀ་ར། ཨེ་ཧྱེ་ཧི་མ་ཧཱཀྴ་རུ་ཎིཀ། ཨཱི་ཤྭར། མ་ཧེ་ཤྭར། མཉྫུ་དྷཱུ་དྷ་ག་ཎསབྷཝཱཀ། ཀ་ར་ཀར། ཀི་རི་ཀི་རི། ཀུ་རུ་ཀུ་རྦ། བ་ར་པ་ར། ཧ་རཧར། བ་བ་ར། ས་ར་ས་ར། ཀར་ཀ་ར་ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་རུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུད་དྷ་བི་ཥ་ཡ་ནི་བཱ་སི་ན~ཾ། མ་ཧཱ་ཀུ་རུ་ཎི་ཀ་ཤྭེ་ཏ་ཡ་ཛྙོ་པ་བཱི་ཏ། རཏྣ་སུ་ཀུཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་སི་ར་སི་ཀྲྀ་ཏ་ཛ་ཊུ་མུ་ཀུ་ཊ། མ་ཧཱ་ཨད་བྷུ་ཏ་ཀ་མ་ལ་ཨ་ལྀ་ཀྲྀ་ཏ་ཀ་ར་ཏ་ལ། དྷཱ་ན། ས་མཱ་དྷི། བི་མོཀྵ་ཨ་པྲ་ཀམྦྷ། བ་ལུ་སཏྭ་སནྟ་ཏི་པ་རི་པཱ་ཙ་ཀ། མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཀ། སརྦ་ཛྙེ་ཛྙཱ་ན་པ་རི་པཱུ་ར་ཀ། སརྦ་བྱཱ་དྷི་པ་རི་མོ་ཙ་ཀ། ས་རྦ་ཏྲ་ཨཱ་ཤཱ་པ་རི་པཱུ་ར་ཀ། སརྦ་སཏྭ་མཱ་ཤྭཱ་ས་ན་ཀ་ར་མོ་སྟུ་ས་ཏེ་སྭཱ་ཧཱ། ཨ་མོ་གྷཱ་ཡ་སྭཱ་ཧཱ། ཨ་མོ་གྷ་པཱ་ཤཱ་ཡ་སྭཱ་ཧཱ། ཨ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སྭཱ་ཧཱ། ཨ་མཻ་ཏཱ་བྷཱ་ཡ་སྭཱ་ཧཱ། ཨ་མི་ཏཱ་བྷཱ་སུ་ཏཱ་ཡ་སྭཱ་ཧཱ་མཱ་ར་ས་ནྱ་པྲ་མརྡ་ནཱ་ཡ་སྭཱ་ཧཱུ། ཨ་བྷ་ཡཱ་སྭཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སྭཱ་ཧཱ། ཛ་ཡཱ་ཡ་སྭཱ་ཧཱ། བི་ཛ་ཡཱ་ཡ་སྭཱ་ཧཱ། ཛ་ཡ་བི་ཛ་ཡཱ་སྭཱ་ཧཱ། བ་ར་དཱ་ཡ་སྭཱ་ཧཱ། བ་ར་པྲ་ད་ཡ་སྭཱ་ཧཱ། ཨ་ཀཱ་ལ་མྲི་ཏྱུ་པྲ་ཤ་མ་ནཱ་ཡ་སྭཱ་ཧཱ་ཨི་དཉྩ་མེ་ཀརྨ་ཀུ་རུ་ན་སྟུ་ཏེ་སྭཱཧཱ། ཨོཾ་རཱ་ཎ་ར་ཎ་ཧཱུཾ་ཕཊ། ཨོཾ་ཛ་ཡ་ཧཱུཾ་ཕཊ། ཨོཾ་ཛྭ་ཛྲྀ་དྷཱུ་སྭཱ་ཧཱ། ཨོཾ་ཧཱུཾ་ཛ་ཡ་སྭཱ་ཧཱ། ཨོཾ་ཧྲིཿཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲིཿཧཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བ་སུ་བ་ཏ་སྭཱཧཱ། ཨོཾ་ཨཱ་རེ་ལི་ཀ་སྭཱཿ། ཨོཾ་བ་ཅུ་ལེ་བ་ཕྲ་ལོ་སྭཱཧཱ། ཨོཾ་ཨ་རོ་ལྀ་ཀརྨྨཱཿཧྲིཿཧཱུ~ཾ་ཕཊ་སྭཱ་ཧཱི། ནི་ཡ་ཐཱ་མ་ནི་ཡ་ཏེ་བེ་ད་ནི་ཡ་ཨ་ཤུ་བྷ་སྱ་མེ་བྷ་བྷ་ག་ཛྫ་ཀ་མ་ཎོ་ཨ་ཤ་ཥ་ཏཿཀཱ་ཡ~ཾ་ཀུ་རུ་སྭཱཧཱུ~ཾ། ཨོཾ་པདྨ་ཧཱམྦྷ་སྭཱཉྫུ། ཨོཾ་བུད་དྷ་དྷརྨ་ས~ཾ་གྷ་ཡ་སྭཱཧཱ། རབས་ཆང་ཐོད་པར་རོ་བསྲེགས་ས།། ཉུངས་ཀར་སེར་པོ་དྲི་ཆུར་བཅས།། བསྐྱེད་དེ་མྱུ་གུས་སྔགས་སྟོང་བརྗོད།། འབྲས་བུ་ལ་ནི་ཁྲི་བརྗོད་བྱ།། ལུས་ལ་ཐོགས་ན་བྱད་སྙེམས་སོགས། ། ནད་དང་གདོན་རྣམས་མྱུར་དུ་སེལ།། གཞན་དག་ལས་རྣམས་གང་ལ་ཡང་།། བདུན་བདུན་གྲངས་ཀྱི་སྔགས་ཀྱིས་སྦྱར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། ལྟོས་འགྲོ་བས་ནི་རབ་རྒྱལ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་ཧ་ལ་ཧ་ལ་ཡི།། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུད་དྷ་བོ་དྷི་སཏྭཱ་ཡ་སརྦ་སུ་རེ་ཤྭ་རཱ་ཡ། ན་མ་ཨཱཪྵཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཱཔྟ། ཨཱརྱ་མཻ་ཏྲེ་ཨཱརྱ་མཉྫུ་ཤྲཱི། ཨརྱ་བཛྲ་པ་ཎི་ཨ་དྷི་ཀ། བྷོ་དྷི་སཏྭ་མ་ཧཱ་སཏྭེ་བྷྱཿ་ཏེ་ན་མ་གྲིགྲྀ་ཏཱཾ། བྷ་ག་བྷ~ཾ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཏཱཾ་ཧྲིད་ཡ་སརྦ་ཀརྨ་པ་ད། སརྦ་གྲ་ཧོ་སྨཱད། ན་ཀ་ར། བྷཱ་བ་ཨ་མ་རེ་ཎི་བི་ནཱ་ཤ་ཀ་བ་ཤཱི་ཏཾ། སྱད་ཡཻ་སྨྲྀ་ཧེ་བོ་ཧ་དྷི་སཏྭ་མ་ཧཱ་བོ་དྷི་སཏྭ། པྲ་ཡ་བོ་དྷི་སཏྭ། ཧེ་ཧཱ་ལ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པ་ར་མ་མཻ་ཏྲྀ་ཙི་ཏ་ཀཱ་རུ་ཎི་ཀ། ཀུ་རུ་ཀུ་རུ། ཀཱ་མ་གྷ་མ་བི་ཧཾ་ག་མ་བི་ཡ་ཏི། མ་ཧཱ་བི་ཛ་ཡནྟི། དྷུ་རུ་དྷུ་རུ། དྷ་ར་དྷ་ར། ཙ་ཡཾ་ཏྲ་མཾ་ཏྲ། ན་མོ་མེ་དྱ་དྷི། སརྦ་སཏྭ་བྷ་ཡ། པྲ་ད་ས་ཧ་ར་ཧ་ར། ཧ་རི་བྷ་ཧྱ་ནོད་བྷ། བཱ་བཱ་བཱ་བཱ། བྷཱ་བཱ་ནཱ་ག་ཀུ་རུ་ཀུ་རུ། ཏུ་རུ་ཏུ་རུ། གྷུ་རུ་གྷུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སུ་པྲ་སེ་དྷ། སཏྭ་མ་བི་མ་ལ། ཕ་ལ་ཕ་ལ། མཱུརྟི། ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། པ་ར་མ་ཀཱ་རུ་ཎི་ཀ་ཀྲིདྡྷ་ཛྙཱ་ན་དྷ། ཛ་རྠ་མུ་ཀུ་ཊ་བི་ལམ་བྷཱ། པྲ་ལཿ། ཙ་ལེ་ཙ་ལེ། མ་ལ་མ་ལ། ཀ་ལ་ཀ་ལ། ཧ་ལ་ཧ་ལ། ག་ལ་ག་ལ། ཏ་ལ་ཏཱཏ། ད་ལ་ད་ལ། ན་ལ་ན་ལ། ཧུ་ལུ་ཏུ་སུ། ཧུ་ལུ་ཧུ་ལུ། ཧི་ལི་ཧི་ལི། ཧེ་བོ་དྷི་སཏྭ། ན་མ་སྟུ་ཏྲཱ་ནུ། ཧཱུཾ་ཧཱུ~ཾ་ཧཱུཾ། ཧྲིཿཀུ་རུ་ཀུ་རུ། ཧྲྀ་ད་ཡ། ཨ་ནུ་སྨ་ར། ས་མ་ཡ་ཨ་ནུ་སྥ་ར། ཨོཾ་དཾ་མི་ཀརྱཾ་ཀུ་རུ། མ་ནོར་ཐ་མེད། པ་རི་པཱུ་ར་ཡ། སིད་ཛྱ་ཏུ། མེ་མཾ་ཏྲ་པ་ཏཱ་ནི་སྭ་ཧཱ། སྔ་བར་ཁྲུས་བྱས་ཀོས་གཙར་གྱོན།། བཅོམ་ལྡན་སྤྱན་སྔར་ཉིན་རེ་བཞིན།། བ་ལྕི་ས་ལ་མ་ལྷུང་བས།། དཀྱིལ་འཁོར་གྲུ་བཞི་རྣམ་པ་ནི།། བཅུ་གསུམ་བཟླས་ནས་བྱུག་པར་བྱ།། ལྷག་མས་ནད་རྣམས་ཐམས་ཅད་ལ། ། བྱུགས་པ་ཙམ་གྱིས་སོས་པར་ངེས།། ཟླ་བ་དྲུག་གིས་བདུད་རྣམས་ཞི།། འདོད་པ་ཐམས་ཅད་སྐོངས་གྱུར་ཏེ།། མཚམས་མེད་ལྔ་བྱས་མིས་ཀྱང་འགྲུབ།། གལ་ཏེ་འགྲུབ་པར་མ་གྱུར་ན།། བདག་གིས་མཚམས་མེད་ལས་བྱས་ཏེ། ། དུས་གསུམ་སངས་རྒྱས་ཀུན་བསྲུངས་ཡིན།། སྙིང་རྗེས་སྙིང་རྗེ་ཅན་འགྲུབ་འགྱུར།། སྡང་བས་ཁྲོས་པ་འགྲུབ་འགྱུར་ཏེ།། རྟག་པའི་གནས་འདོད་བློ་གྲོས་ཅན།། རྣམ་པར་མི་རྟོག་བཏང་སྙོམས་ཀྱིས། ། འདོད་པ་ཀུན་འགྲུ་བ་ཞེན་པས་བྱིན།། ཡིད་ལ་བྱེད་པས་འཆིང་བར་འགྱུར།། སེའུ་པོ་ཆེ་ཡི་ལྕུག་མ་ལ།། རོ་བོ་སྲེགས་ཐལ་བ་ཁྲི་ཕྲག་བདུན།། བསྔགས་ནས་གཏོར་བས་ཆར་ཆེས་པ།། ཆར་པ་མྱུར་དུ་བཆད་པར་བྱེད། ། དྲི་ཆུ་གླ་རྩིར་བཅས་པས་ནི།། སྦྲུལ་གྱི་གདུག་པ་སེར་བར་བྱེད།། ལྟོ་འཕྱེའི་རིགས་དང་སྒྲེང་དགོད་སོགས།། འཇིགས་པ་རྣམས་ནི་འགྲིབ་པའི་ཕྱིར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། ཤེས་རབ་རྣམ་གྲོལ་ཞེས་བྱ་བའི། ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་པདྨ་རྒྱན་ལུང་གི། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མ་ཨཱརྱ་ཨ་མི་ཏཱ་བྷ་ཡ། ཏཱ་ཐཱ་ག་ཏཱ་ཡ། ཨརྷ་ཧེ་ས་མྱཀ་སཾ་བུད་དྷཱ་ཡ། ན་མོ་མ་ཧཱ་སྠཱ་པྲཱཔྟཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་པུ་ལ་བི་མ་ལ། སུ་པྲ་ཏི་པུ་ལ། སཱུརྱཱ་ཤ་ཏ་ཡཾ། སཱུརྱ་ཤ་ཏ་ས་ཧ་སྲ། ཨ་དྷི་ཀེ་ར། ཨེ་བྷ་བ་ཏིམཱུརྡྷ་ཡེ། མ་ཧཱ་མ་ཎི་མུ་ཊ་ཀུཎྜ་ལ། ཨ་ལཾ་ཀཱ་ར་དྷཱ་ར་ཎི། བྷ་ག་བ་ཏེ་པདྨ་མཱ་ལེ་སརྦ་ལོ་ཀ་ཨ་པཱ་ཡ་ཤ་མ་ན་ཡེ། བི་བི་དྷ་མུ་ཁ་ས་མ་བེ་ཤ། ཨ་བི་ཤ་སརྦ་སྲཏྲ་པ་རི་མོ་ཙ་ཀཱ་ཡ། བྷུརྨྨ་བ་སྭཱ་ཧཱ། མ་ཧཱ་ལོ་ཀེ་ཤྭ་རཱ་ཡ། ན་མ་སྠ་མི་ར་པ་ཏྲ་བི་ནཱ་ཤ་ཀ། རཱ་ག་བེ་ཤེ་མོ་ཧཱ་ཛཱ་ལ་ཤ་མ་ཀ་ཤ་ས་མ་ཤ་ན་ཀཱ་ར། རཀྵ་ཀ་སརྦ་ཨ་བྷ་ཡ་དུརྒ་ཏི་པ་ཤ་མ་ན་ཀཱ་ར། སརྦ་ས་མ་ཤ་ན་ཀཱ་ར། སརྦ་ཨཱ་ཤ་པ་རི་པཱུ་ར་ཀ། སརྦ་ཏ་ཐཱ་ག་ཏ་ས་བཾ་དྷ་ན་ཀ་ར་ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ་བ་ར་ད། པདྨ་ཨ་བ་ལོ་ཀ་སཾ་བུད་དྷོ། མ་ཧཱ་ཀཱ་རུ་ཎི་ཀྵཱ་ཡ། ཛཊྚ་མུ་ཀུ་ཊ། ཨ་ལཾ་ཀྲི་ཏ། ཤྲི་ར་མ་ཎི། ཀ་ཎ་ཀ་རཱ་ཛཱ་ཏ། བཛྲ་བཻ་ཌཱུཪྻ་ཨ་ལི་ཀྲི་ཏ་ཤ་རཱི་ར་ཨ་མ་ཏ་ཏ་ཛ་ཀ་མ་ཨ་ལཾ་ཀྲི་ཏེ་པྲ་བྷཱ་ར་ཎ་ཤ་ཏ་ས་ཧ་སྲ་ཨ་པི་ལ་ཤ་ཏཀྵ་ཡ། མ་ཧཱ་བོ་དྷི་སཏྭ་བ་ར་ད། བིད་ཁ་ད་མ། བཻནྡ་ཤ་ས་པ~ཾ་ཪྵ་ཤ་ཡ། ས་ཧཱ་ལ་ནཱ་མ་རྗེ་ཤཀ་ས་ཏ། ཨལ་བ་རྐྱེཿ། ཝི་དྷ་མཊ། བྷ་ཆར། གཟམ་ཟན་ཀར། བུརྦ་པ་གྲ་ཕྲེ། ས་ཐར།། ཕུམ་འ་སིན། བོར་བར། རྗེ་སུ~ཾ་ཏན་ཌ་པ་བྲྀ་རྣམཿས། སམྦྷས། རྠརྦཥྚ། ཐགས་གྲ་གས། རྦགས། གྱུ། མས་། མསརྦ། དྷར། ཐབྷ་པ་བྷ་། ཐ་པ། སམས་མུ་ཡ་མུ་ཡ། མུཉྩ་མུཉྩཱ། དྷུ་ནུ་ཎྱ་ནུ། བི་དྱུ་བི་དྷྱ། དྷུ་རུ་དྷུ་རུ། ག་ཡ་ག་ཡ། གྷཱ་ཏ་ཡ་གྷཱ་ཏ་ཡ། ཧ་ས་ཧ་ས། པྲ་ཧཱ་ས་པྲ་ཧཱ་ས། ནཱ་ག་བི་བི་དྷ་ཀེ་ཤ་སེ་ས་ན། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དུ་རུ་དུ་རུ། མ་ཧཱ་མཾ་ག་ལ་ཀ་ར་ཎི། ཤ་ཏ་པྲ་སེ། ཀ་བ་ཨ་བ་བྷཱ་ས་ཏ་བི་བི་དྷ་བ་ས་ན་ཤ་ས་ཀ། རཱ་ག་ཀཱ་མ་མ་ཧ་བོ་དྷི་སཏྭ། བྷ་ར་བྷ་ར་སྭཱ་ཧཱ། ཐུབ་པ་ཤ་དང་ཤུ་དག་ལ།། ཁྲི་ཕྲག་བཟླས་ནས་འཐུངས་པས་ནི།། ཤས་རབ་ཆེན་པོ་འཕེལ་བར་བྱེད། ། ནད་ལ་མཐུན་པའི་སྨན་དང་སྦྱར།། པདྨའི་རྩ་བ་ཀ་རར་བཅས།། ཉི་ཤུ་གཅིག་གམ་ཡང་ན་བདུན།། སྔགས་བརྗོད་སྔ་བར་མེད་པར་བྱ།། དེ་ཡང་དབྱངས་སྙན་ཤེས་རབ་འཕེལ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། དགོངས་པ་བླ་མེད་ཅེས་བྱ་བའི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་རྡོ་རྗེ་ཆེན་པོ་ཡི།། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ནཱ་མ་ཨཱརྱཱ་བ་ལོ་ཀི་ཏཱི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ?། ཏཏྟ་ཐཱ། ན་མོ་བྷ་ག་བ་ཏེ། བཻ་རོ་ཙ་ན་པྲ་བྷཪྵ་ཛཱ་ཡ། ཨརྷ་ཏེ་ས་མྱཀ་ས་བུད་དྷཱ་ཡ། སརྦ་ཨཱ་དྲཱ་ཡ། ཨནྡྷ་ཏཱ་ར། མཱ་མ་ཡིཏྲ། ཏདྱཥྛ། ཨོཾ་སཱ་དྷ་ནི་སཱ་དྷ་ནཾ། སིདི་དྷེ་སིད་དྷི། སིད་དྷ་དྷ་ར། བྷ་ག་བ་ཏེ། བ་རེ་བར། ཀླེ་ཤད་བིན། ཨཏཱ་ཤེ་འམ་ཎི་ཤ་མ་ཡ། སརྦ་པཱ་པ་བི་ཤུད་དྷེ། དྷ་མ་ནི་དྷ་མ་ནི། མཱ་ལཱ་ཛྙཱ་ན་ཙ་རེ་ཨ་བཾ་གོ་ཙ་རི་ཎི་སྭ་ཤ་མུ་དྷི། སུ་ཁ་ར་པྲ་ཏེ། སརྦ་ཀླེ་ཤད་པ་ནི། བི་དྷ་མ་ནཱི། བི་ད་མ་ཎི། བི་ནཱ་ཤ་བིནྡ་ཤ། བིནྣ་ཤ་ཡ་བི་ནཱ་ཤ་ཡ། བྷ་ག་བ་ཏེ། བུ་ར་ས་བི་མ་ལ་བ་དྷཱི། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། པྲ་ས་ར་པྲ་ས་ར། བི་ས་རབི་ས་ར། ཨཱ་ཛྙཱ་མ་ཨི་ཏི་སཧཱ་སྲཎྜཾ། ཙིཏྟ་ཀཱ་རཱ་མ། ཨ་བ་ར་ཎ་ཀཱ་པ་ལཱ་མ་ཏི་སུ་བྷཱུ་ཏ་བི་ཤ་ཡ། པཱ་ཤ་བི་ད་ནི་པཱ་ར་མི་ཏཱ་བྷཱ་ཛྙཱ་ན་གོ་ཙིར། པཱ་ཤ་ཤ་བ་ཏི། ཤ་ཤ་མཱ་ས་ནིཀཱ་ར་ཎ་གོ་ཙ་རེ། མ་ཧཱ་ཛྙཱ་ན་ཨ་བྷི་ཥེ་ཀ་མ་ཏི་སུ་བ་ནི་ཤྩི་ཏེ་ད་དྷ། ཧེ་ཧེ་བྷ་ག་བ་ཏེ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀུ་རུ་ཀུ་རུ། བི་ཤ་དྷ་མ་བ་ན། མ་མ་སརྦ་སཏྭཱ་བྷོ་མ་ཧཱ་ཀ་རུ་ཎོ་ཏ་སཱ་དྷི་ཀེ་ན། སཉྩ་སཉྩུ། ས་བརྟ་ཡ། སཾ་བྷ་ལ་པྲ་རོ་ཧ་ཡ་མེ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། བི་ཛི་ཡ་པ་རི་ཤུད་དྷཱ་ཡ། ཨ་མུ་ཀ་བི་ཀུ་རུ་བི་ཛ་ཡ་ན། ས་ར་ས་ར། མེ་གྷ་ག་ཏེ། མཱ་མཱ་མཱ། བོ་དྷི་ཙི་ཏ་ཏཾ་ས་མ་བུད་དྷེ་མ་སནྡྷ་ཥེ། བོ་དྷི་མི་རི་ཀཱ་ར་ཎི། བུད་དྷ་བྷོ་དྷི་པྲཱ་དེ། ནར་ཀ་པྲེ་ཏ་ཏིརྱ་ཀ་གི་ཏུ་དུཿཁ་གུ་ལེ་ནི། དེ་བ་མ་ནུ་ཥྱ་ག་ཏཱི་སཾ་བི་ད་ནི། བི་ག་ཏེ་ཀླེ་ཤ་སརྦྦ་ནུ་དྷ་དྷརྨ། པ་རི་པཱུ་ར་ཎི་བཛྲ་དྷརྨ་སིད་དྷྱེ་ཏྱ་མེ་མནྟྲ་པ་དཱ་ནི་སྭཱ་ཧཱ། སྔ་བར་ལངས་ནས་ཁྲུས་བྱས་ཏེ། སྐྱིལ་ཀྲུང་མཉམ་གཞག་ཕྱག་རྒྱ་ཅན། ། ཡིད་ཀྱིས་ཕྱག་འཚལ་ཉི་ཤུ་གཅིག། རྡོ་རྗེ་ཆོས་ལ་དད་པས་བརྗོད།། བརྒྱད་དང་བཅུ་བཞི་བཅོ་ལྔ་ལ།། གོས་གསར་གྱོན་ནས་གསོ་སྦྱོང་བླང་།། མེ་ཏོག་ཙན་དན་དཀར་སོགས་མཆོད།། དོན་གྲུབ་སྡིག་སེལ་ཤེས་རབ་འཕེལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། བདུད་རྣམས་འཇོམས་པ་རྡོ་རྗེ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། རྩ་བའི་རིག་སྔགས་འདི་གསུངས་སོ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བྷ་ག་ལཱ་ཏེ། ཨ་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀ་སཾ་བུད་དྷ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ། ཧ་རི་ཧ་རི། བི་དྷ་ན་དྷ་མ་ཀ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨི་ལི་མི་ལི། ཙི་ལི་ཙི་ལི། ཏུ་ལེ་ཏུ་ལ། ཀུ་རུ་མེ་ཀུ་རུ་བེ། སི་རི་སི་རི་བི་སི་རི། ཙ་ར་ཡ། བི་ཤ་རེ། གྷོ་རི། གཾ་དྷ་རི། ཏྲ་མི་ཎི། མ་ཏཾ་གི། པུཀྐ་སི། ཀ་ཊ་ཡ། མཱ་ལ་ཙརྞྞ་ལི། ཧུ་རུ་མ་ལི་ནི། ཙི་ལི་ཙི་ལི། གྲ་ན་སོ་མ་དཪྵ་ནེ་ཀུ་རུ། ཙནྡྲ་མུ་ཁི། ལ་གྷུ་མ་ཎ་ཡ་མ་ཏི། ཨཱརྱཱ་ད་ཀྵི་ཎ་བུད་དྷེདྷནསརྦ་བིདྡྷཱ་ནཱཾ། མཱ་མ་པྲ། ས་དྷ་ནི། སརྦ་བིདྱཱ་ནཱཾ་ཨཱི་ཤྭ་རི་སྭཱ་ཧཱ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཨཱ་པ་རི་པཱུ་ར་ཀཱན། ཏདྱ་ཐཱ། ཨཽ་ཧ་ཧ་ཧ། མ་མ་མ། དྷི་རི་དྷི་རི། ཧི་རི་ཧི་རི། ཤྲྀ་ཏེ་པྲ་ཤྲྀ་ཏ། སརྦ་པཱ་ཀྵ་ཡཾ་ཀ་རི། ཨ་བ་ལོ་ཀཱ་ཡ་ཀཱ་རུ་ཎི་ཀ། བོ་དྷི་ཙིཏ་ཏ་མ་ནི་སཾ་ཀུ་རུ་བ་ཡ་ལོ་ཀཱ་ཡ། ན་མ་སྨ་ར་སྨ་ར། ས་མནྟ་ཡ་པཱརྦ། སཏྱ་ཨ་དྷིཥྛཱ་ན་ཀྲྀ་ཏཾ་ཏེ་ན་ས་ཏྱེ་ན། ས་ཙི་བ་ཙི་ནཱཾ། སརྦ་ཨཀྵ་མ། པ་རི་པཱ་ར་ཡ། བུད་དྷ་ཀྵ་ཏྲ་མ། པ་རི་ཤོ་དྷ་ཡ། མ་མེ་ཀཤྩ། པི་ཧེ་ཐ་ནོརྠ་བུད་དྷ་ཨ་དྷིཥྛཱ་ནཾ་སྭཱ་ཧཱ། ཏདྱ་ཐཱ། ཨཽ་ཛ་ཏེ་ཛེ་ཏ། མ་ཧཱི་ཛོ་ཏ་ཡཾ། མཱ་མ་ཀཱ་ཡ། དུ་ཤྭ་རི་སྟམྦྷ་བྷ་ག་དུཤྩ་རི་སྟམྦྷ་མ་ནོ་དུཤྩ་རི་སྟམྦྷེ། དྷ་རི་ཏ་ཏྲ་སྟམྦྷ། ཏ་ཏ་སརྦཾ་ཀཱ་པ་ཡ། ཨཱ་ལོ་ཀ་ཡ། བི་ལོ་ཀ་ཡ། སརྦ་ཏ་ཐཱ་ག་ཏ་དྷ་རི་ཥཱ་ཎཱཾ་ཙི་མ་ཧཱ་བིཥྐ་ཀཱ་མིང་པོ་དེ་ས་ད་དྷ་རི་ཥཱ་ཏཱཾ། མ་དྷུ་མ་དྷུ། ཨ་བ་བྷཱ་ས་མ་དྷ་རི་ཥཱ་ཎཾ། སརྦ་མ་ཀུ་ཤ་ལ་ཨ་བྷི་བ་ར་དད་ན་མཿ། སརྦ་ཏ་ཐཱ་ག་ཏཱ་ནཾ་ནི་མ་ཨརྱ་བ་ལེ་ཀཾ་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སྨ་ར་པྲ་ཏི་ཛྙཱ་མ་ཧཱ་ས་ཏྭ་སི་དྷྱཾ་ཏུ་མེ་མནྟ་པ་དེཿསྭཱ་ཧཱ། སྔགས་འདི་གུར་ཀུ་མ་ཙན་དན་གྱིས།། གྲོ་ག་ལ་བྲིས་སྐུའི་མཆོད་རྟེན།། སྐུ་གདུང་བཅས་པར་བཞུགས་པར་བྱ། ། ཡང་ན་སྐུ་གདུང་བཅས་པ་ཡི།། སྤྱན་རས་གཟིགས་དབང་སྐུ་ལ་གདགས།། ཚེས་བརྒྱད་ནས་ནི་ཉ་ཡི་བར།། བུམ་པ་མཆོད་པ་བརྒྱད་བཤམས་ཏེ།། དྲི་ཡི་ཁ་དོག་སྣ་ཚོགས་པའི།། འོ་ཐུག་ཞོ་དང་འབྲས་ཆན་མར། ། ཙན་དན་དཀར་པོ་དྲིག་པུར།། གཏོར་མ་དཀར་དམར་བཅས་པའོ།། གཙོ་བོའི་མདུན་དུ་དཔེ་མེད་ས།། གཡས་སུ་དུང་ཅན་འཇིགས་སམ་གཡོན།། སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད།། གཏོར་ཞིང་དུས་གསུམ་མཆོད་དེ་བཀྲུ།། སྡིག་སྦྱངས་རྨི་ལམ་འོད་དུ་འབར།། བདུད་རྣམས་ཟློག་པར་བྱེད་པ་ལ།། རྩེ་གསུམ་སོར་བརྒྱད་ཚད་ལྡན་ལ།། ཐོད་པ་སྐམ་པོ་སོར་དྲུག་སྟེ།། དབུས་སུ་རྡོ་རྗེ་རྩེ་ལྔ་པ།། སེང་ལྡེང་ཡུབ་ཁྲུ་གང་བ།། དེ་ཡི་རྟེན་ཡང་སོར་དྲུག་སྟེ།། དེ་ནི་ཟུར་བརྒྱད་ལྡན་པ་ལ།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པདྨ་རལ་གྲི་ལྕགས་ཀྱུ་མདའ།། མདུང་རྣམས་གཡས་ནས་བསྐོར་བར་བཀོད།། ཉི་ཤུ་རྩ་གཅིག་བརྗོད་བྱ་སྟེ། ། མཚན་མོ་སྔགས་སུ་གཟུགས་པར་བྱ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། དུག་གི་ཚོགས་རྣམས་འཇོམས་པ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། རྗེ་བཙུན་མགྲིན་པ་སྔོན་པོ་ཡི། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། སརྦ་བན་དྷ་ནཙྪ་ད་ན་ཀ་རཱ་ཡ། སརྦ་པཱ་པཾ་ས་རྦ་དྲོ་སྣོད་ན་ཀ་རཱས། སརྦབྟ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཨི་ཏྱུ་བ་རྦ་བི་བི་ནཱི་ཤན་ཀ་རཱ་ཡ། སརྦ་བྷཱ་ཡ་ཥུ་ཏྲཱནཱ་ཡ་ཏ་སྱན་མ་མྨེ་ཏ། ཨོཾ་མོ་ཨཱ་རྱཱབ་མོ་ཀི་ཏེ་ཤྭ་ར་ཏ་བ་ནཱི་ལ་ཀརྦྷནཱ་མཚན་ཡམཱ་བརྡྷ་ཡི་ཥྱཱ་མི་སརྦ་ཨརྠ་སཱ་དྷ་ནཱཾ། ཤུ་བྷ་བེ་ཏ་ནཾ། སརྦ་སཏྭཱ་ནཾ། བཱ་བཱ་མཱརྒ་བི་ཤོ་དྷ་ཀ། ཏདྱ་ཐཱ། ཨུ་བ་ལེ་ཀི་ལོ་ཀ་མ་ཏི། ལ་ཀ་ག་ཏི། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སརྦྦ། ཧེ་བོ་དྷི་སཏྭཱ་ཧེ། མ་ཧཱ་བོ་དྷི་སཏྭ། ཧེ་པྲེ་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ། སྨ་ར་ཧྲྀ་ད་ཡཾ། ཨེ་ཧྱེ་ཧི། ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་པ་ར་མ་མཻ་ཏཱི་ཙིཏྟ་ཀཱ་རུ་ཎི་ཀ། ཀུ་རུ་ཀུ་རུ་ཀརྨཾ། སཱ་དྷ་ཡ་སཱ་དྷ་ཡ་བི་དྷྭཾ། དེ་ཧི་དེ་ཧི་མེ། ཨ་རི་ག་མཾ་ག་མ། བི་ཧཾ་ག་མི་ཧ་སིད་དྷ། ཡོ་གེ་ཤྭ་ར། ཧུ་དུ་ཧུ་དུ། བཱིནྱཱནྟེ་མ་ཧཱ་བཱིཪྻཱནྟེ། དྷ་ར་དྷ་ར། དྷ་ར་ཎཾ། ཤྭ་ར། ཛཱ་ལ་ཛྭ་ལ། བི་མ་ལཱ་མ་ལ་མ་མཱུརྞེ། ཨཱཪྵཱ་བ་ལོ་ཀི་ཏེ་ཤྭ་ར། ཀྲིཥྞཱ་ཛིན་མུ་ཀུ་ཊ་ལཽ་སྐྲྀ་ཏ་ཤ་རཱི་ར་ལམྦ་པྲ་ལཾ་བ་བི་ལམྦ་མ་ཧཱ་སིདྡྷྱ་ཤུདྡྷ་དྷ་ར། བ་ལ་བ་ལ་མ་ཧཱ་བ་ལ། མི་ལ་མ་ལ་མ་ཧཱ་མ་ཡ། ཛྭ་ལ་ཛྭ་ལ། མ་ཧཱ་ཛྭ་ལ། ཀྲེཥྞ་བཀྵ་ཀྲྀཥྞ་པཀྵ་ཀྲྀཥྞ་པཱ་ཤནྣིརྒྷཱ་ཏ་ནི། ཧེ་པདྨ་ཧསྟ་ཛ་ཡ་ཀཱ་ར་ཎི། ཤ་ཙ་རེ་ཤྭ་ར། ཀྲྀཥྚ་སརྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ཏ། དྱོཧོ་ཝཱ་རཱ་ཧ་མུ་ཁ། ཏྲི་པུ་རད་ཧ་ན་ཤྭ་ར། ནཱ་རཱ་ཡ།། བ་ལ་རཱུ་བ་བེ་འབྷར། ཧེཎཱི་ལ་ཀཌྜྷྱ། ཧ~ཾ་མ་ཧཱ། ཧ་ལ་ཧ་ལ། ག~ཾ་ཥ་ན~ཾ་ཛ~ཾ་ཏ། ལོ་ཀ་སྱ་རཱ་ག་བི་ཥནྣ་ཤན། ཏྲེ་འབི་འན་ཤ་ན། མོ་ཧཱ་གི་ཥནྡ་ཤ་ན་ན་རྨོ་ཀྵ་ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་གུ་མུ་ནྱ། ཧ་ལཱ་ཧ་ལཱ། མ་ཧཱ་པདྨ་ནཱ་བྷ། ས་ར་ས་ར། སི་རི་སི་རི། སུ་རུ་ལུ་རུ། བུ་དྷུ་བུ་དྷྱ། བོ་དྷ་ལ་བོ་དྷ་ཡ། ཏཝ་ནཱི་ལ་ཀརྞྞ། ཨེ་ཧྱེ་ཧི་ནི་ལ་ཀརྞྞ་ཨེ་ཧྱེ་ཧི་བཱ་མ་སྐྲྀ་ཏི་སི་ཧ་མུ་ཁ་ཧ་ས་ཧ་ས། མུཉྩ་མུཉྩ་མ་ཧཱ་ཨནཱནྡྲ་ནིཪྻཱདི་ནི། ཨེ་ཧྱེ་ཧི་བྷོ་བྷྱོ་མ་སྠཱ་སིད་དྷ། ཡོ་གཱི་ཤྭ་ཪྵཱ། བན་དྷ་བནྡྷ་བཱ་ཙཾ། སཱ་དྷ་ཡ་སཱ་དྷ་ཡ། བི་དྷྭཾ། སྨ་ར་སྟཾ་བྷ་ག་བཾ། ལོ་ཀ་བི་ལོ་ཀཱསྟཱ། ཏ་ཐཱ་ག་ཏཱཾ། ད་དཱ་ཧི་མེ་ད་རཱ་ཎི། པྲ་སཱ་དྷ་ཡ་མེ་སྭཱ་ཧཱ། སིད་དྷ་ཡ་སྭཱ་ཧཱ། མི་ཧཱ་སིད་དྷཱ་ཡ་སྭཱ་ཧཱ། སིདྷ་ཡོ་གཱི་ཤྭ་ར་ཡ་སྭཱཧཱ། ནཱི་ལ་ཀརྫྫ་ཡ་སྭཱ་ཧཱ། བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། ས~ཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱན་ར་སི་ཧ་མུ་ཁཱ་ཡ་སྭཱཧཱ། སིད་དྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ། མ་ཧཱ་པདྨ་ཧསྟ་ཡ་སྭཱ་ཧཱི། བཛྲ་ཧསྟ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀྲི་ཏ་ཡ་ཛྙོ་པ་བཱི་ཏ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲ་ཨཱ་ཡུ་དྷ་དྷ་རཱ་ཡཾ་སྭཱ་ཧཱ། ཤཾ་ཁ་ཤབྡ་རིརྦཱི་ན་ཀར་ཡ་སྭཱཧཱ། བྷོ་དྷཱ་ན་ཀ་ར་ཡ་སྭཱཧཱ། བྷྲ་མ་སནྡྷ་དེ་ཤ་སྐྲྀ་ཏ་ཀྲྀཛྙཱ་ཛྙཱན་ཡ་སྭཱཧཱ། བྷྲ་མ་ཧཱ་སྭ་བྷཱགྷ་ཙརྨ་ནི་བསནཱ་སྭཱཧཱ། ལོ་ཀེ་ཤཱ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀ་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སད་དྡྷེ་ཤྭ་རཱ་ཡ་སྭཱ་ཧཱ་རཀྵ་རཀྵ་མཱ~ཾ་སྭཱ་ཧཱ། ཀུ་རུ་རཀྵ་མུརྟྟིནྡྷེ་སྭཱ་ཧཱ། ན་མོ་བྷ་ག་ཝ་ཏེ་ཨཱརྱཱ་བ་ལྀ་ཀི་ཏེ་ཤྭ་རཱ་ཡ། བོད་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིད་དྷྭཾ་ཏུ་མེ་མནྟ་པ་དྲཿསྭཱཧཱ། སྨུག་བུ་མེ་ལེན་སྦུར་ལེན་དང་། ཤོལ་དེང་བཻ་ཌཱུཪྻ་ཀ་ར་མ།། གསེར་རྒྱ་སྣོད་དུ་ཁུར་བཅས་པ།། མཎྜལ་དབུས་བཞག་སྔགས་ཁྲི་བརྗོད།། མུག་ཁྲི་རྡོ་ལི་ཀོང་བུར་ནི།། ཆུ་རབཅས་སྔ་དྲོ་བརྡར་བྱིས་ནས།། ཉི་ཤུ་རྩ་གཅིག་སྔགས་བརྗོད་དེ། ཁོང་དུ་འཐུངས་པས་དབྱིག་དུག་དང་།། སྦྱར་དུ་ག་ལན་ཅིག་སྐྱེས་དུག་དང་།། བཟའ་ཉེས་ཙམ་ཡང་སེལ་འགྱུར་མ།། དུག་རིགས་གཞན་ལྟ་སྨོས་ཅི་དགོས།། སོགས་པས་ཐེ་ཙོམ་མི་བའོ།། དང་ཅན་ཤེས་རབ་ལྡན་པའི་མི། ། རྩ་བའི་གསང་སྔགས་གང་ལ་ཡང་།། ནན་ཏན་རྩེ་གཅིག་ཏུ་བརྗོད་ན།། དེ་ཡིས་ཐམས་ཅད་འགྲུབ་པར་འགྱུར།། གང་ཞིག་དད་པའི་ལྕགས་ཀྱུ་དང་།། བློ་ཡིར་པབར་ལྡན་པ་ལ། ། ལྷ་ཀླུ་འབུམ་ཕྲག་མཐུས་སྐྱོབ་ཅིང་།། དཀར་པོ་དགེ་བ་ཀུན་སློང་སེམས།། བྱང་ཆུབ་རིན་ཆེན་གཏེར་ཐོབ་པར།། སྔགས་ཀྱི་མཐུས་ནི་མཛད་པ་སྟེ།། སྔགས་ལ་ཉེས་དང་མེད་པ་ལ།། བསྟན་ན་རང་ཉིད་ཉམས་པར་འགྱུར།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། རིགས་ཀྱི་ཁྱད་པར་གྱི་སྔགས་བྱུང་བའི་ལེའུ་སྟེ་གསུམ་པའོ།། ། ། དེ་ནས་ཡང་དག་བཤད་བྱ་བ།། ཕྱོགས་བཅུའི་སངས་རྒྱས་བསྡུས་པའི་དངོས།། འཇིག་རྟེན་མགོན་པོ་བཅུ་ཡི་དང་།། སྟོབས་བཅུ་རྒྱས་པའི་རང་བཞིན་ཅན།། ཕ་རོལ་ཕྱིན་བཅུ་ལྷུན་གྲུབ་པ།། ས་བཅུ་གཅིག་ཏུ་རྫོགས་ནས་ཀྱང་། ། ཕྱོགས་བཅུ་ཀུན་ཏུ་ཁྱབ་མཛད་པའི།། བཅུ་གཅིག་པ་ཡི་མཚན་ཉིད་ཡིན།། བསོད་ནམས་སྐལ་བར་ལྡན་པའི་མིས།། རང་གི་ལུས་ལ་སྔགས་དགོད་བྱ།། སྔགས་དང་བཅས་པའི་ལུས་ལ་ནི། ། སྲེད་མེད་དབུས་ཀྱང་མི་ཚུགས་ན།། འཇིག་རྟེན་གཞན་ལྟ་སྤོས་ཅི་དགོས།། བྱད་དང་ཤ་ཟ་རོ་ལངས་དང་།། འབྱུང་པོ་མཚོན་དང་གྲིབ་གནོན་དང་།། ལྷས་ངན་རྣམས་ནི་མྱུར་དུ་སེལ།། བླ་མ་ལས་བྱུང་རིམ་པས་ནི། ། མྱུར་དུ་ཐ་མེད་བྱང་ཆུབ་འགྱུར།། བླ་མའི་ལུང་དང་བྲལ་བས་ནི།། ནམས་ཀྱང་འགྲུབ་པར་མི་འགྱུར་རོ།། སྤྱི་བོར་ཡི་གེ་ཨོཾ་དཀར་པོ།། ནན་ཏན་དུ་ནི་བསམ་པར་བྱ།། དཔྲལ་བར་ཡི་གེ་ཨ་ལཱ་ཝ།། དེ་བཞིན་དུ་ནི་བསམ་པར་བྱ།། ལྕེ་ཡི་སྟེང་དུ་ཡི་གེ་མཆོག། ཧྲཱིཿཡིག་དམར་པོ་འོད་ལྡན་བསམ།། སྙིང་གི་ཕྱོགས་སུ་ཧཱུཾ་སྔོན་པོ།། ལྟེ་བར་ཧ་ཡིག་སེར་པོ་སྟེ།། དེ་བཞིན་གསང་བར་ཧོ་ལྗང་ཁུ།། བཤང་བའི་གནས་སུ་ཚེ་སྔོན་པོ། ། པུས་མོ་གཉིས་ལས་སེར་སྐྱ།། རྐང་མཐིལ་ཡི་གེ་ཧ་ལྗང་སེར།། ལག་མཐིལ་གཉིས་ལ་ཧཱུཾ་དཀར་པོ།། ལག་ངར་ལ་ནི་ཧྲཱི་སྔོན་ཏེ།། དཔུང་པར་ཡི་གེ་ཧཱུཾ་བཀོད་བྱ།། ཡི་གེའི་ཚོགས་ཀྱིས་བྱིན་བརླབས་ནས།། གང་དང་གང་ཡང་རུང་བ་ཡི།། རྩོལ་བ་རྣམས་ལ་འཇུག་པར་བྱ།། རྩོལ་བ་དེ་དང་དེ་དག་ཀྱང་།། སྔགས་ཀྱི་བྱིན་རླབས་ལས་བརྩལ་ཞིང་།། ལུས་ཀྱང་སྔགས་ཀྱི་ངོ་བོ་ཉིད།། སྔགས་ཀྱིས་བསྐྱེད་པའི་ལུས་ཉིད་ནི།། སྔགས་དང་བཅས་པའི་ལུས་སུ་འགྱུར། ། སྔགས་ཀྱི་ལུས་ཀྱི་རིགས་རྣམས་ཀྱིས།། ཞིང་ཁམས་དུ་མ་སྦྱངས་ནས་ཀྱང་།། འགྲོ་བ་རྣམས་ཀྱི་ལུས་སུ་ནི།། འགྲོ་བ་གྲོལ་བའི་སྤྱོད་པ་ནི།། ཀུན་བཟང་མཆོག་དང་མཚུངས་པ་སྟེ།། འགྲོ་དང་དབྱེར་མེད་དོན་རིག་འགྱུར།། དོན་དེ་མ་ལུས་ཐོབ་པའི་ཐབས།། ངག་གི་རིག་པར་གྱུར་པ་ཡིས།། རིག་འཛིན་ཞེས་བྱའི་དངོས་པོ་སྟེ།། དེ་ལ་གང་གནས་དེ་ཡི་མིང་།། རིག་པ་འཛིན་པ་ཞེས་བྱ་སྟེ།། སངས་རྒྱས་མུ་སྟེགས་པས་མི་ཤེས། ། ལྷག་དང་བཅས་པའི་རྩོམ་པ་ནི།། ཤིན་ཏུ་ངལ་བ་ཉིད་ཡིན་ཏེ།། ངལ་བ་ཉིད་ཀྱིས་གོས་པའི་ལམ།། བགྲོད་པར་དཀའ་བ་དེ་སྤངས་ནས།། ཤིན་ཏུ་བགཡངས་བདེ་བའི་ལམ།། སྐལ་དམན་ཡང་དག་སྒྲུབ་འདི་ལ། ། ནན་ཏན་དུ་ནི་འཇུག་པར་བྱ།། སྟོན་པས་དེ་སྐད་གསུངས་པའི་ཚེ།། འཁོར་རྣམས་དགའ་ནས་ཐལ་སྦྱར་ཏེ།། མཁའ་ལ་མེ་ཏོག་གཏོར་ནས་ཀྱང་།། མགོན་པོ་སྤྱན་རས་གཟིགས་དབང་གཙོ། ། ཐམས་ཅད་ཀྱིས་ནི་ཕྱག་འཚལ་ཏེ།། བསྐོར་བ་དུ་མ་བྱས་ནས་ཀྱང་།། གདོང་བཅུ་གཅིག་པ་ཞེས་བྱ་བའི།། ཞལ་དང་སྐུ་ཡི་འདུ་བྱེད་ལ།། འཛུམ་བཞིན་དུ་ནི་བལྟས་ནས་ཀྱང་། ། བསང་བའི་སེམས་དང་ལྡན་པ་དག། པུས་བཙུགས་ཐལ་མོ་སྦྱར་བྱས་ཏེ།། ཕྱོགས་བཅུར་རང་རང་བདེ་བར་འཁོད།། དེ་ནས་འཇིག་རྟེན་མགོན་པོས་ནི།། འགྲོ་བའི་དོར་དུ་རིག་སྔགས་གསུངས།། བདག་དང་གཞན་གྱི་དོན་རྫོགས་ཕྱིར།། ལས་ཀྱི་སྦྱོར་བའང་ཐ་དད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ། བྱཱ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་ས་མྱ་ཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ། ཨརྷད་བྷྱཿསམྱཀ་སཾ་བུད་དྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ཪྵཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏིདྱ་ཐཱ། ཨོཾ་དྷུ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིནྡྲ་བནྟེ། ཙ་ལེ་ཙ་ལ། པྲ་ཙ་ལེ། པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། པ་རེ་ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པན་ཡ་སྭཱ་ཧཱ། ཤུད་དྷ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། འདི་གསུངས་ཚེ་ནས་ཆེན་དག། རྣམ་པ་དྲུག་ཏུ་གཡོས་པར་འགྱུར། ཙ་བའི་སྙིང་པོ་སྟོང་བརྗོད་པས།། དངོས་གྲུབ་ཅི་དང་ཅི་འདོད་འགྲུབ།། གཞན་ཡང་སྔགས་པས་ཀུན་གྱི་དབུར།། སྔོན་གྱི་ཕྱག་འཚལ་བཞི་པོ་བརྗོད།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙནྡ་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨན་ཏེ། སམྱཀ་ས་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏྭེ་བྷྱཿན་ཏེ་བྷྱཿས་མྱཀ་སེ་བུད་དྷེ་བྷྱཿན་མ་ཨཱནྟ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎ~ཾ་ཀཱ་ཡ། ཏདྱ་ཐཱ། ཧ་ར་ཧ་ར། ཨི་ལི་མི་ལི། ཙི་ལི་ཙི་ལི། ཁི་ལེ་ཧ་ལ་སྭཱ་ཧཱ། དཀྱིལ་འཁོར་ནང་དུ་འཇུག་པའི་ས།། ཆུ་དང་གོསལ་བདུན་བདུན་བརྗོད།། ཁྲུས་བྱས་གོས་གྱོན་ནང་དུ་འཇུག། སྣོད་སོགས་རྫས་གཞན་དག་ཀྱང་བསམ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛཱ་ར་སྭཱ་ག་ར་བཻ་རོ་ཙནྡ། བྷུ་ཧཱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། ས་མྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷྱཿསམྱ་ཀ་སཾ་བུད་དྷེ་བྷྱཿ། ན་མཿཱནྟ་བ་ལོ་ཀི་ཏེ་ཤྲརྠ། ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷུ་རུ་བྷུ་རུ། ཧ་ར་ཧ་ར་སྭཱ་ཧཱ། བདུན་ཕྲག་རེ་རེ་བཏབ་པ་ཡིས།། སྤོས་བསྲེགས་པ་དང་མར་མེ་སྦར།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སྭ་གཱ་ར་བེ་རོ་ཙནྡ་རྫྙཱ་ཧཪྵ་ཛྙཱ་མ། ཏ་ཐཱ་ག་དྷཱ་5། ཨན་ཏེ། སམྱཀས་བནྡྷ་ཡཱ། ན་མཿསརྦ་ཏྭཐཱ་ག་ཏྱེ་བྷྱཿན་ཏེ་བྷྱཿས་མྱཀ་ས་བུད་དྷེ་བྷྱཿ། ན་མ་སཱནྟ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། མ་ཧཱཀྵ་ཏིཀཱ་ཡ། ཏདྱནྟེ། སི་རི་སི་རི། གྷོར་དྷི་རི། སི་དྷི་རི་སིདྷི་རི་སྭཱཧཱ། མེ་ཏོག་བྱུག་སྤོས་མེ་ཏོག་འཕྲེང་།། བདུན་བདུན་བརྗོད་ལ་སྐུ་གཟུགས་ལ།། གཏོར་དང་བྱུག་དང་གདག་པར་བྱ།། ན་མོ་རཏྣ་ཏྲ་མཱ་ཡ། ནམ་ཨཱཿ་དྷུན་སྲག་པའི་ཡིན་ན་དྷཱས། ཐཱ་དྷཱ་ལ་ཡིན་དྷེ། སབྱགས་སྒྱུ། མ་ས་རྦ་ཏཐཱཔ་ཏཿས་ཅཤྩ་ས་རྒྱགས་ཟེ་ཀྱེ་དྷྱ་ནཱམ་ཨཱནཱ་པ་པོ་ཀི་ཏབྷྱ། ཨོཾ་དྷིས་ཏྭཱ་། མབྷིས་། མཐ་ཎཱ~ཾཀཱ་ཡ། ཏདྱཥྛ། ཨོཾ་ས་རྐྱེམ་དྷེ། མེ་ཉི་མ་ཅི། སོ་སུ་སོ་སུ། བཤོས་གཙང་མེ་ཏོག་འབྲས་བུར་པོཅས།། ཉི་ཤུ་རྩ་གཅིག་བརྗོད་ནས་ནི།། ཞལ་ཟས་རྣམས་ཀྱིས་རྣམ་པར་མཆོད།། ན་མོར་ཐམས་ན་མ་ཨཱནྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙན་དྷུ་ཧྱ་རཱ་ཛྙཱ་ཡ། ཏ་ཐཱ་ག་ཏཱཡ། ཨན་ཏེ་ས་མྱཀ་ས~ཾ་བུདྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷྱཿསམྱཀ་ས་བུད་དྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ས་མཱ་དྷི་སི། ཙ་ལེ་ཙ་ལེ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ་སྭཱ་ཧཱ། མེ་ཏོག་དཀར་པོའི་ཤིང་དུ་མ་དུ།། སུམ་ཅུ་བཞི་མར་སྦྲེང་རྩིར་ནི།། ཞག་གཅིག་སྤངས་ནས་ཉིན་གཅིག་ག་མ། ། ནང་ར་ནུབ་བ་ར་རེ་རེ་ལ།། སྔགས་ར་བཏབ་ནས་བསྲེགས་ནས་གཟོད།། ཅི་དགོས་པ་རྣམས་བསྒྲུབས་ན་འགྲུབ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྱ། ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨནྟ་ཏེ། སམྱཱཀ་སཾ་བུད་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ་ནད་བྷྱཿསམྱཀ་སཾ་བུད་དྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ཏདྱ་ཐཱ། ཨོཾ་ཨི་ལི་མི་ལི། བི་ལི་ཏི་ལི། ཙི་ལི་ཏི་ལི་སྭཱ་ཧཱ། ཆུ་འམ་ཐལ་བ་ཡུངས་ཀར་ལ།། ལན་བདུན་བསྔགས་ནས་ཕྱོགས་བཞིར་གཏོར།། ས་ཕྱོགས་ཉེ་རིང་གང་དུ་ཡང་།། མཚམས་གཅོད་པ་ཡི་མཆོག་ལགས་སོ།། ནམོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་ས་ག་ར་བཻ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷྱཿསམྱཀ་ས་བུད་དྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། བོ་དྷི་སརྦ་ཡ~ཾ། མ་ཧཱ་ས་ཏྭཱ་ཡ། མེ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་རྨཱ། ཨོཾ་བི་ཏི་བི་ཏི། ཏིཊི་ཏིཊ། བེ་དེ་བེ་དེ། ཀ་ཙ་ཀ་ཙ། བྷ་ག་བཱན། ཨཱརྱཱ་བ་ལོ་ཀ་ཏེ་ཤྭ་རཱ་ཡ། སརྦ་སདྷ་ན~ཾ་སྭཱཧཱ། སྐུ་སོགས་སླར་ཡང་སྤྱན་དྲངས་དང་། རང་ཉིད་གནས་ནས་ལྡོག་དོན་ཕྱིར།། ཆུ་ལ་ལན་བདུན་བཏབ་པ་ཡིས།། བཀྲུས་ན་དགོས་པ་དེ་དག་འགྲུབ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྦ་ཏེ། སམྱ་ཀ་སཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷཿས་མྱཀ་སཾ་བུད་དྷེ་བྷྱཿན་མ་ཨཱཪྵཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་བཛྲ་ཧཱུཾ་ཧྲཿཧོཿ། བཇིག་རྟེན་འཕོ་ལ་རབ་དགའ་བས། ། ཟས་སྐོམ་བྱིན་གྱིས་བརླབ་པའི་སྔགས།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། མགོན་པོ་ཞལ་ནི་བཅུ་གཅིག་པའི། ། རྩ་བའི་རིག་སྔགས་འདི་གསུངས་སོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན་བྷུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿརྷད་བྷུཿསམྱ་ཀ། སཾ་བུད་དྷེ་བྷྱཿ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མི་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མ་སརྦ་བྷཱུ་ཧ་བྷི་ཧི་སརྦ་ཨ་ཧཾ་བུད་དྷོ་པྲ་ས་ཀེ་སཽ་གྷེ་བྷོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ནཱ་བྷཱུ་ཧ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུདྡྷཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ། ཨརྦད་བྷྱཿསམྱཱཀ་ས་བུད་དྷྱེ་བྷྱོཿ། ར་མ་ཨཱནྡྷ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱཾ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨ་བྷ་ཡ་དྷ་ན། སརྦ་པ་ཏ་བྷ་ར་ཏྭཱ་ན་ཀ་ར~ཾ། སརྦ་ཨཱནཱ་ལ་ག་པཉྩ་པྲ་ཤ་ན་ཀ་ར། སརྦ་བི་ཤུད་དྷ། ཀཱ་ལ་ཧིབྷཱ་བ་ཧ། བི་གྲ་ཧཱ། པྲ་མ་ཎི་ཀ་ར། སརྦ་པཱ་པ་ནཱ་ཤ་ཡ་ཀ་ར། སརྦ་བྷུ་ད་བེ་ཏ་ལ། པི་ཤ་མ་དྷེན། དྲུད་སརྠརཱ། དུཿམི་ཏཱཾ། སརྦ་བིགྷྣཱཾ་བིནྡྲཱ་ཡ་ཀཱན། བོ་དྷིས་ཏྭ་ཀར། པར་ཙཀྲ། དྲཱར་བྷེཀྵ། ཤ་ཀེ་བྷ་ཡ་ནི་ས་ར་ཀ་ར། སཱ་དྷི་པ། ན་ག། མཀྵ། གན་དྷརྦ་ཨ་སུ་ར། ག་རུ་ཌ། ཀིནྡ་ར། མ་ཧོ་ར་ཀེ། སརྦ་ཙྪེ་ད་ཀ་རཾ། སརྦ་པི་ཤཱ་ཙི་ཀེ་ཌ་བྷཱ། སུ་ཀཱ་དྷགྷ་དྷ། ཀྲ་སཱ་ཀ་ལི་ར་པེ་ཌ་ལི། མཾ་ག་ལ། བི་ནཱ་ཤ་ཀཱ་ར་ཡ། ན་མོ་ནཱ་ཐཱ་མ་ཧཱ་ཀ་རུ་ཎ། ཨེ་ཀ་ད་ཤ་མུ་ཁ་སཱ་ཏྲུས་བྷུ་ཛེ་སྭཱ་ཧཱ། སྲེ་ནཎི། ཏདྱ་ཐཱ། ཨོཾ་ཛ་ཀ་རི། ཡུ་དི་སཱ་རི་ནི་བི་ཙི་ཏྲི་མུ་ཁི། ཨེ་ཀ་ས་མུ་ཁ། སརྦ་ས~ཾ་གྷ་མ་ཧཱ་ར་ཎི་ཛ་མུཏྟེ། ས་ཧ་སྲ་བྷུ་ཛ་མེ་ཧཱ་ནི་དྲྀ། མ་ཧཱ་ཤྲཱི་ནི་ནི་ལཾ་ཀཱ་ར། མ་ཎི་ཀུཎྜཱ་ཡ་ས་ནཏྟ་བིཙིཏྟ་མཱུ་ལ་དྷཱ་རེ། ཙནྡྲ་སུནྱ། ཨ་ཏཻར་ཀེ་ཨཱཀྵ་ཤ་ག་ག་ན་ཙ་རིཎྜེ། མཾ་ག་ལ་ཤ་རི་ཛཱི་མཱུ་ཏེ་བེ་བིཏྟ་པྲི་ཎ་མཾ་ག་ལེ། བྷུ་རི་མི་ཏྲཀཱ་རཏྟེ། ཙུ་རུ་ཙུ་རུ། ཤེ་ཏ་པཱ་ཏེ། མུ་རུ་མུ་རུ། ཤྲདྡྷ་ཨ་བ་ན་ཏ་ཏེ། ཧུནུ་ཧྲ་རུ། བྷ་པྲྀདྡྷ་མུ་ཥི། ཀུ་རུ་ཀུ་རུ། ཙི་ཀྲ་མུ་ཁི། ཨཱ་དཾ་དྱ་བཱ་ཤ་པར་ཎི་ནཱི། ཛི་བྷ་ནི། མགྷ་དྷ་ནི། སརྦ་པཱ་ཎི་ནི། སརྦ་པརྱ་རཾ་བྷེ། མ་ཧཱ་ནི། ཨ་མོ་གྷ་པཱ་ཤ་ཧསྟ། སརྦ་བྷཱ་ཡ་པི་ཙ་ཡེ་ནཱི་ར་ཙ་དི། ཨགྣ་བི་ཤྭཱ། ཨུད་ཀ་པཱ་ཡེ། པྲ་ཤཱ་མ་ནཱི། ཀ་ཁོ་ར་དཱ་ནི། བྷཱནར། ཨོཾ་ཧི་རི་ཧེ་རི། ཛ་ཡ་ཀཱ་རཱི། བ་ལ་ཀ་རི། དྷ་ན་ཀ་རཾ། ཏ་ཙ་ས་ཀ་རི། བྷི་བ་བྷཱི། པྲ་ཤ་མ་ནཱི། མུདྷཱ་ནཱི་པ་ར་ཙི་ཀྲ་ཤ་མ་ཎི་ནཱི་པ་ར་སྱ། བི་ནཱ་ནི་མུ་དོཏ་ར་ནི་པྲ་བྷ་ན་བྷེ་ལ། མ་ཎི་མ་ཎི། མ་ཧཱ་མ་ཎི། མ་ཎོ་དྷ་རེ། ཏྲེ་ལོ་ཀ་ཨཱ་ལ~ཾ་ཀ་ཀ་རི་ཏི་པཱུ་ཎ་ཀ་རེ། ཏྲི་པཱུརྞ་ག་ར་བི་དཾ་ས་ནི། བ་ར་བྷེ་ན། པི་ཏཏྲ་པཱ་ཎི་ནི། སརྦ་བི་ཙ་ཀ་རྨ་ཎི། སུ་ད་ནི། སརྦ་བྱཧྨ་དྷི་ནི། པྲ་ཤ་མ་མི་སྭཱ་ཧཱ། ཨོཾ་ཙ་ལི་མི་ལི་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། མི་ལི་མི་ལི་སྭཱ་ཧཱ། སི་ལི་སི་ལི་སྭཱ་ཧཱ། ཙི་ལི་ཙི་ལི་སྭཱ་ཧཱ། ཙིནྟ་ལི་མ་ཏི་ནི་སྭཱ་ཧཱ། ཨུརྡྷ་ཀེ་ཤ་པཾ་ག་ལ་ཀེ་ཏོ་དྷེ་མ་ནུ་མུ་ཁི་སྭཱ་ཧཱ། ཨོཾ་ཀ་ར་ཀ་ར། ཙ་ར་ཙར་སར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ་མུཉྩ་ཡ། པྲ་ཤཱ་མ་ཡ་པྲ་ཤཱ་མ་ཡ། ཡུ་དྷོ་ད་དྷཱ་ར་ཎི་སྭཱ་ཧཱ། ཙིཏྟ་ནི་ར་མཱ་ལ་ཀ་རི་ཕཊ། ཨ་སུ་ར་ན་ར་ཀི་ཏི་ཏ་ཕཊ། ཛ་ཡ་ཀ་རི་ཕཊ། སྐ་ཏི་རི་ཕཊ། ས་ཧ་སྲ་ནེ་ཏྲེ་ཕཊ། སརྦ་བྷརྦ་དྷ་རཱ་ན་མ། ཏྲེ་ཏེ་ཕཊ། སརྦ་བྷ་ཡ་བི་མོ་ཀཱ་ཎི་ཕཊ། མ་ར་ཙཀྲ་ན་པ་ར་ཎི་ཕཊ། པ་ར་ས་མྱ་སི་ཀྲུ་པ་ཎི་ཕཊ། སརྦ་ཀྲྀ་ཏྱ་ཀ་མ་སི་དུ་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་བྱཱ་དྷི་བི་ནཱ་ཤ་ཡ་ཕཊ། སརྦ་གྲ་ཧོ་ཏ་ཙྪིནྡི་ན་ཕཊ། རཀྵ་རཀྵ་མཱཾ། སརྦ་བུད་དྷ་བོ་དྷི་སཏྭཱ་ནཱཾ། ས་པ་ར་ས་པ་ར། ནཾ་ཏེ་ཙ་ཤ་རི་ས་མ་ནཱཾ། སརྦ་པྲ་ཡ་པྲ་ཏིབྷྱཿསརྦ་ཡུཏྟེ་བྷྱཿདུསྟྲི་ཏེ་བྷྱཿསརྦ་ཏྲིཏྟ་ཀ་ཁོ་ར་ད། སརྦ་བཻ་ཤེ་བྷྱཿསརྦ་ཀཱ་ཡ་བྷཱཀྵཱི་ཏ་ཏེ་སི་ཙི་བྷྱཿརཀྵ་ར་ཀཱ་མཱཾ་སྭཱ་ཧཱ། ས་ཧ་སྲེ་བྷུ་ཛེ། ས་ཧ་སྲ་ནེ་ཏྲ་ཨེ་ཀ་ད་ཤ་མུ་ཁི། ཨཱཪྵཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིད་དྷྭཾ་ཏུ་མེ་མནྟྲ་པ་ཏཱ་ནི་སྭཱ་ཧཱ། རྗེ་བཙུན་ཞལ་ནི་བཅུ་གཅིག་པའི།། སྔགས་འདི་ཡོན་ཏན་མཐའ་ཡས་ཏེ།། གང་ལ་འདི་ནི་གཙུག་ཏོར་དུ།། ཡིད་བཞིན་ནོར་བུ་ཐོགས་དང་མཚུངས།། འཆང་དང་ཀློག་པར་བྱེད་པ་དོས།། མཐེའ་ཡས་ཡོན་ཏན་རྙེད་པར་འགྱུར། ། ནད་དང་གདོན་རྣམས་སེལ་བ་དང་།། ཁྱད་པར་དུ་ནི་སྡིག་ཀུན་འབྱུང་།། བ་དཀར་མོ་ཡི་བདུད་རྩི་ལྔས།། མཎྜལ་འཇམ་པོ་ལྔ་བྱུགས་ལ།། གཙང་སྦྲ་ལྡན་པས་དབུས་སུ་ནི།། ཤིང་སྐུ་རིང་བསྲེལ་ལྡན་པ་གཞག། གཞན་ཡང་རིང་བསྲེལ་ལྡན་པ་ཡི།། སྐུ་གདུང་བཞི་ནི་ཕྱོགས་བཞིར་ཏེ།། ཚད་ལྡན་པ་ཡི་བུམ་པ་ནི།། ལྔ་པོ་དབུས་དང་མཚམས་སུ་སྟེ།། རིགས་ལྔའི་མདོག་དང་ཕྱག་རྒྱ་ཅན། ། སྣ་ཚོགས་རྒྱན་དང་མཆོད་པ་དང་།། སྲད་བུ་ཐ་དད་བྲེ་བར་བྱ།། ཅི་འདོད་ཕྱག་རྒྱ་བྲིས་བྱས་ཏེ།། ཚེས་གཅིག་ནས་ནི་བཅུ་བཞིའི་བར།། འདོད་ལ་དམིགས་ནས་སྔགས་བརྗོད་དེ།། བཞི་ཁྲི་རྫོགས་ནས་བཅོ་ལྔ་ལ། ། འདོད་པ་གསོལ་གདབ་ཁྲུས་བྱས་ནས།། ཅི་འདོད་མྱུར་དུ་གྲུབ་པ་དང་།། བདུད་དང་བར་དུ་གཅོད་པ་དང་།། རྣམ་པར་འཚེ་དང་མི་མཐུན་པ།། ཁྲུས་ཀྱིས་ངེས་པར་སེལ་བར་འགྱུར།། སྔགས་བརྗོད་ཡོན་ཏན་མཐའ་ཡས་རྣམས། ། བསྡུས་ནས་སྒྲུབ་པོ་ལ་ལྡན་འགྱུར།། མགོན་པོ་སྤྱན་རས་གཟིགས་དབང་གི། སྔགས་གང་བརྗོད་པ་ཙམ་ལ་ཡང་།། གཤིས་ངན་ཤི་བ་བཅོ་ལྔ་མེད།། སྐྱེས་བཟང་བཅོ་ལྔ་ཐོབ་པར་འགྱུར། ། མུ་གེ་རྒྱལ་པོའི་ཆད་པ་དང་།། དུག་དང་མཚོན་དང་གཡུལ་འགྱེད་དང་།། སྟག་སོགས་སྦྲུལ་སོགས་གཅན་གཟན་གདུག། དུག་ཅན་ཟས་དང་མེ་ཆུས་འཆི།། སྲོག་ཆགས་བདུན་དང་ཉལ་ཉེས་དང་། ། གཡེང་བྱེད་དང་ནི་ལྷ་འདྲེས་གཙེས།། གསོར་མི་རུང་དང་བདག་ལྕེ་བ་རྣམས།། དེ་ལ་ནམ་ཡང་མི་འཇིགས་སོ།། རྒྱལ་པོ་ཆོས་ལྡན་ཡུལ་སྐྱེ་ཞིང་།། འཕགས་པ་བཞུགས་དང་དུས་བཟང་ཡུལ། ། བཤེས་གཉན་བཟང་དང་དབང་པོ་ཚང་།། དགེ་ལ་དགའ་ཞིང་ཚུལ་ཁྲིམས་ལྡན།། བྲན་ཁོལ་བཟང་ནི་ནོར་མངས་རྟག། གཞན་གྱིས་བཀུར་ཞིང་དགོས་འདོད་སྦྱོར།། སེམས་བདེར་འཇིག་རྟེན་སྐྱོང་བས་སྲུང་། ། སངས་རྒྱས་ཞལ་མཐོང་དོན་ཟབ་བརྟགས།། གཞན་ཡང་དམན་ལ་བྱམས་སེམས་བསྐྱེད།། སྙིང་རྗེ་མཆི་མ་འཁྲུག་པ་དང་།། ཡོན་ཏན་དྲན་ནས་སྤྲོ་བ་དང་།། དཀོན་མཆོག་གསུམ་ལ་དད་པ་དང་།། ཕུལ་དུ་འབྱུང་བའི་བློ་ཡས་འཕེལ།། ཚུལ་བཞིན་མ་ཡིན་ཡིད་བྲལ་དང་།། བཀའ་ལུང་སྡེ་སྣོད་དང་བ་རྣམས།། ཡང་ནས་ཡང་དུ་སྐྱེ་བར་འགྱུར།། ཇི་ལྟར་སྤྲོས་པའི་གནས་མཐོང་ན།། སྔགས་འདི་རང་བཞིན་མེད་པར་བྱས། ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོཧཱུཾ། འཛིན་པ་དྲག་པོའི་བློ་བྱུང་ཚེ།། སྔགས་འདིས་སྟོང་པ་ཉིད་དུ་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཧཾ། གང་གིས་ལུས་ངག་ཡིད་གཡོན། ། སྔགས་འདིས་བརྟེན་པར་བྱིན་གྱིས་བརླབས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྵིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཧཾ། གང་ལ་གནོད་ཡོད་སེམས་ལྡན་དང་།། ངང་གིས་ས་གཞི་འགགས་ཡོད་པ།། བསལ་ཕྱིར་སེང་ལྡེང་དཀར་པོ་ནི།། བྲག་ལས་སྐྱེས་ཤིང་གཞོན་པ་ལས།། སོར་དྲུག་ཚད་ལྡན་ཕུར་བུ་ནི།། བརྗིད་ལྡན་རྩེ་མོ་རྣོ་དཔལ་ཅན།། མགོ་བོ་རྐེད་པརྒྱ་མདུད་ཚུལ།། སོར་ཆད་ཕྱེད་ཕྱེད་ལྡན་པལ། ། ཕུར་ནི་བཅུ་དྲུག་རྐེད་པ་ལ།། སོར་གཉིས་ཟུར་བརྒྱད་ལྡན་པའོ།། སོར་གསུམ་ཟུར་གསུམ་རྩེ་རྣོ་བ།། དཔལ་མཐོ་ཅུང་བད་པར་རེག་པ།། ངོས་དང་སྐབས་ནི་ཟབ་པ་སྟེ།། སྔགས་ཀྱི་བྱིན་རྣཐ་ལྡན་པ་བརྒྱད། ། ཁང་པའི་བུར་དང་ཕྱོགས་བཞི་པོར།། གཡས་སུ་ཕྱོགས་པ་གཟུགས་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སཱ་ནྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙན་བྷུ་ཧ་རཱ་ཛཱ་ཡ། ན་མཿསརྦ་ཏ་ཐཱ་ག་ཏཱ་ཨན་ཏེ་བྷྱས་མྱཀ། སཾ་བུདྡྷཱ5། ནམ་ཧཱནཱ་བ་ལོ་ཀི་ཏེ་ཤྭ་ནཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱས། ན་མ་ཤྭརྦྷ་བཛྲ་བོ་ནཱ་མ། ཕུ་ལུ་ཨུ0f7fས?། ཏིཥྛ་ཏིཥྛ། བན་དྷ་བནཿ། ཧན་ཧན། ད་ཧ་དཧ། པ་ཙ་བཙ། ཨོཾམྲྀ་ཏེ་སྥུ་ཕཊ། ལྷས་ངན་ཐམས་ཅད་འཇོམས་པ་དང་།། གནས་ཁྱེང་བྱིན་གྱིས་བནབ་པ་དང་།། ཚེ་དང་ལོངས་སྤྱོད་རྟག་པ་དང་།། དལ་འབྱོར་ཕུན་སུམ་ཚོགས་པ་དང་།། དང་པོ་བྲལ་མོ་སྦྱར་བྱས་ཏེ། ། ཕྱིས་ནི་ལག་གཡོན་སྡིགས་མཛུབ་བཅས།། ཨོཾ་དང་ཨ་ལ་ལ་ལ་ཧོ།། ཞེས་ནི་བརྗོད་ཅིང་ཁང་པ་ཡི།། ནང་དུ་འཇུག་པ་ཁྲོ་བོར་བཅས།། དེ་ནས་ཧཱུཾ་སྨས་སེ་གོལ་གཏོགས།། དེ་ནས་ཨོཾ་ཨཱཿབཛྲ་དང་། སྠཱན་པ་ཎི་བྷྱཿ་ཧཾ།། རཀྵ་རཀྵ་ཧཱུཾ་ཕཊ་བརྗོད།། ཤིན་ཏུ་འཇམ་པའི་སྟན་ལ་ནི།། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས།། བསྲངས་ཏེ་མིག་ནི་སྣ་རྩེར་ཕབ།། དལ་བའི་རླུང་ལྡན་དཀན་ལ་ནི།། ལྕེ་ཡིས་ཅུང་ཟད་རེག་པར་བྱ། ། ལྟེ་བ་ཅུང་ཟད་འཁུམ་པ་ཡིས།། སེམས་ནི་བག་ཡོད་གནས་པར་བྱ།། རྟག་པ་མ་ཡིན་མི་རྟག་མིན།། གཙང་བ་མ་ཡིན་མི་གཙང་མིན།། བདེ་བ་མ་ཡིན་སྡུག་བསྔལ་མིན།། བདག་དང་ངར་མིན་བདག་མེད་མིན།། བླང་དང་དོར་བའི་འཇིགས་ཚོགས་མིན།། སེམས་མ་ཡིན་ཞིང་སེམས་བྱུང་མིན།། ཕུང་ཁམས་སྐྱེ་མཆེད་མེད་མ་ཡིན།། ཡིད་མིན་རྟག་མིན་ཆད་པ་མིན།། མུན་པ་མ་ཡིན་ཤེས་རབ་མིན།། འགྲོ་མ་ནི་འོང་མིན་གནས་མ་ཡིན། ། སྣ་ཚོགས་སྤྲིན་གློག་དུ་མ་ནི།། འདོད་གཟུགས་དུ་མ་སྒྱུར་བྱེད་པ།། མཁའ་བྱུང་ནམ་མཁའ་ལ་ནི་ཐིམ།། འགྲོ་འོང་སྟོན་པ་འདོད་བསྐུལ་བ།། མེད་མོད་ན་ཡང་དེ་ལྟར་སྤྱོད།། ཡུལ་གྱིས་མ་སྐྱེས་དབང་པོ་མིན། ། དུས་ཀྱིས་མ་ཡིན་གཏན་གྱིས་མིན།། རྒྱུ་དང་དེ་བཞིན་རྟེན་གྱིས་མིན།། གནས་སྐབས་གཞན་ཡང་དེ་ལ་མེད།། དེ་ལ་སེམས་པའི་སེམས་ཉིད་ཀྱང་།། གང་ནས་མ་འོངས་གར་མི་གནས།། གར་ཡང་མ་སོང་བརྟགས་ན་སྟོང་། ། བརྟག་པར་བྱེད་པ་རྟོག་པ་ཙམ།། དངོས་རྣམས་བརྟགས་པ་མིང་ཙམ་སྟེ།། ཀུན་རྫོབ་ཙམ་དུ་མིང་ཡིག་ལ།། རྟེན་ནས་རང་གི་སེམས་བཟུང་ན།། རྦོད་ཀྱི་བཞི་པ་དང་པོར་གཟུང་།། ཕྱུང་བའི་གཉིས་པ་དེ་ལ་བརྟེན།། དེ་ལ་དང་པོ་གཉིས་པས་བསྐོར།། དང་པོའི་བཅོ་ལྔས་མནན་པ་སྟེ།། བཅུ་དྲུག་པ་ནི་གྲོགས་སུ་གཞག། ཡི་གེ་དྲུག་ལ་གྲུབ་པ་ནི།། སངས་རྒྱས་དྲུག་གི་རང་བཞིན་ཏེ།། འོད་ཟེར་རྣམ་པ་དྲུག་དང་བཅས། ། རླུང་དྲུག་གིས་ནི་དབང་བྱས་ནས།། ཡུལ་ནི་རྣམ་པ་དྲུག་ལ་འཇུག། ཡུལ་དྲུག་དག་གི་དབང་བྱས་ནས།། ཉོན་མོངས་རྣམ་པ་དྲུག་དང་བཅས།། ཉོན་མོངས་རྒྱས་པར་འགྱུར་བ་ཡིན།། ཕུང་པོ་རྣམ་པ་དྲུག་དང་ལྡན། ། ཕུང་པོ་གྲངས་ཀྱི་དབྱེ་བས་ནི།། ཡན་ལག་དྲུག་དྲུག་འཕེལ་བར་འགྱུར།། ཡན་ལག་རྫོགས་པའི་གྲིབ་མས་ནི།། རང་བཞིན་དག་པའི་སེམས་སྒྲིབ་བྱེད།། སྒྲིབ་གཉིས་གོ་བས་འཐུག་པོ་ནི།། གསལ་ཀའི་རི་བོ་དང་བཅས་པ།། རྟག་ཆད་གནས་སུ་བཞུགས་པའོ།། སྲོག་རྩོལ་བསྡམས་པའི་སྦྱོར་བ་ཡིས།། ཕྱི་རོལ་སྣང་བ་ནུབ་པར་འགྱུར།། རྩོལ་དང་བྲལ་ནས་དགའ་སྐྱེ་སྟེ།། ཡི་གེ་ལ་ནི་སེམས་གནས་འགྱུར།། ཡི་གེ་གསལ་བའི་འོད་ཟེར་ནི།། བ་སྤུའི་ཁུང་རྣམས་ཐམས་ཅད་ནས།། སེམས་དང་བཅས་པ་ལྡང་འཇུག་སྟེ།། སླར་ཡང་ཐིག་ལེ་བསྡུས་ནས་ནི།། ཡི་གེ་ཉིད་ཀྱང་མི་དམིགས་སོ།། འཛིན་པ་དེ་ལས་ཐོས་ནས་ཀྱང་། ། སྒྱུ་མའི་རྣམ་པ་རྗེས་དྲན་བྱ།། དེ་ལ་གོམས་ནས་ཏིང་འཛིན་ནི།། ཉམས་པ་མེད་པ་ཐོབ་པར་འགྱུར།། ཏིང་འཛིན་དེ་བརྟན་གྱུར་ནས་ནི།། ལུས་འདིས་རིག་པ་འཛིན་པ་ཐོབ།། རིག་འཛིན་དེ་ལ་གནས་ནས་ནི།། བླ་མེད་བྱང་ཆུབ་དེ་ཐོབ་འགྱུར།། སྐད་ཅིག་དེ་ལ་རྡོས་རྣམས་ནི།། ནམ་མཁའ་ལྟ་བུར་དག་ནས་ཀྱང་།། མཁའ་ལྟར་ཀུན་ལ་ཁྱབ་པར་སྤྱོད།། རྟེན་ནི་སྤྱན་རས་གཟིགས་དབང་སྟེ།། ལུས་ནི་འཕགས་པ་འཇམ་དཔལ་ལོ།། ཡན་ལག་ཕྱག་ན་རྡོ་རྗེ་སྟེ།། མགོ་དང་ཐོད་ནི་མ་ཕམ་པ།། གཙུག་ཏོར་སྒྲིབ་པ་རྣམ་སེལ་ཉིད།། ཉི་ཟླ་ཀུན་ཏུ་བཟང་པོ་སྟེ།། ས་ཆུ་མེ་རླུང་ནམ་མཁའ་དང་།། རྣམ་ཤེས་ཉིད་དང་བཅས་པའོ། ། ཐམས་ཅད་དབྱེར་མེད་འགྱུར་བ་སྟེ།། བསམ་གཏན་ལ་ནི་གནས་པའི་ཕྱིར།། སྩལ་རྣམས་སོ་སོར་བསྡུ་བར་བྱ།། སེམས་གློང་བས་ནི་ངེས་པར་འགྲུབ།། འདས་དང་མ་འོངས་ད་ལྟར་གྱི། ། དུས་ནི་རྟག་པ་མ་ཡིན་ཏེ།། མི་རྟོག་སེམས་ཉིད་འབྲེལ་གྱུར་ནས།། དུས་ལ་ཐ་དད་མི་རྟོག་གོ།། ཉི་མའི་འཁོར་ལོ་ཆུ་རྒྱུན་དང་།། ནམ་མཁའི་ཕྱོགས་ནི་ཇི་ལྟ་བར།། སེམས་ཀྱང་སེམས་ཀྱིས་བཙལ་བར་བྱ། ། གཞན་ནི་གོ་སྐབས་མི་འབྱེད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། ཐུན་མོངས་གི་སྔགས་བྱུང་བའི་ལེའུ་སྟེ་བཞི་པའོ།། དེ་ནས་དྲང་སྲོང་གནས་ནས་ནི།། སྣ་ཚོགས་གཟུགས་ལྡན་ཞེས་བྱ་བ།། བསྐལ་པ་དུ་མར་སྦྱངས་པ་ཡི།། བྱང་ཆུབ་སེམས་དཔའ་རིག་འཛིན་ཞིག། རྒྱ་ཆེར་རང་གི་འཁོར་བཅས་ལ།། དཀྱིལ་འཁོར་དྲུང་དུ་ལྐུགས་ནས་ནི། ། རྨད་བྱུང་ཆེན་པོའི་ཚོགས་ཀྱིས་མཆོད།། ཕྱག་འཚལ་བསྐོར་བ་དུ་མ་བྱས།། ཐལ་སྦྱར་འཛུམ་པའི་མདངས་ཀྱིས་ནི།། སྟོན་པ་ལ་ནི་འདི་སྐད་གསོལ།། ཨོཾ། མཐའ་ཡས་སྤྲོས་ལ་ཉེར་ཞི་ཞིང་། ། ཞི་མཛད་དུ་ཞི་རབ་སྤྱོད་མཛེས།། རྟོག་བཅོམ་རྟོག་མཁྱེན་རྟོག་ཡོངས་ཞུགས།། ཡེ་ཤེས་ཀུན་རྒྱལ་ཕྱག་འཚལ་ལོ།། ཞི་ལས་ཞི་འགྱུར་མཐའ་འབྱུང་བ།། ཆོས་རྣམས་ཀུན་མཆོག་ནི་ཆོས་ཆེ། ། སྤྲོས་མེད་ལས་སྤྲོས་དཀར་བཅུ་བྱ།། མཐའ་ཡས་ཆོས་ལ་ཕྱག་འཚལ་ལོ།། གྲོལ་གྱུར་གྲོལ་མཛད་དག་པ་ཆེ།། དག་པར་སྤྱོད་པ་གཙང་མ་མགོན།། ཚོགས་རྫོགས་ཚོགས་ལྡན་ཚོགས་སྤྱོད་རྒྱལ།། ཚོགས་རྟག་བདག་ཉིད་ཕྱག་འཚལ་ལོ།། རབ་མཛེས་ཐུགས་རྗེའི་ཉི་མས་བརྒྱན།། འཇིག་རྟེན་རབ་གསལ་མཛད་པའོ།། རྟག་པོ་དོན་ཆེན་རྟག་ཞུགས་ལ།། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ།། ཁམས་གསུམ་བག་ཆགས་ཀྱིས་དཀྲུགས་པ།། ཐིབས་པོའི་ལིང་ཏོག་ཞུགས་པ་རྣམས།། མངོན་དུ་སྣང་བར་བརྗོད་པ་དང་།། སེམས་ལ་གསལ་མྱུར་ཤིན་ཏུ་དགའ།། མངོན་སུམ་མེད་ལ་རྗོད་བྲལ་ཡང་།། ལྐོག་ཏུ་གྱུར་པ་སྨོས་ཅི་དགོས།། ལྐོག་དོན་མངོན་དུ་བྱེད་པ་ལ།། ཕྱག་རྒྱ་དང་ནི་འདྲ་འབག་མཆོག། མངོན་སུམ་ཐོབ་ལྡན་མིང་ནས་ཀྱང་།། དོན་ལ་སེམས་ཀྱི་གསལ་བ་སྐྱེ།། དོན་གང་ཡང་ཡང་གོམས་པ་ལྔ།། སེམས་ཀྱི་འཇུག་པ་རྟོག་པ་སྟེ།། བདེ་གསལ་མི་རྟོག་བློ་འབྲས་བུ།། སྒོམ་པའི་ཕ་རོལ་ཕྱིན་པའོ།། བློ་དམན་རྣམས་ཀྱི་འཇུག་པ་དང་།། འབྲིང་པོ་འགྲོ་བར་བྱ་ཕྱིར་དང་།། རྣོན་པོ་རྫོགས་སངས་རྒྱས་འགྱུར་ཕྱིར། ། གཟུགས་བརྙན་བྱུང་ཚུལ་བཤད་དུ་གསོལ།། མྱུར་དུ་འཇུག་དང་གྲོལ་བ་དང་།། མྱུར་དུ་བྱང་ཆུབ་ཆེར་འགྱུར་ཞིང་།། གཟུགས་བརྙན་དགེ་བའི་ཚུལ་འབྱུང་ཅན།། འདྲེན་པས་དེ་རིང་བཤད་དུ་གསོལ། ། མཁའ་སྤྲིན་རྟག་པ་མེད་པ་ལ།། མཚན་མར་གཟུང་དུ་མེད་པ་ལྟར།། རྣམ་རྟོག་གིས་དཀྲུགས་སེམས་ལ་ནི།། སུ་ཞིག་མཚན་མར་འཛིན་པར་འགྱུར།། དམིགས་པའི་མཚན་མ་གསལ་བྱེད་པ། ། གཟུགས་བརྙན་ཚད་དང་ལྡན་པ་སྟེ།། ལེགས་པར་འགྱུར་བའི་ཡིད་འཇུག་ཅིང་།། བྱིན་རླབས་ངེས་པར་འཇུག་པར་འགྱུར།། དེ་ནས་བཅོམ་ལྡན་འདྲེན་པ་གཅོས།། ལྗགས་ཀྱི་དབང་པོ་བཀྲམ་ནས་ནི།། གཟུགས་བརྙན་དགེ་བའི་ཚུལ་བྱུང་བ། ། ང་ལས་མཉན་པར་བརྩོན་པ་ནི།། ལེགས་པ་ལྷ་ཡི་དྲང་སྲོང་མཆོག། རིག་འཛིན་བྱང་ཆུབ་སེམས་ཁྱོད་ལེགས།། རྩེ་གཅིག་སེམས་ཀྱིས་མཉན་ནས་ཀྱང་།། ལེགས་པར་གསུང་པ་ཡིད་ལ་ཞོག། ཁྱོད་ལ་ཡང་དག་བཤད་བྱ་བ།། བྱ་ནི་རླབས་དགྱེས་པའི་གཟུགས་བརྙན་དང་།། ཚོན་གྱིས་རིས་སུ་བྲིས་པའམ།། རིན་ཆེན་རིགས་སམས་རྡོ་འམ།། ཤིང་ལ་བྱས་ན་མཆོག་ཏུ་བསྔགས།། དང་པོའི་ལས་ཅན་སེམས་ཅན་ལ།། དམིགས་པ་གསལ་བར་འགྱུར་བ་དང་།། བྱིན་རླབས་མཆོག་ནི་འཇུག་པར་འགྱུར།། ཙན་དན་དཀར་པོ་གསལ་ཞིང་དྲང་།། གཞོན་ཞིང་ཆག་གས་མེད་པ་ལ།། བསང་ཞིང་དུད་པས་བདུགས་ནས་ནི། ། དང་ལྡན་ངང་ཚུལ་བཟང་བས་བཞག། འཇིག་རྟེན་དབང་ཕྱུག་མགོན་གྱི་སྐུ།། བཅོ་བརྒྱད་སོར་ཚད་ལྡན་པ་ལ།། གདན་ཁྲི་དག་ནི་སོར་དགུ་སྟེ།། རྒྱབ་ཡོལ་སོར་ཚད་དྲུག་གིས་བསྐྱེད། ། བཞེངས་ཏེ་ལྡེམ་བག་ཉམས་དགའ་བ།། རིན་ཆེན་དུ་མའི་གཟུགས་ཀྱིས་བརྒྱན།། གཡས་ཀྱི་དང་པོ་བགྲང་འཕྲེང་སྟེ།། གཉིས་པ་མི་འཇིགས་སྩོལ་བའི་ཕྱག། གཡོན་པ་དང་པོ་པདྨ་དམར། གཉིས་པ་རིལ་བ་སྤྱི་བླུགས་ཐོགས།། ཞལ་གྱི་གྲངས་ནི་བཅུ་གཅིག་ལ།། མདུན་གྱི་ཞལ་གསུམ་མཚན་བཟང་ཅན།། བྱམས་པ་སྙིང་རྗེ་དགའ་བའི་མདངས།། དཀར་པོ་དཀར་སེར་དམར་སྐྱ་བོ།། གཡོན་གྱི་གསུམ་ནི་ཁྲོ་བོའི་ཞལ། ། སྒེག་པའི་མདངས་དང་ལྡན་པ་སྟེ།། དམར་དང་དམར་སེར་ལེ་བརྒན་ནོ།། གཡས་སུ་གཏུམ་པའི་ཁྲོ་ཞལ་གསུམ།། སྔོ་དང་སེར་དང་ལྗང་ཁུ་བོ།། རྒྱབ་ཏུ་ཁྲོ་གཏུམ་མདོག་དམར་པབ། ། རྟ་སྐད་རབ་ཏུ་འཆེར་བའི་ཞལ།། ཁྲོ་བོའི་ཞལ་རྣམས་མཆེ་བ་གཙིགས།། མིག་གསུམ་དབུ་སྐྲ་སེར་པོ་ནི།། གྱེན་དུ་ཐོར་ཙུགས་བཅིངས་པའོ།། སྟེང་དུ་སངས་རྒྱས་འཛུམ་པའི་ཞལ།། བྱུ་རུ་བཅག་པའི་མཚན་འདྲ་བའི། ། དབུ་ཡི་ཅོད་པན་ནང་རྣམས་སུ།། འདི་དག་ཕྱོགས་བཅུའི་ཐུབ་པ་རྣམས།། རེ་རེ་བཞིན་དུ་བཞུགས་པར་བྱ།། དབུ་རྒྱན་ཅོད་པན་ལྡན་པ་དང་།། རྣ་རྒྱན་མགུལ་རྒྱན་དཔུང་རྒྱན་དང་།། ལག་རྒྱན་སེན་མོ་དོར་བཅས་པ། ། དོ་ཤལ་རྐང་གདུབ་སྐ་རགས་ཅན།། རྒྱན་དང་ན་བཟའ་མཛེས་པས་བརྒྱན།། དེ་ནས་ཡང་དག་བཤད་བྱ་བ།། རིས་མ་དག་ལ་དགའ་གྱུར་ནས།། ཡིད་གཞུངས་ངལ་སྤྱོད་ཁྲོ་བ་མེད།། སྲད་རླུཆུང་ཤེས་རབ་སྙིང་རྗེ་ཆེ། ། ཐབས་ལྡན་རི་མོ་རྒྱུད་ལ་མཁས།། བསམ་པ་བཟང་ལྡན་ཚུལ་ཁྲིམས་བསྲུངས།། འདྲི་ཆོས་བཟོ་ལ་གཞུངས་པ་ཡིས།། དབེན་ཞིང་ཉམས་དགའི་གནས་སུ་བྲི།། གཟུགས་བཟང་ཡིད་ངལ་གཙང་ལྡན་པའི། ། བུ་མོས་བཀལ་བའི་རས་ལ་ནི།། ཚོན་བཟང་ངུར་སྨྲིག་མདོག་བྱའོ།། འཐས་པར་བཅགས་ཏེ་འཇམ་པོར་བྱ།། ཐིག་གི་ཕྱོགས་ཆ་བཤད་ནས་ཀྱང་།། སེར་སྐྱ་ཚོན་གྱིས་གཟུགས་བརྙན་ནི། ། ཚད་ལ་མཁས་པ་ཚད་ལྡན་པའི།། ནན་ཏན་དུ་ནི་བྲི་བར་བྱ།། དཀར་པོ་ཝ་ཡེ་ཤེས་ཡིན་ཏེ།། དམར་པོ་སེམས་རྩོལ་ལི་ཁྲིའོ།། སྔོན་པོ་རམ་དང་མཐིང་ཤིང་སྟེ།། སེར་པོ་བབླ་དག་པ་ཡི།། ནག་པོ་སྣག་ཚ་ཉིད་ཡིན་ཏེ།། ལྗང་ཁུ་རམས་དང་ལྡོང་རོས་སྦྱར།། ཡང་ན་སྤང་མ་ཉིད་ཀྱིས་བྱས།། སྤུག་རྩི་རམས་དང་སྐྱེགས་སྦྱར་ཏེ།། གཞན་ཡང་ཅི་རིགས་སྦྱར་བར་བྱ།། སྦྱིན་དང་བྲལ་ན་གྲུབ་པར་འགྱུར།། ཤིང་སྤྲིན་སར་དང་ཀ་པི་ཏ།། ལོ་མི་ཏ་དང་ཐ་ན་ཛ་ར།། དེ་དག་སོ་སོར་སྦྱར་བ་ཡིས།། གསལ་ཞིང་དཀྲུགས་མེད་དག་པར་བྱེད།། ཨ་ཏ་པས་ནི་སྣུན་པར་བྱེད།། གན་ཏོ་ཧ་ས་ནི་རྟག་པར་འགྱུར།། རྒྱས་པར་གྲུ་བཞི་སྒོ་བཞི་པ། ། ཡང་ན་སྒོ་གཅིག་པ་ཡང་རུང་།། དཀྱིལ་འཁོར་ཆ་རིམ་གསུམ་པ་འམ།། ཡང་ན་གཉིས་སམ་གསུམ་ཡང་རུང་།། དབུས་སུ་གདོང་ནི་བཅུ་གཅིག་ནི།། མཛེས་པའི་ལྷ་མོ་བཞི་ལྡན་བྲི།། ཤར་དུ་སྤྱན་རས་གཟིགས་དབང་གི། དཀྱིལ་འཁོར་རྣམ་སྣང་གཙོ་བ་ཅན།། དེ་ཡང་སྤྱན་སོགས་ལྷ་མོ་བཞི།། ཕྱག་བཞི་པ་དང་བཅས་པའོ།། ལྷོར་ནི་འཇིག་རྟེན་དབང་ཕྱུག་གི། དཀྱིལ་འཁོར་ཤཱཀ་ཐུབ་གཙོ་བོ་ཅན། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་།། འབེབས་པའི་ཕྱག་རྒྱ་ལྡན་པའོ།། ནུབ་ཏུ་རིག་མའི་དཀྱིལ་འཁོར་ནི།། སེམས་དཔའ་བཞི་བཞིར་བཅས་པའོ།། དབུས་སུ་རྡོ་རྗེ་དབང་མོ་ཡང་།། མདུན་དུ་རྡོ་རྗེ་རྟུག་པ་སྟེ། ། གཡས་སུ་རྡོ་རྗེ་དཔལ་འབྱུང་ངོ་།། རྒྱབ་ཀྱི་རྡོ་རྗེ་དཔས་མེད་དེ།། གཡོ་དུ་རྡོ་རྗེ་རྣོན་གྲུབ་བོ།། ཤར་དུ་ལྷ་མོ་སྤྱན་མ་ནི།། མདུན་དུ་རྡོ་རྗེ་སེམས་དཔའ་བོ།། གཡས་སུ་རྡོ་རྗེ་རྒྱལ་པོའོ།། རྒྱབ་རྡོ་རྗེ་ཆགས་པ་སྟེ། ། གཡོན་དུ་རྡོ་རྗེ་ལེགས་པའོ།། ལྷོར་ནི་ལྷ་མོ་མཱ་མ་ཀཱི། མདུན་དུ་རྡོ་རྗེ་རིན་ཆེན་ནོ།། གཡས་སུ་རྡོ་རྗེ་ཉི་མ་སྟེ།། རྒྱབ་ཏུ་རྡོ་རྗེ་རྒྱལ་མཚན་ནོ།། གཡོན་དུ་རྡོ་རྗེ་བཞད་པ་ཡིན།། ནུབ་ཏུན་བཟའ་དཀར་མོ་ཡང་། ། མདུན་དུ་རྡོ་རྗེ་ཆོས་ཡིན་ཏེ།། གཡས་སུ་རྡོ་རྗེ་རྣོན་པོ་ཡིན།། རྒྱབ་ཏུ་རྡོ་རྗེ་རྒྱུ་ཞེས་པ།། གཡོན་དུ་རྡོ་རྗེ་སྨྲ་བའོ།། བྱང་དུ་ལྷ་མོ་སྒྲོལ་མ་ཡང་།། མདུན་དུ་རྡོ་རྗེ་ལས་ཡིན་ཏེ།། གཡས་སུ་རྡོ་རྗེ་སྲུང་བའོ། ། རྒྱབ་ཏུ་རྡོ་རྗེ་གནོད་སྦྱིན་ཏེ།། གཡོན་དུ་རྡོ་རྗེ་ཁུ་ཚུར་རོ།། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས།། ཀུན་ཀྱང་ཞལ་གཅིག་ཕྱག་བཞི་སྟེ།། གཡས་ཀྱི་དང་པོ་རང་རིགས་རྟགས།། གཉིས་པ་ཐམས་ཅད་སྐྱབས་སྦྱིན་ཏེ། ། གཡོན་གྱི་དང་པོ་པདྨ་ཡང་།། ཕྱོགས་ཀྱི་ཁ་དོག་ལྡན་པའོ།། གཉིས་པས་ཕྱོགས་ཀྱི་མདོག་ལྡན་པའི།། སྔགས་ནོར་འཕྲེང་ཡང་འཆང་བའོ།། འཁོར་གྱི་ལྷ་མོ་དེ་དག་ཀུན།། ཞལ་གཅིག་པ་ལ་ཕྱག་བཞི་པ། ། གཡོན་པའི་ཐ་མ་བུམ་པ་འཆང་།། ལྷག་མ་གོང་ལྟར་ཤེས་པར་བྱ།། བྱང་དུ་ཁྲོ་བོའི་དཀྱིལ་འཁོར་ཡང་།། ཁྲོ་མོ་བཞི་བཞིར་བཅས་པའོ།། དབུས་སུ་རྡོ་རྗེ་ཧཱུཾ་བྱེད་དེ།། སྔོན་པོ་ཨུཏྤལ་ཡི་མདོག། མདུན་དུ་སྔོ་བསངས་ཆེན་པོ་སྟེ།། གཡས་སུ་རྡོ་རྗེ་ཟག་མོའོ།། རྒྱབ་ཏུ་རྡོ་རྗེ་བརྗེད་བྱེད་པའོ།། གཡོན་དུ་རྡོ་རྗེ་མཐུ་ཆེན་མོ།། ཤར་གྱི་འཁོར་ལོའི་ཆ་རྩིབས་ལ།། ཁྲོ་བོ་གཤིན་རྗེ་གཤེད་པོ་ནག། མདུན་@དུ་རྡོ་རྗེ་དབང་ཞལ་མ། ། གཡས་སུ་རྡོ་རྗེ་ཁྱབ་འཇུག་མོ།། རྒྱབ་ཏུ་རྡོ་རྗེ་གཞོན་ནུ་མ།། གཡོན་དུ་རྡོ་རྗེ་སྐུར་བྱེད་མ།། འཁོར་ལོའི་རྩིབས་ནི་གཉིས་པ་ལ།། ཁྲོ་བོ་གཞན་གྱིས་མི་ཐུབ་སེར། མདུན་དུ་རྡོ་རྗེ་གནག་བྱེད་མོ།། གཡས་སུ་རྡོ་རྗེ་མེ་ཆེན་མོ།། རྒྱབ་ཏུ་རྡོ་རྗེ་ཟླབ་མོ།། གཡོན་དུ་རྡོ་རྗེ་རྣོན་པོ་མ།། རྩིབས་གསུམ་རྡོ་རྗེ་གཙུག་ཏོར་ཀསེར།། རྡོ་རྗེ་ཁྲོ་མོ་ཁྲག་འཐུང་མོ།། རྡོ་རྗེ་རླུང་འཛིན་ཆེན་མོ་དང་། ། རྡོ་རྗེ་སྡང་བྱེད་མོར་བཅས་པའོ།། ནུབ་ཀྱི་རྩིབས་ལ་རྟ་མགྲིན་དམར།། མདུན་དུ་རྡོ་རྗེ་རྨོངས་བྱེད་མོ།། གཡས་སུ་རྡོ་རྗེ་ཞི་བ་མོ།། གཡོན་དུ་རྡོ་ཚོལ་བྱེད་མ།། ལྔ་པའི་རྩིབས་ལ་དེ་བཞིན་དུ།། ཁྲོ་བོ་བགེགས་མཐར་བྱེད་པ་ལྗང་། ། མདུན་དུ་རྡོ་རྗེ་གསོར་བྱེད་མ།། གཡས་སུ་རྡོ་རྗེ་གཏུམ་མོ་སྟེ།། རྒྱབ་ཏུ་རྡོ་རྗེ་རོ་ལངས་མ།། གཡོན་དུ་རྡོ་རྗེ་རེངས་བྱེད་མ།། རྩིབས་དྲུག་འཁོར་ལོར་བྲི་བ་ནི།། རྡོ་རྗེ་གནོད་མཛེས་རྒྱལ་ལྡང་སྔོ། ། མདུན་དུ་རྡོ་རྗེ་ཆུ་དབང་མོ།། གཡས་སུ་དངོས་གྲུབ་འབྱུང་མའོ།། རྒྱབ་ཏུ་རྡོ་རྗེ་མཚན་མོ་དག། གཡོན་དུ་རྡོ་རྗེ་མཁའ་དབང་ཕྱུག། དེ་ལྟར་རྡོ་རྗེ་ཁྲོ་བོ་ཁྲོ་མོ་རྣམས།། ཀུན་ཀྱང་ཞལ་གཅིག་ཕྱག་བཞི་པའོ། ། ཁྲོ་བོ་ཕྱག་གཉིས་མདའ་གཞུ་བ་ཀང་།། གཡས་ན་བོ་ཅོན་ཁ་ཊྭཱཾ་དང་།། ཐོ་བ་རྡོ་རྗེ་རྒྱ་གྲམ་དང་།། འཁོར་ལོ་གཏུན་ཤིང་རྡོ་རྗེ་རྣམས།། རང་རྟགས་ཕྱག་རྒྱ་འཆང་བའོ།། གཡོན་ན་སྡིགས་མཛུབ་ཞགས་པའོ། ། ཀུན་ཀྱང་སྟག་གི་ཤམ་ཐབས་ཅན།། ཁྲོ་མོ་རྣམས་ཀྱི་ཕྱག་རྒྱ་ནི།། གཡས་ན་གྲི་གུག་ཅང་ཏེའུ་སྟེ།། གཡོན་ན་ཐོད་ཁྲག་ཁ་ཊྭཱཾ་།། ཞིང་ལྤགས་དག་གི་ཆོས་གོས་ཏེ།། གཟིག་གི། པགས་པའི་ཤ་མ་ཐབས་ཅན།། ཁྲོ་བོའི་གཡོན་ན་སྒེག་པའི་ཚོགས།། དེ་རྒྱབ་ཆ་ཡི་སྣམ་བུ་ལ།། ཕྱོགས་རེར་ལྷ་མོ་བཞི་བཞི་དང་།། དེ་བཞིན་བྱང་ཆུབ་སེམས་དཔའ་བཞི།། ཕྱོགས་རེར་བརྒྱད་བརྒྱད་བཀོད་པ་སྟེ།། ། སུམ་ཅུ་རྩ་གཉིས་བཞེངས་པའི་ཚུལ།། དེ་བཞིན་སྒོ་བཞིར་སེམས་མ་མཆོག། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་།། འབེབས་མ་རང་རྟགས་ཕྱག་རྒྱ་གཡས།། གཉིས་པ་མི་འཇིགས་ཕྱག་རྒྱ་སྟེ།། གཡོན་པ་ཕྱོགས་མདོག་པདྨ་དང་། ། གཉིས་པ་དར་གྱི་ཆོས་གོས་སོ།། ཀུན་ཀྱང་སྒེག་ཉམས་ལྡན་པར་བྲི།། དེ་རྒྱབ་དཀྱིལ་འཁོར་ཆ་ལ་ནི།། ཤར་དུ་བརྒྱ་བྱིན་གླང་ཆེན་ཞོན།། གཡས་ཀྱི་དང་པོ་རྡོ་རྗེ་སྟེ།། གཉིས་པ་སྐྱབས་སྦྱིན་ཕྱག་རྒྱ་ཅན། ། གཡོན་པ་ཕྱོགས་མདོག་པདྨ་སྟེ།། གཉིས་པ་རང་མདོག་འཕྲེང་བ་བྲི།། དེ་ཡི་གཡོན་དུ་ཚངས་པ་སེར།། ངང་བའི་ཁྲིལ་བཞུགས་པ་ལ།། གཡས་ཀྱི་དང་པོ་ཉི་མ་འཆང་།། ཕྱོགས་སུ་ནིམེ་ལྷ་སྟེ།། མདོག་དམར་ར་ཞོན་མེ་དཔུང་འཛིན།། ལྷོ་ཡི་ཕྱོགས་སུ་གཤིན་རྗེ་སྔོ།། ཐོད་དབྱུག་བཟུང་བ་མ་ཧེ་ཧོ་ན།། བདེན་བྲལ་དུ་ནི་སྲིན་པོ་གནག། རྩེ་གསུམ་བཟུང་ནས་སྲིན་པོ་ཞོན། ནུབ་ཏུ་ཆུ་ལླ་དཀར་པོ་ནི།། ཀླུ་ཡི་ཁྲི་ལ་སྦྲུལ་ཞུགས་བཟུང་།། དེ་ཡི་གཡོན་དུས་བདག་དཀར།། བུམ་པ་བཟུང་སྟེ་རུས་སྦལ་ཞོན།། ལྷ་མིན་ཕྱོགས་སུ་རླུང་ལྷ་སྣང་།། བ་དན་བཟུང་སྟེ་ཤ་བཞོན།། བྱང་དུ་གནོད་སྦྱིན་མི་ལ་ཞོན། ། ལྗང་ནག་ཕྱག་ན་གཏེར་སྒྲོམ་མོ།། བྱང་ཤར་དབང་ལྡན་དཀར་པོ་ནི།། རྩེ་གསུམ་བཟུང་སྟེ་ཁྱུ་མཆོག་ཞོན།། སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི།། ཕྱོགས་ཀྱི་ཁ་དོག་གོ་ཆ་ཅན། པི་ཝང་རལ་གྲི་ཞགས་པ་ཅན།། རིན་ཆེན་དབྱུག་ཏོགཡས་ཀྱིས་འཆང་།། གཉིས་པ་སྐྱབས་ཀྱི་ཕྱག་རྒྱ་སྟེ།། གཡོན་པ་པདྨ་བགྲང་འཕྲེང་ནི།། ཕྱོགས་ཀྱི་ཁ་དོག་ལྡན་པའོ།། ཀུན་ཀྱང་སྒེག་ཉམས་ཕྱོགས་ཀྱི་མདོག། རིམ་བཞིན་སྟག་གཟིག་དོམ་སེང་གེའི།། ཁྲི་ལ་བཞུགས་པའི་གཟིགས་པ་ཅན།། རང་རང་ཕྱོགས་ཀྱི་སྒོ་ལ་ནི།། སྲུང་བརྩོན་ཤིན་ཏུ་འགྲུབ་པའོ།། དཀྱིལ་འཁོར་ཆ་བརྒྱད་ཁོར་ཡུག་ཏུ། ། བཟའ་ཤིང་མེ་ཏོག་སྤོས་ཤིང་དང་།། མཛེས་པའི་ཤིང་ཚོགས་ཚལ་གསེབ་ཏུ།། མཛེས་པའི་བྱ་ཚོགས་དུད་འགྲོ་དང་།། ལྷ་ཡི་བུ་དང་བུ་མོ་སོགས།། དེ་བཞིན་ཀླུ་དང་གནོད་སྦྱིན་དང་། ། དྲི་བ་གྲུལ་བུམ་བུ་མོའོ།། རོལ་མོ་བྱེད་པ་དུ་མ་བྲི།། འདི་ལྟར་དང་ན་ལ་ལས་ནི།། འཇིག་རྟེན་སྐྱོང་བའི་ནང་རོལ་དུ།། གཟའ་དང་རྒྱུ་སྐར་སུམ་ཅུ་དྲུག། རིན་ཆེན་པདྨ་ལ་གནས་བྲི།། སྨིན་དྲུག་པདྨ་དམར་པོ་འཆང་། ། སྣར་མ་ཡིས་ནི་མགོ་ཨུཏྤལ།། ནབ་སོ་པད་དཀར་ལག་ཏྲི་ཤཱ་ལ།། རྒྱལ་ནི་བགྲང་འཕྲེང་སྐག་སྦྲུལ་ནག། མཆུ་ནི་པད་སེར་གྲེ་མཉམ་གཞག། མེ་བཞི་པད་དཀར་དབོ་དབྱུག་པ།། ནག་པ་པདྨ་ས་རི་རས།། ས་ག་པོ་ཏི་ལྷ་མཚམས་བུམ། ། སྣརོན་ནི་རྡོ་རྗེ་སྣརུབས་དབྱུག་སྟེ།། ཆུ་སྟོང་རིལ་བ་ཆུ་སྨད་པད།། བྱི་བཞིནི་གསེར་གྱི་འཁོར་ལོ་སྟེ།། གྲོ་བཞིན་ཆུ་སྐྱོགས་མོན་གྲུ་དང་།། མོན་གྲེ་ཤེལ་སྒོང་ཁྲུམས་སྟོད་ཀྱིས།། རལ་གྲི་ཁྲུམས་སྨད་ཀུ་མུ་ད། ། ནམ་གྲུ་བ་དན་ཐ་སྐོར་གྱིས།། ཤིང་ལོ་བྲ་ཉེ་དབྱུག་སྲན་ནོ།། ཟླ་བ་ཀུ་མུང་དཀར་པོ་སྟེ།། ཉི་མ་པདྨ་དམར་པོའོ།། མིག་དམར་མེ་ཡི་ཕུང་པོ་སྟེ།། གཟའ་ལྷག་ཨུཏྤལ་སྔོན་པོའོ།། བུ་བུས་ཆོས་ཀྱི་གླེགས་པམ་མོ།། པ་ལ་སངས་ནི་བགྲང་འཕྲེང་བཟུང་།། སྤེན་པ་ལག་ན་རམ་རྨི་འཆང་།། སྐྲག་ཅན་བདུད་ཅིའི་གགོང་བུའོ།། ནང་གི་རྨཱ་ལི་ནྱ་གཏོགས་པ།། བཀྲ་ཤིས་སུ་མོ་བརྒྱད་ཡིན་ཏེ། ཏག་དགའ་མ་དང་རྒྱལ་མ་ཤར།། དོན་གྲུབ་མ་དང་མི་འཕམ་སྦྱོར།། ནུབ་ཏུ་བདེ་བ་བདེ་དགའ་མ།། མྱུར་གྱིབ་ས་དང་གཏནམ་བྱང་།། ཅེ་ལྔ་རྩེ་གསུམ་རྡོ་རྗེ་དང་།། སྔོན་པོ་སེར་པོ་རིན་ཆེན་དང་།། དཀར་དང་དམར་དང་ཨུཏྤལ་དང་། ། ཨུཏྤལ་སྔོ་དང་གུ་སུད།། དང་པོ་ཕྱག་ན་རིམ་བཞིན་འཆང་།། སྐྱབས་སྦྱིན་པདྨ་བགྲང་འཕྲེང་ནི།། སྨྱུག་མ་རྣམས་ཀྱིས་རིམ་བཞིན་འཆང་།། དེ་དག་ཐམས་ཅད་ཕྱོགས་མ་དོག། རྒྱས་པའི་སྤྲོས་པས་སྐྱོན་ཡང་།། ལྔ་བཅུ་བརྒྱད་དམ་སུམ་ཅུ་བདུན།། ཉི་ཤུ་དགུའམ་ཉི་ཤུ་ལྔ།། བཅོ་ལྔ་དགུ་བ་མ་ལྔ་འམ་གཅིག། ཡི་གེ་ཕྱག་རྒྱ་གཟུགས་བརྙན་ཚོགས།། སྤྲུལ་པའི་སྐུ་ཡི་ཆོ་འཕྲུལ་ཏེ། རང་གིས་ཇི་ལྟར་འདོད་པ་ཡི།། སེམས་ཀྱི་བྱིན་རླབས་ཉིད་དུ་འགྱུར།། བདེ་གཤེགས་སྐུ་དང་པོ་ཏི་དང་།། ཕྱག་རྒྱ་སོགས་པ་རབ་གནས་བྱ།། ཉམས་སམ་དྲི་མས་གོས་པ་ནི།། བཀྲུས་དང་བཤིག་ནས་དག་བྱེད་པ། ། རྟོག་པ་མེད་པའི་སེམས་ཀྱིས་སུ།། དེ་ལ་བསོད་ནམས་དཔག་ཏུ་མེད།། གཟུགས་ཚོགས་སྔོ་བས་སྨན་འགྱུར་ཡང་།། དེ་ཡིས་བསོད་ནམས་མཐའ་ཡས་ཐོབ།། འཕྲིན་ལས་དང་ནི་སྐུ་གསང་བ། དེ་བཞིན་གཤེགས་པའི་མཚན་ཉིད་དེ།། དེ་བཞིན་ཉིད་དེ་སྟོང་པ་ཉིད།། བྱང་ཆུབ་ནམ་མཁའི་མཚན་ཉིད་དང་།། མཚན་དང་དཔེ་བྱད་ཀུན་རྫོབ་སྟེ།། སྒྱུ་མ་རྨི་ལམ་ལྟ་བུའོ།། སུམ་ཅུ་གཉིས་དང་བརྒྱད་ཅུ་ནི།། ཡི་གེ་བརྡ་དང་སྤྲོས་པའི་སྐུ།། ལོངས་སྐུ་བསོད་ནམས་རྒྱུ་མཐུན་འབྲས།། སྤྲུལ་སྐུ་ལས་ཀྱི་རྣམ་སྨིན་འབྲས།། ཀུན་རྫོབ་དོན་དམ་མཚན་ཉིད་ལྡན།། དག་དང་མ་དག་སྐལ་ལྡན་ལ།། བརྡ་གཤེགས་འཕྲིན་ལས་གཟུགས་སྐུ་གཉིས། ། ཚོགས་གཉིས་ལ་ནི་སྐུ་གསུམ་བྱུང་།། རྣམ་བྱང་ཀུན་ཉོན་མོངས་པས་སྟོང་།། ལུས་ངག་ཡིད་ཀྱི་སྤྱོད་ཡུལ་མིན།། དམིགས་མེད་ནམ་མཁའི་ཁམས་རྟོག་པ། རྒྱལ་བ་རྣམས་ཀྱི་ཆོས་སྐུའོ།། རྟག་ཆད་མེད་པའི་རྟེན་འབྲེལ་ནི།། སྐྱེ་བགག་མེད་པར་ཐུགས་ཆུད་པས།། ཡིད་ཀྱི་རྣམ་ཤེས་འཇུག་ལམ་གྱིས།། བསམ་གཏན་གོམས་པས་ཤེས་པར་བྱ།། དད་པའི་ལྕགས་ཀྱུ་ཤེས་རབ་ཅན། ། ལྷ་ཀླུ་འབུམ་ཕྲག་དཀར་པོའི་སེམས་དགེ་བ།། ཀུན་སློང་བྱང་ཆུབ་གཏེར་གྱི་རིན་ཆེན་ནོར།། ཐོབ་པར་འདིས་མཛོད་འཁོར་ལོས་སྒྱུར་བ་འབྱུང་།། སེམས་ཀྱི་དབུས་སུ་གཅེས་ཕྱིར་ངལ་སྤྱོད་པས། ། དབང་པོར་བྱ་བའི་རྒྱུད་ཀུན་ཁྱད་པར་དུ།། པདྨའི་དྲ་བ་ཕྱག་སྟོང་གིས་བརྒྱན་པར།། མྱུར་དུ་སྒྲུབ་པའི་ཐབས་མང་གསུངས་པ་རྣམས།། བསྡུས་བརྩོན་དང་བྱས་ལྡན་པས་གཅེས་སུ་བྱ།། བླ་མའི་ལུང་ཡོད་སྙིང་རྗེ་གང་ལྡན་པ། ། རྒྱལ་དང་རྒྱལ་སྲས་ཚོགས་རྣམས་ཀུན་དགྱེས་ནས།། འཇིག་རྟེན་སྐྱོང་ཚོགས་དགའ་བ་སྨོས་ཅི་དགོས།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་རྦབ་ཞེས་བྱ་བ་ལས། ། གཟུགས་བརྙན་འབྱུང་བའི་ལེའུ་སྟེ་ལྔ་པའོ།། དེ་ནས་དགའ་ལྡན་གནས་འཁྲུངས་པ།། བསྐལ་པ་དུ་མར་ཚོགས་བསགས་པ།། རིག་པ་གསུམ་ལྡན་ལྷ་ཡི་བུ།། མཛེས་པའི་ཏོག་ཅེས་མཚན་གསོལ་བ།། སྤྱན་རས་གཟིགས་ལ་ཆེར་དད་ནས།། བཞེངས་ཏེ་ཐལ་མོ་སྦྱར་བྱས་ཤིང་།། འཁོར་ཚོགས་ཆེན་པོ་དང་བཅས་པས།། མགྲིན་གཅིག་ཏུ་ནི་འདི་སྐད་གསོལ།། ཨོཾ། ཁམས་གསུམ་ཀུན་གྱི་བླ་མ་གཙོ། ། འདྲེན་པ་མགོན་པོ་རྫོགས་སངས་རྒྱས།། ས་གསུམ་ཡེ་ཤེས་འོད་པོ་ཆེ།། བདེ་བར་གཤེགས་ལ་ཕྱག་འཚལ་ལོ།། ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག། རིག་ལྡན་བདེ་ལྡན་བྱིན་རླ་བྲ། ཅན།། གཡུང་དྲུང་རྟག་པ་དམ་ཆོས་གཙོ།། ཀུན་རྟོགས་སེལ་སྐྱོབ་ཕྱག་འཚལ་ལོ།། རྟག་པར་བརྩེ་ལྡན་སྤྱན་རས་གཟིགས།། བྱང་ཆུབ་སེམས་ཚོགས་འབྱུང་ཚོགས་རྒྱལ།། བྱ་བ་བྱས་ནས་བསྐལ་པར་གནས།། པད་འཆང་ཚོགས་ལ་ཕྱག་འཚལ་ལོ།། བསྐལ་པ་དུ་མར་བསགས་པ་ཡི།། ཐུགས་རྗེ་ཡེ་ཤེས་ལས་བྱུང་བའི།། རིག་སྔགས་འཕྲེང་བ་བྱིན་རླབས་ཅན།། མགོན་པོ་སྤྱན་རས་གཟིགས་དབང་གིས།། སེམ་ཅན་རྣམས་ལ་ཕན་དོན་ཕྱིར། ། ཕྱག་རྒྱ་འཕྲིན་ལས་ལྡན་པར་གསུངས།། ལས་ཀྱི་དྲི་མ་དང་ལྡན་ཞིང་།། ཉོན་མོངས་བདག་རྒྱལ་གྱིས་བཅིངས་ནས།། ལེ་ལོ་སེར་སྣའི་འདམ་རྫབ་ཅན།། ཁུར་དང་ལྡན་པའི་སེམས་ཅན་རྣམས། ། མྱུར་དུ་གྲོལ་བར་བྱ་བ་དང་།། ཐུགས་རྗེ་ཉི་མ་བཀྲམ་བྱས་ཏེ།། སྲིད་འདམ་སྟུག་པོ་བསྐམ་པ་དང་།། མྱུར་དུ་སངས་རྒྱས་འགྲུབ་བྱའི་ཕྱིར།། ལྷ་དང་གསང་སྔགས་བླང་བ་དང་།། འཕྲིན་ལས་སྦྱོར་བ་ལྡན་པ་དང་།། བརྒྱུད་པ་རྒྱུན་གཞན་མེད་པ་ཡི།། སྦྱོར་བའི་ཚུལ་འབྱུང་བཤད་དུ་གསོལ།། རིག་སྔགས་རྗེས་གནང་མེད་པ་ནི།། བསྒྲུབས་ཀྱང་འབྲས་མེད་ངལ་བ་སྟེ།། འདྲེན་པ་མེད་པའི་ཤིང་རྟ་ནི། ། འཁོར་ལོ་བཟང་ཡང་གང་དུ་ཕྱིན།། ཉོན་མོངས་རྩ་བ་གཅད་པའི་ཕྱིར།། རིག་སྔགས་རལ་གྲི་རྣོ་དང་མཚུངས།། བདག་འཛིན་གོ་ཆ་འབིགས་པའི་མདུང་། སྡུག་བསྔལ་མཚོ་སྐམ་ཉི་མ་ཆེ།། ཀུན་རྟོག་རྡུལ་ཕུང་སྲེག་པའི་མེ།། ཤེས་རབ་མེ་ཏོག་འཁྲུང་བའི་རླན།། ནད་ངན་ཀུན་སེལ་སྨན་མཆོག་སྟེ།། བག་ཚོགས་སེལ་བའི་སྲེད་མེད་བུ།། བག་ཆགས་བཀྲུ་བའི་ཆུ་རྒྱུན་ཏི་ལོངས་སྤྱོད་འཕེལ་བའི་གཏེར་ཆེན་ཉིད། ། འཁོར་བ་ལ་རྒལ་གྲུ་གཟེངས་ཏེ།། ཉེས་པ་ཀུན་སེལ་རླུང་དང་མཚུངས།། དེ་ནས་བཅོམ་ལྡན་ཐུབ་པ་ཆེ།། མགོན་པོ་རྫོགས་སངས་རྒྱས་ཆེན་གྱིས།། སྲབ་འཇམ་རིང་བའི་ལྗགས་བཀྲམ་ནས། ། ཚངས་པའི་གསུང་སྙན་དབྱངས་ཀྱིས་གསུངས།། འགྲོ་ལ་ཐུགས་རྗེ་ཆེན་པོ་ཡིས།། སྔགས་འབྱུང་བ་རྒྱུད་པའི་རིམ་འབྱུང་བའི།། ཆོ་ག་དམ་པ་ཉན་བརྩོན་པ།། ཤིན་ཏུ་ལེགས་སོ་ལྷ་ཡི་བུ། ། ཉམས་དགའ་དགེ་བའི་ས་ཕྱོགས་སུ།། ས་ཡི་ཆ་མཉམ་དཀྱིལ་འཁོར་ལྟར།། པདྨའི་གདན་འདྲའི་དཀྱིལ་འཁོར་ནི།། ཚོན་སྣ་མ་ལུས་རྣམས་ཀྱིས་བྲི།། མགོན་པོ་སྤྱན་རས་གཟིགས་དབང་སོགས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། རིག་པའི་ལྷ་མོ་ཁྲོ་བོར་བཅས།། འཇིག་རྟེན་སྐྱོང་སོགས་མ་ལུས་པའི།། སྐུའམ་ཕྱག་རྒྱ་བཀོད་པ་དང་།། མཆོད་པའི་ཚོགས་ཀྱང་དགྲམ་པར་བྱ། ། མར་མེ་ཡོན་ཆབ་བྱུག་སྤོས་དྲི།། ཞལ་ཟས་གཏོར་མ་སྣ་ཚོགས་དང་།། གཞན་ཡང་ཟས་སྐོམ་སྣ་ཚོགས་དང་།། རྒྱན་དང་ན་བཟའ་ལྷབ་ལྷུབ་དང་།། སིལ་སྙན་མེ་ཏོག་འཕྲེང་དུ་མ།། ཡིད་འོང་མཛེས་པའི་ཚིག་གིས་བརྒྱན། ། སློབ་མ་གུས་པས་བླ་མ་ལ།། ཡོན་ཕུལ་བརྩོན་བྱས་འདི་སྐད་གསོལ།། སེམས་ཅན་ཀུན་གྱི་སེམས་ཀྱི་གཉེན།། དམུས་ལོང་ལམ་ལོག་ལས་འདྲེན་པ།། རབ་རིབ་སེལ་བའི་ཐུར་མ་ཅན།། བདག་ལ་འདྲེན་པའི་སྒྲོལ་མ་སོགས།། ཤེས་རབ་སྙིང་རྗེ་སྐྱེ་བ་ཅན།། ཐོས་བསམ་སྒོམ་པའི་གྲུ་གཟིངས་ཅན།། ལས་ཅན་སྡུག་བསྔལ་ཆུ་སྒྲོལ་བའི།། ཐབས་བརྩོན་མཉན་པ་ཁྱོད་ཕྱག་འཚལ།། བྱང་ཆུབ་ལམ་མཐོང་དཔག་ཡས་ཐུགས། ། འགྲོ་རྣམས་ཐར་ལམ་རྟེན་གཟིགས་པ།། དགེ་བརྩོན་དགེ་ལ་བསྐུལ་བའོ།། དགེ་བཅུ་མེད་པ་དག་ལ་སྩོལ།། དམ་ཚིག་སྡོམ་གནས་ངང་ཚུལ་བཟང་།། བག་ཡོད་དབྱངས་མཁས་ལྟུང་བ་མེད། ། ཆོས་དོན་གཉེར་བའི་དོན་སྐྱབ་བོ།། སྐྱབས་དང་སྡོམ་གནས་བདག་ལ་སྩོལ།། དཔའ་བརྟན་ཞི་དུལ་སྤྱད་པ་ཡི།། དགའ་སླད་སློབ་དཔོན་འདི་སྐད་བརྗོད།། ཨོཾ། གཏི་མུག་རྣམ་དག་བདེ་གཤེགས་ཐུགས། ། རྣམ་པར་སྣང་མཛད་སྐྱབས་སུ་མཆི།། ཞེ་སྡང་རྣམ་དག་རྡོ་རྗེ་ཐུགས།། མི་བསྐྱོད་པ་ལ་སྐྱབས་སུ་མཆི།། སེར་སྣ་རྣམ་དག་ལོངས་སྤྱོད་གཏེར།། རིན་ཆེན་མདངས་ལྡན་སྐྱབས་སུ་མཆི། ། འདོད་ཆགས་རྣམ་དག་པདྨའི་གསུང་།། འོད་དཔག་མེད་ལ་སྐྱབས་སུ་མཆི།། ཕྲག་དོག་རྣམ་དག་འཕྲིན་ལས་རྒྱལ།། དོན་ཡོད་རྡོ་རྗེ་སྐྱབས་སུ་མཆི།། ཨཱཿགནས་མེད་མཁའ་དང་མཉམ་སྤྱོད་པ། ། ཆོས་དབྱིངས་ཆོས་ལ་སྐྱབས་སུ་མཆི།། སྐྱེ་མེད་སྐྱེ་སྣང་ལྟར་སྒྲུབ་ཆོས།། འཕགས་ལམ་བརྒྱད་ལ་སྐྱབ་སུ་མཆི།། དོན་གཅིག་ཚོགས་ལམ་བཅུ་གཉིས་གྲངས།། གསུང་རབ་ཡན་ལག་སྐྱབས་སུ་མཆི། ། རྒྱུ་འབྲས་སྣང་བའི་སོ་སོར་རྟོགས།། ཉན་ཐོས་དགེ་འདུན་སྐྱབས་སུ་མཆི།། གཅིག་གམ་ཚོགས་སྤྱོད་རྫུ་འཕྲུལ་ཆེ།། རང་རྒྱལ་དགེ་འདུན་སྐྱབས་སུ་མཆི།། སྙིང་རྗེ་ཤེས་རབ་བྱང་ཆུབ་འབྲེལ། ། སེམས་ཆེན་ཚོགས་ལ་སྐྱབས་སུ་མཆི།། གསོད་དང་རྐུ་རྫུན་འཁྲིག་སྤྱོད་དང་།། ཚིག་རྩུབ་ཕྲ་མ་དག་འཁྱལ་དང་།། བརྣབ་སེམས་གནོད་སེམས་ལོག་ལྟ་སྤྱོད།། ཐར་པའི་སྲོག་གཅོད་བཅུ་པོ་སྤོངས། ། ཆང་འཐུང་ཏིལ་མར་འཆིར་ལས་དང་།། མགར་དང་རྒྱ་སྐྱེགས་རྩཝ་ཤིང་གཅོད།། སྲོག་ཆགས་ཚོགས་དང་མགོ་ཟླུམ་འཚོང་།། མཐོ་རིས་ལུས་ཀྱི་གེགས་ཆེན་སྤོང་།། རྟགས་དང་ཕྱག་རྒྱ་འདྲ་བ་བག་དང་། ། རྟེན་དང་དགེ་འདུན་རྟགས་ཡི་གེ། བགྲང་འཕྲེང་འཛན་པའི་ཡོ་བྱད་སོགས།། འགོ་མ་དང་བཤིག་པ་གཏན་དུ་སྤོང་།། མཆོད་པ་རྙིང་དང་སྒོག་པ་དང་།། འབགས་དང་ལྷག། མར་གྱུར་པ་དང་།། ཤ་དང་དམན་པའི་ལག་གི་ཟས།། སྲོག་ཆགས་ཡོད་པའི་ཆུ་རྣམས་སྤོངས།། དེ་ནས་བཟུང་སྟེ་ཇི་སྲིད་པ།། བྱང་ཆུབ་སྙིང་པོར་ཐུག་བར་དུ།། སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་སོགས།། ནམ་དུ་མི་དོར་བརྟན་པོར་གཟུང་།། ལྷ་དང་སློབ་དཔོན་ཡིད་བྱེད་ཅིང་།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་གཟུང་།། འགྲོ་ལ་ཟང་ཟིང་མི་འཇིགས་སྐྱབས། ། ཆོས་ཀྱི་སྦྱིན་པ་ཅི་འབྱོར་སྩལ།། ཐེག་གསུམ་ཐ་དད་ཆོས་ཚུལ་རྣམས།། མི་འགལ་སྦྱོར་བས་རྒྱུན་དུ་སྤྱད།། ལུས་ངག་ཡིད་དང་ལོངས་སྤྱོད་བཅས།། སེར་སྣ་མེད་པས་མཆོད་འོས་མཆོད། ། ལྷ་དང་ལྷ་མིན་གསང་བ་པའི།། རིགས་འབྱུང་སྐུ་གསུང་ཐུགས་ཀྱི་རྒྱ།། དེས་སྤྱོད་དམ་ཚིག་དམ་པ་རྣམས།། སྡོམ་ཚུལ་བརྟན་པོ་གཟུང་བར་བྱ།། འགྲོ་རྣམས་ཀུན་ལ་སྙིང་བརྩེ་དང་། ། ཡི་དགས་རྣམས་ལ་གཏོར་མ་སྦྱིན།། ཛམྦྷ་ལ་ནི་ཆུ་ཡིས་མཆོད།། ཡི་དགས་དག་ཀྱང་ཆུས་མཉེས་བྱ།། དེ་རྗེས་སློབ་མ་རབ་དགའ་ནས།། ཅི་འབྱོར་ལྷ་དང་བླ་མ་མཆོད།། དགའ་ཆེན་ལས་སྦྱོར་སློབ་དཔོན་དགོངས། ། སྙིང་བརྩེས་བདག་ལ་གཟིགས་ནས་ཀྱང་།། ལྷ་དང་སྔགས་དང་བྱིན་བརླབས་ཐབས།། དེ་བདག་བརྩེ་ཕྱིར་སྩལ་དུ་གསོལ།། རྒྱལ་བ་སྲས་བཅས་ཚོགས་བཞུགས་པའི།། ཉམས་དགའ་ཐར་པའི་གྲོང་ཁྱེར་ཆེ། ། ཡིད་བཞིན་ལོངས་སྤྱོད་ཆར་དུ་འབབ།། ཁང་ཆེན་དེར་ནི་བདག་འཇུག་འཚལ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། སྤྲོས་བྲལ་དམིགས་སུ་མེད་པའི་དོན། ། ལམ་ཆེན་བདག་ལ་སྩལ་དུ་གསོལ།། དེ་ནས་སློབ་དཔོན་སྔགས་རིག་པ།། དེ་ཉིད་བཅུ་སྦྱར་མཁས་པ་པོས།། གཡོན་པས་ཆོས་གོས་རྩེ་གཟུང་སྟེ།། ལག་པ་གཡས་ཆོས་ཕྱག་རྒྱ་ཅན། ། གསང་བསྟོད་འཛུམ་པའི་འོད་མདངས་རྒྱས།། དད་ལྡན་པ་ནི་འདི་སྐད་བརྗོད།། ཨོཾ། བུ་ཤོག་ཐེག་པ་ཆེན་པོ་ཡི།། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཕྱིར།། གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས་ཁྱོད་ལ་ངེས་པར་བསྟན་པར་བྱ། ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་གསང་སྔགས་རབ་བསྒོམས་པས།། མཚུངས་པ་མེད་པའི་ཡེ་ཤེས་རྣམས། ཤཱཀྱ་སེང་གེ་དཔའ་བོས་ཀྱང་།། གསང་སྔགས་སྦྱོར་བ་མཉམ་མེད་ཀྱིས།། བདུད་སྡེ་ཤིན་ཏུ་མི་བཟད་པའི།། དཔུང་ཆེན་དག་ཀྱང་འདིས་བཅོམ་མོ།། འཇིག་རྟེན་རྗེས་འདུལ་རྫོགས་བྱའི་ཕྱིར། ། འཁོར་ལོ་བསྐོར་ནས་མྱ་ངན་འདས།། དེ་ཕྱིར་ཀུན་ཐོབ་བྱ་བའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། སྔགས་དང་རྫས་ཀྱི་བསྲུང་བ་དང་།། བྷུ་ཡི་རྟེན་མིག་དེ་ལ་མཆོད།། ཨུ་དུམ་བ་རའི་མེ་ཏོག་ལྟར། ། འཇིག་རྟེན་དུ་ནི་ཀུན་མཁྱེན་དག། བརྒྱ་ལམ་ན་ནི་རེས་འགའ་ཞིག། འབྱུང་འགྱུར་ཡང་ན་མི་འབྱུང་ངོ་།། སྔགས་ཀྱི་སྤྱོད་ཚུལ་འབྱུང་བ་ནི།། དེ་བས་ཀྱང་ནི་ཆེས་དཀོན་ཏེ།། གང་གིས་ཚུལ་མིན་སེམས་ཅན་དོན། ། མྱ་ངན་མི་འདའ་བྱེད་པར་ནུས།། བསྐལ་པ་དུ་མར་བསགས་པའི་སྡིག། གང་ལ་སྡིག་ཁུར་ཅི་ཡོད་པ།། ལྷ་ཡི་དཀྱིལ་འཁོར་མཐོང་བ་དང་།། བྱིན་བརླབས་ཙམ་གྱིས་བྱང་གྱུར་ན།། བློ་གྲོས་དྲི་མ་མེད་པ་ཡིས།། སྤྱོད་ཚུལ་བརླབས་པ་ཞུགས་ནས་ལྷ།། ངན་འགྲོ་སྡུག་བསྔལ་རྒྱུན་བཅད་ནས།། མཚན་ལྡན་སྐུ་ནི་གཞན་དོན་སྤྱོད།། བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས།། རྙེད་པ་མཚུངས་མེད་དེ་རིང་རྙེད། ། གང་ཕྱིར་རྒྱལ་བ་སྲས་བཅས་པས།། བདག་ཉིད་ཆེན་པོ་ཁྱེད་རྣམས་ནི།། གང་དུ་སྐྱེས་ཀྱང་གཟུང་བའི་ཕྱིར།། དེ་ནས་ཁྱེད་རྣམས་ཐེག་ཆེན་རིགས།། ཤ་སྟག་ཏུ་ནི་སྐྱེ་ངེས་། ཐེག་པ་ཆེན་པོ་ཆེར་འབྱུང་བ། དཔལ་དང་ལྡན་པའི་ལམ་མཆོག་འདི།། གང་དུ་རྒྱས་པར་ཁྲིད་ནས་ཀྱང་།། བདེ་བར་གཤེགས་པ་ཉིད་དུ་འགྱུར།། དེ་བས་སྤྲོལ་བརྩོན་པར་གྱིས།། སློབ་མ་ཀུ་ཤ་དགེ་བ་ཡི། ། སྟན་ལ་ཉལ་ནས་རྨི་ལམ་ཟི།། བསང་དང་སྦྱར་བ་བྱས་ནས་ཀྱང་།། ཆུས་བཀྲུས་འདི་རྣམས་བཀླགས་པ་དང་།། བཀྲ་ཤིས་དུ་མ་བཀླག་བྱས་ཏེ།། གདོང་བ་དར་གྱིས་བཅིངས་ནས་ཀྱང་།། འབྲས་ཀྱི་མེ་ཏོག་འཕྲེང་བ་ནི།། ལྷ་ཡི་དཀྱིལ་འཁོར་དབུས་སུ་དོར།། སླར་བླངས་མགོ་ལ་བཅིང་བྱ་སྟེ།། པདྨ་ལྡན་རིགས་མཚན་གྱིས་བརྒྱན།། མིག་བྱེ་དེ་ལ་ལྷ་རྣམས་དང་།། བྱང་ཆུབ་ཕྱོགས་ཆོས་མཚན་མ་ཡི། ། ཡོན་ཏན་ཡེ་ཤེས་སྟོབས་མངའ་བ།། མཆོད་རྟེན་ལྷ་ཚོགས་བཅས་པ་གདན།། ཡིད་ཆེས་དང་བ་མངོན་བྱས་ལ།། ཅི་འབྱོར་པ་ཡི་མཆོད་པ་བྱ།། དེ་ནས་དག་པའི་སྲས་དེ་ལ།། མར་མེ་ལ་ནི་མར་མེ་ལྟར། ། འདོད་པའི་ལྷ་ནི་སྩལ་བར་བྱ།། བརྗོད་པ་དང་བཅས་འབྲེལ་བ་ཡི།། རྩ་བའི་སྙིང་པོ་ཉེ་སྙིང་ཚོགས།། སྔགས་ཀྱང་གསལ་བར་སྦྱིན་པར་བྱ།། ཞི་བ་ཤེལ་གྱི་འཕྲེང་བ་སྟེ།། རྒྱས་པ་ལ་ནི་ཨ་རུ་ར། ། དབང་ལ་ལུང་ཐང་དམར་པོ་ཤིས།། དྲག་པོ་རའམ་རུ་རག་ཤ། བོ་དེ་ཙེ་ས་ནི་ལས་ཀུན་བྱེད།། སྔགས་བཅས་བཙལ་ནས་མགོ་ལ་བཅིང་།། ཧཱུཾ་དང་བཅས་པའི་རྡོ་རྗེ་ཡང་།། ལག་པ་གཡས་སུ་གཞག་པར་བྱ། ། སྟོད་གཡོགས་ཀྲྀཥྞ་ས་རི་སྟེ།། སྨད་གཡོགས་ཁ་དོག་སྔོན་པོའོ།། དབུ་རྒྱན་རིགས་ལྔའི་ཁ་དོག་སྟེ།། ཞལ་ཟས་སྣོད་ནི་པདྨས་བརྒྱན།། སེམས་ཅན་ཀུན་དོན་སྤྱོད་པའི་རྫས། ། ཐུབ་པས་བཀྲ་ཤིས་བཞེད་པའི་རྟགས།། གདུགས་ཉ་བུམ་པ་དཔལ་བེའུ་དང་།། རྒྱལ་མཚན་འཁོར་ལོ་པདྨ་སྩལ།། ནད་སེལ་བདི་བྱེད་འཚོ་བའི་ཕྱིར།། འདོད་ཡོན་ཕྱོགས་རིགས་གྲུབ་པའི་རྫས། ། གི་ཝང་དུར་བ་ལི་ཁྲི་འོ།། བིལ་བ་སྦྲང་རྩི་ཨ་རུ་ར།། ཀ་ར་ཝཱི་རའི་འབྲས་བུ་རྣམས།། ཧྲཱིཿཞེས་དག་པས་སྤྲུལ་བར་བྱ།། གུར་ཀུ་མ་ག་པུར་གླ་རྩི་དང་།། བ་ཡིའོ་མ་སྦྱར་བྱས་ནས། ། ཚིག་འདི་ལྕེ་ལ་གཞག་པར་བྱ།། ཨོཾ། ཡན་གར་ངེས་པའི་ཚིག་རིག་དང་།། མིང་གི་རྣམ་གྲངས་ཆོས་རིག་དང་།། དྲི་བ་ལན་ལྡོན་སྤོབས་པ་རིག། ཕྱི་ནང་མཚན་ཉིད་དོན་རིག་ཤོག་བཛྲ་དྷརྨ་པྲ་བེ་ཤ། ཨོཾ་བཅས་བརྗོད་ཅིང་ལྕེ་ལ་ནི།། ལན་གསུམ་རྡོ་རྗེ་གཞག་པར་བྱ།། ཧྲཱི། ཡི་གེ་དམར་པོ་མེ་འབར་བསམ།། གང་ལ་གོམས་པ་དེ་འབྱུང་ཞིང་།། གོམས་པ་གཞན་གྱི་དབང་མེད་ན་རྟོག་པའི་འབྱུང་བ་ཆད་པའི་ཕྱིར། ། ཀུན་རྟོག་ཕྱག་རྒྱ་ལ་དམིགས་བཤད།། དམིགས་པའི་རྟེན་གྱི་སྔགས་ལ་ཡང་།། བྱིན་རླབས་ཐ་དད་འབྱུང་བར་འགྱུར།། ས་ལ་དབང་བསྐུར་ཐོབ་འདོད་པས།། ཕྱག་ན་འཁོར་ལོ་འཆང་ལ་དམིགས། ། ཏིང་འཛིན་བརྟན་ལ་རྡོ་རྗེ་སྟེ།། དཔལ་ཐོབ་འདོད་པས་རིན་ཆེན་དམིགས།། གཟུགས་བཟང་འདོད་པས་པདྨ་སྟེ།། སྤོབས་པ་འདོད་པས་རལ་གྲིའོ།། གཞན་དོན་འདོད་པས་རྒྱ་གྲམ་སྟེ། ། རྡོ་རྗེ་དཀར་པོས་སེམས་གསལ་འགྱུར།། ཤེས་རབ་འདོད་པས་གླེགས་བམ་མོ།། ཁང་བཟང་གིས་ནི་མིའི་རྒྱལ་པོ།། ཐུབ་གཟུགས་རྟག་ཏུ་སངས་རྒྱས་འཇམ།། ཐལ་སྦྱར་བས་ནི་འགྲོ་བས་བཀུར། ། འཁར་གསིལ་བྱམས་དང་སྙིང་རྗེ་སྐྱེ།། ལྕགས་ཀྱུས་འཇིག་རྟེན་སྐྱོང་བས་སྲུང་།། རིན་ཆེན་ཟེའུ་འབྲུས་ལྕེ་བདེར་འགྱུར།། དྲིལ་བུས་སྐད་སྙན་བྱེད་པར་འགྱུར།། བགྲང་འཕྲེང་གིས་ནི་ལུང་བསྟན་འཐོབ། ། ཁྲི་རྐང་གིས་ནི་ཉེ་དབང་འགྱུར།། ལྷ་སོགས་གདུག་པ་དུང་ཡིན་ཏེ།། མདུང་རྩེ་གསུམ་པས་གཡུལ་ལས་རྒྱལ།། པདྨ་དམར་པོས་ལྷ་རུ་སྱེ།། རིལ་བ་སྤྱི་བླུགས་ཚངས་རིས་སྐྱེ།། སྤྲིན་མདོག་ལྔས་ནི་དྲང་སྲོང་སྐྱེ། ། མེ་ལོང་གིས་ནི་ལྷ་ཞལ་མཐོང་།། པདྨ་རཱགས་ཡེ་ཤེས་སྐྱེ།། པདྨ་སྔོན་པོས་དག་པའི་ཞིང་།། པདྨ་དཀར་པོས་དགེ་ཚོགས་འཕེལ།། རི་བོས་བུ་དང་བུ་མོ་འཕེལ།། དགྲ་སྟས་བདུད་ཀྱི་བར་ཆོད་སེལ། ། འཁོར་དང་སེམས་མཐུན་འབྲིང་གྷ་རས།། ཕུབ་ཀྱིས་དགྲ་དང་གཅན་གཟན་འཇོམས།། རྔ་ཡབ་དཀར་པོས་སྡིག་པ་འཕྱག། མེ་ཏོག་སྙེམས་ནད་སེལ་བྱེད།། རིན་ཆེན་མངས་ནི་ཡིད་བོང་གྲོགས། ། གཞུས་ནི་ནོར་དང་གོ་འཕང་རྙེད།། ཆུ་ཤེལ་དུག་དང་ཚ་རིག་སེལ།། མི་འཇིགས་སྤྱན་གྱིས་འཇིགས་སྒྲ་འཇོམས།། དགྲ་ལ་རྡོ་རྗེ་གཏུན་ཤིང་སྟེ།། རྡོ་རྗེ་ནག་པོ་བདུད་འདུལ་འགྱུར།། རིན་ཆེན་རལ་གྲིས་རིག་སྔགས་པ་ཟློག། ལྟོ་བ་ན་ལ་ལྷུང་བཟེད་དེ།། རིམས་ནད་སེལ་བྱེད་ཞགས་པའོ།། འབྲུ་འདོད་པས་ནི་འབྲུའི་སྙེམ།། ནོར་དབྱིག་འདོད་པས་རིན་ཆེན་ཕུག། ཡང་ན་ལུང་བསྟན་འདོད་པས་ནི། ། མགོ་ལ་སངས་རྒྱས་དམིགས་པར་བྱ།། མངོན་པར་ཤེས་པ་ལྔ་འདོད་ན།། སངས་རྒྱས་ལྔ་པོ་དམིགས་པར་བྱ།། དེ་ནས་མགོན་པོ་སྤྱན་རས་གཟིགས།། འཛུམ་པའི་མདངས་ཀྱིས་པདྨའི་ཞལ། ། ས་ཡི་སྙིང་པོ་ལ་གཟིགས་ནས།། ས་ཡི་གོ་རིམས་འདི་གསུངས་སོ།། རིག་པ་འཛིན་པའི་རྟོག་པ་ནི།། གསང་སྔགས་ཐམས་ཅད་ས་བདུན་ཏེ།། གསང་སྔགས་ས་དང་སྔགས་སྦྱར་ས། ། རིགས་འཆངས་དང་རིགས་གསལ་ས།། རིགས་མཆོག་ས་དང་རིགས་ཆེནས།། ཕྱག་རྒྱ་ཆེན་པོའི་ས་རྣམས་སོ།། གཙུག་ཏོར་ཆེན་པོའི་སངས་རྒྱས་ས།། གནས་སྐབས་དྲུག་ཏུ་རྒྱལ་བས་གསུངས། ། ཀུན་ཏུ་འོད་དང་པདྨའི་སྤྱན།། ཡི་གེ་འཁོར་ལོ་ཚེགས་ཆེནས།། རྡོར་འཆང་ཡེ་ཤེས་བླ་མའི་ས།། རྫོགས་སངས་བདེ་བ་ཆེན་པོའི་ས།། ས་ཡི་སྙིང་པོས་གསོལ་པ། མགོན་པོ་འཕགས་པ་ཐུགས་རྗེའི་སྤྱན་རས་གཟིགས་དབང་ཕྱུག། བྱིན་རླབས་ལྕགས་ཀྱུ་ལྟ་བུས་འཁོར་བའི་བཙོན་ར་ནས།། ཀླུ་ཕྱུགས་འབུམ་ཕྲག་དྲང་ལྟར་དགེ་བ་ཀུན་སློང་གིས།། བྱང་ཆུབ་རིན་ཆེན་ས་ལ་འཇོག་མཛད་ངོ་མཚར་ཆེ། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། བྱིན་རླབས་འབྱུང་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཚངས་པའི་འཛིན་རྟེན་དུ། ། རབ་དགའི་ཚུལ་དུ་འཁྲུངས་པའི་ལྷ།། ཏིང་འཛིན་ཡངས་པ་ཞེས་བྱ་བ།། རྟོགས་པ་རྒྱ་ཆེ་ཟབ་པ་ཞིག། འཁོར་དང་བཅས་པ་བཞེངས་བྱས་ཏེ།། མེ་ཏོག་རིན་ཆེན་རིགས་བྱུང་བ།། སྟོན་པའི་ཕྱོགས་སུ་ཆར་བཞིན་ཕབ། ། མཁའ་ལ་གདུགས་ཀྱི་བླ་རེ་བཀང་།། འཁོར་དང་བཅས་པ་མགྲིན་གཅིག་ཏུ།། གསང་བསྟོད་ནས་ནི་ཚིག་འདི་གསོལ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། རྡོ་རྗེ་ཐག་པ་བླ་མེད་པའི།། རྡོ་རྗེ་རིག་འཛིན་མཆོག་གྲུབ་པ།། རྡོ་རྗེ་རྣལ་འབྱོར་ལས་བྱུང་ཕྱིར།། བདག་དང་སེམས་ཅན་ཀུན་ཏུ་ཡང་།། དངོས་གྲུབ་འབྱུང་རིམ་བཤད་དུ་གསོལ།། ལ་ལ་གཡེང་བར་གྱུར་པ་ཡིས།། བླ་མའི་རྒྱུད་དོན་བྲལ་མོད་ཀྱི། ། སྔགས་རྒྱུད་སྡིག་པ་འཆད་བྱེད་འགྱུར།། སྙན་ཚིག་རྨོངས་རྣམས་ངོ་མཚར་སྐྱེ།། གདམས་ངག་མེད་པས་འགྲོ་བ་བསླུས།། དངོས་གྲུབ་མེད་པས་བསྟན་པ་གཞིག། སྲེད་པས་ལན་ཅིག། སོགས་པར་འགྱུར།། གཉིས་པ་དམྱལ་ཚོགས་ངན་འགྲོར་འགྲོ།། ལ་ལ་ལས་ཀྱི་སྐྱེ་མཆེད་སྒོ།། དབང་པོ་རྟེན་ཁ་མར་མྱུར་ལ།། གདམ་ངག་རྒྱུད་ཚུལ་ཡོད་མོད་ཀྱི།། ཆོས་ཚུལ་བཞིན་དུ་སྤྱོད་བྱེད་ཅིང་།། གང་ལ་དབང་དུ་བཟུང་བ་ཡི།། བུ་འདྲ་བས་ཀྱང་བརྙས་གྱུར་ནས།། སྡང་བ་འཕེལ་ནས་རྩོད་པར་འགྱུར།། དེས་ཀྱང་གཉིས་ཀ་དམྱལ་སོགས་འགྲོ།། ལ་ལ་ཐོས་ཆུང་ཤེས་རབ་དམན།། རྨོངས་པ་གཞན་རྐྱེན་ང་རྒྱལ་ཅན། ། བསྟན་པ་དང་ནི་འཆད་བྱེད་ལ།། སྐྱོན་སྨོད་སྨྲ་བས་དམྱལ་སོགས་འགྲོ།། ལ་ལ་མི་དགེའི་བཤེས་གཉེན་གྱིས།། ལོག་ལམ་འཇུག་པའི་ངེས་འཛིན་ཅན།། ཡང་དག་ལམ་སྨོད་བརྩོན་པ་དོར། ། ལོག་སྒྲུབ་ཅན་དེ་དམྱལ་བར་འགྲོ།། ལ་ལ་བསམ་མེད་སྔགས་བརྗོད་མེད།། མར་མེ་བདུག་སྤོས་གཏོར་མ་སོགས།། འབྱུང་པོས་བརླབས་ཏེ་བདག་ཉིད་དང་།། འཁོར་བཅས་ཚེ་ཐུང་ལོངས་སྤྱོད་འགྲིབ། ། ལ་ལ་འདོད་སྲེད་གཏུམ་རྡེབ་ཆེ།། མཁས་གཞན་དག་ལ་ཕྲག་དོག་གིས།། སྒྲོ་སྐུར་ཚུལ་འཆོས་ཆོས་ལ་སྨོད།། རང་ཉིད་ལྷ་ངན་སྒྲུབ་ལ་རྩོད།། ཐེར་ཟུག་བློ་ཡི་མུན་པ་ཅན། ། འབྱུང་པོ་དྲག་པོའི་རིགས་སུ་སྐྱེ།། ལ་ལ་སེར་སྣ་བ་འཇུག་པས།། ལྷ་དང་བླ་མ་ཚིག་གིས་བསྟོད།། ཟས་དང་ལོངས་སྤྱོད་རྒྱན་གོས་དང་།། མེ་ཏོག་བདུག་སྤོས་གཏོར་མ་སོགས། ཉུང་ངུ་མུག་ཚུལ་རྒྱུན་སྩོལ་ན།། ཟས་སྐོམ་དག་གིས་གདུངས་པ་ཡི།། ཡི་དགས་དམན་པའི་རིགས་སུ་ནི།། ཡང་ནས་ཡང་དུ་སྐྱེ་བར་ངེས།། དེ་ཕྱིར་དེ་དག་སྤངས་ནས་ནི།། ཡ་རབས་བསམ་པ་བཟང་ལྡན་པས། ། ཚུལ་བཞིན་བླངས་ཏེ་ཐོས་བསམ་གྱིས།། གཏན་ལ་ཕབ་དོན་མ་འཁྲུལ་བར།། རྗོད་ཅིང་ཡིད་ལ་བྱེད་པ་དང་།། ཐེ་ཙོམ་མེད་པར་བརྩོན་བྱེད་པས།། འགྲོ་ཚོགས་སྒྲོལ་བྱེད་ཐབས་ཐོབ་ན། ། རང་དོན་འབའ་ཞིག་སྨོས་ཅི་དགོས།། དེ་ནས་ལག་ན་རྡོ་རྗེ་གཙོ།། ཡེ་ཤེས་མཐའ་ཡས་མངའ་བའི་སྐུས།། འགྲོ་ལ་སྙིང་བརྩེར་རབ་གཟིགས་ནས།། གསང་བའི་སྐད་ཀྱིས་འདི་སྐད་གསུངས། ། ང་ལས་མཉན་པར་བརྩོན་བྱེད་པ།། ཤིན་ཏུ་ལེགས་སོ་ལྷ་ཡི་བུ།། ལྷ་དང་དངོས་གྲུབ་འབྱུང་འབྲེལ་བའི།། ཏིང་འཛིན་ང་ཡིས་བཤད་པར་བྱ།། ཁྱོད་ཉིད་རྩེ་གཅིག་ཡིད་ཀྱིས་ནི། ། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི།། དམ་ཆོས་ཐོབ་པ་ཤིན་ཏུ་དཀའ།། རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།། སྤྱན་རས་གཟིགས་དབང་མགོན་པོ་གཙོ།། རང་གི་སེམས་ལ་བསྐྱེད་པར་བྱ། ། ཤིན་ཏུ་གསལ་ན་དངོས་གྲུབ་འགྱུར།། དང་པོ་སྟོང་པའི་བྱང་ཆུབ་སེམས།། གཉིས་པ་ཡི་གེའི་བྱང་ཆུབ་སེམས།། གསུམ་པ་སྒྲོ་བཏགས་མིང་ཚོགས་སེམས།། བཞི་པ་གཟུགས་བརྙན་ཕྱག་རྒྱའི་སེམས། ། ལྔ་པ་བྱིན་བརླབས་རྒྱས་འདེབས་སེམས།། སྒྲ་དང་བྲག་ཆའི་ཚུལ་འབྱུང་བར།། གཙོ་བོའི་འཁོར་གྱི་ཁྱད་པར་གསོལ།། དབུས་སུ་ཡི་གེ་ཨོཾ་ལ་སྟེ།། ཤར་དུ་ཧཱུཾ་སྟེ་ལྷོར་ནི་སྭཱ། ། ནུབ་ཏུ་ཧྲཱིཿཡིག་བྱང་དུ་ཧཱུ།། རིགས་ཀྱི་རིགས་ནི་ཡང་ཡང་བསྐྱེད།། ལྷ་ནི་གང་དུ་འཕོ་འགྱུར་བས།། དཀྱིལ་འཁོར་དེ་ཡི་རིགས་འབྱུང་ཡིན།། རིགས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱིས།། རིགས་པ་རིགས་ཀྱི་ཕྱག་རྒྱས་འདེབས། ། རིགས་ཀྱི་ལྷ་ཚོགས་ཕོ་མོ་རྣམས།། ཉམས་དགའ་དབེན་པའི་ཚུལ་གྱིས་སུ།། ཕན་ཚུན་དུ་ནི་བལྟས་ནས་གནས།། ལྡེམ་བཀན་བཟའ་འཕྱང་འཕྲུལ་དང་།། འཕུར་ལྡིང་སིལ་སྙན་རིན་ཆེན་ཚོགས། ། དུ་མའི་ཚོགས་ཀྱིས་བརྒྱན་བྱ་སྟེ།། ལ་ལ་ལྡེམ་བཞེངས་བསྒྱིངས་དང་བཅས།། ལ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས།། ལ་ལ་པདྨའི་སྐྱིལ་ཀྲུང་སྟེ།། ལ་ལ་སེམས་དཔའི་སྐྱིལ་ཀྲུང་ཅན།། ལ་ལ་ཁྲོ་སྟབས་བརྐྱང་བསྐུ་མ་ཅན།། ལ་ལ་ཞལ་ཕྱག་ཞབས་ཀྱང་མང་།། ལ་ལ་ཞབས་ནི་གཉིས་ཡིན་ཏེ།། ལ་ལ་ཞལ་གཅིག་ཕྱག་ཀྱང་གཉིས།། ལ་ལ་པད་སྡོང་པདྨ་ཅན།། ལ་ལ་པདྨ་མི་འཇིགས་ཕྱག། གུ་ཎ་དེ་བུམ་པ་འཁར་གསིལ་དང་།། རྔ་ཡབ་ལེགས་སོ་སྐྱབས་སྦྱིན་ཕྱག། རྡོ་རྗེ་དྲིལ་བུ་མདའ་གཞུ་དང་།། འཁར་རྔ་ཤིང་རྔ་རྫ་རྔ་དུང་།། ཟངས་ལྕགས་རྡོ་དང་རུས་པའི་རྔ།། རིང་ཟླུམ་རྐེད་ཉེག་ལེབ་ཕྱལ་ཆེ། ། ཆུ་འཕྲ་སྦོམ་ཡངས་དོག་པ་དང་།། རལ་གྲི་ཆུ་གྲི་གྲོ་རིངས་དང་།། གྲི་ལེབ་གྲི་ཟླུམ་གྲི་ཀྱོག་དང་།། སྟ་ཟུར་སྟ་ལེབ་ཕྱལ་སྟ་དང་།། སྟ་ཆུང་གཞོགས་སྟ་འབིགས་སྟ་དང་།། ཟླུ་མ་སྟ་འཕྲེང་སྟ་གཞར་སྟ་དང་། ། མདུང་དང་རྩེ་གསུམ་འཕེན་མདུང་དང་།། འཁོར་ལོ་ཁ་ཊྭཱཾ་ག་ཏུན་ཤིང་སྐྱོགས།། སཱི་མ་ཏིག་བུ་མེ་ཏོག་དང་།། སྡོང་བུ་ལོ་འརབ་ཡལ་ག་དང་།། པ་ངན་པར་གདུགས་རྒྱལ་མཚན་སྤུངས། ། རྒྱ་གྲམ་པདྨ་རིན་ཆེན་སྒྲོམ།། འཁོར་ལོ་གླེགས་པ་མ་ཨུཏྤལ་གོ། དེ་ལ་སོགས་ཏེ་མཆོག་མཐའ་ཡས།། ཕྱག་རྒྱ་སྟོང་སྙེད་ཆང་བའམ།། བརྒྱ་རྩ་བརྒྱད་དམ་བཞི་བཅུ་དྲུག། ཉི་ཤུ་གཉིས་སམ་བཅུ་གཉིས་དྲུག། བཞི་འམ་གཉིས་སོགས་མོས་པས་འབྱུང་།། ཕྱག་རྒྱ་བཅིངས་ལྡན་ཕྱག་རྒྱ་སྟེ།། དེས་ནི་ལྷ་ལ་རྒྱས་བདེབས་བྱེད།། གོམས་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེ། ། སེང་གེའི་སྒྲ་ནི་སེང་གེ་ཞོན།། རྒྱལ་པོ་རོལ་པའི་སྟབས་ཚུལ་ཅན།། རྩེ་གསུམ་སྦྲུལ་དང་མི་འཇིགས་ཕྱག། པདྨ་སྡོང་བཅས་རལ་གྲི་འབར།། དཔའ་བོའི་ལྕགས་ཀྱུ་ཐོད་པ་ནི།། ནང་པ་བདུན་གྱིས་ཆ་གནས་པ། ། གཏུམ་པོ་དྲག་པོ་འོད་ལྡན་མ།། གཡོན་དུ་ཀླུ་ཡི་དབང་ཕྱུག་མོ།། པདྨ་དང་ནི་ཟླ་བའི་སྟེང་།། ཕྱོགས་མདོག་སེམས་དཔའི་སྐྱིལ་ཀྲུང་ཅན།། ཡིད་བཞིན་ནོར་བུ་རྟལ་བཅིབས། ཞལ་གསུམ་ཕྱག་དྲུག་འཁོར་ལོ་དང་།། རྡོ་རྗེ་པདྨ་རིན་ཆེན་ཕྱག། སྐྱབས་གསོལ་མཆོག་སྦྱིན་ཕྱག་རྒྱ་ཅན།། འཁོར་ནི་སེམས་དཔའི་སྐྱིལ་ཀྲུང་སྟེ།། མདོག་བཟང་སྒེག་པའི་ལྷ་མོ་ནི།། ཡིད་མྱུར་རིན་ཆེན་བཟང་མོ་དང་། ། བང་རྒྱལ་མོ་དང་རྟེན་མོ།། རིན་ཆེན་པདྨ་ཟླ་ཉི་ལ།། འཁོར་ལོ་གྲོགས་ཀྱི་ཚུལ་དུའོ།། པདྨོ་འབྱུང་གནས་རྨ་བྱ་ཞོན།། ཞལ་གཅིག་ཕྱག་བཞི་ལྡེམ་བག་ཅན།། པདྨ་སྐྱབས་སྦྱིན་ལྕགས་ཀྱུ་དང་། ། རིལ་བ་སྤྱི་བླུགས་ཕྱག་ན་འཆང་།། སྒེག་མོ་འཕྲེང་མ་གླུ་གར་མ།། པད་ཟླ་སེམས་དཔའི་སྐྱིལ་ཀྲུང་ངོ་།། མི་བསྐྱོད་པ་ནི་མཁའ་ལྡིང་བཅིབས།། རལ་གྲི་པདྨ་མདའ་གཞུ་དང་། ། སྐྱབས་སྦྱིན་གང་བའི་བུམ་པ་ཐོགས།། བཟང་འཛིན་མ་དང་རྣམ་སྦྱངས་མ།། ས་སྲུངས་མ་དང་རབ་བརྟན་མོ།། དེ་དག་གོང་གི་ཆ་བྱད་མཚུངས།། དོན་ཡོད་ཞགས་པ་ཀླུ་སྟེངས་བཞུགས།། རིན་པོ་ཆེ་དང་ཞགས་པ་དང་།། སྐྱབས་སྦྱིན་ལྕགས་ཀྱུ་འཆང་བའོ།། སེང་གེ་མོ་དང་གླང་པོ་མ།། རྟ་གདོང་ཁྱུ་མཆོག་གདོང་ལྡན་མ།། པདྨ་ཟླ་བའི་གདན་ལའོ།། ཧ་ལ་ཧ་ལ་རུས་སྦལ་སྟེངས།། རྡོ་རྗེ་དྲིལ་བུ་སྐྱབས་སྦྱིན་དང་།། ཆོས་ཀྱི་ཟ་མ་ཏོག་འཆང་བའོ།། ཉི་འོད་མ་དང་ཟླ་འོད་མ།། ཆུ་དབང་མ་དང་ནོར་འཕྲེང་མོ།། དགེ་བའི་མདངས་དང་ལྡན་པའོ།། མགོན་པོ་པདྨ་རྒྱན་ལུང་ཆེ།། ཆུ་སྲིན་སྟེང་དུ་རོལ་པའི་ཚུལ། ། ཌ་མ་རུ་དང་བཟང་འཕྲེང་དང་།། མི་འཇིགས་ཕྱག་དང་ལྕགས་སྒྲོག་གོ། ལུ་གུ་རྒྱུད་མ་འཁོར་ལོ་མ།། གསང་བ་མོ་དང་རིང་བསྲེལ་མོ།། གླང་གསོར་རྡོ་རྗེ་ཆོས་དབང་ཕྱུག་ཆོས་ཀྱི་འཁོར་ལེ་ཆོས་འཆང་རྒྱ། ། སྐྱབས་སྦྱིན་པདྨ་པོ་ཏིར་བཅས།། དགའ་བ་དགའ་སྐྱེས་སྣང་བྱེད་མ།། སིལ་སྙན་མ་རྣམས་པད་ཟླ་ར་ནི།། ཕྱེད་ཀྲུང་ལྡེམ་བག་ཚུལ་དུའོ།། རྗེ་བཙུན་ཆོས་ཀྱི་གཙུག་ཏོར་ནི། ། ཧ་རི་ཧ་རི་ཧ་རི་ཞོན།། ཞལ་གསུམ་ཕྱག་ནི་བརྒྱད་པ་ལ།། འཁོར་ལོ་རྡོ་རྗེ་མདའ་གཞུ་དང་།། པད་དཀར་བགྲང་འཕྲེང་སྐྱབས་སྦྱིན་དང་།། བདུད་རྩིས་བཀང་བའི་བུམ་པ་འཆང་།། མཁའ་ལྡིང་གདོང་མ་ཤཱ་རའི་གདོང་། ། ཉི་ཞལ་ཟླ་ཞལ་ལྷ་མོའོ།། མགྲིན་སྔོ་དགའ་བོ་ཉི་དགའ་སྟེ།། ཞལ་གསུམ་ཕྱག་དྲུག་པདྨ་དང་།། པོ་ཏི་སྐྱབས་སྦྱིན་བགྲང་འཕྲེང་ཕྱག། སེང་གེའི་གདོང་མོ་ཀླུ་ཞལ་མོ།། དགའ་བྱེད་མོ་དང་སྲོག་བྱེད་མོ། ། པད་བླར་སེམས་དཔའི་སྐྱིལ་ཀྲུང་ངོ་།། དབུས་སུ་མགོན་པོ་གདོང་བཅུ་གཅིག། གསང་འཛིན་མོ་དང་འཛིན་པ་མོ།། སྔགས་སྲུང་བ་དང་གྲུབ་སྲུངས་མ། གོང་ལྟར་མ་བྱད་ཕྱོགས་མདོག་གོ། ཕྱོགས་བཞིར་འཁོར་ལོའི་ཆ་ལ་ནི།། གཙོ་བོ་སེམས་དཔའ་བཞི་དང་བཅས།། ཤར་དུ་རྡོ་རྗེ་དབང་ཕྱུག་ནི།། ཐོགས་མེད་ཡིད་དང་གྲུབ་དབང་ཕྱུག། རྡོ་རྗེ་ཕྱག་རྒྱ་གཏེར་སྒོམ་ཅན། ། ཀུན་ཀྱང་བདྨ་ཟླ་བ་ལའོ།། ལྷོར་ནི་རིན་ཆེན་དབང་ཕྱུག་སྟེ།། གྲུབ་ཆེན་དབང་ཕྱུག་དང་ཕག་ཞལ།། གྲུབ་པའི་རྣལ་འབྱོར་དབང་ཕྱུག་དང་།། གྲུ་འཛིན་དབང་ཕྱུག་ཅེས་བྱའོ།། ནུབ་ཏུ་པདྨའི་དབང་ཕྱུག་ནི། ། སྐྱེས་བུ་སེང་གེའི་ཞལ་དང་ནི།། པདྨའི་ཕྱག་དང་སྦྲུལ་ནག་ཕྱག། རྩེ་བྲན་རྒྱས་མཛད་ཅེས་བྱའོ།། བྱང་དུ་དམ་ཚིག་དབང་ཕྱུག་དང་།། འཁོར་ལོ་འཆང་དང་སྟབ་ལྤགས་འཆང་།། ཀུན་གྲུབ་དབང་ཕྱུག་སྒྲ་དུང་འཕེལ། ། ཕྱོགས་དང་ཕྱོགས་ཀྱི་མདོག་ཅན་ནོ།། འཇིག་རྟེན་སྐྱོང་བ་བཅུ་པོ་དང་།། རྒྱལ་པོ་ཆེན་པོ་སྡེ་བཞི་པོ།། ཀུན་ཏུ་གྲགས་པའི་ལྷ་ཆེན་རྣམས།། བསྟན་ལ་དགའ་བ་དགོད་པར་བྱ།། འཇིག་རྟེན་འཇིག་རྟེན་འདས་དོན་དུ།། རིགས་བཟང་སྐྱེ་བ་བ་ཞེས་དགོངས་པ།། བསྐལ་པ་བཟང་པོ་འདིར་འབྱུང་བའི།། སངས་རྒྱས་སྟོང་ཡང་དགོད་པར་བྱ།། དེ་ལྟར་རྒྱས་པར་སྤྲོས་པ་ནི། ལྷ་རྣམས་གྲངས་ནི་རྒྱ་ཆེ་བར།། ཚིག་སྟོང་ཉིས་བརྒྱ་བཞི་བཅུ་བདུན།། འཇིག་རྟེན་འཇིག་རྟེན་འདས་པའི་ལྷ།། མགོན་པོ་གདོང་བཅུ་གཅིག་པ་ཡི།། ལྷ་གྲངས་དཀྱིལ་འཁོར་བཀོད་པའོ།། སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བནྡྷ།། འཇིག་རྟེན་དབང་གི་དཀྱིལ་འཁོར་ལྔ།། རིག་པའི་ལྷ་མོའི་དཀྱིལ་འཁོར་ལྔ།། རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་བདུན།། དཀྱིལ་འཁོར་དེ་དག་རེ་རེ་ལ།། སེམས་ཀྱི་དཀྱིལ་འཁོར་ལྷ་མང་སྟེ། ། རང་བཞིན་གྱིས་ནི་ཉི་ཤུ་ལྔ།། རྒྱུ་འབྲས་ཚུལ་དུ་རྣམ་པ་དགུ།། ཡེ་ཤེས་ཚལ་ལྔ་ཡིན་ཏེ།། ཆོས་ཉིད་ངོ་བོས་གཅིག་ཏུ་རྒྱལ།། གང་གང་མོས་པ་དེ་དང་དེའི།། དཀྱིལ་འཁོར་རྣམ་པར་སྤྲོ་བ་འམ། ། གཅིག་ཏུ་མོས་པའི་སྦྱོར་བ་ཡིས།། བྱང་ཆུབ་རྡོ་རྗེ་མཆོག་ཐོབ་ནས།། ཁམས་གསུམ་རྒྱལ་པོར་ལོངས་སྤྱོད་ཆེ།། ཆོས་ཀྱི་འཁོར་ལོ་སྐོར་བར་འགྱུར།། གཙང་སྦྲ་ཆེ་ཞིང་ད་སེམས་ཅན། ། རྩེ་གཅིག་སྒྲུབ་ལ་ནན་ཏན་རྩོལ།། བློ་བཟང་འགྲོ་ལ་འཇུག་ཅིང་སྤྱོད།། ངག་སྙན་ངང་གིས་ཁྲོ་བ་མེད།། གཡོ་སྒྱུ་འདོད་བརྐམ་གཡེང་བ་མེད།། ལུས་ངག་དལ་ཞིང་ཐོས་པ་མང་།། ང་རྒྱལ་སར་སྣ་ཆགས་པ་མེད། ། གཏོང་ཕོད་སྙིང་རྗེ་དྲག་ལྡན་པས།། སྤྱན་རས་གཟིགས་ལ་གང་དམིགས་ནས།། དེ་ཡི་སྙིང་པོ་རྩ་སྔགས་ལ།། བར་ཆད་མེད་པས་རབ་བརྗོད་ནས།། གཞན་ལ་ཕན་ཕྱིར་སྨོན་ལམ་བརྗོད། ། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། གང་ལ་འཇིགས་པ་བརྒྱད་སྣང་ཚེ།། ཁྲོ་བོ་ཆེན་པོའི་རྫུ་འཕྲུལ་གྱིས།། དེ་དག་མྱུར་དུ་སེལ་བྱེད་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། གང་ཡན་ད་རམས་གང་བྱུང་ཚེ།། གསོ་དཔྱད་སྨན་དང་སྨན་པར་ནི།། བདག་ཉིད་གྱུར་ནས་མྱུར་སེལ་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། མུ་གེའི་ནང་དུ་འབྱུང་འགྱུར་ཚེ།། ཕྱོགས་གཅིག་ནས་ནི་རྣམ་གཡོས་ནས། ། ཟས་སྐོམ་རྒྱུན་ཆད་མེད་པར་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། གང་དུ་འཁྲུག་པ་ཆེ་འབྱུང་ཚེ།། རང་དབང་གིས་ནི་སེམས་གྱུར་ནས། བདེ་བས་ཕན་ཚུན་སྡུམ་པར་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། བྱོལ་སོང་གཅིག་ལ་གཅིག་ཟ་དང་།། ཟས་སྐོམ་དཀོན་དང་གཞན་འཇིགས་ཚེ།། དེ་དག་སེལ་བའི་སྐྱབས་གྱུར་ཅིག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། ཡི་དགས་ཟས་སྐོམ་གདུངས་པ་དང་།། ལོག་པར་ལྟ་བའི་གནས་ཞུགས་ཚེ།། ནད་བྲལ་བདུད་རྩི་ཀུན་སྣང་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། འགྲོ་བའི་སྐྱབས་དང་ཐབས་མཁས་དང་།། ཤེས་རབ་གྲུ་དང་ལྡན་ནས་ཀྱང་།། ཐབས་ཀྱི་སྡུག་བསྔལ་གྲོལ་བར་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། ཚུལ་ཁྲིམས་ཞགས་ལྡན་ལམ་ལ་རྟག། མྱ་ངན་འདས་པའི་རི་བོ་འཛེག། འདུས་མ་བྱས་ཀྱི་ཁྱིམ་འཇུག་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། ངན་སོང་གནས་རྣམས་མཐོང་ནས་ཀྱང་།། དེར་ཕྱིན་དེ་རྣམས་ཟད་པ་ཡི།། གཉེན་པོ་སོ་སོར་འབྱུང་བར་ཤོག། སྤྱན་རས་གཟིགས་མགོན་ཕྱག་འཚལ་ལོ།། དམྱལ་རྣམས་ཚ་གྲང་བཅད་གཏུབས་ཚེ།། གོ་ཆ་ཆེ་དང་བསིལ་གྲི་བ་དང་།། དྲོད་ཀྱི་འོད་དུ་འགྱུར་བར་ཤོག། རིག་སྔགས་ཡང་ཡང་བརྗོད་པ་ཡིས། ། ཡང་དག་ལམ་ཉིད་རྟོགས་པར་ཤོག། ཀུན་འབྱུང་ས་བོན་རུལ་ནས་ནི།། སྡུག་བསྔལ་ཕུང་པོ་སྐམ་པར་ཤོག། མགོན་པོ་མྱ་ངན་འདས་ཐོབ་ནས།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་འགྱུར། ། དེ་ནས་ཡང་དག་བཤད་བྱ་བ།། བསྙེན་པས་བགེགས་ཀྱི་མཐུ་བཅོམ་ནས།། དངོས་གྲུབ་མྱུར་དུ་རྙེད་བྱའི་ཕྱིར།། སྒྲུབ་པ་ལ་ནི་བརྩོན་པར་བྱ།། ཟླ་བ་དཀར་པོའི་ཚེས་གཅིག་ནས། ། ཁྲུས་བྱས་གོས་གསར་གྱོན་བྱས་ནས།། སྐུ་གཟུགས་བཟང་པོའི་མདུན་འདུག་ནས།། སྦྱང་བར་གནས་ནཱ་ཉིན་གཅིག་ལ།། དུས་གསུམ་སྔགས་འདི་བརྒྱ་རྩ་བརྒྱད།། བརྗོད་ཅིང་ཅི་འབྱོར་མཆོད་པར་བྱ། ། ཚེས་བརྒྱད་ཐོ་རངས་དུས་ནས་ནི།། དབེན་པར་གདན་ཁྲི་བཟང་པོ་ལ།། སྐུ་གཟུགས་ནུབ་ཏུ་གཟིགས་ནས་གཞག། བཟའ་བཏུང་མངར་བས་སྤགས་པར་མཆོད།། ཨ་ཀ་རུ་དང་དུ་རུ་ཀ། བདུག་པ་རྒྱུན་དུ་བསྲེག་པར་བྱ།། འབྲུ་དཀར་འོ་མའི་ཟས་བཟའ་ཞིང་།། ཞག་གསུམ་བཟླས་པ་ཅི་ནུས་བྱ།། དེ་ནས་ཞག་གསུམ་བར་དུ་བདག། འོ་མ་ཞོ་དང་འབྲས་ཆན་འཚལ།། ལྷ་ལ་མཆོད་པ་ཆེར་བསྐྱེད་ནས། ། བྱང་ཆུབ་ཤིང་དྲུང་སྟོང་རྩ་བརྒྱ་ད།། དུ་རུ་ཀ་ཡི་མར་དུ་སྤངས།། དུམ་བུ་རེ་རེ་སྔགས་རེ་དང་།། བྱང་ཆུབ་སེམས་དཔའི་དྲུང་དུ་བསྲེགས།། ས་ཡང་གཡོ་ཞིང་སྐུ་ཡང་གཡོ།། སྟེང་ཞལ་ནས་ནི་སྙན་པའི་སྨྲ། ། ལེགས་སོ་ལེགས་སོ་རིགས་ཀྱི་བུ།། ཁྱོད་ནི་ནན་ཏན་བརྩོན་འགྲུས་ཅན།། འདོད་དམན་དོན་གཉེར་གང་ཡིན་པ།། མཁའ་ལ་འཕུར་རམ་རྐང་མགྱོགས་སམ།། དྲང་སྲོང་རིག་འཛིན་རྒྱལ་པོ་ལ། བདག་དང་སྐལ་མཉམ་འདོད་ན་ཡང་།། དེ་རིང་ཉིད་དུ་སྩལ་བར་བགྱི།། བཅོ་ལྔའི་ཚེ་ས་ལ་སྐུ་གཟུགས་ཏེ།། བདེ་གཤེགས་རིང་བསྲེལ་ཡོད་པ་ཡི།། མཆོད་རྟེན་ནང་ངམ་ཆུང་ངུ་བཞུགས།། གསོ་སྦྱོང་བླངས་ནས་སྨྱུང་བ་ཡིས། ། སྐྱ་སྔར་མེ་ཏོག་བརྒྱ་རྩ་བརྒྱད།། སྔགས་རེ་བརྗོད་པས་སྐུལ་བརྡེག། དེ་ཚེ་མདུན་ཞལ་རྩ་བནས།། འབྲུག་སྒྲ་ཆེན་པོ་ལྟ་བུ་འབྱུང་།། ས་ཆེན་རབ་ཏུ་གཡོ་བར་འགྱུར། ། དེ་ཚེ་བདག་ཉིད་མི་སྐྲག་པར།། སྔགས་བསྒྲུབ་རྗེས་སུ་ཟན་བྱ་སྟེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མགོན་པོ་སྤྱན་རས་གཟིགས་དབང་ཕྱུག། ཐུགས་རྗེ་ཆེ་དང་ལྡན་པ་ལ། བདག་ཉིད་གུས་པས་ཕྱག་འཚལ་ལོ།། བདག་རི་སེམས་ཅན་ཐམས་ཅད་ཀྱི།། མགོན་སྐྱབས་རེ་གནས་གྱུར་ནས་ཀྱང་།། འགྲོ་བ་ཀུན་གྱི་རི་འདོད་རྣམས།། ཚུལ་བཞིན་དུ་ནི་སྐོང་བར་ཤོག། དེ་ཚེ་འདོད་པ་སྩལ་པ་ལ།། ལྷ་གླུ་ཚོགས་ཀྱིས་བར་ཆད་མེད།། སྔགས་ཀྱི་འདོད་དོན་ཀུན་གྲུབ་ཡ་ནི།། བསོད་ནམས་རྫོགས་བྱེད་སྨོན་ལམ་མོ།། ཕྱག་འཚལ་རྟེན་ལ་སྐོར་བ་དང་།། མཆོད་རྟེན་རྩིག་ཅིང་དཀྱིལ་འཁོར་ནི། ། རྣལ་འབྱོར་ཡན་ལག་ལས་ལྡན་པས།། བདག་དང་གཞན་གྱི་དོན་གྱི་ཕྱིར།། རྒྱུན་ཆད་མེད་པར་བརྩོན་པ་ན།། དགེ་བྱེད་སྨོན་ལམ་རྒྱས་པ་ནི།། དེ་དག་མྱུར་དུ་འབྱུང་བར་འགྱུར།། དེ་ཕྱིར་སྨོན་ལམ་མཆོག་ཏུ་བཤད།། གང་ལ་དགེ་སྦྱོང་གཡེལ་བ་ཡིས།། ལེ་ལོ་ཅན་ནི་བདུད་བཟུང་ནས།། གྱ་ཚོམ་སྨྲ་ཞིང་ཆོས་ལ་སྨོད།། བསྟན་པ་འཇིག་པར་བྱེད་པར་འགྱུར།། དེ་ཕྱིར་དམངས། རིགས་གདོལ་པ་ཅན།། ལོང་སྤྱོད་ཅན་ནི་རིང་དུ་སོང་།། སེར་སྣ་ལེ་ལོ་ང་རྒྱལ་ཅན།། བག་མེད་གཡེང་དང་བཅས་པ་ནི།། བདུད་ཀྱི་འཆིང་ལམ་ལོག་ལམ་པ།། ཞུགས་དང་སླར་ལ་གཏང་བར་བྱ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་ཟ་བ་ཞེས་བྱ་བ་ལས། དངོས་གྲུབ་འབྱུང་བའི་ལེའུ་སྟེ་བདུན་པའོ།། དེ་ནས་ནད་དང་གནོད་པ་སོགས།། སྔགས་བརྗོད་ཙམ་གྱིས་བསལ་བར་བཤད། ། ནད་གདོན་གང་དང་གང་ལ་ཡང་།། སྔགས་པས་དྲག་ཏུ་གསལ་བཏབ་ལ།། རང་གི་རྩེ་གཅིག་སེམས་ཀྱིས་བཟླ།། དང་པོ་སྙིང་རྗེར་བཅས་པ་ཡི།། སྔགས་ཀྱིས་ནད་དང་གདོན་ལས་གྲོལ། ། དེ་ཚེ་མཆོད་ལ་བརྩོན་པར་བྱ།། སྨྱོན་ནད་ཉིན་རེ་ལྡང་བ་དང་།། ཉིན་གཉིས་པའམ་ཉིན་གསུམ་པ།། ཉིན་བཞི་ཉིན་བདུན་ལྡང་བའི་རིམས།། འབྱུང་པོ་མཁའ་འགྲོ་ཤ་ཟའམ།། སྨོ་བྱེད་བརྗེད་བྱེད་ལུས་སྲུལ་པོ། ། འདྲེ་གདོན་དྲག་པོས་བགྱིས་མོད་ཀྱང་།། བརྒྱ་རྩ་བརྒྱད་ཀྱིས་སེལ་བར་འགྱུར།། ཡང་ན་སྲད་བུ་ཁ་དོག་ལྔ།། མདུད་རེ་སྔགས་རེ་བརྒྱ་རྩ་བརྒྱད།། མདུང་ལྡན་མགུལ་ལམ་དཔུང་པར་གདགྲ་ཁ་ན་མ་ཐོ་བསགས་པ་ཡི། ། སྒྲིབ་ཀུན་ཞི་ཞིང་བྱང་གྱུར་ན།། བགེགས་སོགས་ནད་ལྟ་སྨོས་ཅི་དགོས།། བདེ་བརླབས་བསམ་གྱིས་མི་ཁྱབ་བོ།། སྐྲངས་དང་འབྲས་ཀྱི་འཕྲེང་བ་དང་།། ཤུ་བ་ཕོལ་མིག་རྨ་མཛེ། དང་། མེ་དཔལ་ལྡོག་པ་གཡན་ལ་སོགས།། མ་རུངས་པ་ཡི་ནད་རྣམས་དང་།། རལ་གྲི་མདའ་མདུང་ལ་སོགས་པས།། མྱོས་སམ་དེ་ཡིས་ཉེན་པ་དང་།། སྦྲུལ་དང་སྡིག་པ་རྩངས་པ་དང་།། བུང་བ་མཆུ་རྣོན་ལ་སོགས་པའི། ། གདུག་པ་རྣམས་ལ་ལན་བདུན་དང་།། བརྒྱ་རྩ་བརྒྱད་དང་སྟོང་དུ་བརྗོད།། ཡང་ནས་སེར་འཇིམ་པས་བྱུག། དེ་ཡིས་ནད་ལས་གྲོལ་བར་ངེས།། བགེགས་སམ་རླུང་ལ་སོགས་པ་ཡི། ། གཞོགས་གཅིག་ཕྱོགས་སུ་ནད་ལངས་སམ།། རྣ་བ་འོན་ནམ་སྣ་བསུབས་ན།། བརྒྱ་རྩ་བརྒྱད་དུ་བཟླས་པ་འམ།། འབྲུ་མར་ཞོ་དང་རུ་རྟ་དང་།། ལན་བདུན་བརྗོད་ནས་བསྐ་བྱུག་དང་། ། ཟོས་ཤིང་རྣ་བ་སྔར་བྱུགས་ན།། སོས་པར་འགྱུར་བར་ཐེ་ཙོམ་མེད།། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། ཉི་འོད་ཀྱིས་ཀྱང་རིག་སྔགས་འཆང་།། བསྲུང་དང་ལམ་འགྲོ་བ་སྐྱབ་པའི་ཕྱིར། ། བྱིན་རླབས་ལྡན་པའི་ཚིག་འདི་གསུངས།། ན་མོ་བུདྡྷ་ཡ་གུ་ར་བེ། ན་མོ་དྷརྨཱ་ཡ་ཏཱ་ཡི་ནེ། ན་མཿསཾ་གྷཱ་ཡ་མ་ཧཱ་ཏེ། ཏྲི་བྷྱོ་པི་སྭཱ་ཧཱ་ནཱ་མ། ཉིན་མཚན་དུས་སུ་འདི་བརྗོད་པས།། སྡིག་ཀུན་བྱང་ཞིང་ནད་རྣམས་ཞི། ། ལམ་དུ་བགེགས་བདུད་མི་ཕྲད་ཅིང་།། རྟག་ཏུ་སེམས་དགའ་དམ་པ་འཐོབ།། བྱང་ཆུབ་སེམས་དཔའ་ཟླ་འོད་ཀྱང་།། བསྲུང་བའི་དོན་དུ་སྔགས་འདི་གསུངས།། ཤ་མ་ཏ་ཧེ་རུ་ཤ་ཧོ། ཨཱ་ཛྙཱ་བ་ཏེ། སུ་རུ་ཏེ། ཤཾ་ཀི་ཊེ། བ་ར་མ་བྱཱ་ཏེ། སུ་རུ་ཏེ། ཀཱ་ལཊ་ཏེ་ཁི་མ་ཏེ་སྭཱ་ཧཱ། ཚོན་སྣ་ལྔ་ཡི་སྐུད་པ་ལ།། བདུན་བཟླས་མདུད་པ་ཉི་ཤུ་གཅིག། ན་ས་ར་བ་ཏག་ས་ན་ནད་སེལ་འགྱུར།། གཞན་ཡང་ཡོན་ཏན་གྲངས་མེད་འཐོབ།། སྦྲུལ་གྱི་རྨ་ནི་སྒོ་ཕྱེ་ལ།། བདུན་བཟླས་རྨ་ཁར་བཏབ་ན་སོས།། སེང་ལྡེང་སྟག་གཟིག་དོམ་དྲེད་ཀྱི།། པགས་ལ་ཉི་ཤུ་རྩ་གཅིག་བསྔགས།། བརྗོད་ནས་གྲ་ཁྲིམས་ཅན་ལ་བསྐོན། ། དེ་མ་ཐག་ཏུ་རིམས་སེལ་འགྱུར།། གློ་བུར་གདོན་གྱིས་ཉེན་པ་ལ།། ལན་བདུན་བརྗོད་པའི་གུ་གུལ་བདུག། ལྡོང་རོས་ཡུངས་ཀར་ལན་ཚྭ་དཀར།། སྦྱར་ནས་ཉི་ཤུ་རྩ་གཅིག་བརྗོད། ། ནད་པའི་མལ་བཞབས་ནས་བདུགས་ན།། འབྱུང་པོ་འབྲོས་ཏེ་ནད་ལས་ཀྲོལ།། ཏིལ་མར་ནང་དུ་རུ་རྟ་བཙོས།། བྱུགས་པས་གཞོགས་ནད་རྣ་ནད་དང་།། ཞ་གྲུམ་མྱུར་དུ་སེལ་བར་བྱེད། ། ཡང་ན་རྩི་མར་ཉིད་ལ་བྱ།། ཏིལ་མར་ལྟེ་བར་བསྐུས་པ་ཡིས།། མྱུར་དུ་བུ་ཐོན་འགྱུར་བར་ངེས།། ལྕིམ་རྩ་ཤ་མ་ཐོན་པར་ངེས།། དུ་རུ་ཀ་དང་སྤྱི་མོང་སྦྱར།། སྙིང་ནད་དྲག་པོ་སེལ་བར་འགྱུར། ། ཁ་རོག་མོ་ཡི་ལྕི་དྲོན་གྱིས།། རྨ་ཁར་གླན་ན་མེས་ཚིག་སོས།། སྲིནི་བུ་རིང་མོ་སྙིང་ལ་ཟ།། རྟ་དཀར་གཅིན་ལ་ཁྱོར་གང་འཐུང་།། དེས་ནི་སྲོག་ཆགས་བུད་པར་འགྱུར།། འབྲས་ལ་རམས་ཀྱི་ལོ་མ་ཡི། ། ཁུ་བ་བསྐོལ་བས་བྱུགས་པར་བྱ།། བོང་བུའི་རྟུག་པ་གསར་པ་བཙིར།། ཉལ་ཀར་མིག་ཏུ་བླུག་ན་སོས།། མཚན་མོ་སྲངས་ལ་སྐུད་དཀར་རོ།། དེ་ཀུ་ཉི་ཤུ་རྩ་གཅིག་བཟླས།། བརྒྱ་རྩ་བརྒྱད་བརྗོད་ཤུ་དག་དཀར། ། དཔུང་པར་བཏགས་པས་གཡུལ་ལས་རྒྱལ།། ཕུག་རོན་རིལ་མ་ཉི་ཤུ་བརྒྱད།། བཟླས་བཅས་བསྐུས་པས་ལྕགས་སྒྲོག་དང་།། ཤིང་སྒྲོག་ལ་སོགས་གྲོལ་བར་ངེས། ། ཐལ་བའམ་བྱེ་མ་ལ་ནི་སྔགས།། སྟོང་བཟླས་མེ་ཏོག་སྲིན་བུ་གྲོལ།། གདོན་དང་ཡམས་ནད་ཟློག་པ་ལ།། དྲི་བཟངས་ཆུ་ལ་བཟླས་ནས་བཀྲུ།། བུད་མེད་བུ་འདོད་དོན་དུ་ནི།། སྟོང་བཟླས་པ་མར་བཏུང་བར་བྱ། ། བྱི་བ་སྦྲུལ་དང་རུས་སྦལ་ཤ། ཕྱེ་མ་གཏོར་ན་ཕྱུགས་རྣམས་རེངས།། མར་ཀ་ནི་དང་ཤུ་དག་དང་།། ལྒ་དང་གོ་སྙོང་སྦྲང་རྩི་སྦྱར།། སྔགས་འདི་ཡིས་ནི་ཤེས་རབ་འཕེལ།། ན་མོ་རཏྣ་ཏྲ་ཡྻ་ཡ། ན་མ་ཨཱནྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཱཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་ནུ་ཎིཀྵཱ་ཡ། ཏདྷྱཥྚཱ། ཁཱ་ཧི་ཁཱ་ཧི། བ་ལི་ཏེ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་ཨ་བ་ལོ་ཀིཏྟ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་པདྨེ་ཕུ། མ་ཧཱ་པདྨེ་ཕུ། པདྨ་ལོ་ཙ་ནེ་ཕུ། ཨ་མོ་གྷ་བེ་ཏེ། ན་མོ་ཨ་དོ་ཏ་ཀུ་ཏཱ་ཡ། ས་ར་ས་ར། གཙྪ་གཙྪ། ཨི་མཾ་མཀྵི་རོ་ག་ནཱ་ཤ་ཡ་སྭཱ་ཧཱ། ཉི་ཤུ་རྩ་གཅིག་བཟླས་ནས་ཀྱང་།། ཐལ་བས་མིག་ནི་ཕྱི་རོལ་བསྐུས།། མི་གནད་ཐམས་ཅད་འཇོམས་པར་འགྱུར།། སྐུད་པ་དཀར་པོ་མདུད་པ་བདུན།། སྔགས་བདུན་བཟླས་པས་རྣ་བ་ཡི། ། ནད་རྣམས་ཐམས་ཅད་འཇོམས་པར་འགྱུར།། གུར་ཀུམ་ཀ་ར་ཆ་མཉམ་པས།། སྣ་ཡི་ནད་ནི་སེལ་བར་བྱེད།། ཨ་རུ་ར་ཡི་ཕྱེ་མ་དང་།། སྦྲང་རྩི་བསྲེས་པའི་འདག་པས་ནི།། སོ་ཡི་ནད་དང་ལྕེ་ཡི་ནད།། ཐམས་ཅད་འཇོམས་པར་ཤེས་པར་བྱ།། ཨོཾ་ཧཱུཾ་ཤྲཱི་ཧཱུཾ་ཤུ་ཀྵེ་ཕུ། ཉི་ཤུ་རྩ་གཅིག་ཆུ་ལ་བཟླ།། འཐུངས་པས་མ་ཞུའི་གནོད་པ་སེལ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཥྚཱ། ཨོཾ་རཏྣ་ཤེ། མ་ཧཱ་ཙཥྚ། ཨ་སུ་ར་མ་རྟ་ཀ། ཛྭཱ་ལ་ཛྭ་ལ། ཙྪིནྡཙྪིནྡ། ཧུ་རུ་ཧུ་རུ། ཀི་རི་ཀི་རི། ཧ་ན་ཧ་ན། སརྦ་ཛྙཱ་རེནྡྲ་ཀ། བན་དྷེ་ན། མཱ་ར་ཡ་མཱ་ར་ཡ། སརྦ་གྲ་ཧཾ་སྭཱ་ཧཱ། སྔགས་འདི་མཚལ་གྱིས་བྲིས་ནས་ཀྱང་།། མགུལ་དུ་བཏགས་ན་ནད་རྣམས་སེལ།། གཞན་ཡང་རྩ་བའི་སྔགས་གང་གིས།། ལས་རྣམས་དེ་དང་དེ་ལ་སྦྱར།། སྦྲང་བུ་སྲིན་བུ་སྦྲུལ་ལྷོག་པ། ། གཡན་པ་ཤུ་བ་སྐྱེ་ནད་ལ།། སྦྲང་རྩི་བི་པི་ལིང་གིས་བྱུག། གང་ཞིག་བཙོན་དུ་ཞུགས་པ་ལ།། ཉི་ཤུ་རྩ་གཅིག་བཟླས་པ་ལ།། ཙན་དན་ལྡེ་གུ་སྙིང་ཁར་བྱུག། གང་གི་མིག་ནད་སེལ་བ་ལ།། ཤིང་མངར་ཆུའམ་སྤོས་ཆུའམ། ། པ་ལ་ཤ་ཡི་ཁུ་བས་བྱ།། རྣ་བ་ལ་ནི་ཏིལ་མར་གྱིས།། གཞན་གྱི་ཡི་གེ་གསལ་བ་དང་།། འཐབ་མོ་གཤགས་འགྱེད་འགྱུར་བའི་ཚེ།། བུམ་པའི་ཆུ་ཡིས་གདོང་པ་བཀྲུ།། གང་ཡང་བྱིས་པ་སྲུང་བ་ནི། ། སེང་ལྡེང་ཕུར་བུ་སོར་བཞི་ལ།། པདྨ་གར་གྱི་དབང་ཕྱུག་དང་།། དོན་ཡོད་ཞགས་པའི་སྔགས་རིང་དག། སྟོང་རྩ་བརྒྱད་དུ་བཟླས་བཏགས་ན།། ཚེ་རིང་ཉིད་དུ་བདེ་བར་སྤྱོད།། བ་ལང་རྭ་དང་པོ་སོ་འཆལ། ཤིང་ཀུན་དང་སྦྲུལ་ལྤགས་པ་དང་།། རས་བལ་ས་བོན་གྲུང་པོ་དང་།། དེ་བཞིན་དུ་ནི་སེར་པོ་གཉིས།། ནས་ཀྱི་ཕུབ་མ་གཡེངས་པའི་སྒྲ།། བྱི་ལའི་རྟུག་པ་བྲ་ཧ་ཏི།། ཤུག་པ་བྱ་རོག་སྒོ་ང་དང་།། བ་ལང་རྨིག་པ་ན་ལེ་ཤམ། ། ད་དུར་དང་ལྷན་ཅིག་སྦྱར།། དེ་རྣམས་བསྲེས་པའི་དུད་པ་ཡིས།། པགས་རྣམས་སེལ་ཕྱིར་རུ་ཏྲ་ཡི།། དུད་པ་བཅུ་དྲུག་ཅེས་བྱ་བའི།། པུ་ཤེལ་ཅི་དང་བ་བླ་དང་།། བ་ཅན་དུག་གི་ནི་སྦྲུལ་ཤུན་གྱིས། ། བདུགས་ན་རིམས་ནད་ཐམས་ཅད་སེལ།། ནད་གཞན་དག་ཀྱང་སེལ་བར་བྱེད།། བ་ལང་ལྕི་བའི་ཁུ་བར་ནི།། སོ་མ་ར་ཛའི་ཕྱེ་མ་གདབ།། ཡི་གེ་ཧྲཱི་ཡིས་བྱིན་བརླབས་ནས།། མགྲིན་པ་སྔོན་པོའི་རྩེ་བའི་སྔགས། ། བརྒྱ་རྩ་བརྒྱད་བརྗོད་འཐུངས་པས་ནི།། དུག་དང་རིམས་ནད་སེལ་བར་བྱེད།། སྐྱེར་བ་བསྐོལ་བའི་ཁུ་བར་ནི།། སོ་མ་ར་ཛའི་ཕྱེ་མ་སྦྱར།། རིལ་བུ་རྒྱ་སྲན་ཙམ་གྱི་ཚད།། ཡིད་བཞིན་ནོར་བུའི་སྔགས་བརྗོད་ནས། ། ཟོས་པ་ཙམ་གྱིས་དུག་རིགས་རྣམས།། ཟོས་ཀྱང་ལུས་ལ་གནོད་པ་མེད།། འོ་མར་ཡུང་བ་སྲན་ཅིག་བསྐོལ།། སོ་མར་ཛ་བླུགས་ཏེ་བླུད།། སོ་སོ་ཆང་ལ་ཧ་ལའི་སྔགས། ། བརྒྱ་རྩ་བརྒྱད་སྔགས་གྲངས་ཚང་བ།། བརྗོད་དེ་བླུད་ན་སྐྱུགས་ནས་ནི།། དུག་གིས་ཚུགས་པར་མི་འགྱུར་རོ།། ཁྱིམ་གྱི་དུད་པ་རྒྱམ་ཚྭ་དང་།། སྐྱེ་དུ་དམར་རྩ་ལོ་མར་བཅས།། ཕྱེ་མ་མར་གསར་སྦྲང་རྩི་བཅས། ། ཧ་རི་ཆེན་པོའི་རྩ་བའི་སྔགས།། བརྒྱ་རྩ་བརྒྱད་ཀྱིས་བཏུང་བར་བྱ།། སྦྲུལ་ནད་ཐམས་ཅད་སེལ་བར་བྱེད།། ཤུ་དག་རུ་རྟ་ཨ་ཀ་རུ།། ལུང་བ་བོང་དཀར་པོ་རྣམས།། དོན་ཡོད་ཞགས་པའི་སྔགས་ཀྱིས་མཉེ། ། བྱུགས་པས་དུག་ནད་ཐམས་ཅད་སེལ།། རྒྱ་མ་ཚྭ་སྲང་གང་མར་སྲང་གཉིས།། གཅིན་སྲང་བརྒྱད་དང་ལྷན་ཅིག་བསྐོལ།། རྡོ་རྗེ་ཆོས་ཀྱི་སྔགས་ཀྱིས་འཐུངས།། དུག་ནད་ཐམས་ཅད་སེལ་བར་བྱེད།། རྒྱ་མཚ་ཚྭ་གསུམ་མར་སྲང་བཞི།། སྦྱར་ཏེ་མི་བཤོལ་སྔགས་བརྗོད་ནས།། བྱུགས་ནས་རེག་པ་ཙམ་གྱིས་ནི།། སྡིག་པ་སྦྲུལ་གྱིས་ཟིན་པ་སེལ།། ཀུ་མ་རི་དང་སེར་པོ་གཉིས། ། ལྕིམ་ཚྭ་མྱང་ཚྭ་སྤར་བཅས་ལ།། གར་དབང་སྔགས་དང་མུ་ཡིས་བཏུང་།། དུག་ནད་ཐམས་ཅད་སེལ་བར་བྱེད།། སེར་པོ་གཉིས་དང་ལྡོང་རོས་དང་།། གོ་ཐལ་གུར་ཀུམ་ལེ་བརྒན་རྩི།། པདྨ་རྒྱན་ལུང་སྔགས་ཀྱིས་བཏུང་།། དབྱིག་དུག་ཐམས་ཅད་འཇོམས་པར་བྱེད།། གང་ལ་གཟའ་དང་རྒྱུ་སྐར་གྱིས།། འཚེ་བ་བྱུང་ན་དེ་བསལ་ཕྱིར།། པདྨ་འདབ་བརྒྱད་མཎྜལ་གྱི།། ཕྱོགས་དང་ཕྱོགས་མཚམས་དབུས་རྣམས་སུ། ། མགོན་པོ་འཇམ་པའི་རྡོ་རྗེ་ནི།། མཁའ་ལྡིང་གཟུགས་སུ་འགྱུར་བ་ལ།། སྤྱན་རས་གཟིགས་དབང་བཅུ་གཅིག་གིས།། གུས་པའི་ཚུལ་དུ་མཆོད་བྱེད་བཀོད།། ཉི་མ་ཟླ་བ་ལག་འཛིན་པའི། ། ཁྱབ་འཇུག་གིས་ནི་བྱི་བའི་གཟུགས།། མནན་པའི་མཁའ་ལྡིང་མིག་སྨན་མདོག། ནོར་རྒྱས་བུ་གཉིས་ལྷ་ཡི་གཟུགས།། མིག་གསུམ་ལྡན་པ་བརྗིད་པའི་ལུས།། རིན་ཆེན་ལྔ་ཡི་སྐེར་གཤོག་ཅན། ། རྡོ་རྗེ་མཆུ་རྣོ་ཁྲོ་དང་བཅས།། ཉི་མ་བྱེ་བས་བརྒྱན་པའི་བོད།། སྙིང་ཁར་ཉི་མ་འོད་འབར་ལ།། གཾ་ཡིག་ནག་པོ་སྔགས་ཀྱིས་བསྐུལ།། སྤུ་རྣམས་གཟིངས་ཀྱིས་གྱུར་ནས་ཀྱང་།། ཕྱོགས་བཅུར་རྡོ་རྗེ་ཁྱབ་པར་འཕྲོ། ། གཟའ་དང་རྒྱུ་སྐར་མོག་བྱས་ཏེ།། གདོན་དང་ཀླུ་རྣམས་བསྲེག་པར་བྱས།། ཐུགས་རྗེ་མི་བཤོལ་བ་ཡི་སྔགས།། འབྲུག་སྒྲ་ལྟ་བུར་གསལ་བར་བརྗོད།། གང་ཡང་གྲངས་མེད་སྟོང་ཕྲག་ནི། ། ལས་རྣམས་ཐམས་ཅད་སྔགས་འདིས་འགྲུབ།། མཁའ་ལྡིང་དཀར་པོ་བརྗིད་པའི་ལུས།། ཀླུ་ཡི་གདོན་ལས་སྦྱར་བར་བྱ།། དེ་ལ་མགྲིན་པ་སྔོན་པོ་ཡི།། རྩ་བའི་སྔགས་ཀྱིས་བསྐུལ་བས་ནི། ། ས་སྟེངས་གཏུམ་པོ་ཀླུ་ཡི་གདོན།། དུམ་ངེས་པར་སེལ་བར་བྱེད།། ཀླུ་དང་ཚངས་པའི་སྲིན་པོ་བསྲེགས།། འགྲོ་ལ་མཛེ་ནད་གཏོང་བར་བྱེད།། མཁའ་ལྡིང་དམར་པོ་སྦྲུལ་ཟ་མ།། མེ་ཏོག་ཐོད་བ་ཁ་ཊྭཱཾ་ག། གཡོན་ན་འཆང་སྟེ་གཡས་པ་ན།། རལ་གྲི་མེ་འོད་འབར་བ་འཆང་།། མགོན་པོ་སེང་གེའི་སྒྲས་བསྐུལ་ནས།། དབའ་རླབས་བསྐལ་པའི་མེ་དང་མཉམ།། སྦྲུལ་དང་རིན་ཆེན་དབྱུག་ཏོ་ཅན། མཁའ་ལྡིང་ཤ་ཟའི་གདོན་ལ་ནི།། མགོན་པོ་ཧ་རིའི་སྔགས་ཀྱིས་བསྐུལ།། མཁའ་འགྲོའི་གདོན་ལ་མཁའ་ལྡིང་ནི།། ལྗང་ཁྲུ་རལ་གྲི་ཕུར་པ་འཆང་།། པདྨ་རལ་གྲི་སྔགས་ཀྱི་བསྐུལ། ། ལས་རྣམས་གང་དང་གང་ལ་ཡང་།། སྔགས་དང་ཕྱག་རྒྱ་ལྡན་སྦྱོར་བའོ།། ཇི་ལྟར་མོས་ཏེ་ཕྱག་རྒྱར་བཅས།། ལུས་ཀྱི་ཕྱག་རྒྱ་སེམས་ཀྱི་རྒྱ།། ངོ་བོ་ཉིད་ཀྱིས་མཚོན་པ་ཡིས།། སྔགས་དང་ཕྱག་རྒྱས་རྒྱས་འདེབས་འགྱུར། ། ད་ནི་ཕྱག་རྒྱ་བཤད་པར་བྱ།། སྐུ་ཡི་མདུན་དུ་ལངས་ནས་ཀྱང་།། རྐང་པ་གཡས་པ་ཡུད་ཙམ་བསྐུམ།། ལག་གཉིས་སོ་སོར་ཐུང་ངུ་བརྐྱང་།། གུང་སྲིན་སོ་སོར་མཐིལ་རུ་བཀུག། མཐེབ་མཛུབ་དག་ནི་སོ་སོར་བརྐྱང་།། གྲུ་ཁུག་ལག་མཐིལ་མདུན་དུ་བསྟན།། འགྲོ་འམ་འདུག་ཀྱང་དགྲ་དཔུང་ལས།། རྒྱལ་ཕྱིར་སྔགས་འདི་བརྗོད་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏཻ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་བ་ཏེ། པ་ར་བ་ཏེ། ཨེ་ཧྱེ་ཧི་སྭཱ་ཧཱ། ཡང་ན་སྔོན་ལྟར་ལུས་བསྲངས་ཏེ།། སཱིང་ཁར་ཐལ་སྦྱར་སྤྲོ་བ་བསྣོལ། ། མཛུབ་མོ་གཉིས་བསྒྲེངས་རྩེ་མོ་སྤྲད།། མཐེབ་གཉིས་མཛུབ་ཚིགས་དང་པོར་བཀུག། ལག་མཐིལ་ཅུང་ཟད་མ་རེག་པ།། གཟུགས་སྔགས་གང་བརྗོད་ཕྱག་རྒྱའོ།། བགེགས་ཀྱི་འཚེ་བ་བྱུང་བའི་ཚེ།། སྔགས་དང་ཕྱག་རྒྱ་འདིས་བསལ་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དྷརྨཱ་ཎི་མཎྜ་ལཱ་ཡ། ཨེ་ཧྱེ་ཧི་པ་རིམ་ཤུད་དྷ་སཏྭཱ་ཡ་སྭཱ་ཧཱ། ཡང་ན་སྒོམ་ལ་འཇུག་པས་ནི།། ཐོག་མར་ཕྱག་རྒྱ་འདི་བཅིང་ངོ་།། པུས་བཙུགས་སྤྱི་བོར་ཐལ་མོ་སྦྱར།། མཛུབ་གཉིས་བཀུག་ལ་རྩེ་སྤྲད་ནས། ། དེ་ལ་མཐེ་བ་གཉིས་གཞར་བར་བྱ།། འདི་ནི་བདུད་ལས་རྒྱལ་བར་ངེས།། ཡང་ན་ལག་གཉིས་རྒྱབ་སྤྲད་ནས།། སོར་མོ་རྩེ་རྣམས་རེག་པར་བྱ།། མཐེབ་གཉིས་བརྐྱང་ནས་མཛུབ་ནང་སྦྱར། ། སྨིན་མཚམས་སུ་ནི་གཞག་པར་བྱ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དུཥྚཱ་ན་མོ་བཛྲཱ་ཡ་མེ་སྭཱ་ཧཱ། ཁྱད་པར་དུ་ནི་ལྷ་མཐོང་འགྱུར།། ཡང་ནི་བསྒྲེང་སྟེ་མཉམ་གཞག་རྒྱ།། སྙིང་ཁར་བཞག་ལ་སྔགས་འདི་བརྗོད།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀྲཱུ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་དེ་བ་ཨ་ན་ལེ་སྭཱ་ཧཱ། གློ་བུར་རྩོད་པ་རྒྱལ་བྱེད་ཡིན།། ཡང་ནི་བསྒྲེང་སྟེ་རྟིང་པ་སྤྲད།། ལག་གཉིས་ཀྱིས་འཇིགས་བྱེད་ཚུལ་བྱ།། རྩ་སྔགས་གང་རུང་བརྗོད་པས་ནི། ། ཏིང་འཛིན་ཡན་ལག་བརྟན་པར་འགྱུར།། ཡང་ན་པདྨ་རྒྱན་ལུང་གི། རྩ་བའི་སྔགས་ཀྱི་ཕྱག་རྒྱའོ།། ལག་གཉིས་ཐལ་སྦྱར་སྲིན་ལག་གིས།། མཐེ་བོའི་སེན་མོ་མནན་བྱས་ཏེ།། མཐེའུ་ཆུང་རྩེ་མོའི་གུང་མོ་སྤྲད།། གཤེགས་སུ་གསོལ་བའི་ཕྱག་རྒྱ་སྟེ།། དགུག་ན་མཛུབ་རྩེ་བསྐུལ་ཞིང་དགུག། ཡང་ན་གཡས་པའི་མཛུབ་མོ་དགུག། གཡོན་པ་སླར་གཏང་བྱ་བབོ།། ནམ་རཏྣ་ཏྲ་སཱ་ཡ། ན་མ་ཨཱནྟྲ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀྵ་རུ་ཎི་ཀྵ་ཡ། ཏདྱ་ཐཱ། ཨོཾ་བྲཧྨ། ཨེ་ཧྱེ་ཧི་སྭཱ་ཧཱ། ཡང་ན་སོར་རྩེ་རྣམས་བསྐྱེད་ན། མཛུབ་མོ་གཡས་པ་ལྷ་ཆེན་རྣམས།། ཡང་ན་ཕྱག་རྒྱ་འདི་བཅས་ལ།། ཉི་ཟླ་གཟའ་བཟུང་དུས་སུ་ནི།། གཟུངས་སྔགས་བ་མར་ལ་བཟླས་ནས།། ཕྱག་རྒྱས་བཏབ་ནས་ཟོས་པས་ནི།། ཤེས་རབ་འཕེལ་དང་ཚེ་འཕེལ་ཞིང་། ། ནད་མེད་གཟུགས་དབང་ཐོབ་པར་ངེས།། འགྲེངས་ཏེ་རྐང་གཤིབས་ཐལ་སྦྱར་ནས།། མཐེབ་གཉིས་ལག་པའི་ནང་བཀུག་པ།། སྙིང་ཁར་གཞག་བྱ་སྤྱན་རས་གཟིགས།། ཡིད་བཞིན་ནོར་བུའི་འཁོར་ལོའི་རྒྱ།། མཆོད་སོགས་ལས་ཀྱི་སྔོན་འགྲོ་བའོ།། དེ་བཞིན་སྡིག་བཤགས་ལ་ཡང་ངོ་།། མཛུབ་བཀུག་མཐེ་བོང་སེན་མོར་བཅས།། ལག་གཉིས་རྒྱབ་སྤྲད་གར་དབང་རྒྱ། ཐལ་སྦྱར་མཐེབ་མཛུབ་སོ་སོར་བརྐྱང་།། མགྲིན་པ་སྔོན་པོའི་ཕྱག་རྒྱའོ།། མཛུབ་མོ་གཉིས་བཀུག་ལྷག་མ་བརྐྱང་།། མི་བཤོལ་བ་ཡི་ཕྱག་རྒྱའོ།། ལག་གཉིས་རྒྱབ་སྤྲད་མཐེབ་གཉིས་བརྐྱང་།། བདུག་པ་བཟང་ལ་སྔགས་འདི་བཟླ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ།། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་རཏྣ་ཤ་རི་ཙནྡྲ་ཨ་ལཾ་ཀཱ་ར་མརྒ་ཏེ་ཛ་སུ་པྲ་ཙ་ཀ་བི་ཤྭ་རཱ་ཛཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ། ཏ་ཏེ་ཤ་རཏྣ་ཏ་ཏ་ཤ་རཏྣ། པྲ་ཏེ་མ་ཧེ་རཏྣེ་པྲ་བྷཱུ་ཏེ། རཏྣ་གརྦྷེ་སྭཱ་ཧཱ། སྔ་བར་བརྒྱ་རྩ་བརྒྱད་བརྗོད་དོ།། ནོར་ཡང་ཐོབ་པའི་གཏེར་རྙེད་འགྱུར།། འགྲོ་གཞན་བདག་ལ་བྱམས་འདོད་ན། ། སོ་ཤིང་ལ་ནི་ཉི་ཤུ་གཅིག། ལྡོ་བ་སྐྱེན་འདོད་པ་ཤུ་དག་ལ།། སྟོང་རྩ་བརྒྱད་བཟླས་སྙིང་ཁར་སྐུ།། གང་བཤད་ཕྱག་རྒྱ་དང་བཅས་པས།། གདུག་པའི་སྔགས་འདིས་བགེགས་ཀྱང་འབྲོས།། ནམཿསརྦ་བུད་དྷ་དྷརྨ་སཾགྷཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ན་མོ་བཛྲ་པཱ་ཎི་སྱ། ཏདྱ་ཐཱ། ཨོཾ་ཧུ་པི་ཧུ་པི། ཀ་པ་དུ་བི། པྲ་གཱ་ཡ་ནི་སྭཱ་ཧཱ། རྣམ་གྲངས་འདུག་པས་སངས་རྒྱས་འདུག། ལྷ་རྣམས་དག་ཀྱང་མཆོད་པར་བྱ།། ཡན་ལག་གཡས་པའི་མཐེ་བོང་ནི།། ལག་མཐིལ་བཞག་ནས་སོར་མོས་དགག། རྣ་ལྷག་ཕྱར་ནས་མཛུབ་མོ་ནི། ། བརྐྱང་བསྐུམ་བསྐུལ་བས་སྤྲོ་བ་དང་།། གཡོན་པ་མི་འཇིགས་ཕྱག་རྒྱ་སྟེ།། དུས་མ་ཡིན་པར་འཆི་སོགས་ཟློག། ལག་གཉིས་ཐལ་མོ་སྦྱར་ནས་ཀྱང་།། སོར་མོ་བསྣོལ་ཏེ་བཀོད་པ་ལས། ། མཐེ་བོང་མཐེའུ་ཆུང་སོ་སོར་ནི།། སྤྲད་དེ་སྤྲད་པ་ཤེས་རབ་རྒྱ།། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། དེ་བཞིན་བསྣོལ་ཏེ་བཀན་པ་ཡི།། གུང་གཉིས་ནང་དུ་བཤི་བས་བསྒྲེངས་པ།། མར་མེའི་རྒྱ་སྟེ་སྔགས་འདིའོ།། ཨོཾ་ཏཱིཔྟ་ལོ་ཙ་ན་སྭཱཧཱ། དེ་ཉིད་སྦུབས་ནས་གུང་མོ་གཉིས།། རྩེ་སྤྲད་བསྒྲེངས་པ་བདུག་སྤོས་སོ།། ཨོཾ་དྷུ་པ་དྷ་ཏ་སྭཱ་ཧཱ། རྟིང་སྤྲང་སོར་རྩེ་རང་སར་དགུག། བྱུག་པའི་ཚུལ་ནི་བྱུག་པའི་རྒྱ། ། ཨོཾ་དྷ་ལི་བེ་ཏྱ་སྭཱ་ཧཱ། རྟིང་སྤྲད་སོར་མོ་གྱེན་དུ་བགྲོད།། ཞལ་ནས་འཐོར་ཚུལ་བཤོས་ཀྱི་རྒྱ།། ཨོཾ་ནཻ་བི་དྱེ་པྲཀྵ་ཏ་སྭཱ་ཧཱ། ལག་གཉིས་བཀུག་ནས་རྩེ་བརྒྱད་སྤྲད།། མཐ་@བོང་རྐྱེན་དུ་ལན་པ་ནི། ། ན་བཟའ་དམ་པའི་ཕྱག་རྒྱའོ།། ཨོཾ་བཱ་ས་ར་ཎི་སྭཱཉྫ། སྙིམ་པ་ལ་ཕྱེ་བཏེག་པའི་ནུས།། རོམ་སྩལ་བའི་ཕྱག་རྒྱའོ།། ཨོཾ་ཨཱཏྨ་ཧྲཱིཿས་ཀ་ལ་གཎཔ་རི་ཝཱ་རེ་བ་རི་ཀེ་ར་ཨ་ཨཱ། ཨ་བ་ཏ་རཾ་ཏེ། ཨ་བ་པ་རྀ་ཏི། ཨ་བ་ཏ་རནྣ་ད་ཤ་དི་ཀ་ལོ་ཀ་པཱ་ལ། ས་པ་རིཝཱ་རེ་བྷྱཿི་དཾ་བ་ལཾ་གྲྀཧྞནྟུ། ཁཱ་དཾ་ཏུ་བི་བཾ་ཏུ། ཡ་ཐེ་བཾ་ཡ་ཐེཥྚཾ་ཛཿཧཱུཾ་བོ་ཧོཿསཾ་ཏྲིཔྟཱ་སརྦ་སཏྭཱ་ནི་ཤཱཾ་ཏཾ་ཀུ་རྱཱ་པུཥྚིཾ་ཀུ་རུ་བ་ཤཾ་ཀུ་རུ། ཨཱ་བ་ར་ཎ་ཀུ་རུ་གུ་པ་ཏི། ཀ་རོ་ཏ་ཀུརྠཾ་ཏུ་ཧཱུཾ་ཧཱུཾ་ཕཊ། ཨཱརྱ་ཨ་བ་ལཻ་ཀི་ཏེ་ཤྭ་ར་སྱ། ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། ཨོཾ་ཨཱཀྵ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨཱ་ཏྱ་ནུཏ་པནྡྷ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ། སྭཱ་ཧཱ། ཨོཾ་ཧྲཱིཿཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ལོངས་སྤྱོད་རྟག་ཕྱིར་གནོད་གནས་ལ།། ཆུ་གཙང་རྟག་ཏུ་སྦྱིན་པར་བྱ།། ཨོཾ་ཨཱ་ཧྲཱིཿལོ་ཀེ་ཤྭ་ར་ཧུ་ནུ་སྨཱ་ཏི་ཀ་རཱ་ཡ་སྭཱ་ཧཱ། ཡི་དགས་རྣམས་ལ་སྲ་ར་ཟས།། ཅི་ཕྱིར་ཆུ་དང་བཅས་པ་སྩལ།། རྣལ་འབྱོར་ལྡན་པའི་རྣལ་འབྱོར་གྲོགས།། ལྷ་དང་འཇིག་རྟེན་སྐྱོང་བ་དང་།། འབྱུང་པོ་ཡི་དགས་ཀུན་བརྩོན་འགྱུར།། སེམས་ཀྱི་ལྕགས་ཀྱུ་ལྡན་བྱ་སྟེ།། ཉོན་མོངས་སེམས་ལ་རབ་དྲང་སྟེ། ། ལྷ་ཀླུ་འབུམ་ཕྲག་སེམས་དགའ་བའི།། ཀུན་སློང་བྱང་ཆུབ་རིན་ཆེན་གྱིས།། ལས་ལ་བསྒྱུར་བའི་ལྷག་བསམ་བསྐྱེད།། མཛད་པ་རྒྱ་ཆེན་ཀུན་གྲུབ་འགྱུར།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བའི་རྒྱུད་ལས། སྔགས་ཀྱི་སྦྱོར་བའི་ལེའུ་སྟེ་བརྒྱད་པའོ།། དེ་ནས་འཁོར་གྱི་དཀྱིལ་འཁོར་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ། ཉི་མའི་སྙིང་པོ་ཞེས་བྱ་བ།། འཁོར་གྱི་ཚོགས་དང་བཅས་པ་ཞིག། མཆོད་པའི་བཀོད་པ་ཆེན་པོ་དང་།། བསྟོད་པའི་དབྱངས་དང་བཅས་པ་ཡིས།། བཅོམ་ལྡན་འདས་ལ་མཆོད་པར་བྱས། ། བསྐོར་བ་དུ་མ་བྱས་ནས་ཀྱང་།། ཕྱག་འཚལ་གསང་བསྟོད་ཕྱོགས་གཅིག་མཆོད།། པུས་བཙུགས་ཐལ་སྦྱར་འདི་སྐད་གསོལ།། མགོན་པོའི་ཡོན་ཏན་ཀུན་གྱི་རྒྱལ།། ཡེ་ཤེས་རྨད་ཀྱི་འབྱུང་གནས་གཙོ། ། ཐར་པའི་ལམ་ཆེན་ཉི་ཤུར་རྒྱལ།། འདྲེན་པ་རྒྱ་མཚོ་ཕྱག་འཚལ་ལོ།། མཚན་དཔེ་མཐར་ཐུག་མེད་པའི་སྐུ།། གཟི་བརྗིད་རྒྱ་ཆེ་མཁའ་ཁྱབ་ལ།། བློ་གྲོས་ཡངས་པའི་ནམ་མཁའ་ཅན། ། སྐུ་ཡི་གསང་བ་ཕྱག་འཚལ་ལོ།། ཚངས་དབྱངས་དུ་མ་བསམ་མི་ཁྱབ།། ནམ་མཁའ་ཡངས་པའི་མཐའ་བཀང་ནས།། ཚད་མེད་ཡན་ལག་བཅུ་གཉིས་བྱུང་།། གསུང་གི་གསང་བ་ཕྱག་འཚལ་ལོ། ། ཏིང་འཛིན་རྣམ་ཐར་བསམ་གཏན་སྒོ།། བསམ་ཡས་བསམ་དུ་མེད་བསམ་པས།། བསམ་མི་ཁྱབ་པའི་ཤེས་རབ་དང་།། ཐུགས་རྗེའི་ཐུགས་ལ་ཕྱག་འཚལ་ལོ།། འགྲོ་བའི་ཉོན་མོངས་འཆིང་གཅོད་པའི། ། མ་རིག་གཡུལ་ལས་རྒྱལ་བྱེད་པ།། ཀུན་རྟོག་དྲ་བ་སེལ་བ་ཡི།། སྒྲོན་མ་དེ་རིང་བཤད་དུ་གསོལ།། བྱིས་རྣམས་མུན་པའི་འོབས་སུ་བྱུང་།། ཉན་ཐོས་འདོད་ཆགས་ཚོགས་ཀྱིས་སྐྲག་རང་རྒྱལ་གསང་བའི་བཟོད་དང་ལྡན། ། བྱང་ཆུབ་སེམས་དཔའ་འཆིང་བས་འཇིགས།། ཉོན་མོངས་མངའ་བདག་གསང་སྔགས་ལ།། ཤེས་རབ་སྙིང་རྗེའི་སྦྱོར་བ་ཡིས།། བག་ཆགས་བཅས་པ་གཏན་སྤོང་བའི། ། ཐབས་མཆོད་དུ་མ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། འོད་ཟེར་ཕྱོགས་བཅུར་རྒྱས་བྱས་ནས།། ཚངས་པའི་དབྱངས་ཆེན་གསུང་སྙན་པས། ནམ་མཁའི་ཁམས་ཆེན་རབ་བཀང་ནས།། ཤེས་རབ་སྙིང་རྗེར་འབྲེལ་བ་ཡི།། སྦྱོར་བའི་ཆོ་ག་དུ་མ་གསུངས།། བསྡུས་པའི་དོན་དུ་བྱས་པ་འདི།། ཉི་མའི་སྙིང་པོ་ཉན་པ་ནི།། ལེགས་སོ་བྱང་ཆུབ་སེམས་དཔའ་ཆེ། ། དཔལ་དང་ལྡན་པ་ཁྱོད་ལེགས་སོ།། རྩ་གཅིག་གུས་དང་བཅས་པ་ཡི།། སེམས་ཀྱིས་ལེགས་ཉོན་ཡིད་ལ་ཟུང་།། ཉམས་དགའ་བདེ་བའི་ས་ཕྱོགས་སུ།། ཤིན་ཏུ་དགའ་བའི་ས་ལས་ནི།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ། ། གྲུ་བཞི་སྒོ་བཞི་རྟ་བབས་བཅས།། ཤར་རམ་ལྷོ་ཡི་སྒོ་བཏོད་བྱ།། དཀར་པོ་སེར་པོ་དམར་པོ་དང་།། ལྗང་ཁུའི་ཚོན་གྱིས་བྲི་བར་བྱ།། དབུས་སུ་པདྨ་འདབ་བརྒྱད་པ།། དཀར་པོའི་ལྟེ་བར་འཚམ་པར་དམར། ། མུ་ཁྱུད་གཉིས་དང་ལྡན་པའོ།། གསེར་དངུལ་ཟངས་སམས་ཉིད་ལ།། བུམ་པ་ལྟོ་ཡངས་མགྲིན་པ་ཕྲ།། ཁ་གཡེལ་ཞབས་ཚོད་ཞུམ་པ་ལ།། ཤིན་ཏུ་གཙང་མར་བཀྲུས་ནས་སྣང་། ། གུ་བུར་གུར་ཀུམ་ཅུ་གང་དང་།། གླ་རྩི་ཀིའུ་ཝང་ཆུ་ཡིས་བཀང་།། བྷཱ་གྣི་སེང་གྷི་ཧ་ས་དེར།། ཀ་རི་ཀར་ནི་དེ་བཀོ། ནས་འབྲས་ཏིལ་མོ་མོན་སྲན་དང་།། གསེར་དངུལ་བྷུ་རུ་མུ་ཏིག་དང་།། མན་ཤེལ་ཡིན་ཏེ་རིན་ཆེན་ལྔ། ། བུམ་པར་སྩལ་ནས་རས་དཀར་གྱིས།། མགུལ་བ་བཅིངས་ནས་ཁ་རྒྱན་ཡང་།། དྲི་ཞིམ་ཤིང་ལོ་མེ་ཏོག་གཞག། མེ་ཏོག་འཕྲེང་དང་བཅས་པ་དེ།། པདྨའི་དབུས་སུ་གཞག་ནས་ཀྱང་། ། རྒྱ་མཚོ་ཆེན་པོར་འཁྲུག་པ་ནས།། དཔག་བསམ་ཤིང་ཆེན་འབྲས་བུར་བཅས།། འཇིག་རྟེན་དབང་གིས་གང་བ་ཡིས།། སྔགས་ཀྱང་མཐའ་ཡས་ཁྱབ་དམིགས་ནས།། སྔགས་ཀྱི་མཐུ་ཡིས་སངས་རྒྱས་ནས། ། དགོངས་པ་རྒྱ་ཆེན་སྐྱེས་གྱུར་ཏེ།། ལེགས་སོ་བཀྲ་ཤིས་འབབ་པར་འགྱུར།། རྒྱལ་སྲས་རྣམས་དང་རིག་པ་ཡི།། ལྷ་མོ་ཚོགས་དང་ཀླུ་ལེན་དང་།། བཀྲ་ཤིས་དུ་མ་རྗོད་པར་འགྱུར།། དེ་ཚེ་མཁའ་ལ་ཡེ་ཤེས་ཀྱི།། འོད་ཟེར་བྱེ་བ་ཕྲག་བརྒྱ་ཡིས།། ཤིང་ཆེན་ཡོངས་སུ་སྨིན་པ་ལས།། བདུད་རྩི་ཆར་ཆེན་འབེབས་པར་འགྱུར།། འཇིག་རྟེན་སྐྱོང་ལ་གཏོར་མ་སྦྱིན།། རྒྱལ་དང་རྒྱལ་སྲས་མཆོད་པར་བྱ། ། སྐར་མ་ལ་སོགས་འབབ་པ་འམ།། ཚེས་གཅིག་ནས་ནི་ཉ་ཡི་བར།། སྔགས་ཀྱི་འཕྲེང་བ་བརྗོད་པར་བྱ།། ལྷ་ལ་ཡང་ཡང་བསྐོར་བ་བྱ།། ལས་རྣམས་གང་དང་གང་ལ་ཡང་།། ལྷ་ཡི་དབང་གྱུར་སྦྱར་བར་བྱ། ། དེ་དང་དེ་ནི་ལས་རྣམས་ལ།། ཅི་བདེ་བར་ཡང་སྦྱར་བར་བྱ།། ཕྲན་ཚེགས་ལས་ལ་སྤྱན་མའི་སྔགས།། ལྷོག་པ་འབྲུམ་པ་ལ་སོགས་ལ།། མི་བཤོལ་བ་ཡི་སྔགས་ཀྱིས་སྒྱུར། ། གདོན་རིགས་ཟློག་ལ་གར་དབང་སྟེ།། བྱད་སྟེམས་རིག་སྔགས་ཟློག་པ་ལ།། དོན་ཡོད་ཞགས་པའི་སྔོགས་ཀྱིས་བཀྲ།། ཤེས་རབ་འཕེལ་བ་རྡོ་རྗེ་ཆོས།། ཀླུ་ནད་ཧ་ལ་ཧ་ལས་སེལ། ཆེས་འཕེལ་པདྨ་རྒྱན་ལུང་སྟེ།། མམིན་སྔོན་སྔགས་ཀྱིས་དཔལ་འཕེལ་བྱེད།། རྒམ་ཆེན་པོས་འདུག་སྤོས་ཏེ།། གདོང་བཅུ་གཅིག་པས་བློ་བུར་སེལ།། སེང་གེའི་སྒྲས་ནི་མཛེན་དེ་སེལ། རྣལ་འབྱོར་ཡོ་བྱད་འདོད་པས་ནི།། ཡིད་བཞིན་ནོར་བུའི་སྔགས་ཀྱིས་བཀྲུ།། བཀྲ་ཤིས་རོལ་མོ་དུ་མ་དང་།། གཙང་སྦྲ་གོས་གསར་ལྡན་པ་ཡིས།། སྙན་པའི་གདངས་དང་ལྡན་པས་བཀྲུ། ། མྱུར་དུ་སྒྲིབ་པ་འབྱང་བ་དང་།། འདོད་ཡོན་ཀུན་གྲུབ་སྔགས་འཕྲེང་ནི།། གང་དང་གང་ཡང་སྦྱར་བར་འགྱུར།། ཕྲན་ཚེགས་གཞན་ལྟ་སྨོས་ཅི་དགོས།། ཟླ་བ་གཟས་བཟུང་གྱུར་པའི་ཚེ། ། མར་སྲང་གཅིག་ནི་དངུལ་སྣོད་གཞུག། སྐུ་གཟུགས་མདུན་བཞག་སྔགས་བརྗོད་ན།། ཟླ་བ་སོས་ནས་མར་བསླངས་ཏེ།། ཟོས་སམ་ལུས་ལ་བྱུགས་པ་ཡིས།། ནད་རྣམས་ཞི་ཞིང་བདེ་བར་འགྱུར།། ལྡོང་རོས་ཀིའུ་ཝང་ཆ་མཉམ་པས།། སྐུ་ཡི་མདུན་བཞག་སྔགས་སྟོང་བཟླ།། ཆུས་བཀྲུས་དཔྲལ་བར་ཐིག་ལེ་ནི།། ཁམས་གསུམ་མཐོང་ཞིང་འདོད་གསུམ་འགྲུབ།། ཆུ་དྲོན་སྦྱར་ནས་ལུས་བཀྲུས་ན། ནད་དང་བགེགས་རྣམས་དག་པར་འགྱུར།། བས་འབྲས་ལ་ནི་བརྒྱ་རྩ་བརྒྱད།། བཟླས་ནས་ཁྲོ་ཞལ་གཡས་ལ་བྱུག། དགྲ་དཔུང་ཕྱོགས་སུ་བསྟན་ན་ནི།། དགྲ་གཡུལ་ཤིན་ཏུ་ཉེས་པར་འགྱུར།། བལ་བུ་འབྲས་བུ་སྔགས་རེར་བཅས། ། བལ་བུ་ལེ་ལ་བརྒྱ་རྩ་བརྒྱད།། སྐུ་ཡི་དྲུང་དུ་བསྲེགས་པས་ནི།། མི་ཡམས་ཕྱུགས་ནད་ཐམས་ཅད་འཆད།། སྐུད་པ་གཙང་མ་མདོག་དམར་པོ།། སྔགས་རེ་བཏབ་པའི་མདུད་པ་བདུན། ། ཞལ་གཅིག་སྟེང་ཞལ་བརྟགས་ནས་ནི།། ནད་པ་ལ་བཏགས་རིམས་ནད་ཞི།། སྔགས་རེ་མདུད་པ་ཉི་ཤུ་གཅིག། མདུན་ཞལ་སྟེང་བཞག་བླངས་བཏགས་པས།། མཁའ་འགྲོ་འབྱུང་པོ་རོ་ལངས་གདོན། དྲག་པོས་ཟིན་པ་འཇོམས་པར་བྱེད།། གལ་ཏེ་དེས་ཀྱང་མ་སོས་ན།། མདུང་རེ་བརྒྱ་རྩ་བརྒྱད་བརྗོད་ནས།། ཞལ་གཅིག་མདུན་ཞལ་དབུར་བཏགས་ཏེ།། བླངས་ཏེ་བཏགས་ན་ངེས་པར་གྲོལ།། སྡུག་བསྔལ་ནད་པ་ཡུན་རིངས་བརྡུངས། ། ཁྱིམ་དུ་འདྲེ་གདོན་འཇིགས་ཞུགས་ནས།། འབྲུ་རེ་སྔགས་རེ་ཐང་འབྲོམ་འབྲས།། སྐུ་མདུན་བརྒྱ་རྩ་བརྒྱད་བསྒྲགས་ཏེ།། གོང་ལྟར་སྒྲུབ་པའི་སྐུད་པ་ཡང་།། ལུས་ལ་བཏགས་ན་ངེས་པར་གྲོལ། ། མི་མཛའ་བ་དང་འཁྲུག་པ་དང་།། བྱད་སྟེམས་དྲག་པོ་ཟློག་པ་ལ།། སྐུ་ལ་སྤོས་དང་མེ་ཏོག་མཆོད།། བི་ན་ཡ་ཡི་གཟུགས་མདུན་དུ།། ཕྲ་བོའི་འབྲས་བུ་དགྲ་མིང་སྲེག། སྔགས་རེ་མདུད་པ་བརྒྱ་རྩ་བརྒྱད། ། མདུད་ལྡན་གཡོན་གྱི་ཁྲོ་ཞལ་གདགས།། ཞག་བཞི་ལོན་ནས་སྐུ་ལས་དགྲོལ།། མདུད་པ་རེ་རེའི་བར་དུ་ནི།། སྔགས་རེ་བརྗོད་ཅིང་གཅད་པར་བྱ།། བདག་ལ་སྡང་བྱེད་སྐྱབས་སུ་འོང་།། རྫས་དང་སྔགས་ཀྱི་ནུས་པའོ། ། བརྩོན་པའི་བར་ཆད་བསལ་བ་ནི།། ཚོན་སྣ་ལྔ་ཡི་སྐུད་པ་ལ།། མདུད་རེ་སྔགས་རེ་བརྒྱ་རྩ་བརྒྱད།། མདུད་ནས་མདུད་བཞག་སྟེང་བཏགས་པ།། ཞག་གཅིག་ལོན་དགྲོལ་ལུས་བཏགས་ན།། ལས་རྣམས་བཀྲ་ཤིས་ཚུལ་དུ་འགྲུབ།། གང་ཞིག་བསྒྲིབས་པའི་གཤེགས་ལྡན་པས།། ལས་གང་འདོད་བཞིན་མི་འགྲུབ་ཅིང་།། དུས་དུས་བཀྲ་མི་ཤིས་བྱུང་ན།། གཙང་སྦྲ་བུམ་ཆུ་བཟང་པོ་གཉིས།། བརྒྱ་རྩ་བརྒྱད་བགྲངས་རེ་རེ་བརྗོད།། དང་པོས་སྐུ་གཟུགས་བཀྲུ་བར་བྱ།། གཉིས་པས་བི་ན་ཡ་ཀ་བཀྲུས།། བརྒྱ་རྩ་བརྒྱད་ཀྱིས་སྔགས་བཏབ་ནས།། རང་ཉིད་དེ་ནས་བཀྲུ་བར་བྱ།། བར་ཆད་བྱང་ནས་འདོད་ཀུན་འགྲུབ། ། ཅི་ལྟར་སྤྲུལ་པའི་གདོན་བསལ་ཕྱིར།། བྱི་ལའི་མགོ་རུས་ཐལ་བ་དང་།། ས་བཟང་ཆུ་གཙང་སྦྲུས་པའི་ས།། བྱི་ལ་ཡི་ནི་གཟུགས་བྱས་ཏེ།། སྐུ་ཡི་མདུན་དུ་བཞག་ནས་ཀྱང་། ། ཁྲོ་ཞལ་གཡོན་པར་སྲད་བུས་གདགས།། རྟ་མགྲིན་སྔགས་ནི་སྟོང་ཕྲག་ཟབ།། གཟུངས་བརྒྱ་བཟླས་པའི་རལ་གྲི་ཡིས།། དུམ་བུ་བརྒྱ་རྩ་བརྒྱད་དུགཏུབ།། དུམ་བུ་རེ་རེ་སྔགས་རེ་དང་།། དོང་གི་ནང་དུ་དོར་བར་བྱ། ། དེ་དག་གནོད་པ་གཏན་དུ་སེལ།། མིག་ནད་སྣ་ཚོགས་མ་རུངས་ལ།། འབྲས་བུ་གསུམ་པ་ཞིབ་ཏུ་བཏགས།། སྦྲང་དཀར་ཁྱེའུ་འཚོའི་ནུ་ཞོར་བཅས།། བུ་བཙས་གསར་པའི་བུད་མེད་དང་། ཁྱི་ཕག་དག་གིས་མཐོང་བྱས་ནས།། ཐུམ་པོ་འཛུམ་པའི་ཞལ་ལ་བཏགས།། སྔགས་སྟོང་འདས་ནས་སྦྱར་བ་དེས།། མིག་ཏུ་བླུགས་ན་མིག་འབྲས་སྐྱེ།། མིག་ནད་ཐམས་ཅད་སེལ་བར་བྱེད།། མིག་རྣོན་དག་ཀྱང་འཐོབ་པར་འགྱུར། ། ལྷག་མ་མ་ཡིན་ཁྲོན་པའི་ཆུས།། གུ་གུལ་ག་པུར་ཆ་མཉམ་བསྐོལ།། ཁྱོར་གང་བདག་པར་གྱུར་པ་དེས།། རྩ་བའི་ཞལ་གདངས་སྔགས་སྟོང་འདས།། བཀྲོལ་ནས་རིལ་བུ་བྱས་མིད་། ། ཧཱ་ལ་ཧ་ལའི་དུག་འཇོམས་འགྱུར།། གླང་པོ་དཀར་པོའི་གིའུ་ཝང་ནི།། མཐིང་བུམ་བཞག་ནས་སྐུ་ཡི་མདུན།། སྟོང་རྩ་བརྒྱད་བཟླས་ཡན་ལག་བསྐུལ།། དཔྲལ་བར་ཐིག་ལེ་བྱས་གྱུར་ན།། ལྷ་ཀླུ་འབྱུང་པོའོ་མི་རྣམས་དགའ། ། ཁྱོ་ཤུག་མི་མཐུན་རྟག་པ་ལ།། ངུར་བའི་མཇུག་སྒྲོ་སྐུ་མདུན་དུ།། སྟོང་བཟླས་ལག་ཏུ་བླངས་ནས་འདུམ།། ཆུ་བསྐམས་སའམ་ཆར་མེད་ན།། ལིང་གའི་དྲུང་དུ་སྐུ་བཞུགས་ལ།། ཆེར་མཆོད་ནས་ནི་སྐུའི་མདུན་དུ།། སྟོང་བརྗོད་ཆུས་སྐྱེས་ཆར་ཆེན་འབེབས།། གང་ཞིག་ཆར་ཚེ་རིང་འདོད་ནི།། འགོག་པར་སྙོམས་ཞུགས་ཕྱག་རྒྱ་བཅིང་།། སྐུ་ཡི་མདུན་དུ་རྟག་པར་ནི།། ཨ་ཀ་རུ་ནཱག་བདུག་པ་སོགས། ། མཆོད་པས་རྒྱུན་དུ་མཆོད་བྱ་ཞིང་།། བརྒྱད་ནས་ཉེ་བར་སྔགས་སྟོང་བརྗོད།། མིག་གི་མངོན་ཤེས་སྒྲུབ་པའི་ཕྱིར།། དྲི་ཞིམ་དཀྱིལ་འཁོར་གྲུ་བཞི་ལ།། རྒྱལ་མཚན་པ་དན་ཁ་དོག་བཞི།། བླ་རེ་ཡོལ་བ་དཀར་པོ་ཡི།། དབུས་སུ་པདྨ་ལྔ་བྲིས་ཏེ།། རིང་བསྲེལ་ལྡན་པའི་སྐུ་གདུང་བཞུགས།། ཙན་དན་དཀར་པོའི་དྲི་ཆུ་དང་།། བདུག་པས་རྒྱུན་དུ་མཆོད་པར་བྱ།། བ་མདོག་སེར་སྐྱའི་མར་གྱིས་ནི།། སྒྲོན་མའི་འཕྲེང་བས་མཆོད་པར་བྱ།། མན་ཤི་རི་ཀ་ཀུ་ཤུ་དང་།། པདྨ་དམར་དང་སྔོན་པོ་དང་།། རྒྱ་མཚོ་ཆབ་ཀྱི་དབུ་བ་དང་།། ཉ་རྐུན་ནག་པོའི་མྱུ་གུ་དང་།། མ་བརླབས་པ་དང་གུ་གུལ་དང་།། ཀུ་བནས་དང་གིའུ་ཝང་དང་། ། གུར་ཀུམ་དམར་དང་སེར་པོ་དང་།། ཚ་བ་གསུམ་དང་ཆ་མཉམ་བརྡུངས།། དེ་རྣམས་ཕྱེད་ཚད་གླ་རྩི་དང་།། ག་བུར་སྩལ་ནས་རེ་རེའི་ཚད།། སྔགས་ནི་སྟོང་ཕྲག་རེ་རེ་གྲངས།། སྐུ་ཡི་མདུན་དུ་བརྗོད་པར་བྱ། ། དེ་ནས་དཀྱིལ་འཁོར་དབུས་བཞག་ནས།། སྔགས་ཁྲིར་བཅས་ཏེ་ཉ་ལ་ནི།། ཟངས་ཀྱི་ཟ་མ་ཏོག་ཏུ་སྩལ།། སྐུ་ཡི་སྟེང་ཞལ་བཏགས་ནས་ནི།། མཆོད་པ་བྱས་ནས་གསོལ་བ་གདབ།། འཁར་བའི་ཐུར་མས་མིག་ཏུ་སྩལ།། ལིང་ཐོག་གམ་ནི་མཆི་མ་འཛག། སྦྱིན་དཀར་སྦྱིན་དམར་གཡོས་པ་དང་།། ཀླད་པན་དང་མིག་ནད་དང་།། གློ་བུར་ལོང་དང་ཐིབས་པ་སེལ།། ཉིན་གཉིས་བསྐུས་ན་ལུས་ཀྱི་ནད། ། བཞི་བརྒྱ་རྩ་བཞི་སེལ་བར་འགྱུར།། གསུམ་པས་གདོན་རྣམས་འབྲོས་པར་འགྱུར།། བཞི་པས་སྒྲིབ་པ་ཐམས་ཅད་འབྱང་།། ལྔས་ནི་རྩོད་པའི་གཡུལ་ལས་རྒྱལ། ། དྲུག་པས་རྨི་ངན་བྱང་སྟེམས་སེལ།། བདུན་པས་གློ་བུར་འཆི་བ་མེད།། བདུན་ཕྲག་གཉིས་ཀྱིས་དབང་ཕྱུག་འཐོབ།། གསུམ་གྱིས་འབྱུང་པོ་དབང་དུ་འགྱུར།། བཞི་པས་གནོད་སྦྱིན་ལྔ་པས་ཀླུ། ལྔ་པས་ལྷ་མི་སྲིན་པོ་རྣམས།། དྲུག་པས་མཁའ་ལྡིང་རི་བདུན་ལྷ།། བདུན་པས་ནག་པོ་ཆེན་པོ་འགྲུབ།། བརྒྱད་པསམ་མོ་དགུས་གཏེར་མཐོང་།། བཅུ་པས་འགྲོ་བའི་སྨན་པར་འགྱུར།། བཅུ་གཅིག་ལྷ་མིའི་ཁང་པར་ཕྱིན། ། བཅུ་གཉིས་རིག་འཛིན་དྲང་སྲོང་ཁྱིམ།། བཅུ་གསུམ་ཀླུ་ཡི་ཁང་པར་ཕྱིན།། བཅུ་བཞི་སུམ་ཅུ་གསུམ་པའི་གནས།། བཅོ་ལྔ་མཚན་མོ་ཀུན་མཐོང་སྟེ།། བཅུ་དྲུག་ཁམས་གཏེར་མཐོང་བར་ངེས། ། བཅུ་བདུན་རྡོ་རྗེས་གཞི་དང་།། རླུང་གི་དཀྱིལ་འཁོར་ཐོགས་པ་མེད།། བཅོ་བརྒྱད་པ་ནི་ཉི་ལྟར་མགྱོགས།། བཅུ་དགུས་རྒྱལ་སྲས་ཀུན་མཐོང་འགྱུར།། ཉི་ཤུས་སྤྱན་རས་གཟིགས་ཉིད་ཀྱིས།། ལུང་བསྟན་དམ་ཆོས་བཤད་པར་འགྱུར། ། ཉི་ཤུ་གཅིག་གིས་གཟུགས་ཁམས་བྱིན།། མངོན་ཤེས་ལྔ་དང་ལྡན་པར་འགྱུར།། ལོ་གཅིག་གིས་ནི་སངས་རྒྱས་ཀྱི།། ཞིང་ཁམས་དུ་མར་ཕྱིན་པ་དང་།། དམ་ཆོས་ཉན་དང་ཞིང་སྦྱོང་འགྱུར།། མིག་སྨན་སྦྱོར་བ་བླ་མེད་འདི།། སངས་རྒྱས་མུ་སྟེགས་ཅན་ལ་གསང་།། དེ་ནས་གཞན་ཡང་བཤད་བྱ་བ།། སྣ་ཚོགས་སྨན་གྱི་སྦྱོར་བ་ཡིས།། བདག་དང་འགྲོ་བ་མ་ལུས་པའི།། འདོད་པའི་དོན་ཀུན་འགྲུབ་བྱེད་ཉོན།། ག་བུར་ཀླ་རྩི་གིའུ་ཝང་དང་།། གུར་ཀུམ་ཛཱ་ཏི་ལི་ཤི་དང་།། ཀ་ཏན་ལ་དང་སུག་སྨེལ་དང་།། ཙན་དན་དཀར་དང་པདྨ་དང་།། གསེར་གྱི་མེ་ཏོག་ཨུཏྤལ་སྔོ།། རེ་རེ་ལ་ཡང་སྔགས་སྟོང་བཟླ།། སྦྲང་རྩི་དཀར་པོ་ལྷན་ཅིག་བསྡུ། ། དཀྱིལ་འཁོར་དབུས་སུ་སྐུ་ཡི་ཞལ།། དབུ་མ་ལ་ནི་གདགས་བྱ་སྟེ།། ཚེས་གཅིག་ནས་ནི་བཅུ་བཞིའི་བར།། ཉིན་རེ་སྔགས་སྟོང་བརྗོད་པར་བྱ།། མཆོད་པས་རྒྱ་ཆེར་མཆོད་པར་བྱ།། བསྟོད་དང་གསོལ་བ་གདབ་པར་བྱ། ། དགེ་སློང་དགེ་ཚུལ་དགེ་བསྙེན་གང་།། བཅོ་ལྔའི་ཉིན་པར་ལྔ་སྟོང་བཟླ།། དེ་ནས་གཙང་མའི་གནོད་བཞག་སྟེ།། དགོས་པ་གང་དང་གང་ལ་ཡང་།། ལྷ་ནི་དེ་དང་དེ་དག་སྦྱར།། གང་ལ་བགེགས་ཀྱིས་གནོད་གྱུར་ནས། ། པདྨ་གར་གྱི་སྔགས་ཀྱིས་བདུན།། མགོ་བོའི་ནད་ཡམས་བསལ་བ་དང་།། ཧ་ལ་ཧ་ལའི་སྔགས་བཟླས་པས།། གསོ་ལ་སོགས་པ་འདུལ་བར་བྱ།། གཞན་དག་དགའ་བར་འདོད་པས་ནི། ། ཡིད་བཞིན་ནོར་བུའི་འཕྲེང་སྔགས་ཀྱིས།། མིག་གི་སྟེང་དུ་བྱུག་པར་བྱ།། རྒྱལ་པོ་རྒྱལ་མོ་ལ་སོགས་པ།། ཕོ་མོ་དབང་དུ་བྱ་འདོད་ན།། རྡོ་རྗེ་ཆོས་ཀྱི་འཕྲེང་སྔགས་ཀྱིས།། དཔྲལ་བར་ཐིག་ལེ་བྱ་བའོ། ། མཛེ་ལ་སོགས་པའི་ནད་ལ་ནི།། སེང་གེའི་སྒྲ་ཡི་འཕྲེང་སྔགས་ཀྱིས།། ལུས་ལ་རེག་པ་བདེ་བར་བྱུག། ལོང་དུ་ཞུགས་པའི་ནད་ལ་ནི།། ཧ་རི་ཆེན་པོའི་སྔགས་དང་ཆུས།། རང་གི་ཁོང་དུ་བཏུང་བར་བྱ། ། བྱད་སྟེམས་རིག་སྔགས་ཐོག་པ་ལ།། དོན་ཡོད་ཞགས་པའི་སྔགས་ཀྱིས་བདུག། དུག་ནད་སེལ་ལ་མགྲིན་སྔོན་ཏེ།། སྒྲིབ་པ་སྦྱོང་བའི་དོན་དུ་ནི།། གདོང་བཅུ་གཅིག་པ་ཉིད་ཀྱི་སྦྱར།། རྒྱལ་སྲིད་ཐོབ་པར་བྱེད་པ་ནི། ། མགོན་པོ་པདྨ་རྒྱན་ལུང་ངོ་།། དེ་ནས་སྦྱོང་བ་བཤད་བྱ་བ།། འབྱུང་པོ་ཤ་ཟ་མཁའ་འགྲོ་དང་།། ལུས་སྲུལ་པོ་དང་བརྗེད་བྱེད་ཀྱིས།། ཉིན་གཅིག་ནས་ནི་ཉིན་བདུན་བར། ། གློ་བུར་བ་ཡི་རིམས་རྣམས་དང་།། རྟག་པའི་རིམས་དང་དྲག་པོའི་རིམས།། བརྟུན་བྱེད་ལ་སོགས་རིམས་རིགས་དང་།། གློ་བུར་བ་དང་རྟག་པའི་གདོན།། ནད་དྲག་པོ་ནི་ཇི་སྙེད་དང་།། དུག་རིགས་རིམས་དང་ལྦ་བ་དང་། ། འབྲས་དང་ལྷོག་པ་མེ་དཔའ་དང་།། ཤུ་བསྔོ་དང་འབྲུམ་བུའི་རིགས།། ཕོལ་མིག་མེ་དཔལ་ལྐོག་ལ་སོགས།། མངོན་དུ་གང་དང་གང་སྣང་ལ།། སྔགས་སྟོང་བཟླས་པའི་འཇིམ་པ་ནི།། སྐུ་ཞལ་དབུས་ལ་བཏགས་ནས་ནི། ། མཆོད་པས་མཆོད་དེ་སྔགས་ཁྲི་བརྗོད།། ཚེས་གཅིག་ནས་ནི་ཚེས་བརྒྱད་པར།། གསོལ་བ་ཡང་ནི་གདབ་བྱས་ནས།། ཚེས་དགུའི་སྔ་དྲོ་དགྲོལ་བར་བྱ།། བདུན་ནམ་ཉི་ཤུ་རྩ་གཅིག་བརྗོད། ། བྱུགས་པས་ནད་རྣམས་ཐམས་ཅད་སེལ།། ཆོ་ག་དེ་ལྟར་ལྡན་པས་ནི།། སྣནད་རུ་རྟ་འབྲུ་མར་བྱུག། ཡང་ན་གྲེ་བར་སྔགས་བཅས་གདགས།། བྱིས་པ་དོན་གྱིས་ཉེན་པ་ལ།། འབྲུ་མར་རམ་ནི་སྲད་བུ་བྱ། ། དུད་འགྲོ་ལ་ནི་ཆུ་ཉིད་དམ།། ཡང་ན་སྲད་བུ་བྱ་བ་སྟེ།། རྩི་མར་དག་གིས་མཆོག་ཏུ་འགྱུར།། སྦྱོར་རྣམས་གང་དང་གང་ལ་ཡང་།། སྐུ་བྱད་མཚན་དཔེ་ལྡན་པས་ནི།། མེ་ལོང་ནང་གི་གཟུགས། ལྟར་དམིགས།། གསོལ་བ་བཏབ་པས་འགྲུབ་པར་འགྱུར།། དང་པོ་སྐྱེ་མཆེད་ཆུག་ལྡན་སེམས།། ཐུན་མོང་རིགས་ཅན་སྲ་བའི་ཁམས།། གཉིས་པོ་མོས་དང་ལྡན་པ་ནི།། ཐུན་མོང་ཀུན་ཏུ་ཞུགས་པའི་རིགས། ། གསུམ་པ་རིག་པའི་རྟགས་ལྡན་པ།། རིག་འཛིན་གསང་སྔགས་འཆང་བའི་རིགས།། བཞི་པ་ལྷག་སེམས་འཐུན་ལྡན་ཞིང་།། གསང་སྔགས་སྔོན་དུ་གྱུར་པ་ཡི།། ལྔ་པ་བླང་དོར་མེད་པའི་སེམས། དྲུག་པ་བདག་གཞན་དབྱེར་མེད་སེམས།། བདུན་པ་ཆོས་རྣམས་རྒྱལ་བའི་སེམས།། བརྒྱད་པ་འཕགས་པའི་བདེན་པའི་སེམས།། དགུ་པ་རྟེན་འབྲེལ་ཟབ་སྣང་སེམས།། བཅུ་པ་མཚན་བྲལ་གྲུབ་པའི་སམྦ།། ། བཅུ་གཅིག་མཚན་བྲལ་སྣང་བའི་སེམས།། བཅུ་གཉིས་ཆོས་ཀྱི་སྒོ་ཡི་སེམས།། བཅུ་གསུམ་ལྷག་པར་འབྱུང་བའི་སེམས།། བཅུ་བཞི་ཤེས་བྱ་མཐར་ཐུག་སེམས།། རྒྱས་དང་གསལ་དང་ཁྱབ་པ་དང་།། རྟགས་དང་འགྱུར་མེད་གྱ་ནོམ་པའི།། གནས་སྐབས་བཅུ་བཞིར་རབ་ཏུ་རྟོགས།། སེམས་རྟོགས་གྱུར་ན་སངས་རྒྱས་ཆོས།། རྒྱུད་ཀུན་ཏུ་ནི་རྒྱལ་བས་བཤད།། འོད་ཟེར་ལྕགས་ཀྱུ་ཁྱུད་མོའི་བར།། སྤྲོས་པས་ལྷ་ཀླུ་འབུམ་ཕྲག་དགེ་བ་ཀུན་སློང་སེམས། ། དཀར་པོ་སྐྱེས་ནས་བྱང་ཆུབ་རིན་ཆེན་གླིང་།། ཐོབ་མཛད་བློས་བསྒྱུར་འདི་ནི་ངོ་མཚར་ཆེ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས། ། སྐུ་ལ་བརྟེན་པའི་སྦྱོར་བའི་ལེའུ་སྟེ་དགུ་པའོ།། ། དེ་ནས་འཇིག་རྟེན་སྐྱོང་བའི་ཚོགས།། རྒྱ་ཆེན་རྣམས་ཀྱི་དཀྱིལ་འཁོར་གྱི།། ཤར་ལྷོའི་མཚམས་ན་བཞུགས་པ་ཡི། ། ཉན་ཀ་ཞེས་ལ་སོགས་པ།། ཟང་སྲོང་ཚོགས་རྣམས་མགྲིན་གཅིག་ཏུ།། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། ཨོཾ། ཀུན་མཁྱེན་ཡེ་ཤེས་ཉི་ལྟར་ལྷ།། མཚན་དཔེ་དུ་མས་བརྒྱན་མཛད་པ།། ནྡྷ་ས་ནས་པ་གས་། ཛིན་ནམས་པ་ཕྱག་ལ་ལོ།། ནི་སགས་པ་ཁྱོདགས་པ།། རྒྱུན་ཆད་མེད་པས་མ་མ་མ་།། རྐྱེནན་། ནང་།། ནབ་ག་སྐུབ་གསུ་ཆོས་ལྡན་ཅས།། ས་རྐྱེན་ས་རྐྱེན་གཞན་རྣམ་ཀྱང་།། ས་ལ་འཛིན་པ་དང་ཚོགས་ཆེ་རྟོགས།། རྒྱུན་མོའི་ཆ་སྣས་བྱུང་བ།། ཁས་སྦྱར་བུམ་བཅུགས་ཕྱོགས་། འཁོད།། དེ་ནས་རྒྱམ་བཙུན་གྱིལག།། དབང་ཐུག་ཆེན་པོའི་མཆོག་གིས།། སྤྱན་དུས་གཟིགས་དབང་ཐུགས་རྗེ་ཅན།། འཚོ་ལ་ཐུགས་བརྩེའི་སྤྱད་དུ་ནི།། རོག་སྔགས་བླན་མེད་པ་གསུངས།། སྔགས་དེ་གྱུ་དུ་འགྲུབ་པ་དང་། ། སྐོངས་དང་དག་ལ་སེལ་བའི་ཕྱིར།། མེ་ཡི་ལས་ལ་རྟེན་པའི་ཕྱིར།། སྦྱོར་བའི་རིམ་པ་བཤད་དུ་གསོལ།། དེ་སྐད་གསོལ་ནས་དྲང་སྲོང་ཚོགས།། ཕྱག་འཚལ་བསྦྱོར་བ་བྱས་ནས་ཀྱིང། མཆོད་པའི་ཆར་ཆེན་ཕབ་པ་སྟེ།། ཐལ་སྦྱར་བུས་གཙུགས་ཕྱོགས་གཅིག་འཁོད།། དེ་ནས་རྒྱལ་སྲས་ཀུན་གྱི་ཡབ།། འགྲོ་བའི་གཉེན་གཅིག་འདྲེན་པའི་གཙོ།། སྦྱིན་སྲེག་ལས་ཀྱི་ཆོག་འདི།། ནན་ཏན་དུ་ནི་བཀའ་སྩལ་ཏོ། ། ས་བཟང་དྲི་བཟང་ཆུར་བཅས་པས།། དཀྱིལ་འཁོར་གྲུ་བཞི་ལྷམ་པ་བྱ།། འབྲས་ཕྱེ་བ་མར་འབྲུ་བཟང་རྣམས།། ཤི་རྩི་ཤིའམ་བརྒྱ་རྩ་བརྒྱད།། བསྒྲགས་པས་ནད་ཡམས་གནོད་པ་ནི། ། ནད་ལ་མར་ལྷག་ཞུང་ཞིག་བཏུ་།། ནད་གཟེར་གང་ཡང་འཇོམས་པར་འགྱུར།། ཡང་ན་འབྲུ་མེན་ཕྱེ་མ་འམ།། ས་འམ་སྒྲ་ཆིལ་གཟུགས་བྱས་ཏེ།། རྨང་བུ་ཁྲི་བོའི་ཞལ་བཏགས་ནས། རིག་སྔགས་བརྒྱ་རྩ་བརྒྱད་བརྗོད་དོ།། རལ་གྲིས་གཏུབས་ནས་སྦྱིན་སྲེག་བྱ།། བརྒྱ་ཕྲག་ལྔས་ནི་སྡང་བྱེད་ཉམས།། ཡང་ན་དུག་གིས་གཟུགས་བརྙན་གཏུམ།། དུག་ཁྲག་ནིམ་པའི་ཤིང་ལ་བསྲེག། དྲུག་ཅུ་རྩ་བཞིའི་གྲངས་ཀྱིས་ནི། ། ཚར་བཅད་པ་ཡི་དབང་དུ་འགྱུར།། འབྱུང་པོ་དྲག་པོ་ཞེན་པ་ལ།། གུ་གུལ་ཡུངས་ཀར་དེ་ལྟར་བསྲེག། བལ་པོ་སེའུའི་ལྕུག་མ་ལ།། བུ་རམ་སྦྲང་རྩི་ཞོ་མར་སྦགས།། སྐུ་ཡི་མདུན་དུ་བསྲེགས་པས་ནི། ། འགོ་བའི་ནད་ཡམས་འཆད་པར་འགྱུར།། གུ་གུལ་དཀར་པོ་ཉི་ཤུ་གཅིག། བསྲེགས་ན་བྱང་ཆུབ་སེམས་དཔའ་འགུགས།། ཞོ་མར་སྦྲང་རྩི་ལུང་ཏང་ཤིང་།། ཉི་ཤུ་རྩ་གཅིག་སྐུ་བདུན་བསྲེག། ས་ཆེན་རྒྱལ་སྲས་ཀུན་མཉམ་པའི།། རྫུ་འཕྲུལ་ཆེན་པོ་དེས་རྙེད་འགྱུར།། གང་གི་བསོད་ནམས་རྒྱས་འདོད་ན།། དྲི་བཟང་ཆུ་དང་ས་གཙང་ལ།། གྲུ་བཞི་ཁྲུ་གང་དཀྱིལ་འཁོར་བྱ།། དྲི་བཟང་ཤིང་ལ་ཁྲུ་གང་བརྩིག། མཉྫུ་ཤ་ཀ་ཡུངས་ཀར་སྦྲང་།། འོ་མ་ཞོ་མར་ཨ་ཀ་རུ།། ཙན་དན་དཀར་པོ་དམར་པོ་དང་།། དྲི་ཞིམ་མཐོ་གང་ཚད་ཀྱི་ཤིང་།། འབྲུ་བཟང་ཚད་དང་བཅས་པ་དག། དང་པོར་སྔགས་སྟོང་བཟླས་ནས་ཀྱང་།། བརྒྱ་རྩ་བརྒྱད་དུ་བསྒྲགས་པ་ཡིས།། ཚེ་རིང་ནད་མེད་རྒྱལ་སྲིད་འཐོབ།། སྟོང་གིས་འཇིག་རྟེན་པ་དག་འགྲུབ།། ཁྲིས་ནི་འདོད་པའི་ལྷ་ཡིན་ཏེ།། འབུམ་གྱིས་གཟུགས་ཁམས་མངོན་དུ་འགྱུར།། ས་ཡས་རྒྱལ་སྲས་ཀུན་མཐོང་ཞིང་། ། མངོན་ཤེས་དྲུག་དང་ལྡན་པར་འགྱུར།། བྱེ་བས་རྒྱལ་བ་ཀུན་མཐོང་ཞིང་།། ཞིང་ཁམས་དུ་མ་སྦྱོང་བར་འགྱུར།། གཞན་ཡང་ཕྲན་ཚེགས་ལས་རྣམས་ལ།། ཇི་སྲིད་ཉི་ཤུ་རྩ་གཅིག་@ནས། ། བརྒྱ་རྩ་བརྒྱད་ཀྱི་བར་དུ་སྦྱར།། སྔགས་དང་ལྷ་ལ་སེམས་བརྟན་བྱ།། ནད་ཡམས་དྲག་པོ་བསལ་བ་ལ།། གཙོ་བོར་འབྲས་བུ་གསུམ་སྲེག་གོ། གདོན་ཆེན་རྣམས་ནི་བསལ་བ་ལ།། གུ་གུ་ལ་སྒོག་པ་རྔ་མོའི་ཤྲ། བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ།། རྨི་ལམ་ངན་དང་མཚན་མ་ངན།། ཕྲ་མོ་ནད་དང་གདོན་རིགས་ལ།། དུ་ར་བ་ཡུངས་ཀར་མཆོག་ཏུ་བཤད།། འབྲུ་རྣམས་གང་དང་གང་འདོད་ལ། འབྲུ་རིགས་དེ་ཉིད་སྦྱིན་སྲེག་བྱ།། ཆར་པ་དབབ་པར་འདོད་པས་ནི།། ཙམ་པ་ཀ་དང་རྣམ་གསུམ་དང་།། མངར་གསུམ་ནཱ་ག་གེ་སར་དང་།། དབང་པོ་ལག་གི་སྦྱིན་སྲེག་ནི།། ཅི་འདོད་ཆར་པ་བབབ་པར་འགྱུར།། གལ་ཏེ་གཅད་པར་འདོད་པ་ནི།། ཐལ་བ་དེ་ལྟར་ཡུངས་ཀར་གྱིས།། ནན་ཏན་ཕྱོགས་བཞིར་གར་དབང་གིས།། སྔགས་ཀྱིས་ཡང་ཡང་གཏོར་བར་བྱ།། ཡུངས་ཀར་ཞོ་མར་སྦྲང་རྩི་དང་།། འབྲས་ཡོས་ཀྱིས་ནི་བྱིས་པ་སོས། ། གདོན་ནམ་རིགས་ལས་འཇིགས་པ་དང་།། ཁྱིམ་སྲུང་བར་ནི་འདོད་པ་ཡིས།། པདྨ་དམར་པོའི་སྦྱིན་སྲེག་ནི།། ཉི་ཤུ་རྩ་གཅིག་ཁོ་ན་བྱ།། སེམས་བཟང་སྐུགས་རིང་འདོད་པས་ནི།། ཙན་དན་དཀར་པོའི་སྦྱིན་སྲེག་བྱ། ། ཕྲན་ཚེགས་ཡམས་ནད་སེལ་བ་ལ།། ལོ་མ་ཙམ་གྱི་སྦྱིན་སྲེག་བྱ།། ཕྱུགས་ནད་སེལ་བར་འདོད་པའི་ཚེ།། འོ་མ་མེ་ཏོག་དཀར་བཅས་བསྲེག། ནད་དང་གདོན་བཅས་སེལ་བ་ལ། ། མངར་གསུམ་འབྲུ་བཟང་ག་པུར་བཅས།། དུར་བ་དཀར་པོའི་ལམ་ཤིང་རྣམས།། དྲི་བཟང་འོ་མ་ཅན་རྣམས་ནི།། མེ་ཏོག་བཟང་པོའི་ཤིང་ལ་བསྲེག། གདོན་ནད་ཞི་བར་འདོད་པས་ནི།། འབྲས་བུ་། གསུམ་སོགས་ཤིང་རྣམས་བསྲེག། གདོན་ཕྲན་ལ་ནི་མངར་གསུམ་དང་།། དུར་བ་དཀར་པོ་བསྲེགས་པས་ཞི།། རྨི་ལམ་ངན་དང་ལྟས་ངན་གང་།། འབྲས་ཕྱེ་མར་བསྔགས་སེལ་བར་བྱེད།། གོས་དང་སྣོད་སྤྱད་རྫས་དང་ལུས། ། གཞན་གྲིབ་ངན་པས་གོས་པ་ལ།། འབྲས་ཕྱེ་མར་དང་སྤོས་དཀར་དང་།། མེ་ཏོག་དཀར་པོ་བསྲེག་པར་བྱ།། ཏིང་ལེ་བྱིད་ཀྱི་མེ་ཏོག་བསྲེག། མིག་ནང་ཐམས་ཅད་སེལ་བར་བྱེད་མི་སུ་ལི་མ་རྩ་བར་བཅས། ། བསྲེགས་ན་རྣ་བའི་ནད་སེལ་འགྱུར།། ཙན་དན་གླ་རྩི་བ་མར་བསྲེག། སྣ་ཡི་ནད་རྣམས་ཐམས་ཅད་སེལ།། མུ་ཟི་གུ་གུལ་རིལ་བུ་བསྲེག། སོ་དང་ལྕེ་ཡི་ནད་སེལ་འགྱུར།། སོ་ནམཛ་དང་ཀ་ཀུར། ། བསྲེགས་པས་སྐྱེ་ནད་འཇོམས་པར་ངེས།། སྦྲང་རྩི་ཙན་དན་ཤ་ཀ་ར།། བསྲེགས་པས་གློ་ནད་སེལ་བར་བྱེད།། འབྲས་བུ་གསུམ་དང་ཞོ་ཤ་ལྔ།། བསྲེགས་པས་སྙིང་ནད་སེལ་བར་བྱེད། ། འུ་སུ་སྦྲང་དང་བྱི་དང་ཀ། བསྲེགས་པས་མཆིན་པའི་ནད་སེལ་འགྱུར།། མེ་ཏོག་ཁ་དོག་ལྔ་བསྲེགས་ན།། ཕོ་བ་ལ་སོགས་ནང་ཁྲོལ་ནད།། མ་ལུས་ཐམས་ཅད་ཞི་བར་བྱེད།། ལུས་མཛེས་པ་ཡང་ཐོབ་པར་འགྱུར། ། ནོར་འདོད་པས་ནི་སེང་ལྡེང་མེར།། བ་སེར་ཞོ་དང་མར་བསྲེག་བྱ།། གོས་མདོག་གང་དང་གང་འདོད་ལ།། དེ་དང་མཚུངས་པའི་མེ་ཏོག་དང་།། སྲད་བུ་སོར་ནི་བཅུ་གཉིས་པ། ཤིང་མདོག་དེ་དང་མཐུན་པ་ཡི།། དྲི་ཞིམ་དག་ལ་བསྲེག་པར་བྱ།། རྙེད་འགྱུར་ཐེ་ཙོམ་མི་བྱའོ།། པྲི་ཡང་ཀུ་དང་ཀ་ལིང་ཀ། པདྨའི་ཟེ་བ་ཡལ་སྡོང་ལ།། བསྲེག་ཅིང་གསོལ་བ་གདབ་པས་ནི།། གཏེར་གྱི་@#ལོངས་སྤྱོད་རྒྱས་པར་འགྱུར། ། འབྲས་དང་མྱུ་གུའི་འབྲས་བུ་སོགས།། བསྲེགས་ན་ལོངས་སྤྱོད་བརྟན་པར་འགྱུར།། དན་ཅོད་པ་ལ་འབྲས་བུ་གསུག།། བརྒྱ་བསྲེགས་བུ་དང་བུ་མོ་ཕེམ་འབྲས་པོས་འཕེལ་བར་འདོད་པས་ཀྱང་། ། སྲི་ཀ་ཛཱ་ཏི་མེ་ཏོག་དཀར།། བ་དཀར་པོ་མཞོ་མར་བཅས།། བསྲེགས་པས་འཁོར་དང་དམག་དཔུང་འཕེལ།། དེ་འབུམ་གྲངས་ཀྱིས་རྒྱལ་སྲིད་འཐོབ།། མང་གསུམ་བིལ་བའི་འབྲས་བུ་ལ། ། འབུམ་གྱིས་རང་ཉིད་རྒྱལ་པོར་འགྱུར།། སྔགས་མཐུ་རྒྱས་པའི་དོན་དུ་ནི།། ནིམ་པའི་ཤིང་ལ་མར་དང་ནི།། ཡུངས་ཀར་དཀར་པོ་སྦྲང་བཅས་ལ།། བརྒྱ་རྩ་བརྒྱད་དུ་བསྲེག་པར་བྱ། ། གང་གིས་རྒྱལ་པོ་འཁོར་དང་བཅས།། དབང་དུ་བྱ་བར་འདོད་པ་ཡིས།། ཡུངས་ཀར་རྒྱལ་བའི་ཡུངས་ཀར་བཅས།། བརྒྱ་སྲན་དྲུག་ཏུ་བསྲེག་པར་བྱ།། གནོད་སྦྱིན་མོ་རྣམས་དབང་འདོད་ན།། མྱ་ངན་མེད་པའི་ཡམ་ཤིང་ལ།། འབྲས་བུ་གསུམ་དང་གུར་ཀུམ་ནི།། སྟོང་ཕྲག་གཅིག་ཏུ་བསྲེག་པར་བྱ།། གནོད་སྦྱིན་ཚོགས་དབང་བྱེད་པ་ལ།། འབྲས་བུ་གསུམ་པའི་ཤིང་ལ་ནི།། འབྲས་བུ་གསུམ་དང་གུ་གུལ་ལ། ། སྟོང་ཕྲག་གཉིས་སུ་བསྲེག་པར་བྱ།། ལྷ་རྣམས་དབང་དུ་བྱ་འདོད་པས།། ཨ་རུ་ར་ཡི་ཤིང་གསར་ལ།། འོ་མ་ཞོ་མར་སྦྲང་རྩི་ལ།། སུམ་སྟོང་བསྲེགས་པས་ལྷ་དབང་འགྱུར། བུད་མེད་དབང་དུ་འདོད་པས་ནི།། ཏིལ་དང་འབྲས་སོགས་ཕུབ་མ་ལ།། འབྲས་དང་རང་བྱུང་བརྒྱ་རྩ་བརྒྱད།། བསྲེགས་པས་བུ་མོ་དབང་དུ་འགྱུར།། བྱིས་པ་དབང་དུ་འདོད་པས་ནི།། པྲི་ཡང་ཀུ་ཡི་སྦྱིན་སྲེག་བྱ། ། ལས་རྣམས་གང་དང་གང་ལ་ཡང་།། དེ་དང་མཚུངས་པའི་སེམས་ཀྱིས་སྦྱར།། ཞི་བ་ཞི་པའི་ཡིད་ཀྱིས་ཏེ།། བསྐལ་བཟང་བློ་ནི་རྒྱས་པ་ལ།། ཆགས་དང་འདུན་སེམས་ལྡན་པས་ནི།། དབང་དུ་གྱུར་ལ་ཐེ་ཙོམ་མེད།། ཁྲོ་དང་བཅས་པའི་ཡིད་ཀྱིས་ནི།། དྲག་པོའི་ལས་སུ་འགྱུར་བ་ཡོད།། བརྟན་པོ་དལ་འབྱོར་ལྡན་པའི་བློ།། རྒྱུན་རྟགས་གསལ་བ་ཡོད་གྱུར་པས།། ཇི་ལྟར་བཅས་པ་དེ་འགྲུབ་ཀྱི། ། གཞན་དུ་ཡང་ནི་དེ་ལྟར་མིན།། མིག་ལ་སྐྱོན་ཞུགས་ལུས་ཀྱིས་ནི།། དངོས་གང་གསལ་བར་ལྟ་བ་ལྟར།། བླ་མ་དང་ནི་བྲལ་གྱུར་ནས།། སྔགས་ཀྱི་བྱིན་རླབས་སྣང་བ་མེད།། ལུས་ངག་ཡིད་ཀྱི་སྒོ་ནས་ཀྱང་། ། རྣམ་པ་ཀུན་ཏུ་བླ་མ་ལ།། སྨོད་པ་བབང་དེ་སྤང་བར་བྱ།། སྨད་པས་དམྱལ་སོགས་ངན་འགྲོར་འགྲོ།། བླ་མའི་ངག་ལས་བྱུང་བ་དང་།། ཏིང་འཛིན་སྔགས་དང་ཕྱག་རྒྱ་མཆོད།། ཨོཾ་། རུ་རུརུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་བྷཱ་ལོ་ཙ་ནེ་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བསང་གཏོར་དང་ཀུ་ཤ་དགྣམ་པའི་སྔགས་སོ།། ཨོཾ་ཛྭཱ་ལ་ཛྭ་ལཱ་ནཱ་ལ་རྐ་སྭཱ་ཧཱ། སྥར་བའི་སྔགས་སོ།། ན་མཿས་མནྟ་བུད་དྷཱ་ནཾ། ཨོཾ་ཨགྣ་ཡ་ཨཱདཱི་བྱ་ཨཱ་བི་ཤ་མ་ཧཱ་ཤྲྀ་ཡེ་ཧ་བྱ་ཀ་བྱཱ་བ་ཧ་ནཱ་ཡ་སྭཱ་ཧཱ། མཆོད་མར་གྱི་སྔགས་སོ།། ཨོཾ་སརྦ་པཱ་པ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཏལི་གྱི་སྔགས་སོ།། ཨོཾ་སརྦ་ས་པ་དེ་སྭཱ་ཧཱ། ཞོ་དང་ཟན་དམ་པའི་འོ།། ཨོཾ་བཛྲ། བྷསྨིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཨུཏྤ་ལའི་འོ།། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་ཀྱིའོ།། ཨོཾ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའི་འོ།། ཨོཾ་བཛྲ་བི་ཛྭ་ལ་སྭཱ་ཧཱ། ལག་པན་གྱིའོ།། ཨོཾ་བཛྲ་མཱ་ལེ་པུཥྤ་ཡེ་སྭཱ་ཧཱ། སང་སྱཱ་དང་དཀ་གས་ཀྱོག། སློབ་མ་གྷྣ་པ་ཨཱཿ། ནས་ཙུག། སྙོམ་བ་ལཱ་ལ་སྭཱཿ། མ་ཙྪ།། སོ་བ་གྶས་ས། ཚོང་བ།། སེཾབ་སྤྱན་སྭཱཧྣ། ཨུ་དུམ་ཝ་རའིའོ།། ཨོཾ་ཏི་ཏི་པྲ་མ~ཾ་སྭཱ་ཧཱ། བྱང་ཆུབ་ཤིང་གིའོ།། ཨོཾ་བཛྲཱནཱ་ལ་སྭཱཧཱ། ནྱ་མོ་དྷའིའོ།། ཨོཾ་བཛྲ་ན་ཀཱ་ཡ་སྭཱ་ཧཱ། ཨམྲའིའོ།། ཨོཾ་ཨཱཿཧྲཱིཿཧཱུཾ། ཐམས་ཅད་བསང་བའིའོ།། ཆུས་ནི་། པར་བྱེད་པ་དང་།། རྡུལ་སོགས་མུན་པ་ཞི་བར་བྱེད།། ཞི་བ་ཆུ་ཡི་དཀྱིལ་འཁོར་བར།། དཀར་པོ་ཟླུམ་པོ་ཁོ་ནའོ།། སས་ནི་རྩ་ཤིང་འབྲུ་མེ་ཏོག། བསྐྱེད་དང་དངོས་པོ་རྒྱས་པར་བྱེད།། རྒྱས་པ་ས་ཡི་དཀྱིལ་འཁོར་ལྟར། ། སེར་པོ་གྲུ་བཞི་པ་ནའོ།། རླུང་གིས་སྡུད་དང་འབྱེད་པ་དང་།། དབང་དུ་བྱས་ནས་གཡོ་བར་བྱེད།། དབང་ལ་རླུང་གི་དཀྱིལ་འཁོར་ལྟར།། ཟླ་གམ་དམར་པོའི་ཁ་དོག་གོ། མེས་ནི་སྨིན་ཅིང་སྲེག་པ་དང་། ། དྲག་ཤུལ་གྱིས་ནི་ཡལ་བར་བྱེད།། དྲག་པོ་གྲུ་གསུམ་མེའི་དཀྱིལ་འཁོར།། ནང་དམར་རྒྱབ་ནི་ནག་པོར་བྱ།། མཁའ་ལ་ཉི་མ་ཤར་བ་ནི།། མུན་པའི་སྒྲིབ་པ་ཞི་བར་བྱེད།། ཞི་ལྷ་ཤར་དུ་བལྟས་པ་སྟེ། ། དཔལ་ལྡན་གོས་ཀྱང་དཀར་པོའོ།། ཉི་མ་བྱང་དུ་འགྲོ་བའི་ཚེ།། དངོས་པོ་རྒྱས་པར་འགྱུར་བའི་ཕྱིར།། རྒྱས་པ་བྱང་དུ་བལྟས་བྱ་བ།། གོས་ནི་སེར་རམ་ལྗང་ཁུ་ཤིས།། ཉི་མ་ཐལ་ནས་མཚན་མོ་ནི། ། དབང་དུ་དངོས་པོ་འགྱུར་བའི་ཕྱིར།། དབང་ལ་ནུབ་ཕྱོགས་བལྟས་པ་དང་།། གོས་ཀྱང་དམར་སེར་རབ་ཏུ་ཤིས།། ཉི་མ་ལྷོར་འགྲོའི་དུས་སུ་ནི།། ཤིན་ཏུ་གྲང་བའི་ཆུ་ཡིས་ནི།། རྩཝ་སོགས་དངོས་རྣམས་བསད་ནས་ཀྱང་། ། དེས་དང་འཐོར་དང་དེངས་པ་དང་།། བསྐམས་དང་གཡེངས་དང་དུབ་པ་དང་།། རབ་ཏུ་གཡོས་དང་བཅས་པར་འགྱུར།། མངོན་སྤྱོད་ལྷོ་ཡི་ཕྱོགས་བལྟས་ནས།། གོས་ཀྱང་སྔོ་དང་ནག་པོ་བྱ། ། ཙམ་པ་ཀ་དང་པུ་ཏི་ཀ། ལག་སྐྱེས་པདྨ་དཀར་པོ་དང་།། ཀུ་མུད་དཀར་པོ་ཟླ་སང་རྣམས།། ཆུ་གཙང་དང་བར་བཅས་པ་དག། ཞི་བའི་ལས་ལ་མཆོད་པར་བྱ།། མཉྫུ་ནུ་ག་བེ་ཤ་རི།། སུ་མུ་ལེ་དང་ཨ་སྤྲས་དང་། ། གསེར་མདོག་ཆེན་པོ་ཆུ་དུང་དང་།། ཙེ་འུ་ལི་སེར་དང་པདྨ་སེར།། ཆུ་བོ་ཆེན་པོ་ཆུར་བཅས་པ།། རྒྱས་པའི་ལས་ལ་བསྔགས་པའོ།། མུ་ཙི་ན་དང་མན་དུ་དམར།། ལོ་ཡི་ཆེ་དང་ཉ་ཤ་རྣམས། ། སིན་དྷཱ་ར་དང་པདྨ་དམར།། ཀུ་མུ་ཏ་རིག་དམར་པོ་རྣམས།། ལུ་མའི་ཆུ་དང་བཅས་པ་སྟེ།། དབང་གི་ལས་ལ་མཆོད་པར་བྱ།། ཨུཏྤ་ལ་ཀྵེ་པ་ལ་ཀ་དང་།། ཨུད་ཁྱེ་བ་དང་མ་མི་ཤེ། ཛུ་མོང་སྦྱིན་ལ་མགོ་བོ་དང་། ། ཕག་རྣ་དན་ཌོད་པ་ལ་རྣམས།། ཁྲོན་པའི་ཆུ་དང་ལྷན་ཅིག་ཏུ།། མངོན་སྤྱོད་ལས་ལ་མཆོད་པར་བྱ།། སཱ་ལུ་དཀར་པོ་ཟན་དང་ཞོ།། པྲི་ཀ་སྤོས་ནི་ཞི་བ་ལ།། སཱ་ལུ་དམར་པོའི་ཟན་འོ་མོ། ། ཙན་དན་དམར་པོ་དབང་ལའོ།། གྲོ་དང་མ་ཤ་སེར་བའི་ཕན།། ཧུ་ལུ་ཀ་ནི་རྒྱས་པ་ལའོ།། ནས་དང་བྲ་བོའི་ཟན་གུ་གུལ།། བཙོས་པའི་ཤ་དང་ལྷན་ཅིག་སྟེ།། དྲག་པོའི་ལས་དེ་ཞལ་ཟས་དང་། བདུག་སྤོས་བྱེ་བྲག་ཤེས་པར་བྱ།། རྩི་མར་དང་ནི་ཨ་སེ་ཡེ།། སྡོང་བུར་ལྡན་པའི་མར་མེ་ནི།། ཞི་བའི་ལས་ལ་ཤིན་ཏུ་ཤིས།། ཡང་ན་པད་དཀར་སྡོང་བུ་ཡི།། ཏིལ་ལམ་ཤིན་ཏུ་དངས་མ་དང་། ས་རི་ཧི་ཡི་སྣོང་བུ་ནི།། རྒྱས་པའི་ལས་ལ་ཤིན་ཏུ་ཤྲཱིས།། ཡང་ན་པ་ཡི་ལག་གི་ཆ།། ན་ཀེ་ལ་ཡི་མར་དང་ནི།། པདྨ་དམར་པོའི་མར་དང་ནི།། དབང་གི་ལས་ལ་ཤིན་ཏུ་ཤིས།། ཡང་ན་བ་ཡ་མ་རིའོ།། ཡུང་དང་ཅིལི་མར་དང་ནི།། ཙི་ཏྲའི་སྡོང་བུ་མར་མེ་ནི།། ཡང་ན་གསོ་མའི་ཤུན་པ་ཡིས།། མདོག་དམར་དལ་ཞིང་གསལ་བ་ནི།། གངས་རིའི་རྩེ་ལྟར་དཀར་འབར་བ།། བར་གྲེ་སྨུ་གུལ་སྤོས་དཀར་དྲི། ། ཞི་བའི་ལས་ནི་འགྲུབ་པར་འགྱུར།། མདོག་དམར་གཡོ་ཞིང་མོག་པ་ལ།། ཉི་མཐལ་ཀའི་རི་རྩེ་བདྲ།། ཤིབ་སྒྲ་མ་ལི་ཀ་ལའི་དྲི།། དབང་གི་ལས་འགྲུབ་ཐེ་རྩོམ་མེད།། མདོག་སེར་མི་གཡོ་དངས་པ་ལ། ། ཉི་མ་ཤར་བའི་རི་ལྟར་འབར།། ལྷ་བ་སྒྲ་ཙམ་པ་ཀ་ཡི་དྲི།། རྒྱས་པའི་ལས་འགྲུབ་ཐེ་ཙོམ་མེད།། ལེ་བརྒན་མདོག་ལྡན་འཁྱིལ་ཞིང་སྨུག། ཧུ་ར་སྒྲ་རུལ་དྲི་བྲོ་བ་དང་།། ནགས་ཀྱི་རིབོ་ལྟར་འབར་བ། ། མངོན་སྤྱོད་ལས་ལ་འགྲུབ་པར་འགྱུར།། འཇིག་རྟེན་ཏིང་འཛིན་ལྡན་འགྲུབ་པའི།། དྲང་སྲོང་རིགས་ལ་དཔག་མེད་ཀྱང་།། མེ་ཡི་ལྷ་ནི་བཞི་བཅུ་བཞི།། སྦྱིན་སྲེག་ལས་ལ་སྤོང་བར་བྱ། ། འཇིག་རྟེན་འདས་པའི་ཏིང་འཛིན་ཅན།། བཅུ་གཉིས་གྲངས་ནི་གཟུང་བར་བྱ།། གཉའ་ན་ཀ་དང་ས་བེ་ཀི། ཏུ་ཀཱུ་སེའུ་མྱ་སྱེ་ཏྲོ་དང་།། ལྟོ་བ་ཡིད་སྐྱེས་ཁྲོ་བོ་དང་།། དམར་པོ་མྲི་ཏ་ཆོ་མ་ལི།། བྷི་སུ་ཡ་ཀི་བཅུ་གཉིས་པོ། ། ཕན་འདོགས་ལ་སོགས་ལས་ལ་སྦྱར།། ཞི་བའི་སྦྱིན་སྲེག་ཐལ་བས་ནི།། འབྱུང་པོ་ཕྲ་མོ་ཞི་བོར་བྱེད།། དབང་གི་ཐལ་བས་འབྱུང་པོ་འཆིང་།། རྒྱས་པས་འདོད་པའི་ལས་སྦྱིན་བྱེད།། རི་བོའི་རྩེ་ལ་གཏོར་བར་བྱ།། དྲག་པོས་འབྱུང་པོ་སེལ་བར་བྱེད།། ལམ་གྱི་གཞུང་དུ་གཏོར་བར་བྱ།། ཞི་དང་དབང་གི་ཞིང་ཕྱོགས་དང་།། རབ་སྐྱེད་མོས་ཚལ་དུ་གཏོར།། དག་པར་བྱེད་པས་ཆུ་བོ་ལྟར། ། རྒྱས་པ་ཉི་མའི་དཀྱིལ་འཁོར་དང་།། གང་བར་བྱེད་པ་རྒྱ་མཚོ་ལྟར།། སྦྱིན་སྲེག་གིས་ནི་ལྷ་མཉེས་ཤིང་།། སྔགས་སྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ།། དྲང་སྲོང་ཚོག་ནམ་ཐམས་ཅད་དང་།། དྲི་ཟའི་ཚོགས་རྣམས་ཐམས་ཅད་དང་། ། འབྱུང་པོའི་ཚིགས་རྣམས་ཐམས་ཅད་ནི།། སྦྱིན་སྲེག་གིས་ནི་རབ་དགའ་ནས།། རྣལ་འབྱོར་གྲོགས་བྱེད་སྲུང་བ་དང་།། སྐྱོབ་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་།། ནད་མེད་ལོངས་སྤྱོད་རྒྱས་པ་དང་། ། བསམ་པ་བཞིན་དུ་འགྲུབ་པར་གྱུར།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། མེ་ལྷ་བརྟེན་པའི་ལེའུ་སྟེ་བཅུ་པའོ།། ། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། རྫུ་འཕྲུལ་འཁོར་ལོ་ཞེས་བྱ་བ།། མཁའ་ལ་ཡི་གེ་སྤྲུལ་ནས་ནི།། འགྲེ་དོན་སྣ་ཚོགས་མཛད་པ་ཞིག། འཁོར་བཅས་དཀྱིལ་འཁོར་དེར་ལྷགས་ནས། ཕྱག་འཚལ་བསྐོར་བ་དུ་མ་བྱས།། མཆོད་པའི་སྤྲིན་གྱིས་རྒྱས་པར་མཆོད།། ཕྱོགས་གཅིག་འཁོད་ནས་སྟོན་པ་ལ།། མགྲིན་གཅིག་གསུང་ནི་སྙན་པ་ཡི།། འདི་སྐད་ཚིག་ནི་གསོལ་བ་འདེབས།། ཨོཾ། མཚན་དང་དཔེ་བྱད་བརྒྱན་པའི་སྐུ།། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། ཆོས་ཀྱི་ལོངས་སྤྱོད་ཇི་སྙེད་པ།། རྫོགས་པར་ལོངས་སྤྱོད་མཛད་ཕྱག་འཚལ།། གང་ལ་མཁོ་བ་དེའི་གཙོ་བོ།། འདྲེན་པ་གཟུགས་བརྙན་དུ་མ་འཆུང་།། སྣ་ཚོགས་རྫུ་འཕྲུལ་མཛད་པའི་སྲ།། བདེ་བ་ཆེལ་ཕྱག་འཚལ་ལོ།། མི་འགྱུར་རྣམ་དག་བྱང་ཆུབ་ལམ།། ཕྱོགས་ཆོས་བྱང་ཆུབ་སུམ་ཅུ་བདུན། ། སྟོབས་དང་མི་འཇིགས་བརྩོན་མཛད་པ།། ཆོས་རྣམས་ལྷུན་གྲུབ་སྐུ་ཕྱག་འཚལ།། རྣམ་དག་རྒྱ་མཚོར་ལྡན་རྣམས་ལ།། ཐུགས་རྗེ་རྒྱ་མཚོ་རྒྱུན་བྱུང་བས།། ཞིང་ཁམས་རྒྱ་མཚོ་སྐྱོང་མཛད་པའི།། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ།། སྔགས་དང་རྫས་དང་ཕྱག་རྒྱའི་རིམས།། སྣ་ཚོགས་ཀྱིས་ནི་དོན་མཛད་ཕྱིན།། ཐེག་པ་ཀུན་ལས་ཁྱད་པར་དུ།། སྔགས་ཀྱི་ཐེག་པ་ཁྱད་པར་འཕགས།། ནན་ཏན་སྒྲུབ་པ་སྨོས་ཅི་དགོས།། སྔགས་དང་ཕྱག་རྒྱ་འཆང་བས་ཀྱང་།། ནད་དང་གནོད་སེལ་བསྐལ་པ་ཡི།། སྒྲིབ་རྣམས་འབྱུང་བས་ཁྱད་པར་འཕགས།། དབུལ་པོ་རིགས་དང་དམན་པ་ཡང་།། ཞུགས་མ་ཐག་ནས་བདེ་ལྡན་ཞིང་།། ཅུང་ཟད་གྲུབ་ནས་ནུས་མཐུ་ནི།། དཔག་མེད་འབྱུང་བས་ཁྱད་པར་འཕགས།། མགོན་པོ་བཅོམ་ལྡན་རྫོགས་སངས་རྒྱས།། དཔལ་ཆེན་ཡེ་ཤེས་ཀུན་གྱི་མཛོད།། འོད་ཟེར་ཉི་མ་འབུམ་གཟི་ཅན།། འགྲོ་ལ་འདྲེན་གཙོ་དེད་དཔོན་གྱི།། མགོན་པོ་སྤྱན་རས་གཟིགས་དབང་གི། སྔགས་དང་ཕྱག་རྒྱར་བཅས་པ་ཡིས།། འགྲོ་ལ་སྣ་ཚོགས་ཕན་དོན་དུ།། ཇི་ལྟར་འགྱུར་མཛད་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་ཐུབ་པ་ཆེས།། པདྨའི་སྤྱན་གདངས་འཛུམ་མཛད་ནས།། ཚངས་པའི་གསུང་ནི་སྙན་པ་ཡིས།། འགྲོ་ལ་ཕན་ཕྱིར་འདི་སྐད་གསུངས།། དགེ་བྱེད་ཕྱག་རྒྱ་སྔགས་དང་བཅས། ། འགྲོ་ལ་ཕན་ཕྱིར་ཞུས་པ་ནི།། ལེགས་སོ་རྫུ་འཕྲུལ་འཁོར་ལོ་ཆེ།། ཤེས་རབ་འཆང་བ་ཁྱོད་ལེགས་སོ།། སེམས་དཔའ་ཆེན་པོ་དེ་ཕྱིར་ངས།། ཁྱོད་ལ་ངོ་མཚར་ལེགས་པར་བཤད། ། ཁྱོད་ཀྱང་རྩེ་གཅིག་ཡིད་ཀྱིས་ཉོན།། ལེགས་པར་ཟུང་ལ་རྒྱ་ཆེར་སྤྲོས།། རས་སམ་གྲོག་ཤིང་ཤུན་གང་།། འཇམ་ཞིང་ནག་རིས་མེད་པ་ལ།། གུར་ཀུམ་གིའུ་ཝང་སེན་རྩི་དང་།། ཙན་དན་གྱིས་ནི་ཕྱག་རྒྱ་བྲི། ། པདྨ་འདབ་བརྒྱད་མུ་ཁྱུད་བཅས།། འོད་དང་ལྡན་པ་བྲི་བར་བྱ།། དྷུ་ར་དྷ་ར་དང་པོ་སྟེ།། གཉིས་པ་དྷི་རི་དྷི་རི་སྤྲོ།། གསུམ་པ་དྷུ་རུ་དྷུ་རུ་སྟེ།། ཨི་ཏི་བིནྡྷེ་བཞི་ལྔ་པ།། ཙ་ལེ་ཙ་ལ་གཉིས་བྲི་འོ། ། པྲ་ཙ་ལེ་གཉིས་དྲུག་པའོ།། ཀུ་སུ་མེ་དང་ཀུ་སུ་མ།། བདུན་པ་བྲིས་ཏེ་བརྒྱད་པ་ལ།། བྷ་ལ་ཨི་ལི་མི་ལི་བྲི།། ཨོཾ་མི་ཙི་ཏི་ཛ་ལཾ་དང་།། སྭཱ་ཧཱར་བཅས་པ་དབུས་སུའོ།། ཕྱག་འཚལ་བཅས་སྔགས་མཐའ་མར་བྲི། ། རབ་རྫོགས་སྔགས་ཀྱིས་ལྷར་དམིགས་ནས།། གཙང་མིང་མཆོད་པས་མཆོད་བྱ་སྟེ།། སྔགས་སྟོང་བརྗོད་པས་ལུས་ལ་གདགས།། འདི་ནི་སྲུང་བའི་མཆོག་ཏུ་འགྱུར། ། ནད་དང་ཡམས་ནད་གདོན་རྣམས་དང་།། འཇིགས་པ་བརྒྱད་ལས་སྐྱོབ་པར་ངེས།། རིག་སྔགས་ཟློག་ནས་ཁྱད་པར་དུ།། རྡོ་རྗེ་དཀར་པོ་རྩེ་ལྔ་ལ།། འོད་ཀྱིར་བ་ཟླུམ་པོ་ཡི།། རི་མོ་གཎྜཱི་དང་བཅས་པ་བྲི། ། རྭ་རྣམས་ལ་ནི་ཧཱུཾ་གཉིས་པར།། རིག་སྔགས་ཟློག་དང་བཅས་པ་བྲི།། ལྟེ་བར་ཨོཾ་ཧྲཱིཿསྭཱ་ཧཱའི་བར།། བདག་ཉིད་སྲུངས་ཞེས་བྲི་བར་བྱ།། མུ་ཁྱུད་དང་པོར་བྲི་བར་བྱ།། གཟིགས་དབང་ཡིད་བཞིན་ནོར་སྔགས་སོ། ། གཉིས་པར་གདོང་བཅུ་གཅིག་པའི་སྔགས།། གསུམ་པར་པདྨ་གར་དབང་གི། སྔགས་རྣམས་གཡས་སུ་བསྐོར་བར་བྱ།། གལ་ཏེ་ནད་ལམས་ཟློག་པ་ལ།། འདབ་བརྒྱད་པདྨ་མུ་ཁྱུད་གསུམ། ། སྔོན་ལྟར་ཡི་གེ་བཀོད་པ་ལ།། མུ་ཁྱུད་གཉིས་པར་སྤྱན་གྱི་སྔགས།། གསུམ་པར་རྟེན་འབྲེལ་སྔགས་བྲིས་ནས།། ལུས་སམ་མགུལ་དུ་ཐོགས་པས་ནི།། ནད་རིམས་དང་ནི་ལྐོག་བབྲུམ་སོགས། ། རླུང་གིས་རྡུལ་བཞིན་སེལ་བར་འགྱུར།། དེ་ནས་ཚིག་དེ་ཐོས་མ་ཐག། ལྷ་མིན་བུ་མོ་ནད་བདག་མོ།། ས་དུ་དེ་བི་ཞེས་བྱ་བ།། བཞེངས་ཏེ་ཐལ་མོ་སྦྱར་བྱས་ཏེ།། བུ་མོ་ཁྲིས་ནི་མགྲིན་གཅིག་ཏུ། ། བཅོམ་ལྡན་འདས་ལ་འདི་སྐད་གསོལ།། རྗེ་བཙུན་འགྲོ་བའི་གཉེན་གཅིག་པུ།། མགོན་པོ་སངས་རྒྱས་བཅོམ་ལྡན་འདས།། བདག་གི་སྔགས་འདི་གང་འཛིན་པ།། གལ་ཏེ་འབྲུམ་ནད་བྱུང་ན་ནི།། བདག་ནི་སེམས་ཅན་དམྱལ་བར་འགྲོ།། དམ་བཅའ་འདི་ནི་དྲན་པར་བྱ།། ཏྲེ་བ་ལ་བྱ་ཡི་ཀ་ཀ་པ་ནི་ཏ།། སུ་མ་ཡ་བི་ལཱ་ས་ཀ་ཀ་ར་ཎི།། ཀི་ཤུན་པཉྩ་ཏྲ་ལི་ཧེ་ན་ཡི།། ཀེ་ན་ཀ་ཏ་ཙ་ར་ཎི། ཡ་མིརྟ་ནད་མ་ན་ཙ། ཡ་མི་པར་ནད་བུ་ར་དཱ། དཱ་ཙ་པི་ཏ་ཏྲ་ཙིཏྟ་ནད་དཾ། ས་སཱུ་དེ་ཝི་མེ་བྷ་ཝ། ལྷ་མོས་དེ་སྐད་གསོལ་མ་ཐག། མགོན་པོས་འདི་སྐད་བཀའ་སྩལ་ཏོ།། ཨོཾ་ཨོཾ་བྷ་བི་ཏ། བིཏ་ཏི་མི་ཏི། ག་ཙནྡྲ་ཀ་ར་ཎི་ཨ་མུ་ཀ་སྱ་ཀ་བྱ། ལོ་ཧི་ཏ་གཾ་དྷརྦ་རཀྵ་ཀུ་རུ་སྭཱ་ཧཱ། བྱིན་རླབས་ལྡན་པའི་སྔགས་དེ་ནི།། རྒྱུན་དུ་བཟླས་པས་འགྲུབ་པར་འགྱུར།། ཨོཾ་ཧ་ན་སེ་རཱུ་པ་དྷ་རིསྭཱ་ཧཱ། སྲད་བུ་མ་ཉམས་དཀར་པོ་ལེ།། ཉི་ཤུ་རྩ་གཅིག་མདུད་པར་བྱ། ། བཞི་བརྒྱ་རྩ་བཞི་བཟླས་ནས་ཀྱང་།། ལུས་སམ་མགུལ་དུ་གདགས་པར་བྱ།། ཀྲྀ་ཧི་ཏིཀ་ཏིཀ་ཏྲ་ཐ་པྲཀ་ཤི་ཀ། ཏ་ཐཱ་ཡ་ཐཱ་ཙ་ལ་ཧེ་ཧུཾ་ཧཱུཾ་ཕཊ། སྲན་མ་རྡོག་པོ་རེ་རེ་ལ།། བརྒྱ་རྩ་བརྒྱད་བརྒྱད་བཟླས་པ་ཡི། ། འབྲུ་བདུན་ཐུམ་པོར་བྱས་པ་ཞིག། དྲི་བཟང་བཅས་ལ་མགུལ་དུ་ཐོགས།། ལམས་ནད་ཀུན་དང་འབྲུམ་ནག་ནད།། ཤིན་ཏུ་གདུག་པ་ཀུན་སེལ་འགྱུར།། དེ་ནས་རིག་སྔགས་འཆང་བ་མོ། ། དཔལ་འཕྲེང་མ་ས་ནི་འདི་སྐད་གསོལ།། བདག་གི་རིག་སྔགས་འདི་ཟློས་པ།། རིམས་ནད་ཀུན་དང་བྲལ་བར་འགྱུར།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བཛྲ་མཱ་ར་བི་ཛ་ཡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། སརྦ་བྷཱི་ར་ཐཱ། ཧ་ན་ཧ་ན་བཛྲ། སརྦ་ཛཱ་ར་པྲ་ཤ་མ་ནི་ཡེ་སྭཱ་ཧཱ། མི་སྐྲ་མི་རུས་སླེ་ཏྲེས་དང་།། གུ་གུལ་ཡུངས་ཀར་སྒོག་སྐྱ་དང་།། ཤིང་ཀུན་གླ་རྩིའི་འཁོར་ལོ་ནི།། རྩིབས་བརྒྱད་ཕྱོགས་བཞིར་ཧྲཱིཿཡིག་བྲི།། མཚམས་བཞིར་བྲིས་ཏེ་དབུས་སུ་མིང་། ། སྔགས་འདི་མུ་ཁྱུད་དང་པོ་ལ།། གཉིས་གདོང་བཅུ་གཅིག་པ་ཡི་སྔགས།། བྲིས་ནས་ལུས་སམ་མགུལ་དུ་ཐོགས།། ནད་རིམས་ཐམས་ཅད་སེལ་བ་དང་།། རྣལ་འབྱོར་ཀུན་དང་ལྡན་པར་འགྱུར། ། དེ་ནས་སྤྱན་རས་གཟིགས་དབང་གིས།། འགྲོ་བའི་དོན་དུ་འདི་སྐད་གསོལ།། རང་བྱུང་ཅན་གྱི་རས་ལ་ནི།། སེན་རྩིས་འཁོར་ལོ་རྩིབས་བཞི་པ།། མུ་ཁྱུད་གསུམ་དང་ལྡན་པ་བྲི། རྩིབས་བཞི་ཧྲཱིཿལ་གཡོན་བསྐོར་དུ། ། བཱིཿགཱི་ཝ་ཤཾ་ཀུ་རུ་ཎཱི།། མུ་ཁྱུད་དང་པོ་མགོན་པོ་ནི།། པདྨ་གར་དབང་སྔགས་བྲིའོ།། གཉིས་པ་ཨུཏྤལ་དམར་པོ་འཕྲེང་།། གསུམ་པ་ལྕགས་ཀྱུ་ཉི་ཤུ་གཅིག། དབུས་སུ་བཾ་ཡིག་ཧྲཱིར་བཅས་བྲི།། ལྷ་དམ་ཉིད་ཀྱང་དམ་བྱེད་ན།། འགྲོ་བ་གཞན་ལྟ་སྨོས་ཅི་དགོས།། གསོལ་དང་བཀྲ་ཤིས་བརྗོད་པ་དང་།། བགེགས་ཀྱི་གནོད་པ་སེལ་འདོད་པས།། རྩེ་གསུམ་རྡོ་རྗེ་རྒྱ་གྲམ་སྟེ།། དབུས་སུ་སྤྱན་རས་གཟིགས་དབང་མགོན།། པདྨ་གཙུག་ཏོར་སྔགས་བྲིའོ།། རྭ་རྣམས་ཀུན་ལ་ཧཱུཾ་ཡིག་ནི།། བགེགས་མིང་ཨུ་ཙ་ཏ་ཡི་བསྐོར།། མུ་ཁྱུད་དང་པོ་སྤྱན་རས་གཟིགས།། ཧ་ལ་ཧ་ལའི་སྔགས་བྲིའོ།། གཉིས་པ་ཁྲོ་བོ་རྟ་སྐད་སྔགས།། གསུམ་པར་བགེགས་དགྲའི་སྔགས་བྲིས་ལ།། དེ་རྒྱབ་མེ་ཡི་ཕུང་པོ་བྲི།། གང་ཞིག་འཁོར་ལོ་འདི་བྲིས་པས།། སྲེད་མེད་བུ་ལྟར་མཐུ་ཆེ་བའི།། གདུག་པ་ཅན་ཡང་བཐོར་བྱེད་ན།། ཕྲན་ཚེགས་འབྱེར་བ་སྨོས་ཅི་དགོས།། གང་ལ་སེར་སྣ་རྣམ་ཆགས་ཤིང་།། ལོངས་སྤྱོད་འཕེལ་བར་མི་འགྱུར་ན།། ཕུན་སུམ་ཚོགས་ལྡན་དཔལ་འཕེལ་ཕྱིར།། སྐྱོབ་པའི་ཕྱག་རྒྱ་བཤད་པར་བྱ། ། རྒྱལ་པོ་འམ་ནི་དགེ་འདུན་ལ།། གཙང་ལྡན་རབ་བཟང་བླངས་ནས་ཀྱང་།། དག་པར་བཀྲུས་ཏེ་དྲི་བཟང་བྱུག། ལེགས་པར་བརྒྱན་ནས་ཐིག་བཏབ་སྟེ།། གུར་ཀུམ་དང་ནི་གཱ་རྩི་ཡིས།། པདྨ་འབདབ་བཅུ་དྲུག་པ་བྲི། ། ཕྱོགས་བཞིར་འདབ་མར་དཔལ་བེའུ་སྟེ།། མཚམས་བཞིར་ཡིད་བཞིན་ནོར་བུ་བྲི།། མཚམས་བརྒྱད་ལ་ནི་ཡི་གེ་གང་།། ཨོཾ་དང་བཛྲད་ཀེ་ཧཱུཾ། ཡི་གེ་དྲུག་གིས་བསྐོར་བར་བྱ།། མུཁྱུད་དང་པོར་མི་བཤོལ་སྔགས།། གཉིས་པ་གདོང་བཅུ་གཅིག་པའི་སྔགས།། གསུམ་པ་ཨུཏྤལ་འཕྲེང་བ་སྟེ།། ཡང་ཏོག་རྩེ་འམ་མཛོད་བཞག་ནས།། གསོལ་བཏབ་མཆོད་ན་ལོངས་སྤྱོད་འཕེལ། བུད་མེད་གང་ཞིག་བུ་འདོད་པས།། དེ་བཞིན་པདྨ་འདབ་བརྒྱད་པ།། ཕྱོགས་བཞིར་ཧྲཱིཿབྲི་མཚམས་སུ་དྲང་།། དབུས་སུ་ཁྱེའུའི་གཟུགས་ཤིག་བྲི།། ཕྱོགས་བཞིར་ཡིད་བཞིན་ནོར་བུ་བྲི།། སྔགས་བུ་སྤྲོ་ལ་བཅས་བྲི་བར་བྱ། ། མཚམས་བཞིར་ཨོཾ་དང་ཨ་མ་ར།། ཛཱི་ཝ་ན་ཏཱི་ཡེ་སྭཱ་ཧཱས་བསྐོར།། མུ་ཁྱུད་དང་པོ་སྤྱན་རས་གཟིགས།། པདྨ་རྒྱན་ལུང་ཅན་གྱི་སྔགས།། གཉིས་པར་གདོང་བཅུ་གཅིག་པའི་སྔགས། ། གསུམ་པ་ཨུཏྤལ་དམར་པོའི་འཕྲེང་།། བོད་འཕྲོ་རྟག་པར་མཆོད་པ་དང་།། ཕུལ་དུ་བྱུང་བ་བསྟོད་པས་བསྟོད།། གསོལ་བ་འདེབས་ཤིང་སྔགས་བཟླས་ན།། བུ་སྩོལ་འགྱུར་ལ་ཐེ་ཙོམ་མེད།། སྲུང་དང་ནོར་འཕེལ་དབང་བྱེད་དང་།། བུ་སློང་བ་ཡི་ཕྱག་རྒྱ་ནི།། སྨིན་དྲུག་སྣར་མ་རྒྱལ་ལ་བྲི།། ལྷག་མ་རྣམས་ནི་ཅི་བདེར་བྲི།། གང་ཞིག་སེམས་སྟོར་ཡིད་མི་དགའ།། གློ་བུར་ཡི་མུག་སྐྱེ་འགྱུར་ན།། པརླ་འདབ་མ་བཞི་པ་ཡི།། དབུས་སུ་རང་གཟུགས་མཚན་མ་བྲི།། འདབ་མར་རྡོ་རྗེ་མདོག་བཞི་པ།། གདོང་བཅུ་གཅིག་པའི་སྔགས་ཀྱིས་བསྐོར།། མུ་ཁྱུད་ལ་ནི་སྤྱན་རས་གཟིགས།། དོན་ཡོད་ཞགས་པའི་སྔགས་བྲིའོ། ། གཉིས་པར་རྡོ་རྗེའི་འཕྲེང་བ་བྲི།། དེའི་རྒྱབ་འོད་ཀྱི་འཕྲེང་བ་བྲི།། རྟག་པར་མཆོད་ཅིང་གསོལ་བ་གད་པ།། ནད་སེལ་ཚེ་རིང་བསོད་ནམས་འཕེལ།། གང་ཞིག་ཤེས་རབ་འདོད་པས་ནི།། དཔལ་། བེའུ་རྒྱལ་པོའི་དུ་མར་ནི།། ཧྲི་ཡིག་རྒྱབ་ཏུ་སྔགས་འདིས་བསྐོར།། ཨོཾ་དང་ཀཱ་ལ་དེ་ཀ་ལ།། མ་ནི་སྭཱ་ཧཱ་ཞེས་པ་ཟི།། དེ་ཡི་ཆ་རྒྱབ་འཁོར་བ་ལ།། མགྲིན་པ་སྔོན་པོའི་རྩ་སྔགས་ཟེ།། དེ་རྒྱབ་འོད་ཀྱི་ར་བ་བྲི།། གང་གིས་འདི་བ་ཆང་མཆོད་པ་ལ།། ནད་དང་གནོད་པ་ཀུན་བྲལ་ཏེ།། དུག་དང་རིམས་ནད་འཇོམས་པ་དང་།། ཤེས་རབ་མྱུར་དུ་འཕེལ་བར་འགྱུར།། ཡུལ་དུ་ལོ་ཏོག་ཉམས་པ་དང་། ། ཐོག་པ་བྲུག་སེར་བརྒོད་པ་དང་།། ཀླུ་དང་ས་བ་དག་གནོད་པ་སྟེ།། དེ་གསལ་སྦྱོར་བ་བཤད་པར་བྱ།། ཤིང་ཤུན་དཀར་པོ་མ་ཉམས་པ།། ཉམས་དགའི་ཉི་རིམ་སྦྱོར་བ་ལ།། རྡོ་རྗེ་རྩེ་མོ་བཅུ་གཉིས་པ།། མིག་སྨན་གྱིས་ནི་བྲི་བར་བྱ།། གྲཝ་རྣམས་ལ་ནི་ཧཱུཾ་ཡིག་ལ།། ཨོཾ་དང་ཛི་ན་ཏི་ཏི་ཏེ།། ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བསྐོར།། མུ་ཁྱུག་དང་པོར་མགོན་པོ་ཆེ།། གདོང་བཅུ་གཅིག་པའི་སྔགས་འཕྲེང་བྲི།། གཉིས་པར་ཐུགས་རྗེ་ཆེན་པོ་མགོན། ། མི་བཤོལ་བ་ཡི་སྔགས་ཀྱིས་བསྐོར།། གསུམ་པར་རྡོ་རྗེ་འཕྲེང་བ་དང་།། མེ་ཡི་འོད་དང་ལྡན་པར་བྲི།། ཕྱག་རྒྱ་འདི་ནི་བསྟན་ཙམ་གྱིས།། ཀླུ་ཡི་རྒྱལ་པོ་མཐུ་ལྡན་རྣམས།། འཁོར་དང་བཅས་ཏེ་ལུས་བསྐམས་འགྱུར།། གང་གི་ཁྱིམ་དུ་གདོང་བ་དང་།། མ་ཧེ་རྟ་སོགས་ཡམས་ནད་ཅན།། བསལ་བའི་ཐབས་ཀྱི་ཕྱག་རྒྱ་ནི།། བརྟན་པར་དྲང་སྲོང་ཚོགས་རྣམས་ཉོན།། ཀོ་བི་ད་རིའི་ཤིང་ལ་ནི། ། ཁྲུ་གང་ཁྲུ་གཉིས་དབྱིབས་གྲུ་བཞི།། གས་གྲུགས་ཆག་སོགས་མེད་པ་ལ།། ཤིན་ཏུ་སྲབ་འཇམ་སོར་གཉིས་རྔམས།། ཤིང་དེ་ལ་ནི་རྟ་བབས་གཟུགས།། འཁོར་ལོ་གདུགས་དང་བཅས་པ་ཡི། ། བརྩེགས་པའི་གཡས་ཟུར་དང་པོ་ནི།། རྡོ་རྗེ་སྔོན་པོ་རྩེ་ལྔ་སྟེ།། གཉིས་པ་ཨུཏྤལ་དམར་པོའོ།། གསུམ་པར་འཁོར་ལོ་རྩིབས་བརྒྱད་སེར།། བཞི་པར་པདྨ་དཀར་པོའོ།། གཡོན་ཟུར་དང་པོར་པདྨ་དམར། གཉིས་པ་ཨུཏྤལ་སྔོན་པོའོ།། གསུམ་པ་ནོར་བུ་བཞི་རྒྱ་གྲམ།། ནང་ཁོང་དུ་ནི་པདྨ་བྱ།། འདབ་མ་བརྒྱད་པ་འོད་ལྡན་པའོ།། ལྟེ་བ་དང་ནི་འདབ་བརྒྱད་ལ།། ཨོཾ་དང་བི་ཤ་ཙི་པརྞ།། ཤ་བ་རི་སརྦ་བྱཱ་དྷི།། པྲ་ཤ་མ་ནི་སྭཱ་ཧཱ་ཞེས། ། བཾ་ཡིག་ལ་ནི་བསྐོར་བ་བྲི།། མུ་ཁྱུད་དང་པོ་སྤྱན་རས་གཟིགས།། གདོང་བཅུ་གཅིག་པའི་སྔགས་བྲིའོ།། གཉིས་པར་ཆོས་ཀྱི་གཙུག་ཏོར་གྱི།། རྩ་བའི་འཕྲེང་སྔགས་བྲི་བར་བྱ།། རྒྱ་སྐྱེགས་དང་ནི་མཚལ་ཡིན་ཏེ། ། དེ་ལ་ཤིང་སྦྱིན་བྱུག་པར་བྱ།། མཆོད་དང་གསོལ་གདབ་སྔགས་དག་ནི།། བདུན་སྟོང་རེ་རེ་བརྗོད་བྱས་ནས།། སྒོ་གོང་ལ་གདགས་འབྱུང་འཇུག་ཚེ།། འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། ། རྟ་ཕྱུགས་ཡམས་ནད་མ་ལུས་ལ།། རིག་པའི་ལྷ་མོའི་ཚོགས་བཅས་པའི།། འཇིག་རྟེན་མགོན་གྱི་རིག་སྔགས་མཐུས།། མྱུར་དུ་སེལ་བར་མནན་པ་དང་།། ཟློག་དང་བཅིང་བར་བརྗོད་ཅེས་བརྗོད།། ཕྱུག་བདག་ཆེན་པོ་སྐྱོང་བ་ལྟར། ། གླང་པོ་རྟ་བོང་མ་ཧེ་ཚོགས།། རྟག་ཅིང་ནད་དང་གནོད་པ་མེད།། ཤིན་ཏུ་འཕེལ་ཞིང་རྒྱལ་བར་འགྱུར།། དེ་ནས་ཡང་དག་བཤད་བྱ་བ།། དམག་དཔུང་ཆེན་པོ་འཇིགས་པ་ལ།། ཁྱད་པར་དུ་ནི་སྐྱོབ་པ་ཡི།། ཕྱག་རྒྱ་སྦྱོར་བ་མཉན་པར་གྱིས།། ཡུང་བས་རས་སམ་ཤིང་ལ་ནི།། པར་དཀར་སྟེང་དུ་ཁ་ཊྭཱཾ་དང་།། རལ་གྲི་འོང་མ་བྲི་བར་བྱ།། དེ་ལ་གདུ་བུ་གསུམ་གྱིས་བསྐོར།། དང་པོ་@གདོང་གཅུ་གཅིག་པའི་སྔགས། ། གཉིས་པར་སེང་གེའི་སྒྲ་ཡི་སྔགས།། གསུམ་པར་ཧ་ཡ་ཆེན་པོའི་སྔགས།། དེ་རྒྱབ་མེ་ཡི་ར་བ་བྲི།། འདི་ལ་གསོལ་བ་བཏབ་ནས་ནི།། གཡུལ་ངོར་ཁྱེར་ཏེ་ཞུགས་པ་དང་། ། དགྲ་དཔུང་ཆེན་པོ་འབྲོས་འགྱུར་ཏེ།། རང་ཉིད་གཡུལ་ལས་རྒྱལ་བར་འགྱུར།། ལོངས་སྤྱོད་སྤྱིར་ནི་བྱང་བལྟས་བྲི།། དབང་བྱེད་པ་ནི་ནུབ་ཏུ་སྟེ།། གཡུལ་ཟློག་པ་ནི་ལྷོར་བལྟས་བྲི། ། ལྷག་མ་རྣམས་ལ་ཤར་བལྟས་བྲི།། དཀར་སེར་དམར་དང་སྔོ་བ་ཡི།། དབྱེ་བས་ཟས་དང་གོས་ཤེས་བྱ།། འཛུམ་དང་རྔ་མ་དང་དགོད་དང་ཁྲོ།། བཞིན་གྱི་རྣམ་པར་བཤད་པ་ཡི།། སྔགས་དང་སྔགས་ཀྱི་འོད་འཕྲེང་དང་། ། ལྷ་ཡི་ཁ་དོག་དབྱེ་བ་དང་།། སྣོད་ལ་སོགས་པའི་དབྱེ་བ་དང་།། རྒྱན་ཡང་དེ་ལྟར་ཤེས་པར་བྱ།། ཀུན་ཀྱང་རིན་ཆེན་པདྨའི་གདན།། ཁ་དོག་སྣ་ཚོགས་ལྡན་པར་ནི།། སྔགས་ཀྱི་ཡིག་འབྲུའི་ལྷ་རྣམས་བཞུགས།། སྔགས་རྫོགས་ནས་ནི་སྔགས་སུ་དམིགས།། གང་གིས་ཕྱག་རྒྱ་འཆང་བྱེད་ལ།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་དང་།། རིག་པའི་ལྷ་མོའི་ཚོག་རྣམས་དང་། ། འཇིག་རྟེན་འདྲེན་པའི་ཚོགས་བཅས་དང་།། སྤྱན་རས་གཟིགས་དབང་ཚོགས་ཆེན་དང་།། ཁྲོ་བོ་ཚོགས་བཅས་མ་ལུས་དང་།། འཇིག་རྟེན་སྐྱོང་བ་གྲགས་ལྡན་རྣམས།། ཅི་འདོད་ལས་རྣམས་མ་ལུས་པའི། ། གྲོགས་དང་དཔུང་དུ་བྱས་ནས་ནི།། ཚུལ་བཞིན་དུ་ནི་སྒྲུབ་པ་ལ།། བརྩོན་འགྲུས་གང་དང་གང་གིས་ཀྱང་།། ཐེ་ཙོམ་དུ་ནི་མོ་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ལས། ཕྱག་རྒྱ་ལ་བརྟེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་མཁའ་ལ་གཤེགས་པ་ཡི།། རིག་པ་འཛིན་པའི་དྲང་སྲོང་མཆོག། མཚན་དཔེ་དུ་མ་རྒྱས་པ་ཆེ།། ཉི་མའི་གོང་བུ་ཞེས་བྱ་བ།། དྲང་སྲོང་རྗེ་དཔོན་ཚོགས་ཀྱི་མཆོག། འགྲོ་དོན་རྫོགས་མཛད་ཐུགས་རྗེ་ཅན།། སྤྱན་རས་གཟིགས་དབང་མགོན་པོ་ལ།། སངས་རྒྱས་ཚིག་གིས་འདི་སྐད་གསོལ། ། ཨོཾ། འོད་ཟེར་དུ་མཐེར་ཟུག་གི། སྲིད་འདམ་སྟུག་པོ་སྐམ་བྱེད་རྒྱལ།། ཡོན་ཏན་ཡེ་ཤེས་ཀྱིས་བརྒྱན་སྐུ།། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ།། གསུང་སྙན་ཡན་ལག་བརྗོད་བྲལ་ཆོས།། བག་ཆགས་རི་བོ་སྙིལ་མཛད་རྒྱལ།། སྐྱེ་འགག་བྲལ་སྟོན་སྡེ་སྣོད་གསུམ།། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ།། སྐྱེ་འགག་གནོད་བྲལ་མཉམ་གཞག་པ། ། ཏིང་འཛིན་ཤེས་རབ་འཕེལ་མཛད་རྒྱལ།། ཡེ་ཤེས་གཟིགས་པ་མཐའ་ཡས་ཐུགས།། མགོན་པོ་སྤྱན་རས་གཟིགས་ཕྱག་འཚལ།། སྣ་ཚོགས་སྨན་དང་སྔགས་སྦྱར་ནས།། ལྷ་ཡི་གོང་བུའི་རིལ་བུ་ནི། ། འཇིག་རྟེན་འཇིག་རྟེན་འདས་པ་ཡི།། དངོས་གྲུབ་མ་ལུས་རྫོགས་པ་ཡི།། ཐུགས་རྗེའི་ཉི་མ་ལྷམ་མཛད་པའི།། མགོན་པོ་པདྨས་བཤད་དུ་གསོལ།། འགྲོ་རྣམས་མ་རིག་འདམ་ལ་ཞེ་ན། ། སྲིད་པའི་ཐག་པས་རྒྱ་གྲམ་བཅིངས།། འདོད་ཆགས་ཞེ་སྡང་མུན་པས་གཡོགས།། ང་རྒྱལ་ཕྲག་དོག་ཆུ་བོས་གཡེངས།། ངན་རྟོག་ལོག་ལམ་གཡང་སར་ལྷུང་།། བག་མེད་སེར་སྣའི་དུག་གིས་མྱོས། ། སྡིག་པའི་གྲིབ་མས་རྣམ་པར་རྒྱལ།། བག་ཆགས་ཐུམ་པོའི་རི་བོས་མནན།། མགོན་ཁྱོད་ཐུགས་རྗེས་ངལ་བ་མེད།། ཉེས་པའི་རྒྱ་མཚོ་བསཔ་བའི་ཕྱིར། ། ཤེས་རབ་ཐབས་འབྱུང་བཤད་དུ་གསོལ།། དེ་ནས་འཇིག་རྟེན་མགོན་པོ་རྗེ།། ཐུགས་རྗེ་ཐུགས་དཔག་མངའ་བ་ཡི།། ཐུགས་དམ་རྫོགས་པའི་འབྲས་བུར་བཅས།། ཁྱད་པར་གསུང་འདི་བཀའ་སྩལ་ཏོ། ། མཐའ་དག་གཟུགས་སྒྲ་ཐོས་པ་དང་།། རྫུ་འཕྲུལ་བསྒྱུར་དང་གཞན་སེམས་ཤེས།། འདས་དང་མ་འོངས་དོན་ཤེས་དང་།། མཐའ་ཡས་ཤེས་དྲུག་ལས་སྤྱོད་པ།། དངོས་དང་རྟགས་དང་ཆ་མཐུན་གྱིས། ། རྣམ་པ་བཅོ་བརྒྱད་དག་ཏུ་འགྱུར།། ཕྲ་དང་ཡང་དང་མཆོད་པར་བྱ་བ་དང་།། བདག་པོར་གྱུར་དང་དབང་དུ་འགྱུར་བ་དང་།། གར་ཡང་ཕྱིན་ཡང་འདོད་དགུར་ལྡན་པ་དང་།། དགའ་མགུར་གནས་ཏེ་དབང་ཕྱུག་ཡོན་ཏན་ནོ། ། རྣམ་པ་བརྒྱད་ཀྱི་དཔེ་བྱ་ཡིས།། ལོངས་སྤྱོད་དབང་དང་ལུས་ལ་དབང་།། ཚེ་ལ་དབང་དང་རྐང་མགྱོགས་དང་།། ཆུ་ལ་མི་བྱིང་མཁའ་ལ་འགྲོ།། ས་འོག་འགྲོ་དང་མི་སྣང་བ། ། ཞི་རྒྱས་དབང་དང་མངོན་སྤྱོད་སོགས།། དངོས་པོ་གང་དང་གང་བསྒྲུབས་རྣམས།། རིལ་བུ་ལས་ནི་འབྱུང་འགྱུར་གྱིས།། གཞན་ནི་མྱུར་དུ་འགྲུབ་མི་འགྱུར།། བྱང་ཆུབ་སེམས་དཔའི་རིལ་བུ་ནི། ། མཚམས་མེད་ལ་སོགས་བྱེད་པས་ཀྱང་།། རྙེད་མ་ཐག་ཏུ་དངོས་གྲུབ་འགྱུར།། ཉེ་དང་དབང་ལྡན་ལྷ་ཡི་སྲས།། མ་མོས་དབང་དུ་བྱས་གྱུར་ནས།། འབྱུང་པོ་ཤ་ཟ་ལྷ་མིན་མི། མ་མོ་མཁའ་འགྲོ་འབྱུང་པོ་ཀླུ།། དུད་འགྲོ་ལ་སོགས་རྫོགས་གཟུགས་ཅན།། སེམས་ཅན་གཞན་ལྟ་སྨོས་ཅི་དགོས།། དངོས་གྲུབ་བཟང་པོ་འདོད་པ་ཡིས།། ཁྱད་པར་རིལ་བུ་འདི་བསྒྲུབ་བྱ།། གིའུ།། ཝང་དང་ནི་ལིག་བུ་མིག། ལྡེ་ང་རོས་བཟང་པོར་སྦར་བ་ཡིས།། རིལ་བུ་རྒྱ་སྲན་ཚད་བྱས་ནས།། སྣོད་གཙང་ནང་དུ་གཞག་པར་བྱ།། སྐུ་ཡི་མདུན་དུ་སྔགས་བརྗོད་ན།། སྟན་ཆད་མ་མཐོང་སྣང་བའམ།། ། སྒྲ་ཐོས་སམ་ནི་བདེ་གཤེགས་གཟུགས།། ཡིད་འོང་མངོན་དུ་བྱུང་བ་སོགས།། མར་ངོ་གསུམ་གྱིས་འབྱུང་བར་འགྱུར།། དེ་ནས་ཟླ་བ་གཟས་བཟུང་ཚེ།། ཅི་འབྱོར་མཆོད་དེ་སྙིམ་པར་བཅུག། བཟླས་བརྗོད་བྱས་ནས་ཉི་ཤར་ན།། དུ་བར་འཐུལ་དང་དྲི་ཅན་འགྱུར།། དུད་འཐུལ་ལུས་ལ་བྱུགས་པས་ཀྱང་།། སྣང་བ་དང་འོད་གཟུགས་ཅན་དང་།། འཛམ་གླིང་ཕྱོགས་རྣམས་རྒྱུ་བ་དང་།། ལོངས་སྤྱོད་ཆེ་དང་ལྡན་འགྱུར་ཏེ། ། ཤི་འཕོས་དགའ་ལྡན་གནས་སུ་སྐྱེ།། དྲི་མ་ཙམ་གྱིས་ལུས་བྱུགས་ཀྱང་།། འགྲོ་བ་ཐམས་ཅད་དབང་བྱེད་ཅིང་།། ཐོས་པ་འཛིན་ཅིང་སྒྱུ་རྩལ་མཁས།། ཤི་ནས་འཛམ་གློགྲོང་འདི་ཉིད་དུ། ། སྣང་ལོ་ཅན་གྱི་གནོད་སྦྱིན་ནི།། འཁོར་བ་གཞོན་ནུའི་རིགས་སུ་མྱེ།། ཡང་ན་མི་ཡི་རྒྱལ་པོ་བམ།། གླང་པོ་ཉིད་དུ་སྐྱེ་བར་ངེས།། འབར་བ་ལུས་ལ་བསྐུས་ན་ལྟ།། རིག་སྔགས་འཆང་ལུས་ཉི་ཤར་མདོག། བསྐལ་པར་གནས་ཏེ་འདོད་དགུར་སྤྱོད།། འཇིག་རྟེན་ཀུན་ཏུ་ཐོགས་མེད་རྒྱུ།། མཁའ་ལྡིངས་འོག་ཆུ་བྲན་འགྲོ།། སངས་རྒྱས་ཀུན་ནས་ཕྱིན་ནས་ཀྱང་།། དབང་པོར་གནས་ཏེ་རྒྱལ་པོར་གནས། ། སྤྲུལ་པའི་རྫས་ཀྱིས་བདེ་གཤེགས་མཆོད།། འདོད་ནས་ཤི་འཕོས་འཇིག་རྟེན་ཁམས།། གཞན་འདས་སངས་རྒྱས་དག་ཏུ་སྐྱེ།། འཇིག་རྟེན་འཇིག་རྟེན་འདས་པ་ཡི། ། བདག་ཉིད་ཡིད་དུ་འོད་འདོད་པས།། གུར་ཀུ་ར་ག་པུར་གླ་རྩི་དང་།། གིའུ་ཝང་བསྲེགས་ནས་སྔགས་སྟོང་བཟླས།། བརྡུངས་ཏེ་ཕྱེ་མར་བྱས་ནས་ཀྱང་།། སྔགས་སྟོང་བཟླས་ཏེ་ཆུ་གཙང་གིས།། རིལ་བུ་རྒྱ་སྲན་ཚད་བྱས་ནས།། རེ་རེ་ལ་ཡང་སྟོང་སྟོང་བརྗོད།། རླུང་དང་ཉི་མ་མ་རེག་པར།། བསྐམས་ནས་གནོད་གཙང་གཞག་པར་བྱ།། རིལ་བུ་ཙམ་ཞིག་མུར་ན་ཡང་།། རྒྱལ་པོ་བློན་པོ་འཁོར་བཅས་ཀྱིས། མཐོང་ན་བུ་བཞིན་གཟིགས་འགྱུར་ན།། ཐ་མལ་སྐྱེ་བོས་སྨོས་ཅི་དགོས།། ནོར་རྣམས་གཞན་གྱིས་སྟེར་བ་དང་།། བསྒོ་བ་ལ་ནི་ངག་བཙན་འགྱུར།། ག་པུར་གུ་གུལ་གིའུ་ཝང་དང་། ཙན་དན་གན་ད་བརྡ་དང་།། གླ་རྩི་དག་སྟེ་ཆ་མཉམ་དུ།། རེ་རེ་སྔགས་སྟོང་བཟླས་ནས་སུ།། བརྡུངས་ཏེ་རིལ་བུ་བྱས་པ་དག། གཡོན་པའི་ཞལ་ལ་གདགས་པར་བྱ།། བདུན་ནས་ཉ་ཡི་བར་དུ་ནི།། སྔགས་བཟླས་པ་དང་མཆོད་པར་བྱ། ། བདུགས་པས་ནད་དང་གདོན་རྣམས་སེལ།། མིག་ལ་བྱུགས་པས་རྒྱལ་པོ་དང་།། རྒྱལ་མོ་བུ་དང་བུ་མོ་དང་།། བློན་པོ་ལ་སོགས་དབང་དུ་འགྱུར།། ཁར་བཅུག་ཙམ་གྱིས་གྲོལ་བར་འོང་།། གདམ་པ་ཐམས་ཅད་དོན་ཡོད་འགྱུར། ། སྤྱི་བོར་བཏགས་ན་བྱད་སྟེམས་དང་།། གཡུལ་ལས་ཤིན་ཏུ་རྒྱལ་བར་འགྱུར།། གལ་ཏེ་ཕྱེ་མས་བདུགས་པས་ཀྱང་།། སྡིག་པ་ཐམས་ཅད་འབྱང་འགྱུར་ཏེ།། ཀུན་གྱིས་མཐོང་དང་དགའ་བ་དང་། ། གཟི་བྱིན་པ་ཕགས་པ་ཀུན་གྱིས་མཆོད།། ག་པུར་གླ་རྩི་གུར་ཀུམ་དང་།། ཙན་དན་གླ་རྩི་ཀ་ཀོ་ལ།། སྤོས་ཀྱི་རྒྱལ་པོ་པདྨ་དང་།། ཨུཏྤལ་སྔོ་དང་ཙན་དན་དམར།། རེ་རེ་ལ་ཡང་སྟོང་བཟླས་ནས། ། ཆ་མཉམ་ཕྱེ་བའི་གིའུ་ཝང་བཅས།། རིལ་བུ་ཙ་ན་ཀ་ཚད་བྱ།། གྲིབ་བསྐམས་བྱས་ནས་ལུས་ལ་འཆང་།། གླིང་བཞི་ཀུན་ཁྱབ་རྒྱལ་སྲིད་འཐོབ།། ཀྲ་ཀུ་ལ་ཡི་ཐང་ཆུ་དང་།། ལྡོང་རོས་བེ་དང་ཨུཏྤལ་སྔོ། ། རྒྱ་མཚོ་བུ་བ་གི་བུ་ཝ་དང་།། ཡུང་དང་སྦྱར་བ་གུར་ཀུམ་དང་།། ག་པུར་དང་ནི་གླ་རྩི་གསུམ།། རེ་རེ་ལ་ཡང་སྔགས་སྟོང་བཟླ།། དེ་ནས་སྐུ་ཡི་མགུལ་བཏགས་ཏེ།། སྟོང་བཟླས་ཐལ་ནས་རིལ་བུ་བྱ།། མིག་ནད་སེལ་ན་ཆུ་དང་སྦྱར།། སོནད་ལ་ནི་ཀ་ཀ་རུ།། རྣ་བའི་ནད་ལ་རུ་རྟ་སྟེ།། ཨུཏྤལ་མུ་ཏིག་མིག་ནད་ལ།། གྲེ་བའི་ནད་ལ་བ་ཤ་ཀ། གློ་ནད་ལ་ནི་བ་ལེ་ཀ། ཤ་ཀ་ར་ཡི་ཐང་དང་སྦྱར།། རླུང་ནད་ལ་ནི་མར་དང་སྦྱར། ། མཁྲིས་ནད་ལ་ནི་ཏིག་ཏ་དང་།། བད་ཀན་ལ་ནི་ལྒ་དང་སྦྱར།། མཛེ་ནད་ལ་ནི་དུག་མོ་ཉུངས།། མ་ཞུ་བ་ལ་ཁ་རུ་ཚྭ།། སྐྲངས་ནད་རྣམས་ལ་ཐུག་པོ་ཆེ།། བགེགས་དང་ཡམས་ནད་སེལ་བ་ལ།། གུ་གུལ་དང་བཅས་བདུག་པར་བྱ། ། རིལ་བུའི་ཡོན་ཏན་མཐའ་ཡས་ནི།། ནམ་ཡང་བརྗོད་པར་མི་ནུས་སོ།། གུ་གུལ་ལ་ནི་སྟོང་བཟླས་པའི།། རིལ་བུས་བགེགས་ཚོགས་སེལ་བར་བྱེད།། ཀེ་སུ་རྩ་དང་སྒེའུ་གཤེར་དང་།། བ་ལ་ཏ་ཀ་ཚ་བ་གསུམ།། སེར་པོ་མུ་ཟི་ཕྱེ་མ་རྣམས།། སྦྲང་རྩི་དང་བསྲེས་རིལ་བུ་བྱ།། པདྨ་གར་དབང་སྔགས་སྟོང་བཟླས།། ཟློས་པ་ཙམ་གྱིས་ལུས་རྒྱས་ཏེ།། ནད་དང་གདོན་དང་དགྲས་མི་ཚུགས།། འདོད་རྣམས་ཐམས་ཅད་འགྲུབ་པར་འགྱུར། ། ཏ་ཀའི་རྩ་བ་བ་རུ་ར།། སྐྱུ་རུ་ར་དང་ཏིལ་ཏི་ལ།། མཉམ་བྱས་སྲིན་བྱའི་ཁྲག་དང་ནི།། རིལ་བུ་བྱས་ནས་མིག་ལ་བྱུགས།། ཀླུ་དང་ཡི་དགས་ཁང་པ་དང་། ། ས་འོག་ཐམས་ཅད་མཐོང་བར་ངེས།། བྱིས་པ་ཟླ་བ་གསུམ་པའི་ལྕེ།། ཉིན་གཅིག་སྤྲོས་ཕོར་ནང་དུ་བཞུག། གཉིས་པ་རའོ་གསུམ་དང་འབྱུང་།། བཞི་པ་རལ་བུ་ཚིལ་ཆེན་གཙོ། ལྔ་པ་སྦྲང་རྩིའི་ནང་དུ་སྟེ།། དྲུག་པ་དངུལ་ཆུའི་ནང་དུ་གཞག། བདུན་པ་རིགས་ངན་ཐོད་པར་ནི།། བྱི་ལའི་ཁྲག་གིས་བསྐས་ལ་གཞག། བསྐམས་ནས་བྱ་དང་སྤང་ཀུའི་ཤ། ལྷན་ཅིག་རང་གི་ཁར་བཅུག་ན། ། དེ་མ་ཐག་ཏུ་མི་སྣང་འགྱུར།། གཞན་ཡང་ཡོན་ཏན་དཔག་ཏུ་མེད།། ལྡོང་རོས་གྱེན་དུ་བཅས་པ་དང་།། ཛཱ་ཏི་ལོ་མ་ས་བོན་བཅས།། རིལ་བུ་སྔགས་སྟོང་བཟླས་པ་ཡིས།། བར་སྣང་ལ་ནི་འགྲོ་བར་ངེས། ། པན་དུ་མ་དང་ཀི་རམ་དང་།། མ་ཀ་རི་དང་སུ་མི་ཏམ།། པྲ་པན་ཏ་མའི་རིལ་བུ་ནི།། ཉི་ཟླ་གཟས་བཟུང་དུས་སུ་མིད།། ཤེས་རབ་ཕུལ་དུ་འབྱུང་བ་སྟེ།། ཐོས་པ་འཛིན་འགྱུར་སྨོས་ཅི་དགོས། ། གཱིའུ་ཝང་སྭཱ་ཧཱ་ཙ་ནི་དང་།། སྲེ་ཏ་སྦྲང་གི་རིལ་བུ་བྱ།། སྔགས་སྟོང་བཟླས་ནས་ཁར་བཅུག་ན།། འདས་པའི་དོན་རྣམས་ཤེས་པར་འགྱུར།། གིའུ་ཝང་སུག་པ་ཡི་དང་།། བ་ར་སྭ་ཏ་ཧ་སུ་རི། ། ཨ་ར་ཧུ་རི་སྦྲང་རྩིར་བཅས།། རིལ་བུ་བྱས་ནས་སྔགས་སྟོང་བཟླས།། མིད་པས་མ་འོངས་དོན་རྣམས་ཤེས།། གཞན་ཡང་ནད་འདོད་བྱེད་པ་ཡི།། རིལ་བུ་ཆེན་པོ་བཤད་པར་བྱ།། རྒྱལ་དང་རྣམ་རྒྱལ་ན་གུ་ལ།། ཀན་དྷ་ན་གུ་ལི་དང་ནི།། རུ་ཎི་ཨ་བ་ཡ་བ་ནི།། ཨི་པ་ཡ་ན་ཏ་ཀ་ར།། གན་དྷ་ཀ་དང་པྲི་ཡང་ཀུ།། འཁོར་ལོ་ཆེ་དང་འཁོར་ལོ་དང་།། བིཥྚ་ཀ་ཊི་དེ་བཞིན་དུ།། སོ་མ་ར་ཙ་ཨུན་ན་ཏི།། རེ་རེ་ལ་ཡང་སྔགས་པ་ཕྲེང་དང་།། བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ།། དེ་ནས་བརྡུངས་ཏེ་སྦྲང་དང་བཅས།། བྱིས་པ་ལ་ནི་དཔུང་པར་ཏེ།། བུ་འདོད་མོ་ལ་མགུལ་པོ་ར་གདགས།། འདི་བཏགས་པ་ཡི་དེ་མ་ཐག། འཇིགས་པ་བརྒྱད་དང་ནད་ལས་གྲོལ།། བ་མར་ཤུ་དག་པ་ལྕིར་བཅས།། ལྕགས་ཀྱི་སྣོད་དུ་བཙོས་པ་ཡི།། རིལ་བུ་ཨ་མྲའི་འབྲས་བུ་ཙམ།། སྔགས་འདི་སྟོང་ཕྲག་བརྒྱད་བརྗོད་དེ།། ཕྱིས་ནི་ཉི་ཤུ་གཅིག་བརྗོད་ནས། ། སྔ་བར་མིང་བས་ཤེས་རབ་འཕེལ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཤུད་དྷེ་མྲྀ་ཏཾ་བ་ལ་བཾ་དྷ་ནི་སྭཱ་ཧཱ། སྲོད་དང་ཐོ་རངས་དགེ་སྦྱོང་དང་།། དལ་སྨྲ་གསོང་པོ་དུལ་བག་ཅན།། ཁྲུས་ལ་དགའ་ཞིང་དྲི་བཟང་བསྟེན།། སྤྱོད་ལམ་རབ་ཞི་ཁྲོ་བ་མེད།། རྟག་ཏུ་སྔགས་བརྗོད་བརྩེ་སེམས་ཅན།། སྤྱན་རས་གཟིགས་དབང་ལ་ཆེར་དད། ། གདུང་བག་གདོང་ལ་མཆི་མ་ཅན།། ལུང་ཐོབ་བླ་མར་རབ་དགའ་བའི།། སྐྱེས་མཆོག་དེ་ལ་རབ་དགེ་ཞིང་།། འཇིག་རྟེན་སྐྱོང་གི་ལྷ་རྣམས་དང་།། འབྱུང་པོ་ལ་སོགས་སྨོས་ཅི་དགོས། ། རྟག་པར་རང་གི་ཡིད་ལ་ནི།། སྙིང་པོ་གསང་སྔགས་བཅང་བར་བྱ།། ཉེ་བའི་སྙིང་པོ་ལུས་དག་པའི།། ལྷ་ཡང་རང་ལ་ཉེ་བར་བྱེད།། རྩ་བའི་སྔགས་རྣམས་བརྗོད་མང་བ།། ཁྲི་དང་། འབུམ་དང་ས་ཡ་དང་།། ས་ཡ་གསུམ་དང་དྲུག་བརྗོད་དེ།། ཁ་ཅིག་ལ་ཡང་བཞི་དང་ནི།། ལྔ་ཙམ་གྱིས་ནི་དེ་གྲུབ་ཡིན།། ལས་ལ་སྦྱར་བ་བདུན་དང་ནི།། བཅུ་བཞི་ཉི་ཤུ་རྩ་གཅིག་དང་བརྒྱ་དང་དེ་བཞིན་སྟོང་གིས་རྫོགས། ། དེ་མ་ཐག་ཏུ་ཆུ་བི་ཡིན་ཏེ།། ཅུང་ཟད་པ་ནི་མར་གྱིས་བྱ།། བརྟན་པར་འགྱུར་བ་ཀ་ར་སྟེ།། ཆེས་བརྟན་པ་ལ་སྲད་བུ་ཡིན།། སྨན་དང་སྔགས་ཀྱིས་སེལ་བྱེད་དེ།། རིལ་བུས་རིང་དུ་སྐྱོད་བྱེད་ཡིན།། སྔགས་སྒྲུབ་པ་ལ་མི་མོས་པའི།། བདུན་དུ་རྩོམ་ན་དེ་དག་རྣམས།། དེ་སྐད་གསུངས་པའི་དེ་མ་ཐག། རྡོ་རྗེ་སྙིང་པོ་ཉི་འོད་དང་།། པད་དཀར་རིན་ཆེན་སྙིང་པོ་དང་།། པད་སྤྱན་གཟིགས་ཀྱི་སྙིང་པོ་དང་།། ཡེ་ཤེས་དབང་ཕྱུག་པར་དབང་ཕྱུག། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས།། རང་རང་སྡེ་དཔུང་སྔར་བཅས་པ།། འཁོར་གྱི་དཀྱིལ་འཁོར་ཆེན་པོ་རྣམས།། འཇིག་རྟེན་དབང་ལ་ཆེར་དམིགས་ནས།། མཆོད་པའི་ཚོགས་རྣམས་བཀྲམ་བྱས་ཏེ།། རིན་ཆེན་རིགས་ལས་འཁྲུངས་པ་ཡི།། མཆོད་པས་ནམ་མཁའི་གཏོར་རབ་བཀང་།། རོལ་མོ་དུ་མ་ལྷབ་ལྦུ་དང་། ། སིལ་སྙན་ལྷ་ཡི་ཚོགས་རྣམས་ཀྱིས།། སྤྲིན་མཛེས་ཚོགས་རྣམས་རབ་འཁྲིགས་ལྟར།། བཀོད་པ་མཐའ་ཡས་བཤམ་བྱས་ཏེ།། དེ་ནས་བྱང་ཆུབ་སེམས་དཔའི་ཚོགས།། མགོན་འགྱུར་ཡེ་ཤེས་མངའ་བ་རྣམས། ། སྤྱན་རས་གཟིགས་དབང་གསུང་སྙན་ལ།། ཡི་རང་སྐྱེས་ནས་མཚན་ཆེན་བརྗོད།། སྤྱན་རས་གཟིགས་དབང་མཆོད་རྟེན་ཆེ།། འཇིག་རྟེན་དབང་པོ་དབང་ཕྱུག་ཆེ། ། པདྨ་སེམས་དཔའ་པད་འབྱུང་ཆེ།། རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ།། དག་པ་ཆེན་པོ་ཆོས་རྒྱལ་གཙོ།། བློ་གྲོས་ཆེན་པོ་སེམས་དཔའ་ཆེ།། པདྨ་འཆང་བ་པདྨ་དཔལ།། པདྨའི་མགོན་ཁྱོད་ཕྱག་འཚལ་ལོ། ། པདྨ་ལས་བྱུང་དམ་པའི་ཡིད།། པདྨ་གསལ་མཛད་དགའ་མཛད་པོ།། པདྨའི་རྡོ་རྗེ་དམ་པའི་སྐུ།། ཁྱོད་མཆོག་སྤྱན་ལ་ཕྱག་འཚལ་ལོ།། སྣང་བ་ཀུན་ཆེན་ཐབས་པོ་ཆེ།། ཆེཚེ་མཉམ་དགའ་བ་དགོངས་པ་ཆེ། ། དཔའ་བོ་ཆེན་པོ་བརྟན་ཆེན་རྒྱལ།། བདེ་བ་ཆེན་པོ་ཁྱོད་ཕྱག་འཚལ།། བསམ་ཆེན་མཁྱེན་ཆེན་ཐེག་ཆེན་པོ།། རྣལ་འབྱོར་ཆེན་པོ་མེས་ཆེན་པོ།། བདེ་སྩོལ་བདེ་མཛད་དགའ་མཛད་ཆེ། ། པདྨ་རྒྱས་ཞལ་ཕྱག་འཚལ་ལོ།། ཆོས་མངའི་དོན་མངའ་པདྨ་རྒྱལ།། དག་པ་ཆོས་མངའ་ཆོས་མཆོག་འཛིན།། རྨད་བྱུང་ཆེན་ལྡན་ཆོས་རབ་འཆང་།། ཆོས་ཀྱི་ཚོགས་ཁྱོད་ཕྱག་འཚལ་ལོ།། སངས་རྒྱས་སེམས་དཔའ་མཆོག་སེམས་དཔའ། ། རིན་ཆེན་སེམས་དཔའ་ཆོས་སེམས་དཔའ།། དམ་ཚིག་སེམས་དཔའ་ལས་སེམས་དཔའ།། ཀུན་མཁྱེན་སེམས་དཔའ་ཁྱོད་ཕྱག་འཚལ།། འཇིག་རྟེན་དཔའ་བོ་དཔའ་བོཔོ་མཆོག། རྣམ་པར་གཟིགས་གཙོ་སྐྱོབ་མཛད་ཆེ།། འཇིག་རྟེན་གསལ་མཛད་འཇིག་རྟེན་དོན།། འཇིག་རྟེན་མགོན་ཁྱོད་ཕྱག་འཚལ་ལོ།། འཇིག་རྟེན་ཡི་གེ་ཁ་དོག་ཆེ།། ཡི་གེ་ཆེ་མཚུངས་ཡིག་དྲུག་མཆོག། ཡི་གེའི་རང་བཞིན་ཡི་གེ་གཟིགས།། ཡི་གེ་འཁོར་ལོ་ཁྱོད་ཕྱག་འཚལ།། པདྨའི་ཕྱག་རྒྱ་པདྨའི་ལག། ལེགས་སོ་སྦྱིན་མཛད་དབུགས་སྦྱིན་པའི།། སངས་རྒྱས་ཚོགས་ཏེ་སངས་རྒྱས་ཆོས།། སངས་རྒྱས་ཆེ་ཁྱོད་ཕྱག་འཚལ་ལོ། ། ཚད་མེད་ཆེ་སྐུ་སངས་རྒྱས་སྐུ།། གཟུགས་བཟང་འཆང་ལྡན་རྡོ་རྗེ་གཟུགས།། གཟི་བརྗིད་ཆེ་མཆོག་ཆོས་སྣང་བ།། སྣང་བར་མཛད་ཁྱོད་ཕྱག་འཚལ་ལོ།། གཙོ་མགོན་རྒྱལ་པོ་པདྨའི་དཔལ། ། ཆོས་ཀྱི་དཔལ་མགོན་འདྲེན་མཛད་པ།། ཚངས་པའི་མགོན་ཆེན་ཁྱབ་འཇུག་མགོན།། ཚངས་པའི་སྲས་ཁྱོད་ཕྱག་འཚལ་ལོ།། ཆེར་གསལ་གཙོ་བོ་སྣང་བ་མཆོག། འོད་ཆེན་མཛད་པར་རང་གསལ་མཛད། ། སྣང་བ་ཆེན་པོ་ཀུན་གསལ་མགོན།། སྣང་བ་ཁྱོད་ལ་ཕྱག་འཚལ་ལོ།། སངས་རྒྱས་སྤྱན་ཅན་སྤྱན་པོ་ཆེ།། ཆོས་ཀྱི་སྤྱན་ནི་གཟིགས་པ་ཆེ།། ཏིང་ངེ་འཛིན་པོ་ཡེ་ཤེས་མཚོ།། རྡོ་རྗེ་སྤྱན་ཁྱོད་ཕྱག་འཚལ་ལོ།། འདྲེན་པའི་གཙོ་བོ་དབང་སྐྱུར་གཙོ།། མཁན་པོ་ཆེན་པོ་སངས་རྒྱས་སྲས།། རྒྱལ་ཐབས་བརྙེས་པ་ཁྱུ་མཆོག་ཆེ།། སངས་རྒྱས་དཔག་མེད་ཕྱག་འཚལ་ལོ།། དྲག་པོ་ཆེན་པོ་བརྟུལ་ཆེན་པོ། ། ཧ་ལ་ཆེན་པོ་སེང་གེའི་སྒྲ།། མགྲིན་སྔོན་གར་གྱི་དབང་ཕྱུག་གཙོ།། ཡེ་ཤེས་གཙུག་ཏོར་ཕྱག་འཚལ་ལོ།། དེ་ལྟར་མིང་བརྒྱ་རྩ་བརྒྱད་གང་།། འཆང་ལ་ནད་མེད་བགེགས་མེད་དེ། དཔལ་འབྱོར་འཇིག་རྟེན་དབང་ཕྱུག་མཐོང་།། ཡང་ཡང་ལྷར་སྐྱེ་མྱ་ངན་འདའ།། དེ་སྐད་གསུངས་ནས་བློ་ལྡན་རྣམས།། རང་རང་གདན་ལ་རྣམ་པར་འཁོད།། དེ་ཚེ་ཕྱོགས་བཅུ་རྣམ་པར་གཡོས།། བདུད་རིགས་ཐམས་ཅད་མོག་པོར་གྱུར། ། དེ་ནས་གཟུངས་ཀྱི་དབང་ཕྱུག་གིས།། བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ།། རྟོགས་པའི་ཡེ་ཤེས་ངོ་བོ་ཉིད།། ང་ཡི་མཚན་ཉིད་འདི་གསུངས་སོ།། ཀུན་ཏུ་བཟང་པོའི་སྤྱད་ཚུལ་ཅན།། དཀར་ལམ་བཅུ་པ་རྣམ་སྤྲོ་བ།། སེམས་ཅན་གང་དུ་འདོད་སྦྱོར་བའི།། རིགས་ནི་རིགས་ཆེན་ཐམས་ཅད་པའོ།། ལུས་ངག་ཡིད་བཅུ་སྤྱོད་བཅུ་ནི།། རྒྱུན་མི་འཆད་དུ་སྦྱོར་མོད་ཀྱང་།། རགས་པ་ཡི་ནི་གཟུགས་བརྙན་མཐུས། ། སྔགས་སྦྱོར་གསང་སྔགས་འཛིན་པ་ཡི།། ལྷ་ལ་གོམས་པ་ལྷ་མཐོང་ངམ།། མངོན་ཤེས་དང་པོ་སེམས་གསལ་བས།། མཁའ་མཉམ་སེམས་ཀྱི་རྫུ་འཕྲུལ་ཆེ།། སེམས་སྣང་རིག་པ་འཛིན་པའི་ས།། མཚན་མ་ཕོ་མོ་ལ་སོགས་པའི།། མངོན་ཤེས་འཇིག་རྟེན་གསལ་མཐོ་བས།། འཇིག་རྟེན་འདས་པའི་སྙིང་པོ་སྟེ།། བརྟན་པའི་ཡེ་ཤེས་ལས་བྱུང་བའོ།། དམ་ཚིག་སྡོམ་པ་མཁའ་མཉམ་སྤྱོད།། སེམས་དང་སེམས་དཔའ་དབྱེར་མེད་དང་། ། ཞི་ལམ་སྒྲོ་སྐུར་ཆད་པ་དང་།། སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ།། བཞི་བཞི་ལྷུན་གྱིས་གྲུབ་པ་དང་།། རྟེན་འབྲེལ་ཟབ་དོན་མངོན་གྱུར་པ།། འཇིག་རྟེན་འདས་པའི་རིགས། ཀུན་མཆོག། མཚན་མེད་ཏིང་འཛིན་ལ་གནས་ནས།། རྩོལ་བཅས་གཞན་དོན་སྒྲུབ་པ་དང་།། རྩོལ་མེད་ཤུགས་ཀྱིས་བདེ་འབྱུང་དང་།། ངེས་ཚིག་ཆོས་དོན་སྤྲོས་པའི་མཐའ།། རྫུ་འཕྲུལ་དུ་མ་སྤྱོད་ཡུལ་ལ།། རིགས་ཆེན་ཡོངས་སུ་གྲུབ་པའིས།། མཁའ་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་།། སེམས་ཀྱི་སྣང་བ་དུ་མར་བསྒྱུར།། དངོས་རྣམས་སྤྲོས་སྤང་བསྡུ་སྤྱོད་པ།། རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིས།། ཆོས་སྐུ་ཀུན་སྣང་ཀུན་ཏུ་འོད། ། བདེ་སྐུར་སྣང་བ་པདྨའི་སྤྱན།། ཡི་གེ་འཁོར་ལོ་སྤྲུལ་ཚོགས་ཆེ།། མཚོན་བྱ་མཚན་ཉིད་རྡོ་རྗེ་འཛིན།། ཟག་མེད་ཡེ་ཤེས་བླ་མའི་ས།། འདུ་འབྲལ་མེད་པའི་བདེ་ཆེན་ས།། དེ་ལྟར་དྲུག་ནི་སངས་རྒྱས་ཀྱི། ། ས་ཆེན་བླ་མེད་མཐར་གནས་སོ།། ངོ་བོ་སྤྲོས་མེད་ཆོས་སེམས་པ།། གསང་སྔགས་སྒྲུབ་པའི་རྒྱུ་གཅིག་གོ།། སེམས་ཅན་སེམས་སྙོམས་བྱང་སེམས་འཛིན། ། ངེས་པར་སྒྲུབ་པའི་རྒྱུ་གཉིས་སོ།། སེམས་ཅན་མི་གཏོང་ཚུལ་ཁྲིམས་སྲུང་།། སྔགས་དོན་མི་སྤོང་ཉིད་དང་གསུམ།། རང་གི་སྔགས་གྲུབ་གཞན་གྱི་སྔགས།། བར་མི་གཅོད་དང་འགྲོ་བ་ལ། བྱམས་པ་སྒྲུབ་དང་སྙིང་རྗེ་སྒྲུབ།། སྒྲུབ་པར་བྱེད་པའི་རྒྱུ་བཞིའོ།། དབེན་པ་བསྟན་དང་འདུ་འཛི་སྤོང་།། ཐོས་པ་བསམ་ཞིང་དེ་དོན་སྤྱོད།། ཕྱི་རོལ་སྔགས་སྤོང་ཞི་སྡང་སྐྱོང་།། དེ་དག་སྔགས་སྒྲུབ་རྒྱུ་ལྔའོ།། དད་པ། འདུན་པ་གསོལ་བ་དང་།། ཕྱི་ནང་སྔགས་ལ་མི་སྤྱོད་དང་།། སྤྲོས་མེད་སྟོན་པའི་གཞུང་འཇུགས་དང་།། ཐེག་ཆེན་མདོ་གཞུང་འཛིན་པ་དང་།། སྔགས་གཞུང་ཚོལ་བ་མི་སྐྱོ་དང་།། དགེ་སྦྱོང་བརྩོན་དང་དྲུག་པའོ།། བཟླས་དང་སྦྱིན་སྲེག་མཆོད་གཏོར་བརྩོན། ། ཕྱི་རོལ་དཀའ་ཐུབ་གདུང་མེད་དང་།། སྣོད་བཅུད་འོག་མིན་གནས་ལྷ་དང་།། བུ་མོ་ཕ་རོལ་ཕྱིན་ཡུལ་ལྷ།། འགྲོ་བ་མི་བསླ་ཆོས་མི་འབྱེད།། ཐེག་དམན་མི་ལེན་པ་དང་བདུན།། ཉན་ཐོས་རང་རྒྱལ་བློ་ལྡན་དང་། ། རིག་འཛིན་རྫུ་འཕྲུལ་ཐེ་ཙོམ་མེད།། ལྷ་དང་བླ་མའི་བསྙེན་བཀུར་དང་།། དབང་བསྐུར་ལུང་ནོད་སྤྲོ་བ་དང་།། སེར་སྣ་མེད་དང་གཏོང་ལ་དགའ།། གསང་བ་དགའ་ཞིང་མི་གཡེང་དང་།། གཟི་བརྗིད་དབང་ཆེའི་ལུས་ཐོབ་དང་། ། གྲགས་ཀུན་བློ་ལྡན་བརྒྱད་པོར་བལྟ།། སྐུར་པ་མེད་ཅིང་བདེན་པར་སྨྲ།། བག་ཡོད་ཚུལ་འཆོས་སྤངས་པ་སྟེ།། བརྒྱད་པ་དེ་ཡང་སྒྲུབ་པའི་རྒྱུ།། རྒྱུ་མེད་འབྲས་བུ་ག་ལ་སྲིད།། གང་ཞིག་ལྕགས་ཀྱུ་བཟུང་བས་གཉིས་རེ་ནས། ། ཀླུ་ཕྲུག་འབུམ་ཕྲག་འདྲེན་ལྟར་དགེ་བའི་སེམས།། ཀུན་སློང་བྱང་ཆུབ་རིན་ཆེན་ཐོབ་མཛད་རྒྱུ།། རྟག་པར་འཆང་ན་གནས་འགྱུར་བྱེད་པར་འགྱུར།། དེ་ནས་བཅོམ་ལྡན་ཐུབ་པ་ཆེས། ། བློ་ལྡན་རྣམས་ལ་བཀའ་སྩལ་པ།། ལེགས་སོ་ལེགས་སོ་སེམས་དཔའ་ཆེ།། གང་དག་དེ་དག་དེ་བཞིན་དུ།། བདེ་འདོད་རྣམ་པར་གཡེང་བ་དང་།། དེས་ནི་སྡུག་བསྔལ་མྱ་ངན་འདས།། གདུང་པ་ཆགས་སྡང་འཁྲུག་པ་དང་། ། དེས་ནི་ལོག་པའི་ཆོས་འདོར་ཡང་།། དགེ་སྦྱོང་ལོག་ལྟས་ཚངས་པའི་གདོན།། སྔགས་ལོག་སྤྱོད་བྱེད་རིག་འཛིན་གདོན།། གདུལ་དཀའ་དག་ལ་རྒྱུན་རིངས་སོ།། སྐྱ་ངན་འཇིགས་ཕྱིར་བློ་ཟབ་སྤྱོད། ། གང་གི་ཁྱིམ་ན་རྒྱུད་འདི་ཡོད།། བྲི་དང་བཀླག་དང་མཆོད་པ་དང་།། རིམ་གྲོ་ཆད་ཞུགས་ལ་བྱེད་ལ།། བཀྲ་ཤསི་ཚེ་རིང་དཔལ་འབྱོར་བསྐྱེད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩསྤྲུལ་པ་དང་། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་དེ་དང་།། རིག་པའི་ལྷ་མོ་དང་།། ཁྲོ་བོ་དུ་མ་དང་།། ཉན་ཐོས་ཀྱི་ཚོགས་ཐམས་ཅད་དང་།། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་ལས།། སྦྱོར་བ་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། ། །། འཕགས་པ་སྤན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པདྨ་དྲ་བ་ཞེས་བྱ་བ་རྫོགས་སོ།། །

CLOSE WINDOW