CLOSE WINDOW

S558a: མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བའི་གཟུངས
Wyliee-texts produced with ocr Programm

ཨོཾ་བཛྲ་སྭཱ་ཡུཥྤེ་སྭཱ་ཧཱ། འབི་འ་བིའི་སྔགས་ལ། མོ་བཛྲོད་དྷ་བཱ་ཡ་སྭཱཿ། ཙེ་ཏིའི་ཕོར་བུའི་ནང་དང་། ས་ཚའི་ནང་དུ་ཕྱི་མ་བཏབ་པ་འམ་ཟླུམ་གྱིས་བྱུགས་པའི་སྔགས་ལ། ཨོཾ་བཛྲ་ཨ་ར་ཛོ་བཻ་ར་ཛེ་སྭཱ་ཧཱ། ཕྱག་རྒྱ་བ་མ་སྔགས་གཞུག་པའི་སྔགས་ལ། ཨོཾ་དྷརྨདྷཱ་ཏྲུ་གརྦྷེ་སྭཱཧཱ། ཙེ་ཏིའི་ཕོར་དུ་ར་འ་བི་ཝ་བི་གཞུག་པའི་སྔགས་ལ་ཨོཾ་བཛྲ་དྷཱ་ཏུ་གཱརྦྷེ་སྭཱ་ཧཱ། ཐོ་བརྡེག་ཅིང་གདབ་པའི་སྔགས་ལ། ཨོཾ་བཛྲ་མུད་ག་ར་ཎ་ཀོ་ཊཱ་ཡ་ཙྪ། ཙེ་ཏིའི་པོར་བུ་ནུས་ཕྱིར་དབྱུང་བའི་སྔགས་ལ། ཨོཾཿརྨཱ་ར་ཏེ་སཱུཧཱ། འཁོར་ལོ་དང་དབུ་ཞུ་གསོལ་བའི་སྔགས་ལ། ཨོཾ་དྷ་མ་ཏ་ན་ཡེ་སྭཱ་ཧཱ། ཙེ་ཏིའི་དཀྱིལ་འཁོར་ལ་གཞག་པའི་སྔགས་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཆོ་ག་དེ་ལྟར་བཱས་ན་ཙེ་ཏི་གཅིག་བཏབ་པས་བྱ་བ་སྙེད་བཏབ་པར་འགྱུར་རོ། ། ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ།། དཀྱིལ་འཁོར་བྱས་པའི་ལག་པ་འཇི་བ་ཅན་གྱིས་ག་རཱ་ནཱ་བར་བསྐུས་ནཱ། ནད་མཛེའི་རྣམ་པ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་མ་ལུས་པར་ཞི་བར་འགྱུར་རོ། ། ནཱ་གར་སྐད་དུ། སཨཱརྱ་རསྨི་བི་མ་ལ་བི་ཤྲུརྡྷེ་པྲ་བྷ་ཎཱ་ནཱ་མནྡཱ་ར་ཎི། བོད་སྐད་དུ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། ། ནཱ་གར་སྐད་དུ། སཨཱརྱ་རསྨི་བི་མ་ལ་བི་ཤྲུརྡྷེ་པྲ་བྷ་ཎཱ་ནཱ་མནྡཱ་ར་ཎི། བོད་སྐད་དུ། འཕགས་པ་འོད་ཟེར་དྲི་མ་མེད་པ་རྣམ་པར་དག་པའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་སོར་སྐྱའི་གནས་ཀྱི་ཕོ་བྲང་འཁོར་གྱི་ཁྱམས་ཆེན་པོར་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ལག་ན་རྡོ་རྗེ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། འཇམ་དཔལ་དང་། ཤེས་རབ་འོད་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་རྣམས་དང་། ལྷོ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འུཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པ་གྲངས་མེད་པས་བཅོམ་ལྡན་འདས་ལ་ནསར་བྱས། རི་མོར་བྱས། བཀུར་སྟིར་བྱསཏེ། ཡོངས་སུ་བསྐོར་བ་ལ་ཆོས་སྟོན་ཅིང་བཞུགས་སོ།། དེའི་ཚེ་སེར་སྐྱའི་གྲོང་ཁྱེར་ན་གནས་པ་བྲམ་ཟེ་ཆེན་པོ་སེར་སྐུའི་ཟླ་བ་ཞེས་བྱ་བ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཡིད་མི་ཆེས་ཤིང་། ལོག་པར་ལྟ་བ་ཞིག་གནས་པ་དེ་དུས་གཞན་ཞིག་གི་ཚེ་གཞན་ཞིག་གིས་རྨི་ལྟས་སུ་རྨིས་ཏེ་བསྟན་པ། བྲམ་ཟེ་ཆེན་པོ་ཁྱོད་ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་རོ་ཞེས་ཟེར་བ་ཐོས་ནས། བྲམ་ཟེ་དེ་ཤིན་ཏུའང་མི་དགའ་སྟེ་འཇིགས་སྐྲག་ནས་ཡིད་ལ་བསམས་པ། ད་བདག་གིས་སྲོག་@##།

CLOSE WINDOW