CLOSE WINDOW

S567: འཕགས་པ་ཐམས་ཅད་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་གཟུངས
Wyliee-texts produced with ocr Programm

@རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨ་བྷ་ཡ་པྲ་ཏཱ་ན་ནཱ་མ་དྷཱ་ཎི། བོད་སྐད་དུ། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ནས་ཡུལ་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨམྲའི་ཚལ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ན་འདུག་གོ། ། ཕྱོགས་གཅིག་ཏུ་འདུག་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདསལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་ནི་རབ་ཏུ་གནོད་པར་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་ནི་བདག་ལ་ཡུན་རིང་པོར་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལས་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་པ་དས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་དོན་ཐམས་ཅད་བྱེད་པ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ།། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ།། དུག་ཐམས་ཅད་འཇིལ་བ།། མཚོན་ཐམས་ཅད་རེངས་པར་བྱེད་པ་རྐང་མེད་དང་། རྐང་གཉིས་དང་། རྐང་བཞི་པ་ཐམས་ཅད་རེངས་པར་བྱེད་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་དང་། ནམ་མཁའ་ལྡིང་དང་། སྦྱིན་བྱེད་མའི་བུ་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། བྲམ་ཟེའི་སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་། བྱའི་གདོན་དང་། སྲུལ་པོ་དང་། ནམ་གྲུ་དང་། གནོན་པོའི་གདོན་དང་། གནོན་པོ་དང་བརྗེད་བྱེད་ཀྱི་གདོན་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལོག་འདྲེན་གྱི་གདོན་དང་། མ་མོའི་གདོན་ཕུང་བར་བྱེད་པ། མདངས་འཕྲོག་པ་དང་། ཟས་སུ་འཕྲེང་བ་ཟ་བ་དང་། ཟས་སུ་སྤོས་ཟ་བ་དང་། ཟས་སུ་མེ་ཏོག་ཟ་བ་དང་། ཟས་སུ་བདུག་པ་ཟ་བ་དང་། ཟས་སུ་ཁྲག་འཐུང་བ་དང་། ཟས་སུ་རྣག་འཐུང་བ་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ། རབ་ཏུ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། འགྲོ་བ་དྲག་ཤུལ་སྤྱོད་པ། རབ་ཏུ་འཇིགས་པར་བྱེད་པ། འཐབ་པ་དང་། རྗོད་པ་དང་། འགྱེད་པ་དང་། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་འདི་ཟུང་ཞིག་དང་། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་བཤད་པར་བྱའོ།། ཏདྱ་ཐཱ། ཨ་མ་ཊྚེ་པྲ་མེ་ཌེ། གྲོ་ལེ་བོ། ལེ་བོས་སེ། མོ་ཊེ། བྲནྟེ། ཁ་རཎཱི། ཁ་ར་ཎེ། ག་ཎེ་གཱ་ཎ། ག་ཎ་པྲ་གྲ་ཎེ། པྲ་ཏི་མེ་ཎཱི། ཀཱ་ལི་པྲ་ཀཱ་ལི་ཙཿ། མ་ཧཱ་ཙཎྜ་པྲ་ཏིཙཎྜ། བེ་གེ་ཨ་ཏི་བེ་ག། སོ་ནཱ། གོན། མོ་ཧཱ། པྲ་མོ་ཧཱ། པྲ་མོཊ། ནཱ་ཤ་ནི། པྲནཱ་ཤྭ་ནི། དྷུ་བ་ནི། པྲ་དྷ་བ་ནི། བ་ལ་ག་ནི། པྲ་བ་ལ་ག་ནི། ནརྀཏྱ་ནི། དྲ་ནི་ཏྱ་ནི། ཀྲོ་དྷ་ནི། པྲ་ཏི་ཀྲོ་དྷ་ནི། ཧ་ན་ཧ་ན། བི་ན་བི་ཧ་ན། སརྦ་དུཥྚ་པྲ་དུཥྚ་ན་ནཱ་ཤ་ཡ། སརྦ་ཨ་དྷ་ཡ་པྲ་དེ། བདག་འཁོར་དང་བཅས་པ་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་དང་། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག། གནས་འདིར་བདག་གི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག། དེ་ལྟ་བས་ན། ཁི་དི་ཁི་དི། ཙུམ་བེ། སརྦ་སིདྡྷི་ཧི་ནི་ར་ཏེ། ན་མཿསརྦ་བུདྡྷཱ་ནཱན་སཱཧཱ། ལྷའི་དབང་པོ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་ཚིག་བཞི་བཅུ་རྩ་གཅིག་པོ་འདི་སྐུད་པ་ལ་མདུད་དེ་བཅིངས་སམ། སྦལ་མདུད་པ་པོ་ར་རམ། བཟླས་བརྗོད་བྱས་སམ། ཡུངས་ཀར་རམ། གིའུ་ཝང་ལ་ལན་ཅིག་བསྔགས་ཏེ་བསྐུས་སམ། གོ་ཆ་ལ་བསྔགས་ན་མཚོན་གྱིས་མི་ཚུགས།། དུག་གིས་མ་ཡིན།། རིམས་ནད་ཀྱིས་མ་ཡིན།། ཉིན་གཅིག་པས་མ་ཡིན། ཉིན་གཉིས་པས། མ་ཡིན། ཉིན་གསུམ་པས་མ་ཡིན།། ཉིན་བཞི་པས་མ་ཡིན། མེས་མ་ཡིན།། གསང་སྔགས་ཀྱིས་མ་ཡིན། རོ་ལངས་ཀྱིས་མ་ཡིན།། དུག་གིས་མ་ཡིན།། ནད་ཀྱིས་མ་ཡིན་ཏེ། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། ། རིག་སྔགས་དང་གསང་སྔགས་སྦྱོར་བསྒྲུབ་པ་ཐམས་ཅད་སྦྱོར་བ་རྣམས་ཀྱིས་མ་གྲུབ་པ་རྣམས་གྲུབ་པར་བྱེད་དོ།། སྦྱར་ཏེ་གྲུབ་པ་རྣམས་གཞན་གྱིས་མི་ཚུགས་པར་བྱེད་དོ། ། ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་དོ།། གཞན་གྱི་རིག་སྔགས་གཅོད་པར་བྱེད་དོ།། བདག་གི་རིག་སྔགས་འཕེལ་བར་བྱེད་དོ།། གདོན་ཐམས་ཅད་ཕུང་བར་བྱེད་དོ། ། གདོན་གང་གིས་མི་གཏོང་ནའང་། དེའི་མགོ་སརྫ་ཀའི་དོག་པ་བཞིན་དུ་ཚོལ་པ་བདུན་དུ་འགས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བཟོད་དོ།། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཅོབ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ།

CLOSE WINDOW