| Wylie | e-texts produced with ocr Programm |
། @འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཕྱོགས་བཅུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མ་ལུས་པར་ཁྱབ་ཅིང་། མཆོག་ཏུ་རྨད་དུ་བྱུང་བའི་རྣམ་པར་དག་པའི་བློ་མངའ་བ་རྣམས་ལ་ཕྱག་འཚལ་ལོ།། འཇམ་དཔལ་གཞོན་ནུ་གྱུར་བཐུགས་དྲིམ་དང་སྐྱོན་ཐམས་ཅད་དང་བྲལ་བ། ཡོན་ཏན་ཏམ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པའི་སྐུ། ཞབས་བརྟེན་གྱི་པདྨལ་ལྦ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་དང་། རིག་སྔགས་འབྱུང་རྣམས་ཀྱི་སྦྱོར་ཚུགས་དང་ཅོད་པན་གྷི་རྩེ་མོས་གཏུགས་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ངན་སོང་གི་འགྲོ་བ་སྣ་ཚོགས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨོཾ་བྷོ། མ་ཧཱ་མ་ཎི། རུ་ཙི་ར་ཀ་ལཱ་པ། བི་ཙིཏྟ། མུཀྟ་དཱ་མ། ཨ་ལཾ་ཀྲྀ་ཏ་ཤ་རཱི་ར། པ་ར་མ་སཏྭ་མོ་ཙ་ཀ། ཏ་ཐཱ་ག་ཏ་མ་ཧཱ་དྷརྨ། ཀོ་ཥ་དྷ་ར། པྲ་བ་ར་དྷརྨ། ལབ་དྷ། བི་ཛ་ཡ། སུ་རཏ་བམྦྷོ་ག་པ་དར་ཤ་ཀ། ཀླེ་ཤ་ག་ར། པྲ་ཤ་མ་ཀ། ཤཱུ་ནྱ་ཏཱ་སྭ་བྷཱ་བ། ཨ་ནུ་སྭ་རི། མ་ཧཱ་བོ་དྷི་སཏྭ་བ་ར། བ་ར་ཏ། བ་ར་ཎ་ད་ད། ཨོཾ་མ་ཧཱ་པཱ་ཤ་པྲ་ས་ར། ཨ་ས་མ་ས་མ། ཨ་ནནྟ་ས་མ་ས་མནྟ། བྷ་དྲ། ས་མིནྟ་སནྡྷ་ར། ས་མནྟ་མཱ་ཀ་ར། ས་མནྟ་པྲ་ས་ར། ས་ར་ས་ར། ཧེ་ཧེ་མཉྫུ་ར་བ། མ་ཧཱ་བཛྲ་མ་ཧཱ་ཁཿ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བིར་ཛ་བིར་ཛཱ། ཀརྨ་ཨ་བ་ག་མ་ཀ། ཀུ་རུ་ཀུ་རུ། དྷུ་རུ་དྷུ་རུ། སུ་རུ་སུ་རུ། མྲརུ་མུ་རུ། དྷདྷདྷདྷ། དྷུདྷཪྠརྡྷ། མ་ཧཱ་མཧཱ། མཧཱ་མཉྫ། མོས་ལ་མོ་ཧ་ས། བྷྱོབྷོ། བྷཱི་མ་དྷཱི་མ། ནད་ན། ས་ར་ས་ར། མ་ཧཱ་བོ་དྷི་སཿ། མོ་ཙ་ཡ། མཱ་མནྟ་ཐ། མནུ་སྲྀ་ཨ་པཱ་ལ་དུཿཁན་སུ་ཁ་ད་མ་ཧཱ་བཱ་རུ་ཎི་ཀཱ། ཨནཱ་རྦོ་ཧ~ཾ། དུཿཁི་ཏོ་ཧ~ཾ། སར་ཛོཿ། ཨུ་བིད་དྷ་ཛ~ཾཿ། ཨ་བི་བཀྟོཿ། ཀུམྦི་དོཿ། མཱ་ར་ཎ་ནཱ་མོ་ཧ~ཾ། ཏྲན་བྷ་ག་བཱན་དུཿཁི་ཏཱ་ནཱན། སུ་ལན་དརྠ། ཨ་མཱནྨ། སརྦཱཊྚཀ། ས་ཛས། བྷཱུ་1། ཨུ་བ་ཐུན་ནྡན། ས་རོབ་ཏྲབ། པྲ་ཤམཀ། མ་བཇིག་ཏནན། ཊ་ཤ་ལསནྡྷར། པ་འི་པཱུར་མིཥྚ། བས་ས་ཥྚ་། ། ས་། མམཾ།། ས་པ་དྷིག་ཏན། རྦོཀྐཔ། ཤྭཱ་།། པར་ཤཱན་། སས?་ཞན། སྟེ་པྲ་ཤས་སརྫམས། ཡ་ནྣ་ཧཱ། སཟླས་། ས་རི་བ་རྦཊ། དུ་ལ་ནིམ། ནཱ་ཤས། སརྦ་ཀུ་ཤ་ལ་རྣཾརྨ། པ་རི་པཱུ་མ་མེ། ཨུརྠ། སརྦ་ཀསཾ། ཨ་བ.རཎི། ཀླེ་ཤ་པར་ཏཱམ། བ~ཾ་མ~ཾ་ཀི་ར། མནྟ་བོ་དྷིས་རྦཱ་ས་དྡྷེ་དྷི་བཱི་པཱ་ར་མིདྡ། ཡོ་གམྦེ། སིནྟ་ཛས། ཨཱ་བ་རཿ། ཨུ0f7f། བི་ནཱག་པ་རཛ། སརྦྦ་ཧ་པྲ་ཛཿ། དྷི་རཱིཿ། ས་མ་ཁསམ། ཛྭལ་ནི་ནི་ས་མ། མེ་ནུས་མ། མ་ཧཱ་བ་དྷི་སཏྭཱ། བ་རད་སྭཱཧཱ། རིག་སྔགས་དོན་ཀུན་གྲུབ་པ་འདི། འཇ་པའི་དབྱངས་ཀྱིས་བཤད་པ་ན། ། དེ་མ་ཐག་ཏུ་སེམས་ཅན་རྣམས།། སྐྱེ་དང་རྒ་བཟད་པར་གྱུར།། ངན་འགྲོ་ཐམས་ཅད་ཞི་གྱུར་ནས།། བདུད་ཀྱི་སྡེ་རྣམས་རབ་ཏུ་འདར།། ལྷ་རྣམས་ཐམས་ཅད་རབ་ཏུ་དགའ། ལོག་འདྲེན་རྣམས་ནི་སྐྲག་པར་གྱུར།། སྡིག་བཞི་པར་བྱེད་པ་ཡི།། གཟུངས་འདི་བཤད་པའི་མོད་ལ་ཡང་།། གྲངས་མེད་ཕྲག་ནི་དུང་ཕྱུར་སྙེད།། འཁོར་བའི་བཙོན་ར་དག་ནས་ཐར།། འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། འཇམ་པའི་དབྱངས་ནི་རབ་བསྒྲུབས་ཤིང་།། གང་ཚོ་རིག་སྔགས་བཤད་པ་ན།། བྲག་དང་ནགས་དང་ཚལ་དུ་བཅས།། རྒྱབ་དང་ནི་མི་རྒྱུ་བའི།། ས་གནི་དེ་ཡི་ཚེན་གཡོས།། སངས་རྒྱས་འོད་ཀྱིས་སྣང་བ་ཡིས་ས་ཡི་སྟེང་ཡང་ཁྱབ་པར་གྱུར། ། བགེགས་དང་ལོག་འདྲེན་ཐམས་ཅད་དང་།། སྲིན་པོ་མི་བཟད་གཟུགས་ཅན་རྣམས།། སྟོབས་བཅུ་ལྡན་ལ་ཕྱག་འཚལ་ཞེས།། སྐད་ཕྱུང་ཚིག་ནི་མཐུན་པར་སྨྲ།། ལྷ་རྣམས་ཞི་བའི་ཆ་ལུགས་ཅན། ། ཐམས་ཅད་ཡིད་ནི་དགའ་གྱུར་ནས།། གང་ན་རྡོ་རྗེ་རལ་གྲི་ཆེ།། དེ་ཡི་རླུང་ལྷགས་སྨྲས་པ་ནི།། ཕྱག་འཚལ་མཆོག་སྦྱིན་རྡོ་རྗེའི་མཆོག། འཇམ་པའི་དབྱངས་ནི་སྟོབས་ཆེན་ལ།། ཤུགས་སྟོང་ལྡན་པ་རྒྱལ་བ་ཅན།། བགེགས་ཀྱི་ཡུལ་འཁོར་རབ་འཇོམས་པ།། སྔགས་འཆང་གསང་སྔགས་ཆེན་པོ་འཆང་།། སྣ་ཚོགས་གཟུགས་ཅན་མི་ཡི་བདག། ཤིན་ཏུ་སྟོབས་ལྡན་གཟུགས་མཛེས་འཇིགས། ། དྲག་པོ་དྲག་པོ་རབ་འཇོམས་པ།། གཟི་བརྗིད་གཟི་བརྗིད་མངའ་བའི་དཔལ།། དཔལ་ལྡན་མཉམ་པ་མེད་པའི་དཔེ།། རྡོ་རྗེ་ཅན་དེ་སྙིང་སྦྱོར་བ།། མི་ཤེས་པ་ཡི་རབ་རིབ་སེལ།། སྒེག་པའི་ཆ་ལུགས་མཆོག་མངའ་བ། ། སྐྱེ་དགུའི་བདག་པོ་སྒེག་པར་དགྱེས།། གཞུ་སྟོབས་ཅན་ལ་ཕྱག་རིང་བ།། ཉོན་མོངས་དགྲ་རྣམས་སེལ་བར་མཛད།། མཛེས་པ་ན་བཟའ་སྣ་ཚོགས་གསོལ།། མེ་ཏོག་འཕྲེང་རྒྱན་སྣ་ཚོགས་ཅན།། སྤྱན་བཟང་དབུ་ནི་མཛེས་པ་སྟེ། ། དགྱེས་ཤིང་ན་བཟའ་སྣ་ཚོགས་གསོལ།། འཇམ་པའི་དབྱངས་ཏེ་རབ་ཏུ་བཞད།། དཀར་གནག་འབྱེད་པའི་སྤྱན་མངའ་བ།། ཧ་ཧའི་སྒྲ་ནི་རབ་ཏུ་བསྒྲགས།། རབ་ཏུ་དགའ་བ་སྟོན་པར་དགའ། རྒྱན་ཆེན་གསེར་གྱི་མདོག་དང་ལྡན།། རྒྱ་མཚོའི་སྙིང་པོའི་སྤྱོད་ཡུལ་ཅན།། ཚུལ་མཁྱེན་ཚུལ་ལྡན་འཇིགས་པ་སྟེ།། སྡང་བའི་སྙིང་ནི་འཇིགས་པར་མཛད།། ཆ་ལུགས་སྔོ་བས་སྐྱོང་བ།། ལྷ་ཡི་བདག་པོ་དགའ་བར་མཛད།། འདོད་པའི་ལྷ་སྟེ་འདོད་སེལ་བརྟན།། རྒྱལ་པོ་འཇིག་རྟེན་ས་འཛིན་པ།། བརྟན་པོ་རྣམས་ལ་བརྟན་པར་གྲགས།། ཡོན་ཏན་དག་གི་ཕྱོགས་སུ་བཞད།། བཏུད་པ་ཡིས་བཏུད་ཕྱག་བགྱིས་པ།། རྟག་ཏུ་མཆོད་ཅིང་རྗེད་པ་ལགས།། སྟོབས་པོ་ཆེ་ལ་ཤུགས་ཆེ་བ།། ཕྱག་རིང་གཡུལ་ཆེན་མངའ་བ་པོ།། སྒེག་ཆེན་རྡོ་རྗེ་དམ་པ་སྟེ།། མཛེས་ཤེས་རབ་སྲུང་ངོ་ཚ་ཤེས།། དཀྱིལ་འཁོར་ཆེན་པོའི་སྙིང་པོ་མཆོག། དཀྱིལ་འཁོར་ཆེན་པོ་སྟོན་པ་པོ། ། དཀྱིལ་འཁོར་ཆེན་པོར་གྲགས་པ་སྟེ།། དཀྱིལ་འཁོར་ཆེན་པོ་མཛད་པ་ལགས།། དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན།། ཞབས་ལ་རྗེད་པའི་ཚོགས་དང་ལྡན།། ཧ་ཧ་སྭཱ་ཧཱའི་བདག་ཆེ་བ། མཆོད་པ་ཆེན་པོ་ས་དང་མཉམ།། ཧཱུཾ་གིས་འཇིགས་མཛད་འཇིགས་པ་སྟེ།། འཇིགས་པའི་འོད་ཀྱིས་གསལ་བ་པོ།། ལྷ་དང་ལྷ་མིན་རྣམས་ཀྱིས་བཏུད།། དེ་བཞིན་མཆོད་ཅིང་རི་མོར་བགྱིས།། ཞབས་འབྲིང་གད་རྒྱངས་ཆེན་པོ་ཅན། ། རླུང་དྲག་མུན་པ་སེལ་བར་མཛད།། འཇིག་རྟེན་གསུམ་དུ་སྙན་པར་གྲགས།། གནོད་སྦྱིན་སྲིན་པོས་བསྙེན་བཀུར་བ།། དྲག་པོ་དཀར་མཛད་བདེ་འབྱུང་བ།། མངའ་བདག་གཙུག་གི་ནོར་བུ་ཅན། ། འཛུམ་ཞིང་སྒེག་པར་ཀུན་ཏུ་སྤྱོད།། སྤྲོད་པ་ས་ལྟར་བརྟན་པ་ལགས།། ནོར་བུའི་དཀྱིལ་འཁོར་འོད་མཛེས་པ།། ཉི་མ་གསལ་བ་ལམ་མེ་བ།། ཉི་མའི་འོད་འདྲ་འཇའ་ཁུགས་བཞིན།། ཐ་ལེ་ར་བཞུགས་ཤིང་རྒྱ་ཆེར་བཞད། ། མཐོང་ན་དགའ་ཞིང་དགའ་བར་མཛད།། ནོར་སྦྱིན་དེ་བཞིན་གསང་སྔགས་སྦྱིན།། དབང་ཕྱུག་སྦྱིན་ཞིང་རྒྱལ་སྲིད་སྤྲིན།། གཟུགས་སྤྲིན་དེ་བཞིན་སྟོབས་སྦྱིན་པ།། དཔལ་ལྡན་དཔལ་མཛད་བགེགས། གནོན་རི།། ཀུན་ཏུ་རྨོངས་པ་སེལ་བར་མཛད།། འདུས་པའི་ནང་དུ་གདན་གཤེགས་པ།། ཞབས་ལ་མཆོད་པའི་ཚོགས་བསགས་པ།། དཔུང་རྒྱན་སྙན་ཆ་གདུབ་ཀོར་ཅན།། ནོར་བུའི་རྒྱན་གྱིས་བརྒྱན་པ་སྟེ། རྒྱུ་དང་མི་རྒྱུ་འགྲོ་བའི་སྒྲོན།། རབ་རིབ་སེལ་བར་མཛད་པ་པོ།། སྟོན་པ་སྟོན་མཛད་སྐྱོང་མཛད་པ།། དབང་པོ་མངའ་བདག་དམག་གི་མཆོག། འཇིགས་པ་སེལ་བར་མཛད་པ་སྟེ།། འཇིགས་པ་མེད་པའི་གནས་སྦྱིན་པ། དཀར་བསྔོ་བ་འོད་བཟང་བ།། མགྲིན་སྔོན་གྱི་ནི་སྟོན་པ་ལགས།། ཇི་ལྟར་འདུལ་བ་འདུལ་འགྱུར་བ།། དེ་བཞིན་ཆ་ལུགས་རབ་ཏུ་སྟོན།། ཤེས་རབ་རལ་གྲིས་འདེབས་པར་མཛད།། སྟོང་ཉིད་ཆོས་ནི་ལྷུར་འཛིན་པ། ། བྱམས་པ་མཆོག་དང་ཐ་མ་མཁྱེན།། རྣམ་པར་གྲགས་པ་གསན་པ་ངེས།། རིག་སྔགས་འཆང་བ་རྣམས་ཀྱིས་བསྟོད།། རིག་སྔགས་འཆང་བ་སྟོབས་པོ་ཆེ།། ཤིན་ཏུ་རྣམ་རྒྱལ་འཁོར་ལོས་སྒྱུར།། འཇིགས་མེད་བློ་གྲོས་ཤེས་རབ་ཅན། ། དེ་བཞིན་གཤེགས་པའི་ཆོས་འཛིན་པ།། མགུར་བཟང་དུ་མཛད་ཞི་བ་སྟེ།། ཞི་བའི་ལམ་ནི་སྟོན་མཛད་པ།། ལྷ་དང་ལྷ་མིན་བཅས་པས་བཀུར།། སེམས་ཅན་ཐམས་ཅད་འཇིགས་མེད་མཛད། ། སེམས་ཅན་ཀུན་ལ་རབ་སྟོན་པ།། བརྟན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཀུན་གྱི་བློ་ལ་མཁས།། སྲེད་མེད་བུ་སྟེ་དྲག་ཤུལ་སྟོབས།། མེ་ཡི་འོད་དང་འདྲ་བ་སྟེ།། བྱིས་པའི་སྐུ་མཆོག་མཆོག་སྤྲིན་ལ། རྩེད་མེ་རོལ་མོ་སྟོན་པར་མཛད།། ཕྱག་རྒྱ་མཛད་ཅིང་གསང་སྔགས་མཛད།། བདག་གིར་མི་མཛད་རྟུལ་མེད་བརྟན།། མཁའ་འདྲ་དཔེ་མེད་སྨྲ་མཁས་པ།། བདུད་དཔུང་ངེས་པར་འཇོམས་པ་པོ།། མི་མཆོག་བརྩོན་པ་བསྐྱོང་དུ་མེད། ། དེ་བཞིན་ཐུབ་མེད་རྣམ་པར་རྒྱལ།། བརྟན་པོ་སངས་རྒྱས་དེ་བཞིན་གཤེགས།། མྱ་ངན་མེད་ཅིང་གནས་པ་མེད།། འཇོམས་མེད་ཚིག་བཟང་ཆ་ལུགས་བཟང་།། དཔའ་བོ་དགྲ་རྣམས་རྣམ་པར་འཇོམས། ། ཚད་མེད་ངེས་འཇོམས་རྣལ་འབྱོར་པ།། འདོད་པ་གནོན་པ་ཁྱད་པར་གཤེགས།། མགོན་པོ་རྒྱལ་བའི་སྲས་ཀྱི་མཆོག། གཤིན་རྗེ་འཕམ་མཛད་སྐྱེ་དགུ་སྲུང་།། ལས་དང་ཉོན་མོངས་རབ་བསྲེགས་པ། སྟོན་མཛད་ཉོན་མོངས་སེལ་བ་ལགས།། ལེགས་པ་ཁྱོད་ཀྱི་མཆོག་གི་མཚན།། བརྒྱ་རྩ་བརྒྱད་པ་རབ་གསལ་ཞིང་།། དད་པ་སྐྱེད་པར་བྱེད་པ་འདི།། ལྷ་མཆོག་རྣམས་ཀྱིས་རབ་ཏུ་བཤད།། བགེགས་ཆེན་དང་ནི་ལོག་འདྲེན་དང་། ། གནོད་སྦྱིན་ལྷ་མིན་སྲིན་པོ་དང་།། མདངས་འཕྲོག་རྐུན་པོ་རྒོད་རྣམས་ཀྱིས།། དེ་རིང་ལེགས་པར་བསྟོད་པར་གྱུར།། འཇམ་དཔལ་རྡོ་རྗེ་མཆོག་གི་རབ།། བསྒྱིངས་པས་ལྷ་ཡང་བདེ་བར་འགྱུར།། དེ་དག་ཀུན་ལ་བལྟས་ནས་ཀྱང་། ། འདི་སྐད་དུ་ནི་ཚིག་སྨྲས་པ།། ཁྱོད་ཀུན་རྟག་ཏུ་བགེགས་མེད་ཅིང་།། ངེས་ལེགས་ཐར་པ་ཐོབ་གྱུར་ལ།། འཇིགས་མེད་བཀྲ་ཡང་ཤིས་པར་ཤོག། ང་ལ་འཇིགས་པར་མ་སེམས་ཤིག། དེ་ནས་རབ་ཏུ་ཆེར་བཞད་ཅིང་། ། འབྲུག་ཆེན་སྒྲ་ལྟར་སྒྲོག་པ་ཡི།། དེ་བཞིན་གཤེགས་པ་ཞལ་གསལ་བས།། ཤར་ཕྱོགས་གཟིགས་ནས་བཀའ་སྩལ་པ།། ཀྱེ་མ་གསང་སྔགས་མཆོག་གི་ཡུལ།། སེམས་ཅན་གཏི་མུག་བསལ་བའི་ཕྱིར། ། སེམས་ཅན་རྣམས་ཀྱི་བསོད་ནམས་ཚོགས།། ཤན་ཏུ་རྒྱས་པ་བྱུང་བར་གྱུར།། ཀྱེ་མ་བསོད་ནམས་ཆེར་བཅས་པའི།། སེམས་ཅན་རྣམས་ནི་རབ་སྦྱངས་ཕྱིར།། དམ་པ་སྦྱིན་པའི་གྲུབ་པའི་གཟུངས། འཇམ་པའི་གློག་གིས་རབ་ཏུ་བཤད།། ལ་ལ་གང་ཞིག་མཉམ་བཞག་ནས།། སྡུག་བསྔལ་ཐམས་ཅད་སེལ་བ་ཡི།། གྲུབ་པའི་གཟུངས་འདི་འདོན་པའམ།། ཡང་ན་ཉན་ཏམ་སེམས་ཀྱང་རླུང་།། དེ་ཡི་དོན་ཀུན་འགྲུབ་འགྱུར་ཞིང་། ། སྡུག་བསྔལ་ཀུན་ལས་ཐར་པར་འགྱུར།། སྡིག་པ་ཐམས་ཅད་རྣམ་དག་པ།། དེ་ཡིས་ངེས་པར་འཐོབ་པར་འགྱུར།། དེ་བཞིན་གཤེགས་ཀྱི་ས་ཆེན་ཡང་།། རིང་པོར་མི་ཐོགས་དེ་ཡིས་འཐོབ།། བྱང་ཆུབ་སམ་དཔའ་རྣམས་ཀྱིས། ། རབ་དགའ་ཤིན་ཏུ་དྲི་མ་མེད།། འོད་བྱེད་པ་དང་འོད་འཕྲོ་ཅན།། སྦྱང་དཀའ་དེ་བཞིན་མངོན་དུ་གྱུར།། རིང་དུ་སོང་དང་མི་གཡོ་བ།། ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན།། ས་ཆེན་དམ་པ་དེ་དག་ཀྱང་།། གང་ཞིག་ངེས་གནས་འདོན་པ་ཡི།། སེམས་ཅན་ཆེན་པོས་མི་ཐོགས་པར།། ཚེ་ཟད་ནས་ནི་ཐོབ་པར་འགྱུར།། སྡིག་པ་ཐམས་ཅད་རྣམ་དག་དང་།། སེམས་ཅན་ཀུན་ལ་སྡུག་པ་དང་།། སྤྲོས་པ་ཐམས་ཅད་ཞི་བ་ཡི།། བྱང་ཆུབ་བླ་མེད་ཐོབ་པར་འགྱུར།། རིག་སྔགས་འཆང་ཀུན་སྐྱེད་པ་དང་།། སྡིག་པ་ཐམས་ཅད་ཞི་བྱེད་ཅིང་།། བཀྲ་ཤིས་མཆོག་ཏུ་དགེ་བ་ཡི།། མིང་བརྒྱ་རྩ་བརྒྱད་ཡིད་འོང་འདི།། སོར་མོ་བཅུ་ཡི་ཐལ་སྦར་ནས།། འཇམ་པའི་དབྱངས་ཀྱི་མདུན་འདུག་ལ།། ཤིན་ཏུ་དང་བའི་སེམས་ཀྱིས་སུ།། ནང་པར་ལངས་ནས་སུ་བརྗོད་པ།། དེ་ལ་རིག་སྔགས་འཆང་ཀུན་དང་།། དེ་བཞིན་ལྷ་ཡི་བདག་པོ་རྣམས།། གནོད་སྦྱིན་སྲིན་པོ་མང་པོ་དག། རྟག་ཏུ་ཡང་ནི་སྲུང་བར་བྱེད།། དེ་བཞིན་གཤེགས་པའི་སྲས་ཀུན་དང་།། དེ་བཞིན་གཤེགས་པ་ཉིད་རྣམས་དང་།། དེ་བཞིན་རྡོ་རྗེའི་མཆོག་འཆང་རྣམས།། དེ་ལ་ངེས་པར་སྲུང་བར་བྱེད།། དེ་ནི་སངས་རྒྱས་སྐུར་བཞུགས་ཤིང་། ། མཉམ་པར་བཞག་པ་སྣང་བར་འགྱུར།། གནོད་སྦྱིན་ལྷ་ཡི་བདག་པོ་རྣམས།། བགེགས་དང་ལོག་འདྲེན་ཆེན་པོ་དག། དགའ་ཞིང་བསམ་པ་དམ་པ་ཡིས།། རྒྱང་མངག་ནས་ཕྱག་ཀྱང་འཚལ། ། དེ་ཕྱིར་བགེགས་རྣམས་དགའ་གྱུར་པས།། འཚེ་བར་བྱེད་ཀྱང་མི་ནུས་སོ།། ལན་ཅིག་བཀླགས་ན་ཚངས་ཆེན་དང་།། བསོད་ནམས་མཉམ་པར་ཐོབ་པར་འགྱུར།། ཤེས་རབ་ཆེན་པོ་གང་ཞིག། གིས།། ཉི་ཟེར་མཚན་མཆོག་བརྗོད་བྱས་ན།། དྲི་མ་མེད་ཅིང་རབ་དག་ལ།། རབ་ཏུ་འོད་གསལ་སྒྲ་སྙན་དང་།། སེམས་ཅན་ཐམས་ཅད་དགའ་བ་ཡི།། ཡིད་དུ་འོང་བའི་གནས་ཀྱང་འཐོབ།། མཚུངས་པ་མེད་ཅིང་སྟོབས་སྐྱེད་ལམ་མཆོག་འགྲོ་བ་དང་། ། འོད་གསལ་དམ་ཚིག་ཅན་གྱི་ལྷ་རྣམས་ཀྱིས་བསྟོད་ཅིང་།། ཡིད་འཕྲོག་ལྷ་དང་ལྷ་མིན་ཚོགས་ཏེ་འདུན་པ་ཡི།། གཟུངས་འདི་རྒྱལ་བ་རྣམས་ཀྱིས་ལེགས་པར་གསུངས་པ་ཡིན།། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ།། འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ།
CLOSE WINDOW