Wylie | e-texts produced with ocr Programm |
། འཕགས་པ་བུ་མང་པོ་རྟོན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་སཔྟ་བེ་ཏཱ་ཌ་ཀ་ནཱ་མརྡྷ་ར་ཎི། བོད་སྐད་དུ། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཡང་ཐབས་ཅིག་གོ། དེའི་ཚེ་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་ཕྱིར་རོ་ལངས་ཆེན་པོ་བདུན་བཏང་བར་གྱུར་ཏོ། ། དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས་དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་དོ།། དེ་དག་གིས་གྲགས་མ་རྙེད། དམིགས་པ་མ་རྙེད་ནས། དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས།། ཚེ་དང་ལྡན་པ་ཀུན་དགའ་བོའི་ལུས་ལ་རེག་གོ།། རེག་མ་ཐག་ཏུ་ཀུན་དགའ་བོ་དེ་སྡུག་བསྔལ་མི་བཟད་པདྲག་པ། ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས་ཏེ། བདག་ནི་སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་ནོ།། བཅོམ་ལྡན་འདས་དེས་མ་དགོངས་སོ།། བདག་འདི་ལྟར་ཉམ་ང་བར་གྱུར་ན་དེ་བཞིན་གཤེགས་པས་མ་དགོངས་སོ་སྙམ་མོ།། དེའི་ཚེ་ན་ཆེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་ཥ་གལ་གྱི་བུ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཐག་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ།། ཚེ་དང་ལྡན་པ་ཀུན་དགའ་བོའི་ཉེ་བའི་ཉོན་མོངས་པ་དེ་ལྟ་བུ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་མོས་ཐོས་སོ།། དེ་ནས་དེ་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་གྲ་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བའི་ཚོར་བ་མྱོང་ནས་བདག་ལ་དེ་བཞིན་གཤེགས་པས་མ་དགོངས་སོ་ཞེས་ཅི་དེ་སྐད་སྨྲ་འམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས། དེ་དག་ལ་བ་དི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་བདག་གི་ལུས་ལ་ཚོར་བ་དང་ལྡན་པ་ནི། དཔེར་ན་སོག་ལེག་མགོ་བོ་གཤེགས་པ་ལྟར་ཀུན་དགའ་ཁོ་ལ་རེག་པའང་དེ་དང་འདྲའོ། ། ཀུན་དགའ་བོ་མ་འཇིགས་ཤིག། བདག་ཅག་གིས་ཁྱོད་ཁྲིའི་སྟེང་དུ་བཞག་སྟེ། དེ་བཞིན་གཤེགས་པའི་དྲུང་དུ་བསྐུར་རོ།། བཅོམ་ལྡན་འདས་དེས་ཁྱོད་ལ་ཡོངས་སུ་སྐྱོབ་པ་མཛད་པར་འགྱུར་རོ། ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ཉལ་ཁྲིའི་སྟེང་དུ་བཞག་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་དྲུང་དུ་བཞག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཅི་སྡུག་བསྔལ་མི་བཟད་པ། དྲག་པ། ཚ་བའི་ཚོར་བས་ཐེབས་སམ། བཙུན་པ་བཅོམ་ལྡན་འདས་དེ་ལྟ་ལགས་སོ།། ཀུན་དགའ་བོ་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བཤད་དོ། ། ཀུན་དགའ་བོ་ཁྱོད་ལ་རེག་པའི་རོ་ལངས་ཆེན་པོ་སྟོབས་ཆེ་བ།། གདུལ་དཀའ་བ། མཐོང་ན་གནོད་པ་བདུན་ཡོད་དེ། བདུན་གང་ཞེ་ན། འདི་ལྟ་སྟེ། འཕྲེང་བ་འཛིན་ཅེས་བྱ་བ་དང་། ནོར་བུ་འཛིན་དང་།། གཏུམ་པོ་དང་། གདོལ་པ་དང་། རྨ་བྱའི་སྙིང་དང་། ཚེ་ཟད་དང་། ལ་བ་ཅན་ཏེ། རོ་ལངས་ཆེན་པོ་བདུན་པོ་དེ་དག་ནི་སྟོབས་ཆེ་བ། གདུལ་དཀའ་བ། བསྙེན་པར་དཀའ་བ། རྫུ་འཕྲུལ་ཆེ་བ། མཐུ་ཆེ་བའོ།། ཀུན་དགའ་བེ་རོ་ལངས་རེ་རེས་ཀྱང་འདོད་ན་རྐང་པ་གཡོན་པའི་མཐེ་བོས་རིའི་རྒྱལ་པོ་རི་རབ་ཀྱང་འཕེན་ཏོ། ། རིའི་རྒྱལ་པོ་རི་རབ་ཡུངས་འབྲུ་ཙམ་དུ་རྣམ་པར་འཇིག་གོ།། སྟེང་དུ་བལྟས་ནས་འགས་པར་བྱེད་དོ། ། ཕྱོགས་སུ་བསྟས་ན་འཆི་བར་འགྱུར་རོ།། ཕྱོགས་མཚམས་སུ་བལྟས་ན་མེས་སྲེག་པར་བྱེད་དོ།། དེ་དག་གིས་ཁྱོད་ལ་རེག་གོ།། དེ་ལྟ་མོད་ཀྱི་དེ་བཞིན་གཤེགས་པའི་མཐུ་དང་། ཆོས་ཐོས་པའི་གུས་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ད་དུང་དུ་ཁྱོད་ཀྱི་ལུས་འཚེ་བ་ཡིན་ནོ།། བཅོམ་ལྡན་འདས་ལེགས་པར་བསལ་དུ་གསོལ།། ཕྱིར་ཟློག་ཏུ་གསོལ། ཕྱག་རྒྱབ་ཅིང་དུ་གསོལ།། སྐུད་པས་བཅིང་དུ་གསོལ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་བསྟན་པར་བྱའོ།། ཏདྱ་ཐཱ། ཧ་ར། མ་ཧཱ་གེ་རེ། གྷ་ས་ར་པ་ཏི། དྷ་ར་དྷ་རི། དྷ་ར་ཎི། ཚེར་ཚེ་ར་ཎི། ཀ་རོ་ཏི་ཏི། ཀ་ཏོ་ཏ་མཱ་དྷི་ཎི། ས་མ་ར་ས་ར་ཎི་ཀ་ས་ར་ན་ཀོ་ཏ་མ་ཏི། ས་མ་བྷ་བེ། བྷ་བ་ན་ནཱ་ག་རེ། བྷ་ད་ནི་ས་དྷ་ནི་ཏི་སྭཱཧྨ། ཀུན་དགའ་བོ་གཟུངས་སྔགས་ཀྱི་ཚིག་འདི་དག་ལན་ལྔ་བཅུ་རྩ་གཉིས་བཟླས་བརྗོད་བྱས་ཏེ། མདུད་པ་ལྔ་བཅུ་རྩ་གཉིས་བོར་ན་བརྗེད་བྱེད་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་ཀྱི་སྙིང་ལ་གནོད་པ་བྱས་པར་འགྱུར་རོ།། གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ།། བཅོམ་ལྡན་འདས་ལེགས་སོ།། དེ་ལྟར་མཛོད་ཅིག། སླར་ཡང་མི་མཆི་བར་མཛད་དུ་གསོལ། ཀུན་དགའ་བོ་དེའི་ཕྱིར་ཉོན་ལ་ལེགས་པར་ཡང་ཟུང་ཞིག། ཏདྱ་ཐཱ། བད་ཙ་ལ་བ་ལེ། མ་ཧཱ་བད་ཙ་ལེ་བ་ལེ། བྷི་ལི་དྷི་ལི། མ་ཧཱ་བྷཻ་རི་ཎི། ནི་མི་ར་ནི། ཧ་ན་ཧ་ན་ཧ་ཏི་ར། མ་ཙ་ཐཱ། མ་བི་ཙ་ར་ཐཱ། སྟི་རི་སྠི་ར་མུ་ལེ། མཐ་ནིར་མ་ཐ་ནི། ཙ་ལ་ནི། མཱ་ཀ་ནཱི། ཛཾ་བྷ་ནི། པཱ་ཏཱ་ནི། བ་ཡ་སྭ་ཀྲ་ཎི། བྷ་ག་བ་ཏི། ཏ་ཐཱ་ག་ཏ། བི་ཏ་ཐེ། ཏི་བེ་གྷ་དྷ་རེ། པ་ར་པྲ་དེ། ཧ་རེ་ཏིཥྛ། ནཱི་ལ་བ་ས་ནི་སྭཱ་ཧཱ། ཀུན་དགའ་བོ་རོ་ལངས་འདི་དག་ནི་འཆོག་པ། སྡང་བ། གཏུམ་པོར་གྱུར་པ། གསོད་པར་གྱུར་པའོ།། དེ་ལ་རིག་སྔགས་འདིས་ཀེ་མུ་རུ་ཀའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་བོར་རོ། ། དེ་ནས་འབྱུང་པོ་ཆེན་པོ་ཤིན་ཏུ་འཁྲུགས་པར་འགྱུར་རོ།། འདིས་ཐམས་ཅད་ཀྱང་སྡང་བར་འགྱུར། འཛེམ་པར་འགྱུར། ། ཞི་བར་འགྱུར་ཞིང་།། འདིས་འབྱུང་པོ་ཐམས་ཅད་ཀྱང་དབང་དུ་འགྱུར།། འདིས་འབྱུང་པོ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ།། ཀུན་དགའ་བོ་ཉོན་ཅིག་དང་བསྟན་པར་བྱའོ།། ཏདྱ་ཐཱ། ད་ར་ད་ར་ད་ར། ཀ་ར་ཀ་ར་ཀ་ར། མ་ཧཱ་ཀཀྐ་ར། ཙ་ར་ཙ་ར། ཙ་ད་ཙ་ར། མ་ཧཱུ་ཙདྲ་ཙ་ར། ཧ་ལ་ཧཱ་ལ་ཧ་ལ། ཧི་ལྀ་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་རེ་བེ་རེ། ཧི་རི་ཀེ་རེ། བེ་རེ་བེ་ཙི་ནི་ཀ་ར་ན་ཀ་རི་སརྦ་བྷཱུ་ཏཱ་ནཱན། པྲ་ཛ་དྷ་ནི། ནཱིལ་བ་ར་ས་ནི། ཙནྣ། ཙཀྲ། ཨཱ་ལུ་དྷྭེ་སྭཱཧཱ། ཀུན་དགའ་བོ་འདི་དག་ནི་གནོད་སྦྱིན་ཐམས་ཅད་དང་། སྲིན་པོ་ཐམས་ཅད་དང་། གསང་སྔགས་ཐམས་ཅད་དང་ཡི་དགས་དང་། བྱད་དང་། སྡིག་པ་རབ་ཏུ་ཞི་བར་བྱེད་པའོ།། རྒྱལ་པོས་བཀྲབས་པ་དང་། ལ་གཅན་པ་ཕྱིར་ཟློག་པར་བྱེད་དོ།། དེ་ལ་རིག་སྔགས་འདི་སྐུད་པ་དམར་པོ་ལ་ལན་སུམ་ཅུ་རྩ་བདུན་པརྡུང་བརྗོད་བྱས་ཏེ། མདུད་པ་སུམ་ཅུ་རྩ་བདུན་པོར་ན་ཐམས་ཅད་རེངས་པར་བྱས་པར་འགྱུར་རོ།། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཟུང་ཞིག། ཆོངས་ཤིག། ལེགས་པར་རབ་ཏུ་ཡིད་ལ་ཟུང་ཞིག། རྗེས་སུ་སྦྱོར་བར་གྱིས་ཤིག། དེ་ལྟ་བས་ན་ཀུན་དགའ་བོ་ཁྱོད་ཀྱིས་དྲན་པ་དང་ལྡན་པས་གཟུང་བར་བྱའོ།། ཏདྱ་ཐཱ། དྷ་ར་དྷ། དྷ་དྷ་ར། ཁ་ར་ཁ་ར་མ་ཧཱ་ཁ་ར། མ་ཧཱ་བ་ལེ། བ་ལ་ནཱ་ཤ་ནི། གོ་ད་ཊཱ་ནི། ཀུརྦ་ཊ་ནྟི། ཀུཊ་ཌ་ནཱི། ས་མ་ཧ་རེ། ཀཱུ་ཊ་དིཥྚེ། ཀ་ཁ་ཁ་རེ། མ་ཀུ་ཊ?། དྷཱ་རེ་ཎི། མུ་ལུ་ཀ་ཀ། ཀྵཱ་ཎེ་ཀ་ནི་ཀེ། ས་མེ་སྭ་ཤཱ་ནི། ཀ་ནི། གི་རི་ཎི། བོ་གི་ས་རེ། སྭ་སཱ་བེ་ཏ་ཌ། མུ་ཀུ་མཱ་ར་ཀ། ཀྲི་ཏི་སཱ་སི། ཀི་ན་ནི་བ་པུརྞྞ་སི། བ་རུ་དྷྱ། བི་པུ་དྷྱ་གྲྀ་ཧ་ན་བྷེ། ཀྲྀ་ཏ་བྷེ་ར་བ། བི་ཀྲ་ཏཱ་བྷེ་ར་བ། མ་ཧཱ་བ་ཡེ། ཀྲྀ་ཏྲ་ན། ཧ་ར་སི། ཀུན་ན་མྦ་ར་ཡེ་སི། ཀིན་ནི་སརྦ་དེ་བཱ། ནཱ་ག་ཡ་ཀཱ། ག་ན་དྷ་ར་བ། ཨ་སུ་ར། སརྦ་ཨ་སུ་ར། སརྦ་དྷ་ཡ་ཤ་མ་ན། མ་ཏ་ས་ར་སྭཱ་ཧཱ། ཀུན་དགྲའ་བོ་རིག་སྔགས་འདི་སྦྱིན་སྲེག་གམ་སྐུད་པས་བཅིངས་ན་འདོད་པའི་མཐར་གཏོགས་པ་ཐམས་ཅད་འཇིག་པར་བྱེད། ལྟུང་བར་བྱེད། ཟ་བར་བྱེད་དོ།། ཀུན་དགའ་བོ་རོ་ལངས་ཐམས་ཅད་རེངས་པར་བྱེད་པའི་རིག་སྔགས་ཟུང་ཞིག། ཏདྱ་ཐཱ། སེ་མེ་ལེ། མ་ཧཱ་ཧ་ཧ་ལེ། ཧ་ར་དྷ་རེ། གྷོ་ར་དྷ་རེ། དྷ་རིཏ། རིཏྟི། བི་རོཏྟི། ཀུ་ནིཏྟ། ཀུ་ཏ་ནི། སོ་གོ་ཙ་ནི། ཀ་ཙ་རི། ཁ་ཙ་རི། ཁ་ཙ་རི། མ་ར་ཎི། ཧུ་ཧུ། མ་རཻ་ཎ། མ་ཧཱ་མཱ་ལ་དྷ་རེ། ན་ཡོ་ན་མ་ཏི་སྭཱ་ཧཱ། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་དམོད་པ་དྲག་པོ་དང་མཚུངས་ཤིང་འདྲ་སྟེ། འབྱུང་པོ་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་བལ་གཙང་མའི་སྐུད་པ་ལ་ལན་ཉི་ཤུ་རྩ་བཞིར་བཟླས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ་རྩ་བཞི་བོར་ན་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། ། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཟུང་ཞིག། ལེགས་པར་རབ་ཏུ་གཟུང་བར་གྱིས་ཤིག། ཀུན་དགའ་བོ་གསང་སྔགས་འདི་གང་ཡང་རུང་བས་གཟུང་བར་མི་ནུས་སོ། ། ཀུན་དགའ་བོ་དེ་ལྟ་བས་ན་ལེགས་པར་གཟུང་བར་གྱིས་ཤིག། ཏདྱ་ཐཱ། ཙཏ་ཙ་ར། མ་ཧཱ་ཙཏ་ཙ་ར། ཙི་རི་ཙི་རི། བུ་རུ་བུ་རུ། མ་ཧཱ་པུ་རུ། སཾ་བྷ་ལེ། མ་ཧཱ་སཾ་བྷ་ལེ། མ་ཧཱ་བ་ལེ་སྭཱ་ཧཱ། ཀུན་དགའ་བོ་ལྷ་དང་བཅས། བདུད་དང་བཅས།། ཚངས་པ་དང་བཅས། དགེ་སྦྱོང་དང་། བྲམ་ཟེ་དང་། སྐྱེ་དགུར་བཅས་པའིའཇིག་རྟེན་ན་གང་ཞིག་གསང་སྔགས་འདི་ལ་མི་སྤོ་བ་ནི་ངས་རྗེས་སུ་མ་མཐོང་སྟེ། ། སྲུང་བ་དང་རྗེས་སུ་འབྲང་བ་ཡིན་ནོ།། གསང་སྔགས་འདི་ནི་མི་བཟད་པ་སྟེ། སྲེག་པར་བྱེད། འཚེད་པར་བྱེད། འཆིང་བར་བྱེད། འཇོམས་པར་བྱེད། འབར་བར་བྱེད་པ་ཡིན་ཏེ། རིག་སྔགས་ལན་དྲུག་ཅུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མདུད་པ་དྲུག་ཅུ་རྩ་གཅིག་བོར་ན་སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད། རིག་སྔགས་གཅོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ལ།། ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་པ་ད་ས་ལེགས་སོ།། ལེགས་པར་གཟུང་ལགས་སོ།། མདུད་པ་བོར་དུ་གསོལ།། ཕྱག་རྒྱ་གཞག་པར་མཛད་དུ་གསོལ། ཀུན་དགའ་བོ་དྲོའི་ཕྱིར། ཏདྱ་ཐཱ། བྷཱ་བྷ་རེ། དྷ་རེ། བྷཱ་ར་ཎི་ཧ་རེ་བྲ་ཧ་རེ། ཧ་ར་ཎཱི། ཀུ་ཐ་ནི་ཏ་ཌེ། མེད་ཚ་དང་ཏི། ཚངས་པས་བྱས་པའི་རིག་སྔགས་གཅད་དོ།། དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ།། ཁྱབ་འཇུག་གིས་བྱས་པའི་རིག་སྔགས་གཅད་དོ།། བརྒྱ་བྱིན་གྱིས་བྱས་པའི་རིག་སྔགས་གཅད་དོ།། རྒྱལ་པོ་ཆེན་པོ་བཞིས་བྱས་པའི་རིག་སྔགས་གཅད་དོ།། གནོད་སྦྱིན་གྱི་སྡེ་དཔོན་གྱིས་བྱས་པའི་རིག་སྔགས་གཅད་དོ།། ཟླ་བ་དང་ཉི་མས་བྱས་པའི་རིག་སྔགས་གཅད་དོ། ། གཟའ་དང་ཉི་མས་བྱས་པའི་རིག་སྔགས་གཅད་དོ།། གཟའ་དང་རྒྱུ་སྐར་གྱིས་བྱས་པའི་རིག་སྔགས་གཅད་དོ།། ཕྱོགས་ནས་བྱས་བྱས་པའི་རིག་སྔགས་གཅད་དོ།། ཕྱོགས་མཚམས་ནས་བྱས་པའི་རིག་སྔགས་གཅད་དོ། ། སྟེང་ནས་བྱས་པ་དང་འོག་ནས་བྱས་པའི་རིག་སྔགས་གཅད་དོ།། ལྷས་བྱས་པའི་རིག་སྔགས་གཅད་དོ།། ཀླུས་བྱས་པའི་རིག་སྔགས་གཅད་དོ།། གནོད་སྦྱིན་གྱིས་བྱས་པ་དང་ནམ་མཁའ་ལྡིང་གིས་བྱས་པའི་རིག་སྔགས་གཅད་དོ།། གྲུལ་བུམ་གྱིས་བྱས་པ་དང་། ཚོར་བ་པས་བྱས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། གདོལ་པས་བྱས་པ་དང་། ཀླ་ཀློ་དང་། ར་ཁྲོད་པས་བྱས་པ་དང་། སེང་གེ་དང་། སྦྲུལ་གྱིས་བྱས་པ་དང་། འགྲོ་ལྡིང་བའི་ཡིད་ཀྱིས་བྱས་པ་དང་། གཡུང་པོས་བྱས་པ་དང་། ཏོང་སལ་བས་བྱས་པ་དང་། མུ་དག་རི་ཁྲོད་པས་བྱས་པ་དང་། སེམས་ཅན་ཐམས་ཅད་རིག་སྔགས་འཆང་བས་བྱས་པའི་རིག་སྔགས་གཅད་དོ།། ཏདྱ་ཐཱ། ག་ག་ག་ར་ལི་ཕུ། མ་ཧཱ་ག་ག་གཱ་ར་ལི་ཕུ། བི་ཤི་པུ། ཤ་པ་ར་སིརྠི་ཕུ། ཙཎྜ་ལི་ཕུ། མ་ཧཱ་ཙཎྜ་ལི་ཕུ། ཙ་གོ་ཕུ། ཙ་མི་རཻ་པུ། ཙི་ཙི་མི་རཻ་ཕུ། ཙཀྲ་ཕུ། ཙཀྲཱ་དྷ་རེ་ཕུ། ཀྲྀཥྚེ་ཕུ། ཀྲྀཥྚེ་རུ་པེ་ཕུཙཎྜེ་ཕུ། སོ་ག་ཕུ། པཉྩ་པ་ལཱི་ཕུ། པཉྩ་ལེ་ཕུ། བྷི་མེ་ཕུཿབྷི་པཱ་པ་ལེ་ཕུ། པཽ་ག་ལོ་ཕུ། པི་ག་ལ། ཨཀྵེ་ཕུ། ཨཱ་ནནྡེ་ཕུཿ། ས་མནྡེ་པུཿ། ནཱ་ཤ་ནི་ཕུ། ཙྪེ་ད་ནི་ཕུ། བི་ཙྪི་ད་ནི་ཕུ་སྭཱཧྨ། ཀྲི་ས་ནརི། བཀྵ་ནི། མཱ་ར་ནི། པིབིན་ད་ནི། པིན་དྷྱ་ན་ན། བཀྵ་ཎི། ནཱ་ཤ་ནི། ཁྱཱད་ཏྱ་ཀ་ནཱ་ན། གཱ་ལ་བྷི་ན་ཤ་ནི། དཱ་ཧྭཱ་མ་སི། བྷསྨ། བྷཱསྨཱ་ནི། ས་མ་ནི། བན་དྷ་ནི་སྭཱ་ཧཱ། ཀུན་དགའ་པོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞི་བཅུ་རྩ་གཉིས་པོ་འདི་དག་ནི་མཚན་མོ་གཟི་འཕྲོག་པར་བྱེད་པའོ། ། ཀུན་དགའ་བོ་ཉི་མ་འཆར་བའི་ཚེ་རོ་ལངས་ཆེན་པོ་གནོན་བྱེད་ཅེས་བྱ་བ་ཞིག་ཡོད་དེ། དེ་སྟོན་གྱི་དུས་ཀྱི་ཚེ་ཉི་མའི་འོད་ཟེར་གྱི་རྗེས་སུ་ཞུགས་ནས། གང་འོང་བར་དེ་དག་གིས་གང་ལ་རེག་པ་འོད་ཟེར་གྱི་དྲ་བས་རེག་ནས་རིམས་སུ་འགྱུར་ཏེ་དེའང་གཅད་དོ།། ཀུན་དགའ་བོ་རོ་ལངས་ཁ་ཅིག་པ་ཞེས་བྱ་བ་ཞིག་ཡོད་དོ།། དེའང་འདི་ཉིད་ཀྱི་ནང་དུ་བསྡུ་བར་བྱའོ།། ཀླུའི་རྒྱལ་པོ་ས་འཛིན་ཅེས་བྱ་བའང་འདི་ཉིད་ཀྱི་ནང་དུ་བསྡུ་བར་བྱའོ།། ཀླུ་ཐམས་ཅད་དང་། གྲུལ་བུམ་ཐམས་ཅད་དང་། ཡི་དགས་དང་། ཤ་ཟ་ཐམས་ཅད་ཀྱང་འདི་ཉིད་ཀྱི་ནང་དུ་བསྡུས། ། ནམ་མཁའ་ལྡིང་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། ནོར་འཛིན་ཡང་འདི་ཉིད་ཀྱི་ནང་དུ་བསྡུས། རླུང་ལྷའང་འདི་ཉིད་ཀྱི་ནང་དུ་བསྡུས། རྒྱུ་མ་ལེན་གྱི་བུ་པ་རོ་པ་ཌི་ཤི་རུད་དྲོའང་འདི་ཉིད་ཀྱི་ནང་དུ་བསྡུས། ཕུང་པོ་འཛིན་དང་མདུང་ཐུང་འཛིན་ཡང་དེ་བཞིན་དུ་བསྡུས། དེ་བཞིན་དུ་བློན་པོ་དང་བཅས་པ་དང་། འཁོར་དང་བཅས་པའང་འདི་ཉིད་ཀྱི་ནང་དུ་བསྡུས་སོ།། ཀུན་ནས་དཔག་ཚད་བརྒྱ་དག་ཏུ།། ང་ཡིས་ཆད་པ་དག་བྱས་པས།། ང་ལ་འབྱུང་པོས་བྱར་ཅི་ཡོད།། ང་ཡིས་སྡང་བ་ཐམས་ཅད་བཅོམ།། གསོད་པར་གྱུར་པ་སྟོབས་པོ་ཆེ།། རོ་ལངས་དག་གིས་བྱར་ཅི་ཡོད།། དེ་དག་ཀྱང་ནི་དེའི་ཞགས་པས།། ཀུན་ནས་ཡོངས་སུ་བསྐོར་བ་ཡིན།། ཞགས་པ་ཀུན་གྱིས་དེ་དག་ཀྱང་།། རྨུགས་ཤིང་ཤིན་ཏུ་རྨོངས་པར་བྱས།། འདི་ཡིས་བདག་གི་ཀུན་འགྲུབ་ཅིང་།། གསང་སྔགས་ཚིག་རྣམས་གྲུབ་གྱུར་ཅིག། ན་མཿསིད་དྷ་ནཱ་ན། སད་རྒྱན་ཏུ་མནྟ་པཱ་དཱ་སྭ་སྟིར་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། སངས་རྒྱས་ཀུན་གྱི་སྟོབས་གང་དང་།། དགྲ་བཅོམ་པ་རྣམས་ཀྱི་སྟོབས་དང་།། དམ་པའི་ཆོས་ཀྱི་གཟི་བརྗིད་ཀྱིས་བདེ་ལེགས་སུ་ནི་རབ་གྱུར་ཅིག། འཕགས་པ་སངས་རྒྱས་ཀྱི་གཟི་ཡིས།། རྟག་ཏུ་འཇིགས་པ་ཐམས་ཅད་ལ་སྭཱ་ཧཱ། ཆོ་ག་ནི་ལན་དྲུག་ཅུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། ཀཻ་མེ་རུ་དང་བལ་གཙང་ན་ལ་སོགས་པའི་སུད་པ་དམར་པོ་ལ་མདུད་པ་བོར་རོ། ། དེ་བཞིན་དུ་བྱ་བ་པའང་བྱའོ།། འབྱུང་པོ་ཐམས་ཅད་དང་། བརྗེད་བྱེད་དང་། སེམས་རྣམས་པར་གཡང་བྱེད་ལ་སོགས་པ་དང་། དུག་བྱིན་པ་དང་། དུག་བྱས་པ་དང་། རྐང་གཉིས་པ་དང་། རྐང་བཞི་པ་རྣམས་ལ་ཀུན་ཏུ་འགྲོ་བ་གྲུབ་པའི་མཆོག་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲེ་བར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། ཅག་མཁན་པོ་བི་ཤུདྡྷ་སི་ཧ་དང་།
CLOSE WINDOW