Wylie | e-texts produced with ocr Programm |
སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕད་པ།། རྒྱ་གར་སྐད་དུ། ཨཱརྱ་ཙུནྡེ་དེ་བི་ནཱ་མདྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས། ། དཀོན་མཆོག་གསུམ་ལ་ཕྱག་པ་ཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ལྷ་མོ་སྐུལ་བྱེད་མ་མཐུ་དང་སྟོབས་དཔག་ཏུ་མེད་པ་དང་ལྡན་པ། རྫུ་འཕྲུལ་དང་ཕ་རོལ་གནོན་པ་གྲུབ་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ས་བསྔགས་ཤིང་བསྟོད་པལ་ཕྱག་འཚལ་ལོ། ། བདག་རྣམ་པ་ཐམ་ཅད་ཀྱི་ཐམས་ཅད་དུ་དགེ་བར་མཛོད་ཅིག། ན་མཿསབྷཱ་ནཱཾ། ས་མྱཀ་སཾ་བུདྡྷ་ཀོ་ཊི་ནཱ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུནྡེ་སྭཱ་ཧཱ། བརྩོན་འགྲུས། ཆེན་པོ་ཐོགས་པ་མེད་པ་འདུལ་བ། སྟོབས་ཆེས། ཕ་རོལ་གནོན་པ་ཆེ་བ། ཕྱག་ན་རལ་གྲི་དང་། དགྲ་སྟ་དང་། ལྕགས་ཀྱུ་དང་། ཞགས་པ་བསྣམས་པ། ཁྲོ་མོ་ཆེན་མོ།། ཁྲོ་མོ་ཆེན་མོའི་དབང་ཕྱུག་མ། དྲག་མོའི་གཟུགས་ཅན་མ། ཞལ་རས་མཐའ་ཡས་མ། ཕྱག་སྟོང་མངའ་མ། མ་ཕམ་མ། གཞན་གྱིས་མི་ཐུབ་མ། དོན་ཡོད་མ། གདུལ་བར་དཀའ་མ། མིག་སྟོང་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་མ། ལྷ་ཐམས་ཅད་ཀྱིས་ཕྱག་བྱས་ཤིང་མཆོད་པ་རབ་ཏུ་སྒྲུམ་མ། རྡོ་རྗེ་སེན་མོ་ཅན། རྡོ་རྗེ་རྡོ་རྗེས་འདྲེན་མ། རྡོ་རྗེའི་མཚོན་ཆནྡན། ། རྡོ་རྗེའི་སྐུ་ཅན་མ། རྡོ་རྗེའི་ཁུ་ཚུར་མ། རྡོ་རྗེའི་སྤྱན་གདངས་པའི་སྟང་སྟབས་ཅན་མ། དྲག་ཤུལ་ཅན་མ་ལགས་ཀྱང་དྲུག་ཤུལ་ཅན་གྱི་གཟུགས་ཅན་དུ་སྦྱར་བར་སྟོན་པར་མཛད་མ། ཀླུ་རྡོ་རྗེ་དང་བཻ་ཌཱུཪྻའི་རྒྱན་གྱིས་བརྒྱན་པ། ཨོཾ་བྷ་ག་པ་ཏི་ཙྪནྡེ། དྷཱདྡྷ། གྲྀ་ཀྲུཾ། ཙུ་རྦུ། སུཾ། རཱུ་རཱུ། ཨ་བཻ་ཤ་ཡ། གྲྀཧྞ་གྲྀཧྞ། གྲྀཧྞཱ་པ་ཡ་གྲྀབྷ་པ་ཡ། ཧ་ར་ཧ་ར་བྷནྡ་བྷནྡ། སར་ས་ར། མར་མ་ར། མར་ཡ་མ་ར་ཡ། པ་ཙ་པ་ཙ། ད་ཧ་ད་ཧ། གྲྀཧྞ་ཀྲྀཥྚ། སྡང་བའི་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། ཞག་བདུན་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ལས་སྐྱེས་པ་དང་། ལས་ལས་སྐྱེས་པ་དང་། འགྲོ་བ་དང་། གནས་པ་འདི་དག་དང་། སྡང་བ་གང་བདག་ལ་འཚེ་བ་དང་། གདུག་པ་དེ་དག་ཐམས་ཅད། སཱ་དྷ་ཡ་སཱ་དྷ་ཡ། མརྠ་ཡ་མརྠ་ཡ། ཤཽ་ཥ་ཡ་ཤོ་ཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུཏ་སཱ་ད་ཡ། ཨུཏ་སྥ་ད་ཡ། ཧ་ན་ཧ་ནཱ་བཛྲཱ་ཎ། ས་ར་ས་ར་དཎྜེ་ན། མཱ་ར་ཡ་མཱ་ར་ཡ། ཁཌྒེ་ན། ཧཱུཾ་དྡྷ། དྷུནྟུ་ཙྱཻ། དྷུདྷཱནྟུ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡ་སརྦ་མརྦ་སརྦྦ་ཡ་སྭཱཿ། བཅོམ་ལྡན་འདས་འཕགས་མ་ལྷ་མོ་གྲུལ་བྱེད་མའི་མཐུ་དང་བྱིན་གྱི་རླམས་ཀྱིས།། བདག་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱཧཱ། འཕགས་མ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། ཨཱརྱ་སུ་མུ་ཁ་ན་ནཱ་མ་དྷཱ་ར་ཎི། བོད་སྐད་དུ་འཕགས་པ་སྒོ་བཟང་པོ་ཞེས་བྱ་བའི་གཟུངས།
CLOSE WINDOW