Wylie | e-texts produced with ocr Programm |
རྒྱག་སང་དུ། བོང་སྐད་དུ། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་རིག་སྔགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡི་གེ་དྲུག་པའི་རིག་སྔགས་གང་ཡང་དག་པར་རྫོགས་པའི་སངས་རྒྱས་དྲུག་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ། ཡི་གེ་དྲུག་པའི་རིག་སྔགས་ཀྱི་རྒྱལ་མོ་འདི་ཀུན་དགའ་བོ་ཁྱོད་ཀྱིས་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤོག། ཏདྱ་ཐཱ། དནྟི་ལེ། ཀནྟི་ལེ། དཎྜ་མི་ཏི། མ་དྷུ་མ་ཏི། མ་དྷུ་ས་ཏི། ཀ་རཱནྟིཏ། ཀོ་རཎྜ་དཱ་བི་ཏི། ཀོ་ཤྭ་དཱི། ཚཊཛ། དུ་དུམ་ཏེ། ཀེ་ཏུ་མ་ཏི། ཙུ་དུན་དྷེ། ཀུ་ཊ་དནྟེ། ཏ་རུ་ཧུ་རེ། ཨེ་ན་ནེ་ག། ཧུ་ཏྲ་བ་ཧུ་ནི། ཀུན་དགའ་བོ་འདི་ནི་ཡི་གེ་དྲུག་པའི་རིག་སྔགས་སོ།། ཀླད་པ་ན་བ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྣུན་པ་དང་། ཁྱེན་པ་དང་། སྙིང་ན་བ་དང་། ལྗོན་པ་དང་། རྒྱབ་ན་བ་དང་། རྩིབ་ལོགས་ན་བ་དང་། ཆུ་སོ་ན་བ་དང་། བྱིན་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་དང་། ཟས་མ་ཞུ་བ་དང་། སྤོས་པ་དང་། མངལ་དུ་ཐོགས་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། རིམས་དྲག་པོ་དང་། ཉིན་གཅིག་པ་དང་ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རིམས་ཡུད་ཙམ་པ་དང་། ཉིན་མོའི་རིམས་དང་། མཚན་མོའི་རིམས་ཀྱིས་བཏབ་པ་ལ། ཡི་གེ་དྲུག་པའི་རིག་སྔགས་འདིས་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། ཆུས་གཏོར་བ་དང་། སྲང་བུས་བཅིངས་པ་བྱས་པ་ལས་གང་ཞིག་འགལ་བར་བྱེད་ན། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་མི་འགས་པ་ནི། ཀུན་དགའ་བོ་ངས་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ནམ་མཐོང་ངོ་།། ཏདྱ་ཐཱ་ཨཱཎྜ་རེ། པཎྜ་རེ། ཀ་རཊ། ཀེ་ཡུ་རེ། བྷཱུ་ཏ་གྲ་ཧེ། བྷུ་ཏ་པྲ་ཀྵི་ཏེ། བྷུ་ཏ་ཡ་སྠ་ཡ་ནི། པྲ་ཡ་བ་ཏི། ཏེ་ཛ་བ་ཏི། ཡ་ཤོ་བ་ཏི། གི་རི་ཎི་ནི། ཤ་རཱི་ཎི་ནི། བདག་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་@#པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཡི་གེ་དྲུག་པ་ཞེས་བྱ་བའི་ཚིག་སྔགས་རྫོགས་སོ།།
CLOSE WINDOW