Wylie | e-texts produced with ocr Programm |
། རྒྱ་གར་སྐད་དུ། ས་མནྟ་མུ་ཁ་པྲ་བེ་ཤྭ་རཤྨ་བི་མ་ལོཥྞཱིཥི་པྲ་བྷ་ས་སརྦ་ཏ་ཐཱ་ག་ཏ་སྲིད་ཡ་ས་མ་ཡ་བི་ལོ་ཀི་ཏེ་ནཱ་མ་དྷཱ་ར་ཎཱི་བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོག་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་དཔའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་ངོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་པོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་དེ། འདི་ལྟ་སྟེ། ཇི་ལྟར་སྦྱིན་པའི་འབྲས་བུ་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་འཁོར་ལོས་སྒྱུར་བའི་དབང་གིས་འབྲས་བུ་རྣམ་པར་སྨིན་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པ་དང་། ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོ་བསྐྱེད་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་བསྟན་པ་དང་། མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚངས་པ་དང་ལྷར་སྐྱེས་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ལྷའི་གཟུགས་འདོད་པ་དང་། བལྟས་པས་ཆོག་མི་ཤེས་པའི་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བརྩོན་འགྲུས་རྩོམ་པ་དང་། བདུད་འདུལ་བ་དང་། རྒ་ཤི་དང་། སྐྱེ་བ་ལས་གྲོལ་བ་དང་། རྫུས་ཏེ་སྐྱེས་པའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དཔའ་བར་འགྲོ་ངའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འདུམ་ཕྲག་དུ་མ་འཐོབ་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་། ཐོས་པ་རྒྱ་མཚོ་བསགས་པ་དང་། མང་དུ་ཐོས་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། དེ་རས་ལྷའི་བུ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཆོས་ཀྱི་སྒོ་འདི་ཉིད་ཉིན་མཚན་དུ་སེམས་ཤིང་རྗེས་སུ་སྤྱད་དེ་དཀའ་བ་ཆེན་པོའི་ཕྱིར་སྒོམ་པར་ཡང་བྱེད་དོ། ། དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་སུམ་ཅུན་གསུམ་གྱི་རིས་ཀྱི་ལྷའི་དུ་ནོར་བུའི་སྙིང་པོ་དྲོམ་མེད་པ་ཞེས་བྱ་བ་གཡོག་ལྷའི་བུ་བྲེ་བ་ཕྲག་སྟོང་དང་ལྡན་པ། ལྷའི་བུ་མོ་ཁྲི་བརྒྱད་སྟོང་གིས་བསྐོར་བ། ལྷའི་རྣམ་པར་འཕྲུལ་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྩིག་པ་བརྩིགས་པའི་ཁང་བཟང་སྐྱེད་མོས་ཚལ་སྣ་ཚོགས་དང་། ལྷའི་མེ་ཏོག་གིས་མཛེས་པར་བྱས་པའི་རྫིང་གིས་ལེགས་པར་ངརྒྱན་པ་དང་ལྡན་པ་ཞིག་ཡོད་དེ། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལྷའི་བུ་མོ་མཆོག་གི་མེ་ཏོག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་དང་ལྷན་ཅིག་དགའ་བ་ཆེན་པོ་དང་ལྡན་ཞིང་ལྷའི་བདེ་བ་ལ་ནི་ཆགས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་བཞི་དང་ལྡན་པའི་ཁང་བཟང་གི་ནང་ན་འདོད་པའི་ཡོན་ཏན་ལྔ་འབྱོར་ཞིང་རྒྱགས་པ་དང་། ང་རྒྱལ་གྱིས་དྲེགས་ཏེ་སྐྱེམས་ཤིང་ཉལ་ལོ།། དེ་ནས་ནམ་ཕྱེད་ཙམ་ན་ལྷའི་བུ་དག་ཉིད་ཀྱིས་ལོག་ཅིང་ལྷའི་བུ་མོའི་ཚོགས་ཐམས་ཅད་ཀྱང་སྒྲ་བསྐྱུངས་ཏེ་ཉལ་བར་གྱུར་ཏོ།། དེ་ནས་གནས་མཆོག་དེ་ན་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་ཞེས་བྱ་བ་ཞིག་གནས་པ་དེས། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལ་བསྐུལ་བ། ཀྱེ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལོངས་ལོངས། ཁྱོད་གཉིད་ལ་དགའ་ཞིང་ཆགས་པས་ཅི་ཞིག་བྱ། དགའ་བ་ལ་གོམས་པར་བྱེད་ཅིང་ཆགས་པར་གནས་པས་ཅི་ཞིག་བྱ། ལྷའི་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་པས་ཅི་ཞིག་བྱ། ད་སྟེ་ཞག་བདུན་མ་འཆི་བའི་དུས་བྱེད་པར་འགྱུར་ཏེ། ལྷའི་ལོངས་སྤྱོད་དང་བྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་ན། ཁྱོད་ཀྱི་གནས་གཞལ་མེད་ཁང་དམ་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཅི་དགོས། ཁྱོད་ཀྱི་སྲོག་ནི་ཡོད་མེད་ཀྱིས། ཐབས་ནི་མྱུར་དུ་རྣམ་སོམས་ཞེས། དེ་སྐད་ཅེས་སྨྲས་ནས་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་མི་སྣང་བར་གྱུར་ཏོ། ། དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པས་ཚིག་མི་སྙན་པ་དེ་ཐོས་ནས་བརྒྱལ་ཏེ་མལ་ནས་ཁ་སྦུབ་ཏུས་ལ་ལྷུང་ངོ་།། དེ་ནས་ལྷའི་བུ་མོའི་ཚོགས་དེ་དག་ནི་སྒྲ་ནི་བཤིག། རྒྱན་རྣམས་ནི་ལྷུང་། གོས་ནི་བསྙིལ། ཁ་ནས་ཁྲག་དང་གཤེར་བག་ནི་ཆད་ནས་མཆུ་དང་། དཀན?་དང་། མིད་པ་དང་། ལྕེ་ནི་བསྐམས་ལ། སྨྲེ་སྔགས་སྟོང་ཕྲག་དུ་མ་ནི་སྨྱེ་སྟེ་ངུ་ཞིང་ཆོ་ངེས་འདེབས་ལ། ཀྱི་ཧུད་ཀྱི་ཧུད་ཅེས་འཛེར་ཅིང་། ལྷའི་རིན་པོ་ཆེའི་སྣོད་ནས་སྤོས་ཆུ་དང་ཙན་དན་གྱི་ཆུ་གྲང་མོས་འཐོར་ཞིང་། ཁ་ཅིག་ནི་མགུལ་ནས་འཇུགཁ་ཅིག་ནི་ལག་པ་ནས་འཇུ། ཁ་ཅིག་ནི་དེའི་སྒྲ་ལའོ་བྱེད། ཁ་ཅིག་ནི་རྐང་པ་ནས་འཇུ། ཁ་ཅིག་ནི་མགོ་ལ་འཇུ། ཁ་ཅིག་ནི་བརྒྱལ་ཏེ་འགྱེལ། ཁ་ཅིག་ནི་སའི་སྟེང་ན་ཆུ་མེད་པའི་ཉ་བཞིན་དུ་འགྲེ་ལྡོག། ཁ་ཅིག་ནི་ལུས་ལ་མེས་ཚིག་པ་བཞིན་དུ་བགྲེ་ལྡོག། ཁ་ཅིག་ནི་སྨྲེ་སྔགས་དུ་མ་འདོན་ཅིང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཅིང་ངུའོ།། དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་སངས་@##། ཏེ་དྲན་པ་ཐོབ་ནས། ཁ་ནས་ཁྲག་སྐྱུག་ཅིང་སྡུག་བསྔལ་ཆེན་པོ་དྲག་པོ་ཉམས་སུ་མྱོང་ནས་ཤུགས་རིང་དུ་ཕྱུང་སྟེ་ལུས་འདར་ཞིང་རླུང་གི་ཤུགས་ཀྱིས་བཏབ་པ་བཞིན་དུ་གཡོ་བར་གྱུར་ལ། སྒྲ་བསྙུངས་པའི་སྙིང་གིས་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ཏེ། རྐང་པ་གཉིས་ལ་འཇུས་ནས་འདི་སྐད་ཅེས་སྨྲས་སོ། ། བཅོམ་ལྡན་འདས་བདག་ལ་སྐྱབ་ཏུ་གསོལ། བཅོམ་ལྡན་འདས་ལྷའི་རྒྱལ་པོ་ཆེ་བའི་བདག་ཉིད་ཅན་སྐྱབ་ཏུ་གསོལ། ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་གིས་སྨྲ་བ་ཐོས་ནས། བདག་དགུང་བདུན་ན་འགུམ་པའི་དུས་བགྱིད་དེ་ཞེས་མཆི་ཞིང་སེམས་ཅན་དམྱལ་བའི་ཚོར་བསོམས་ཤིག་ཅེས་མཆི་ན། ལྷའི་དབང་པོ་ཐབས་གང་གིས་འཆི་བདག་གི་དབང་དུ་མཆི་བར་མི་འགྱུར་བ་དང་། ངན་འགྲོར་མཆི་བར་མི་འགྱུར་བར་འཇིགས་པ་མ་མཆིས་པའི་གཉེན་པོ་བཀའ་སྩམ་དུ་གསོལ། ལྷའི་དབང་པོ་ཅི་ནས་ཀྱང་བདག་འཆི་བདག་གི་སྒོ་ནས་ཐར་པའི་ཚོ་གས་བདག་ལ་སྐྱབ་ཏུ་གསོལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་སྙིང་རབ་ཏུ་སྡུག་བསྔལ་བས། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ།། ལྷའི་དུ་མ་འཇིགས་ཤིག། གང་གིས་འཆིང་དག་ཕམ་པར་འགྱུར་ཞིང་། སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་པར་འགྱུར་བ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་སྟོན་པ། སྐྱེ་བ་དང་། རྒད་དང་། ན་བ་དང་། འཆིང་དང་། མྱ་ངན་ལས་བརྒལ་ངམ་ན་མེད་པའི་སྨན་པ་ཡོད་དེ། དེ་ནི་ཁྱོད་ཀྱི་སྐྱབས་དང་། རྩ་ལག་བཟང་པོ་དང་། དཔུང་གཉེན་དང་། ཕ་མ་ཉྫ་བུར་གྱུར་པ་ཡིན་ནོ།། དེ་ནི་ངན་འགྲོ་ཐམས་ཅད་འཇིག་པར་མཛད་པ་ཡིན་གྱིས། འདྲེན་པ་དེ་གང་ན་བཞུགས་པ་དེར་བདག་ཅག་མྱུར་དུ་འདོང་ངོ་།། དེ་ནས་དེའི་ཐོ་རངས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། ལྷའི་བུ་དང་། ལྷའི་བུ་མོ་སྟོང་ཕྲག་དུ་མ་དང་ལྷན་ཅིག་དགའ་ལྡན་ག་ལ་བ་དེར་དོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། དམན་པའི་ཚིག་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷའི་དུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་གིས་བསྐུལ་ཏོ། ། དེ་དགུང་བདུན་གྱི་གདུགས་ལ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་འཆི་བདག་གི་སྒོའི་དབང་དུ་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་གསན་ནས་འཛུམ་པ་མཛད་དེ། འཛུམ་པབ་བསྟན་པ་དེས་ཞལ་ནས་ཁ་དོག་དུ་མ་དང་ལྡན་པའི་འོད་ཟེར་བྱུང་སྟེ། འོད་ཟེར་བྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་གྱི་སྣང་བ་དེས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་བ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། པི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིང་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱས་ནས་བསྐུལ་ཏེ། བསྐུལ་ནས་ཀྱང་འོད་ཟེར་དེ་སླར་ལོག་སྟེ། བཅོབ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ།། ཞུགས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷའི་དབང་པོ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་བ་མེད་པ་འདི་ནག་བདུན་གྱི་ཉིད་པར་འཆི་བདག་གི་སྒོའི་འཇིགས་པར་འགྱུར་བ་དེ་ཉོན་ཅིག། འདི་གལ་ཏེ་འཆི་བའི་དུས་བྱས་པར་གྱུར་ན་སྡུག་བསྔལ་ཤིང་ཏུ་མི་བཟང་པ་ཆེན་པོ་དྲག་པོའི་ཚོར་བ་སེམས་ཅན་དམྱལ་བའི་ཚེར་བ་རྔམས་མྱོང་བར་འགྱུར་རོ།། ཐོག་མར་ནི་གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎཱ་སིར་སྨྱིག་མ་མཁན་གྱི་ཕྱི་ས་ཁུང་གི་འདམ་རྫབ་ཀྱི་ནང་དུ་ཤ་ཟ་པོ་པག་མགོ་ཅན་དུ་སྐྱེ་བར་འགྱུར་ཏེ། ཕྱི་ས་ལུང་དེ་ན་བཤང་གཅི་ཟའོ།། ཕྱི་ས་ཁུང་དེ་ཉིད་ཀྱི་ནང་ན་སྲོག་ཆགས་བྱེ་བ་བརྒྱ་སྟོང་གནས་ཏེ། དེ་དག་དུས་གསུམ་དུ་ཕག་མོ་དེའི་ཤ་ཟ་ཞིང་ཀེང་རུས་འབའ་ཞིག་ལུས་པར་བྱེད་དོ། ། དེ་ནས་ཡང་ལས་ཀྱི་དབང་གི་དབང་ཀུན་རྫོགས་པར་འགྱུར་ཏེ་ལོ་བདུན་ཚང་བར་འགྱུར་རོ།། དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་ནས་དགོན་པར་རུས་སྦལ་གྱི་སྐྱེ་གནས་སུ་སྐྱེ་ལ། དེ་མཚུར་མིང་ཡང་མི་གྲག་ཅིང་ཤིང་གྲིབ་ཀྱང་མེད་དེ་འི་ཚར་གྱིས་ལུས་གདུངས་ཤིང་ཚིག་ལ་བྱེ་ཆེན་ཟ་ཞིང་བྱ་རོག་དག་གིས་ལུས་བཏོག་ནས་ལུས་དུམ་བུར་འགྱུར་རོ། ། དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ནས་ཞིག་པར་འགྱུར་ཏེ། ལོ་ལྔ་ཚང་བར་དེ་ལྟར་འགྱུར་རོ།། དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ཝཱ་རཱ་ཎཱ་སི་དེ་ཉིད་དུ་ཆུ་འབབ་ཆུ་ཆེན་པོའི་ཉེ་ཆེན་པོར་སྐྱེ་བར་འགྱུར་རོ། ། དེ་ནས་ཡང་ལས་ཀྱི་དབང་གིས་གང་ན་ཆུ་མེད་པར་རོ་འཕངས་ནས་ལུས་ཆེན་པོ་དེ་ལ་སྦྲུལ་གདུག་པ་དང་། བྱ་རོག་དང་། སེ་མོ་དང་། ཁྱི་དང་། གཟིག་དང་། དྲེད་དང་། ཅེ་སྤྱང་ལ་སོགས་པས་ཟའོ། ། སྲོག་ཆགས་སྣ་ཚོགས་པ་གཞན་དག་ཀྱང་ཟའོ།། དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ཞིང་ཟད་པར་འགྱུར་ཏེ་ལོ་གསུམ་དེ་ལྟར་འགྱུར་རོ།། དེ་ནས་ཡང་འཆི་བའི་དུས་བྱས་ནས་ཁྱིམ་བདུན་དུ་སྐྱེ་ཞིང་འཛམ་བུའི་གླིང་གི་སྡུག་བསྔལ་མྱོང་བར་འགྱུར་ཏེ། མཛེ་ཅན་གྱི་ཁྱིམ་དང་། དབུལ་པོའི་ཁྱིམ་དང་། གཡུང་པོའི་ཁྱིམ་དང་། ཤན་པའི་ཁྱིམ་དང་། རིགས་ངན་གྱི་ཁྱིམ་དང་། གདོལ་པའི་ཁྱིམ་དང་། དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ་ལོ་དྲུག་ཅུའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། ། སྡུག་བསྔལ་དེ་དག་མྱོང་ནས། དེ་ནས་ཤི་འཕོས་ཏེ་སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་བསྐལ་པ་བརྒྱད་ཅུ་རྩ་བཞིར་སྡུག་བསྔལ་མྱོང་བར་འགྱུར་རོ། ། ལྷའི་དབང་པོ་དེ་ལྟ་བུའི་ལྡོག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ།། ཙཾ་སྟེ་བརྒྱལ་མིའི་ལུས་ཐོབ་ནའང་དབུལ་བ་དང་། ཡན་ལག་མཚང་བ་དང་། ཤེས་རབ་ཆུང་བ་དང་། ཡི་གེ་མོ་ཤེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་སྤང་བ་དང་། རྟག་ཏུ་སྒོམ་པ་དང་བཀྲེས་པ་སེམས་པ་དང་། ཚེ་ཐུང་ཞིང་ནང་མང་བར་འགྱུར་རོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན་ཐོས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྦྱར་ཤིན་ཏུ་འཇིགས་སྐྲག་སྟེ་ཡིད་མི་དགའ་ནས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་རེང་མ་མཆིས་པར་གྱུར་ཏོ།། བདག་ལ་སྐྱབས་བགྱིད་པ་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་དབང་པོ་འཆི་བདག་གི་ཆད་པ་ཆེན་པོའི་གཉེན་པོ་ཡོད་ཀྱིས། དེ་བས་ན་རེ་བ་མེད་པར་མ་བྱེད་ཅིག། དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་དེ་དག་འཆི་བའི་དུས་ཀྱི་ཚེ་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ཐམས་ཅད་ལས་ཐར་པར་འགྱུར་རོ།། དྲན་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། ཚེ་རིང་པོར་འགྱུར་རོ།། ཤིན་ཏུ་ཡོངས་སུ་དག་པའི་ལུས་ཐོབ་པར་འགྱུར་རོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ག་ལ་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རེ་བ་འཕེལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ལྷ་ཐམས་ཅད་སྐྱབ་ཏུ་གསོལ་བཅོམ་ལྡན་འདས་སྐྱེ་དགུའི་འཇིག་རྟེན་ཐམས་ཅད་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཆི་བའི་འཇིགས་པ་ཞི་བར་མཛད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་བསལ་དུ་གསོལ། བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དགུག་ཏུ་གསོལ། བཅོམ་ལྡན་འདས་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་གདབ་ཏུ་གསོལ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་རླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གཉེན་པོ་སྟོན་པ་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་སྐད་ཅེས་གསོལ་པ་ཐུགས་སུ་ཆུད་ནས། རྣམ་པ་ཀུན་ཏུ་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་རྣམ་པ་ཀུན་ཞེས་བྱ་བའི་འོད་ཟེར་གཙུག་ཏོར་གྱི་དབུས་ནས་བྱུང་ནས། དེས་ཕྱོགས་ཀུན་ཏུ་སྣང་བར་བྱས་ཏེ་རིན་པོ་ཆེའི་གདུགས་ལྟ་བུར་ནམ་མཁའ་ལ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་གཟིགས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀས་སྔལ་ཏོ། ། ལྷའི་དབང་པོ་བརྒྱ་བྱིན་ཀུན་ནས་སོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ་རྣམ་པར་ལྟ་བ་ནས་བྱ་བའི་གཟུངས་སྔགས་ཟུང་ཞིག། ཕྱག་རྒྱ་འདི་ནི་གངྒཱའི་ཀླུང་བྱེ་བ་དྲག་ཁྲིག་འསུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་བྱེད་སྐྱེད་ཀྱི་དེ་བཞིན་གཤེགས་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། ། གཟུངས་སྔགས་མཐོང་བ་དང་ཐོས་པ་ཙམ་གྱིས་སྡིག་དང་། སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོར་བར་འགྱུར་རོ། ། སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། དཔེར་ན་མེ་ཡིས་རྩཝ་བསྲེགས་པ།། རླུང་གིས་ཐལ་བ་མྱུར་དུ་དེད། ། དེ་བཞིན་ཚེ་རབས་སྔ་མ་ལ།། བསགས་པའི་སྡིག་པ་ཐམས་ཅད་སྲེག། དཔེར་ན་ཆར་པབབ་བ་འགྱུར་ཏེ།། རིལ་འབབ་ཆུབབས་པ་ཡིས།། ས་ཡི་སྟེང་གི་ཕྱག་དར་དང་། ། ཉལ་ཉིལ་ཐམས་ཅད་འདོད་པར་འགྱུར།། དེ་བཞིན་གཟུངས་འདི་མཐོང་བ་དང་།། ཐོས་པ་ཙམ་གྱིས་སྡིག་པ་བདག། དཔེར་ན་མེ་ཡིས་བསེར་སྦྱངས་པ།། སོས་བཅད་རུང་བར་སྟི་བར་འགྱུར། ། དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས།། ལུས་སྦྱོང་འགྱུར་ཏེ་ཐེ་ཙོམ་མེད།། དཔེར་ན་ཉི་མ་ཤར་གྱུར་ན།། འོད་ཟེར་ཀུན་ཏུ་རབ་ཏུ་འབྱུང་།། དེ་བཞིན་སུ་ཞིག་གཟུངས་འཆང་བ། ། དེ་ཡི་ལུས་ཀྱང་རྣམ་པར་མཛེས།། དཔེར་ན་སྐམ་པོ་རེཉ་འགྲོ་ལྡོག། ཆུ་དང་བྲལ་བས་འཆི་སྒོར་འགྲོ།། ལ་ལས་སླར་ཡང་ཆུར་བོར་བས།། དེ་ན་གནས་ཤིང་ཡང་ཅེའོ། ། དེ་བཞིན་དྲན་པ་ཙམ་གྱིས་ཀྱང་།། མི་རྣམས་ཚེ་ནི་ཟློག་པར་བྱེད།། ལྷའི་དབང་པོ་གཟུངས་སྔགས་བསྟན་གྱིས་ཉོན་ཅིག། ན་མཿསརྦྦ་ཏ་ཐཱ་ག་ཏཱནཱ། ཨོཾ་མ་ཧཱ་ཙིནྟ་མ་ཎི་ཛྭ་ལ་ན། སྭ་བ་ར་བནྟི་ར། ཨཱ་ཀརཱ་ཡ་ཥྚཱ་ཀྵརཱཿ། ཨཱ་ཨུནྡྷཔ.ཱ་ས+འུནྡྷར། སནྣ་སནྡྷུར། ཀརྞཀྵཎ། ཏིཀྵི། 6བྷྱཿ། སརྦྦ་ཏ་ཐཱ་ག་ཏམ་ཧཱ་ས་མ་ཡེ། ཏིཥྛ་ཏིཥྛ། མ་ཧཱ་དྷ་ན་སྤ་ག་རེ། སཾ་ཤཾ་དྷ་ཡ། མཱཾ་སརྦྦ་སཏྭཱཤྩ། བྷ་ག་པ་ཏི་སརྦྦ་པཱ་པཾ་བི་མ་ལེ་ཛམ་ཛ་ཡ། ཛ་ཡ་ལ་བྷེ། སཱུཿ་སུཿ། སྭོན་ཡ་སྥོ་ཊ་ཡ། བིག་ཏ་ཨཱ་བ་ར། དྷ་ཡ་ཧ་ར་ཎི། དྷུ་ཧཱུ~ཾ་ཧཱུཾ། ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲད། ཨུཥྞཱི་ཥ་བྱ་བ་ལེ་ཀི་ཏེ། ས་མནྟ་མུ་ཁེ། ས་མནྟ་བྱ་བ་ལོ་ཀི་ཏི། མ་ཧཱ་མ་ཡེ། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀཪྵ་ཡ་ཨཱ་ཀ་རཱ་ཡ། ཨཱ་ཀཪྵཱ་ཡ་ཨཱ་ཀརྡྷ་ཡབྷ་ར་བྷཱ་ར། སཾ་བྷཱ་ར་སཾ་བྷ་ར། ཨིནྡྲི་ཡ། བི་ཤོ་དྷ་ནི། བྷཱུ་ཥི་ཏ་དྷུ་ཛ། མ་ཧཱ་མུ་དྲཱ་བི་ལཽ་ཀ་ཏཾ། ཛ་ཡ་ཛ་ཡ། སིནྡྷུ་སིདྡྷེ། བུདྡྷེ་བུདྡྷེ། བོ་དྷ་ནི་བོ་དྷ་ནི། ས་བོ་དྷ་ནི་ས་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷཱ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦྦ་པྲཱ་པ། སརྦ་ཏ་ཐཱ་ག་ཏ་ཀུ་ར་དྷཱ་ཛོ། ས་མ་ཡ་ཏིཥྚཾ། པྲ་ས་རཾ་ཏུ་མ་མ་པུཎྱེ། བི་ན་པཱ་པཾ་སརྦྦ་ཀི་ལ་བི་ཥ་ཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀ་སི་ཏ་པདྨེ། ཀ་བ་ཙི་ཏ་བྷུ་ཛེ། ཥརྟཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦྦ་ཏ་ཐཱ་ག་ཏོཥྚི་ཥ་བི་ལོ་ཀི་ཏེ་སྭཱཧྨ། སརྦྦ་ཏ་ཐཱ་ག་གྲརྦྷཧྲཱི། ན་མ་ཆི་སྭཱ། ཨརྠ་ཨུ0f7fསྭཱཿ། པྲརྫྫ་ཨུ0f7fསཏྶུ། པྲཱརྞྞ་ལ་ཀི་ས+འུཏྨ། སརྣམ་པ་གཀྵསྭཱཿ། ས~ཾ་དྷུ་ཨཱ། སམ་སྱཱཿ། སམནྟ། སཧ་ར་ཎི་སྭཱདྣ། སྭ་དྷཱ་ར་ཎི་སཱུཧཱུ~ཾ། སནྡྷུར་ཎཱི་ས+འུཧྞ། པྲ་ཏི་སྭ་ར་ཎཱི་ས+འུཔྣ། མཛུབ་ཏི་སྟྲཻཿ། ཏེ་ཛི་ད་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱཙྪ། སརྦ་ཏ་ཐཱ་ག་ཏ་མུདྲཱདྷིཥྛཱན་དྷིཙྪི་ཏི་སྭཱཿ། སྠཱཥྚི་དང་པོ་གཟུངས་སྟེགས་པདི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་སྟོན་ཅིག། དེས་ནི་ཁྱོད་ཀྱིས་ལྷའི་བུ་དེ་ལ་ཡུན་རིང་པོར་ཕན་པ་དང་བདྲེ་བར་འགྱུར་རོ།། ཀུན་ནས་སྦྱོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པ་ར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ།། མཆོད་རྟེན་གས་པའམ་རྙིང་དབང་རུང་སྟེ་དེའི་ནང་དུ་གཞུག། སྤོས་དང་བྱུག་པའང་ཕུལ་ལ་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བརྒྱད་བསྒོམ་པར་བྱའོ།། ཉིན་ཞག་གཅིག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱའོ། ། དེ་ནས་ཉི་མ་ཤར་བ་དང་ཤར་ཕྱོགས་སུ་བལྟས་ཏེ། སྤོས་ཀྱི་དཀྱིལ་འཁོར་བྱས་ལ་ཉི་མ་ལོགས་སུ་མེ་ཏོག་གིས་གཏོར་རོ།། ཨ་ཀ་རུ་དཱང་དུ་རུ་ཀའི་བདུག་པས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱའོ།། མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིག་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན། གངྒཱའི་ཀྲུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། ། རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ།། སྙིང་པོ་འདི་བྲི་ས་ལ་གཞུག་གོ།། ཨོཾ་ན་མ་སྟྲཻ་ཡ་དྷི་ཀཱ་ནཾ། སརྦྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨྨ་དྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨཱ་ཡུཿསཾ་ཤོ་དྷ་ཡ་སཾ་ཤོ་དྷ་ཡ་མ་མ་སརྦྦ་པཱ་པཾ། སརྦ་ཏ་ཐཱ་ཏ་ས་མནྟོཥྞཱི་ཥ་བི་མ་ལེ་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨེ་བཾ་སཾ་ཛཿསྭཱ་ཧཱ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་བར་བྱེད་དོ།། གལ་ཏེ་ཤི་འཕོས་ནའང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ།། ཕྱིན་ཆད་ནམ་ཡང་འཆི་བའི་ཚེ་རབ་མཐོང་བར་མི་འགྱུར་རོ། ། ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ།། ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲན་མ་དུའང་ཐགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིག་སྔགས་འདི་བཅོམ་ལྡན་འདས་ལས་བརྡུང་ནས་@#། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷན་ཅིག་ཏུ་ནམ་ལངས་པ་དང་རང་གནས་སུ་སོང་སྟེ། དེ་བཞིན་གཤེགས་པས་བཀའ་སྩལ་པའི་ལུང་བཞིན་དུ་ཆོ་ག་གོ་རིམས་བཞིན་དུ་མཆོད་རྟེན་གྱི་ལས་བྱས་ནས། བཟླས་བརྗོད་ཀྱི་ཆོ་གའང་བྱས་པ་དང་། བྱས་མ་ཐག་ཏུ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས་སྡིག་པ་ཐམས་ཅད་དང་བྲལ་ཏེ། ལུས་རྣམ་པར་དག་ནས་པགས་པའི་མདོག་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། སྐྲ་དང་མིག་ནི་མཐོན་མཐིང་ལྟ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་མངོན་དུ་མཐོང་། ནམ་མཁའི་དབྱིངས་ནས་དེ་བཞིན་གཤེགས་པས་ལེགས་སོ་ལེགས་སོ་ཞེས་བྱ་བའི་གསུང་ནི་ཕྱུང་ངོ་། ། དེ་ནས་ལྷའི་བུ་དེ་སྒྲིབ་པ་དང་བྲལ་བའི་ལུས་སུ་གྱུར་པ་མཐོང་ནས་ཡ་མཚན་ཆེར་བཟུང་སྟེ་རབ་ཏུ་དགའ་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་རིག་སྔགས། ཨ་ལ་ལ་ཆོས། འབྲས་བུ་འཕྲལ་དུ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་ལྷའི་བུ་དེ་རང་གནས་སུ་སོང་ནས་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། འཕྲེང་བ་དང་། བྱུག་པ་སྣ་ཚོགས་བླངས་ཏེ། ལྷའི་གོས་དང་། སྤུད་པ་དང་། རྒྱན་ཀྱང་བླངས་ནས་གཡོག་འཁོར་ཐམས་ཅད་དང་། ལྷའི་བུ་མོ་དང་། ལྷའི་ཚོགས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་དང་དགའ་ལྡན་གྱི་གནས་སུ་དོང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཆོས་མཉན་པའི་ཕྱིར་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། ། དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སུ་ག་ལས་གང་གིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་མི་བཟད་ཅིང་ཤིན་ཏུ་ཚ་བའི་འབྲས་བུ་རྣམ་པར་སྨིན་པ་རྣམས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ།། སྐྱེས་བུ་དམ་པ་དག་ལེགས་པར་དྲིས་སོ།། དེའི་ཕྱིར་ཉོན་ཅིག། དང་བཤད་པར་བྱའོ།། ལག་ན་རྡོ་རྗེ་སྔོན་བྱུང་བ་འདས་པའི་དུས་ན་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡངས་པ་འཁྱིལ་བ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དེ། དེ་ན་བྲམ་ཟེ་དྲི་མ་མེད་པ་ཞེས་བྱ་བ་མཁས་པ། བྱང་བ་གསལ་བ། ཡིད་གཞུངས་པ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། མདོག་བཟང་པོ་རྒྱས་པ། མཆོག་དང་ལྡན་པ། དད་པ་དང་ལྡན་པ། དགེ་བའི་བསམ་པ་ཅན་རིག་པ་སྨྲ་བ་ཞིག་གནས་ཏེ། དེ་རིག་སྔགས་ཀྱི་རྒྱལ་མོ་འདི་རྗེས་སུ་སེམས་ཤིང་སྒོམ་ལ་མང་དུ་བྱེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་དོ།། དེ་ནས་གྲོང་ཁྱེར་དེ་ཉིད་མ་ཁྱིམ་དང་ག་། རང་སྣང་ཞེས་བྱ་བ་དྲུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། གཡོག་འཁོར་མང་བ་ཞིག་གནས་ཏེ། ཁྱིམ་བདག་དེ་ནི་དེང་དང་མི་ལྡན་ཞིང་གཞན་མུ་སྟེགས་ལ་དུད་དོ། ། བྲམ་ཟེ་དེ་ནི་ཁྱིམ་བདག་དེ་ལ་ཡང་དང་ཡང་རིག་སྔགས་ཀྱི་རྒྱལ་མོ་འདི་སྙིང་པོ་དང་བཅས་པ་སྒྲོབ་ཀྱང་། ཁྱིམ་བདག་དེ་ནི་དེ་ལ་དད་པའི་སེམས་མི་སྐྱེད་པར། དེ་འདི་སྙམ་དུ་སེམས་ཏེ་ངས་བྲམ་ཟེ་འདི་དུམ་བུ་དུམ་བུར་གཏུབས་ལ་ཉ་དང་རུས་སྦལ་སྲེག་པ་བཞིན་དུ་བོར་ཏེ་ཁར་ངན་སྐྱུགས་ཀྱིས་དགང་ངོ་སྙམ་མོ། ། དེ་ནས་འདི་སྙམ་དུ་བསམ་མ་ཐབ་ཏུ་ཁྱིམ་བདག་དེ་ལ་ཤ་བརྦ་དང་མཛེའི་ནད་ཀྱིས་བཏང་ངོ་། ། དེ་ནས་འཆི་བའི་དུས་བྱས་ནས་འཆི་ཀར་སྡུག་བསྔལ་གྱི་ཚེ་རང་ཆེན་པོ་མྱོང་སྟེ། ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ཏེ། དེར་བསྐལ་པའི་ཚད་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་། ། དེ་ནས་ཤི་འཕོས་ནས་ཉ་དང་། ཕག་དང་། རུས་སྦལ་གྱི་ནང་དུ་བསྐལ་པར་སྡུག་བསྔལ་མྱོང་ངོ་།། དེ་ནས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཐིག་ནག་ཏུ་སྐྱེས་ཏེ། དེར་ཡང་བསྐལ་པའི་ཚད་དུ་སྡུག་བསྔལ་ཆེན་པོ་མྱོང་ངོ་།། དེ་ནས་ཤིང་ཕོས་ནས་གྲོང་ཁྱེར་དེ་ཉིད་དུ་དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ། དམུས་ལོང་དུ་གྱུར་ནས་ཕན་ཚུན་དུ་སློང་མོ་ལ་སོང་བ་དང་། གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་དང་། དེ་ལ་དགེ་སློང་སྙིང་རྗེ་ལ་གནས་པ་ཞིག་འདུག་སྟེ། དེས་དེ་མཐོང་ནས་བྱམས་པས་རྒྱས་པར་བྱས་། ། རིགསགས་པ་ཀྱིལ་ཁྱོ་གས་སོ།། དརྒྱས་སྟོངས་ངས་ཆགས་མས་ན་ས་ར་ནས་ཐས་ཆེ་། མ་རྣམས་ཆུའོ་མོ་བཟུད་པའི་ལས་བྱས་སོ་སྙས་ནས་ངོ་ཚ་དབབྲེལ་ཡོད་པར་གྱུར་ཏེ་འཆི་བའི་དུས་བྱས་པ་དང་། གཟུངས་སྔགས་འདིའི་མཐུས་སུམ་ན་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་ཏེ། གས་མེད་འང་ཆེན་པོའི་རླུང་རོ་ལྷའི་དྲིམཚོ་ཚོགས་ཀྱིས་འསྐོར་ཅིང་རྩཝའི་ལོངས་སྤྱོད་ཆེན་པོ་མྱོང་བར་གྱུར་ཏོ། ། དྲིའི་ཆུདེའི་དུས་མཁྱིམ་བདག་དམུས་སོང་དུ་གྱུར་པ་དེ་གཞན་ཞིག་ཡིན་རྣམ་ཁྱོད་དོགས་ཤིང་ཐེ་ཙོམ་ཟ་བབམ་ཡིད་གཉིས་སུ་གྱུར་ན་དེ་ཝཱར་མི་བལྟ་སྟེ། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་དོ།། ལག་ན་རྡོ་རྗེ་དེ་ལྟ་བས་ན་སྡོམ་པ་གསུམ་གྱིས་བསྣན་པར་བྱའོ།། ལ་ན་རྡོ་རྗེ་ལས་དེས་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་གྱི་ཚེར་བ་འདི་ལྟ་བུ་རྐྱོང་ངོ་།། ལྷའི་བུ་འདིས་བྱང་ཆུབ་ཀྱི་སྙིང་པོར་མཐར་ཐུག་གི་བར་དུ་ས་ཀྱི་འབྲས་བུ་ཐ་མ་པའི་མྱོང་ངོ་།། ནུ་རྡོ་རྗེ་དེའི་ཚེ་དེའི་དུས་ན་རྔམ་ཟེ་དྲི་མ་མེད་པར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཙོམ་མམ་ཡིད་གཉིས་སུ་གྱུར་ན་དེ་ལྷུར་མི་བལྟསྟེ། ལག་ན་རྡོ་རྗེ་ཁྱོད་ཅིང་དོ།། དབུས་ལོང་ལ་གཟུངས་སྔགས་འདི་སྒྲོག་པའི་དགེ་སློང་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་དེ། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་ཏོ།། དེ་ནས་ལྷའི་འཁོར་མང་པོ་དེས་སྔོན་བྱུང་བ་འདི་ཐོས་ནས་རྨད་དུ་བྱུང་བར་གྱུར། དགའ་བ་ཐོབ་པར་གྱུར་ཏེ། ཅ་ཅོ་དང་གཞའི་སྒྲ་ཆེན་པོ་བྱུང་ནས། ཨ་ལ་ལ་དེ་བཞིན་གཤེགས་པའི་དམ་ཚིག་རིག་སྔགས་འདིའི་མཐུ་ནིཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། ། དེ་ནས་འཁོར་དེ་ལས་ལྷའི་བུ་ཁྲི་ཉིས་སྟོང་ནི་ཕྱིར་མི་ལྡོག་པར་གྱུར་ཏོ།། ལྷའི་དུ་མོ་བྱེ་བ་འབུམ་ཕྲག་འབྲུམ་ནི་བུད་མེད་ཀྱི་དབང་པོ་དང་བྲལ་ནས་སྐྱེས་པའི་དབང་པོ་བྱུང་སྟེ་ཕྱིར་མི་ལྡོག་པ་ཉིད་ལ་གནས་སོ། ། དེ་ནས་བཅོམ་ལྡན་འདས་ལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གཟུངས་ཀྱི་ཚིག་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་མཐུ་ཆེ་བ་ཕན་ཡོན་ཆེ་བ་ལགས་སོ།། བཅོམ་ལྡན་འདས་ཇི་ལྟར་སླད་མའི་ཚེ་སླད་མའི་དུས་ན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། ། གང་གིས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་ནས་ཡོངས་སུ་གྲོལ་བར་མཛད་པའི་ཆོ་ག་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གཟུངས་སྔགས་འདིའི་ཕན་ཡོན་དང་སྒྲུབ་པའི་ཆོ་ག་འདི་ཉོན་ཅིག། འདི་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་རིག་སྔགས་ཀྱི་རྒྱལ་མོ་འདི་དུས་གཅིག་ཏུ་དྲན་པར་བྱའོ།། རིང་བསྲེལ་གྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བར་བྱའོ། ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ།། དེས་ནི་གངྒཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ།། མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ།། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་པར་འགྱུར་རོ།། ཚེ་རིང་པོར་འགྱུར་རོ།། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། ། ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ།། གང་དང་གང་དུ་སྐྱེ་བ་དེ་དང་དེར་རྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། ། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་འདོད་པར་འགྱུར་རོ།། བསམས་པ་ཐམས་ས་ས་རྫོགས་སྒྱུར་རོ། ། ཅོ་གྱུ་འོ་ས་རྒྱུ་སྨྲས་གོས་པས་པ་ཡོས། ཐོ་སྨོར་ཀྱ་སྟེསྷོ།། ཧྲཱི་མིལ་གྱི་མཆེའོ། ། མཆོད་རྟེན་རྫོག་དཔ་རའོ།། རིགརྫོགས་ཚོང་རྟེན་མི་ནང་དུ་གཟུག་པར་བྱའོ།། མཚོད་རྟེན་པ་རྣམ་པའི་གཞགས་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། ། ཤིང་བུ་བཙུགས་ཏེ་བ་དན་དམར་པོ་སྦྱང་བར་བྱའོ།། མེ་ཏོག་གིས་གཏོར་རོ།། བུམ་པ་གང་བ་ལྔ་གཞག་གོ།། བཞིར་པོག་པོར་བཞི་ནས་དུ་རུ་ཀ་དང་། ཨ་ཀ་རུ་དྲང་། ཙན་དན་དང་། གུ་གུལ་གྱི་བདུག་པས་འདུག་པར་བྱའོ།། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། ། སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ།། ནད་ཀྱིས་བཏབ་པ་དང་། གནོད་པ་དང་། ནད་ཚབས་ཆེ་བ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་སྐྲག་པ་དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་གཞག་གོ།། རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། ། མཆོད་རྟེན་གྱི་དཀྱིལ་འཁོར་མཆོད་པར་བྱའོ།། ཆོ་ག་འདི་ལན་ཅིག་བྱས་ན་བསྐལ་པར་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་སྒྲིབ་པ་མེད་པར་འགྱུར་རོ།། ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་། སྒྲིང་པ་དང་། སྡིག་པ་དང་། གདུག་པ་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་རྣམ་པར་འཇིག་པར་འགྱུར་རོ།། ཚེ་ཟད་པའང་ཕྱིར་ནུར་ཞིང་ཚེ་རིང་བར་འགྱུར་རོ།། ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤ་ཟད་པའང་ལུས་ཡོངས་སུ་རྫོགས་པར་འགྱུར་རོ། ། ལུས་ཤིན་ཏུ་ཡོངས་སུ་རྫོགས་པར་དག་པར་འགྱུར་རོ།། བསམ་པའང་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། ཕྱིན་ཆད་འཆི་བདག་གི་སྒོར་སྡུག་བསྔལ་མི་མཐོང་བར་འགྱུར་རོ།། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། ། གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨ་ལས་སྐྱེ་བར་འགྱུར་རོ།། ཐམས་ཅད་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་རོ།། སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ།། འདིའི་བཟླས་བརྗོད་ཀྱི་ཆོག་པཞིན་གྱི་ན་གཅིག་བཞིན་དུ་དུས་གསུམ་དུ་ལ་ནཉྫི་ཤུནཱ་གཅིག་བཟླས་བརྗོད་བྱས་ན། དེའི་སྡིག་པའི་སྒྲིབ་པ་དང་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། ། བཟླས་བརྗོད་ཆོ་ག་བཞིན་དུ་ལོ་གཅིག་ཚང་བར་བྱས་ན་འཇིགས་པ་མེད་པའི་ལྟ་བ་ཀུན་ནས་སྒོའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ།། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། ། དྲི་མ་མེད་པ་རྣམ་པར་དག་པའ་པར་བའི་གཟི་བརྗིད་ཅེས་བྱ་བའི་ལུས་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ།། ཚེ་རྣམ་པར་དག་པཟོང་པར་འགྱུར་རོ། ། གངྒཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བསྐྱེད་པར་འགྱུར་རོ།། ཚེ་རབས་གཅིག་ཏུ་བརྒྱུད་པ་རྣམས་སུའང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། ། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་འདོད་པ་དེ་དང་དེར་འགྲོ་བར་འགྱུར་རོ།། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། ། འཆི་བདག་གི་སྒོ་མི་མཐོང་ཞིང་རྨི་ལམ་ལྟ་བུར་ཀུན་ཏུ་ཤེས་སོ།། ཆེས་བརྒྱད་དམ། བཅུ་བཞིའམ། བཅོ་ལྔ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱས་ན། བཟླས་བརྗོད་བྱས་པ་ཙམ་གྱིས་འཕྲལ་དུ་མཆོད་རྟེན་ལས་སྒྲ་འབྱུང་སྟེ་ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་རོ། ། འཕྲལ་དུ་སྡིག་པའི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་དང་། སེར་སྣ་དང་། ཕྲག་དོག་དང་བྲལ་བར་འགྱུར་རོ།། ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ།། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་དང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུར་རོ།། དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྨྲས་ནའང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ། ། བྱའི་ཚོགས་ཐམས་ཅད་ལ་སྨྲས་ནབང་བྱའི་ཚོགས་ཡོངས་སུ་གྲོལ་བར་འགྱུར་རོ།། ཟན་ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། བྱི་ལ་དང་། སྲེ་མོ་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ནའང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ།། བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ་གང་དང་གང་དུ་སྐྱེས་པ་དེ་དང་དེར་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། ། གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་བབ་པར་འགྱུར་རོ། ། གཅན་གཟན་དང་བྱ་སྣ་ཚོགས་གང་དག་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ།། རིལ་གཏོར་ན་རི་དགས་དང་བྱ་རྒྱུབ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ། ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྷུང་ནས་གདུང་བས་བསྲེགས་པ་ལས་འཕྲལ་དུ་ཡོངས་སུ་ཐར་པར་འགྱུར་རོ།། ལན་འབུམ་བཟླས་བརྗོད་བྱས་ན། གལ་ཏེ་མགུལ་ནས་ཐག་པ་བཏགས་ཏེ་ཁྲིད་པའང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ། ། དེའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་གྲོལ་བར་འགྱུར་རོ།། སེམས་ཅན་། དམྱལ་བ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་ཏེ་ཐེ་ཙོམ་མེད་དོ།། ཆོས་ཀྱི་རྒྱལ་པོ་གཤིན་རྗེའང་བླན་བཞིན་དུ་སེམས་ཤིང་འདུག་གོ།། ལུས་བསམ་གཏན་གྱི་ལམ་བཞིན་ནམ་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མངོན་པར་དགའ་ཞིང་འགྲོ་བར་འགྱུར་རོ། ། འཆིང་དག་གི་སྡུག་བསྔལ་མི་མཐོང་བར་འགྱུར་རོ། ། འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན། འབུམ་ཚང་ནུས་མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ།། བདག་ཀྱང་འབར་བར་འགྱུར་རོ།། ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། ། ས་བཅུ་ལ་གནས་པར་འགྱུར་རོ།། གངྒཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བསྐྱེད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ། ། དེ་བས་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ་ཤིང་དུ་བསྒྲེང་བ་བྱས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་འབུམ་གྱི་མཆོད་རྟེན་ཞེས་བྱའོ། ། གང་དག་དེ་ལ་བྱ་བ་རྣམས་བྱེད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་དག་དེར་འདོང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། ། ཐ་ན་གྲིབ་མས་ཕོག་པ་ནའང་ཡོངས་སུ་གྲོལ་བར་འགྱུར་ན། བྱ་བ་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་ཡོན་ཏན་དང་ཕན་ཡོན་ནི་བརྗོད་པར་མི་ནུས་སོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་གནས་པའི་ལྷའི་བུ་དེ་དག་དང་། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྡེ་བྱིན་ནས། བཅོམ་ལྡན་འདས་ལ་ལན་གསུང་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བ་དང་ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་ཚེ་སྲད་མའི་དུས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། ། རྒྱས་པར་བགྱིའོ།། སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ།། འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་འབྲང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ།། དུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་དེ་ལྟར་གྱིས་ཤིག། རིག་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདིངས་ཁྱེད་ལ་གཏད་དོ། ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་། དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། རྒྱ་གར་སྐད་དུ། སརྦ་མ་ན་ཨནྟ་མི་ཏ་སིདྡྷི་སྟུ་པེ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་ཞེས་བྱ་བའི་གཟུངས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།
CLOSE WINDOW