Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨཱརྱ་བིགྷྣཱན་བི་ན་ཡ་ཀ་ར་ཏཱ་དྷ་ར། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཚོགས་ཀྱི་བདག་པོ་སུ་གང་ཚོགས་ཀྱི་བདག་པོའི་སྙིང་པོ་འཛིན་པ་དེས་ཆོ་ག་ཐམས་ཅད་དང་དགོངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། ། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ།། ཏདྱ་ཐཱ། ན་མོ་སྟུ་སྟེ། ཀ་ཊ་ཀཊ། མ་ཊ་མ་ཊ། ད་ར་ད་ར། ཊ་ག་ཎ6། གྲིནྟ། བྷཉྫ་བྷཉྫ། ན་མོ་སྟུ་སྟེ། རུ་རུ་ཙ་ཙ་ཡེ་སྭཱཧཱ། ཨ་བྷུ་ཏཱ། བིན་དུཿཁ་ན་མན་ཅོད་དྷ་བར་ས་མ་གཙྪ་ཏི། ཧ་རྒ་ཡ། མ་ཧཱ་ཧསྟྲིདཀྵ་ཏ་ནན། པྲ་གོ་བ་ཡེ་མོ་ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། སུ་རུ་སུ་རུ། ནིམ་ནམ་སྟྲཻཧཱ། ནང་པར་ལངས་ཏེ་སྔགས་ལ་ནི་བདུན་བཟླས་ལ། ཆུ་ཁྱོར་བ་གང་སྟེང་དང་འོག་གི་ཕྱོགས་སུ་གཏོར་ཅིག་དང་། བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། ། གསང་སྔགས་སྒྲུབ་འདོད་པས་སྐུད་པ་དཀར་པོ་ལམ་དུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ལག་པ་ལ་བཅིངས་ན་རིག་སྔགས་འགྲུབ་པར་འགྱུར་རོ།། བགེགས་ཐམས་ཅད་བཅིངས་པར་འགྱུར་རོ།། གང་ན་ཚོགས་ཀྱི་བདག་པོ་སྣང་བ་དེར་སྔགས་འདི་ལན་ཅིག་བཀླགས་ནའང་བགེགས་རྣམས་བར་ཆད་མི་བྱེད་དོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་དེ་དག་ཐམས་ཅད་དགའ་སྟེ། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བགེགས་སེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །
CLOSE WINDOW