Wylie | e-texts produced with ocr Programm |
རྒྱ་གར་སྐད་དུ། ཨཱརྱ་ཛ་ཡ་བ་ཏཱི་ནཱིནྟ་མ་དྷཱ་ར་ནི། བོད་སྐད་དུ། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། སེམས་ཅན་ཐམས་ཅད་ལ་སྨན་པ་དང་། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང་བདེ་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བར་དགོངས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བྱ་བ་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་ངའང་ང་ལྟར་འཆད་པ་འདི་ཟུང་ཞིག། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ་བ་ཏཱི་ཡེ། བུད་དྷ་ཨ་དྷིཥྛི་ཏ་ཡེ། དྷམ་ཨ་བ་བྷཱ་ས་ནི། བུདྡྷ་ཨ་དྷི་ག་མེ་ཛྙཱ་ན་ཨ་བ་བྷ་སེ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་ཚིག་འདི་དག་གང་གིས་ལུས་ལ་བཏགས་སམ། གླེགས་བམ་ལ་བྲིས་པ་དེའི་ལུས་ལ་དཔག་ཚད་སྟོང་ཚུན་ཆད་དུ་ཕྱིར་རྒོལ་བ་གནོད་པ་འབྱུང་བར་མི་འགྱུར་རོ།། མཚོན་དང་། དུག་དང་། དབྱིག་དུག་གིས་མི་ཚུགས་སོ།། རྒྱལ་པོ་དེའི་ཡུལ་དེར་ཕ་རོལ་གྱི་གནོད་པ་མི་འབྱུང་ངོ་།། ཕྱིར་རྒོལ་བ་དག་ཡུལ་འཁོར་དེར་མཐུས་གནོད་པར་མི་འགྱུར་རོ།། ལག་ན་རྡོ་རྗེ་རིགས་ཀྱི་བུ་འམ། རིགས་@#ཀྱི་བུ་མོ་གང་ལ་ལས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ་འཆང་བ་དེ་ཇི་སྲིད་འཚོའི་བར་དུ་དེའི་ལུས་ལ་མཚོན་དང་། དུག་དང་། ཆུ་དང་། རིམས་དང་། དུག་སྦྱར་མ་གཞན་གྱིས་མི་ཚུགས་པར་འགྱུར་རོ། ། དེ་ལ་དགྲའི་འཇིགས་པ་དང་། འཚེ་བ་དང་། མཐོ་འཚམ་པ་འབྱུང་བར་མི་འགྱུར་རོ།། རྒྱལ་པོའི་འཇིགས་པ་མི་འབྱུང་། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་། འཐབ་མོའི་ནང་དུ་སོང་ཡང་དེའི་ལུས་ལ་མཚོན་གྱིས་མི་ཕོག། ཐམས་ཅད་དུའང་ང་རྒྱལ་བ་སྨྲ་བར་འགྱུར་རོ།། གནོད་པ་མེད་ཅིང་མ་སྣང་ལ་མ་སྨས་པར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་མཐུ་དང་། གཟི་བརྗིད་དང་སྟོབས་དང་། བྱིན་གྱིས་བརླབས་ཀྱིས་རྒྱལ་བར་འགྱུར་རོ།། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། ཛ་ཡོཏ་ཏ་མེ། དཱརྨ་ཨ་བ་བྷཱ་ས་ནི། བུད་དྷ་བུད་དྷ། དྷ་ར་དྷ་ར་དྷ་ར་དྷ། བོ་དྷ་བོ་དྷ་ནི། བོ་དྷ་ནི། ཏ་ཐཱ་ག་ཏ། ཨ་དཱིརྟྟིཏ། ཨ་བ་རོ་ཧ་ཎི། ཨ་རོ་བྱཱ་ནི་ཛ་ཀུ་སུ་མ། སཱ་རེ། ས་བ་ར་ཥྚ་གྷྣ་ཌིཿ། དདཱ་དྲྀཿཔཱ་ཤ་རོ་བ་དྷེ། ཨཽ་ཧ་ནི། ཛ་མ་དྷ་ནཾ། སཱམ་བྷ་ནི། ཀྟམ་དྷི་ན་སརྦ་ཨ་རོ་ཏེཥྞཱི་ཎ་ཎ། ན་མོ་བྷ་ག་བ་ཏི། བུད་དྷ་སྱ། མ་ཧཱ་ཀ་རུ་ཎ་ཎ། བི་ཧ་རི་ཎི། སིད་དྷཱན་ཏུ་མནྟྲ་པཱ་དེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླཔོས་ཀྱིས། བདག་གིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདིའི་གཟུངས་ཀྱི་གསང་སྔགས་ཀྱི་གཞིནས་། ། ཊྚ། རྫུ་སངས། བ་ལ་། དྷཱ། ཡང་གྲག་ས། 16། ། པས། ། 68། གྲཱི་ཡེ་ཧྲཱི་5། ཨ་རས?། ཨམས། བི་ཀྲི་པའི་མཾ། ཨ་ཙལ་ས་། ལ་ཀཱ་ནཱ་། ནཱི་ས་དྡྷི། བ་པྲཿ་།། བཛྲ་ས་བྷཱ། བཛྲ་ཀྵཱ)། བུད་དྷཱ་སརྦྦ་བུང་དྷ་ར་རྣམ་ཧ་པྲ་ཏྟེ། རླུད་ཅིག་། མ་ཧཱཛཱབཏྟ། མ་ཙལ་མ་ཚལ། དྷུདྷཱན་དྷྱན། 9། ཉྫ་ས་ནི། སན་། རྣཿ་བབྷཱུས་ནི། 6ར། གྷུཿ། བཛུམ་རི། ས་ར་ས་ར། ཀ་ལ་ཀ་ལ་བ་རི་ཎི་སྭཱཧཱ། བཅོམ་ལྡན་འདས་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པའི།། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་ཅན་འདི་ལས་འདའ་བར་བགྱིད་པ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འཁུས་པར་འགྱུར་རོ།། འདི་ལྟ་སྟེ། ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་ས་མ། ཤ་ཟའམ། བརྗེད་བྱེད་དམ། གསོད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པ་འམ། མ་མོའི་གདོན་ནམ། གོང་མའི་གདོན་ནམ། སྐེམ་བྱེད་དམ། སྐེམ་བྱེད་ཀྱི་གདོན་ནམ། དྲི་བའི་གདོན་དག་ཐམས་ཅད་རྨུགས་པར་བགྱིས་སོ།། རེངས་པར་བགྱིས་སོ།། ཏདྱ་ཐཱ། བཛྲ་བཛྲེ་བཛྲེ། ཧན་བཛྲི་རྐན་བཛྲེ། ཁཱང་ཁཱ་ད་བཛྲི་ཎཱི། ཝཱཿ་ཡ་སྭཱ་ཊ་ཡ་སྭ་ཊ་ཡ། བཛྲེ།། ཨི་དཾ་གྲ་ཧ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པཱ་ཏ་ཡ། པཱ་ཏ་ཡ། པཱ་ཏ་ཡ། དྷ་ར་དྷ་ར། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག། ཛ་ཡ་ཀཱ་རི། ཛ་ཡཾ་ཀུ་རུ། ཏ་ར་ཏ་ར་ཏ་ར། མ་ཧཱ་ཏར་ཎེ། ཀུ་ཊེ་ཀུ་ཊེ། ཀུ་ཊེ། བཛྲ་ཀུ་ཊེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ལག་ན་རྡོ་རྗེ་སེམས་ཅན་ཆེན་པོ་ཁྱོད་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་ཞུགས་པའང་ལེགས་སོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སུའི་ལག་ཏུ་སོང་སྟེ་ལུས་ལ་བཏགས་སམ། གླེགས་བམ་ལ་བྲིས་སམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆགས་ན་སྤྱོད་པར་འགྱུར་བ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཚོགས་ཀྱི་གཡོག་དང་བཅས་པར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་དེ་སྲུང་བར་འགྱུར་རོ།། ཡུལ་དེར་ཕ་རོལ་གྱི་དམག་ཚོགས་ཀྱིས་ཀྱང་གནོད་པར་མི་འགྱུར་རོ། ། ས་ཕྱོགས་དེར་མི་ངས་མི་འབྱུང་ངོ་།། དགྲ་མི་འབྱུང་ངོ་།། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཕྱི་བཞིན་འབྲང་བ་དང་ལྷན་ཅིག་དེར་སྲུང་ངོ་།། ཡོངས་སུ་སྐྱོབ་གོ། ། ཡོངས་སུ་འཛིན་ཏོ།། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱེད་དོ།། ཆད་པ་སྤོང་ངོ་།། མཚོན་ཆ་སྤོང་ངོ་།། དུག་གསོད་ངོ་དོ།། མི་མཛའ་བ་འགོག་གོ།། མཚམས་གཅོད་ངོ་།། ས་གཅོད་དོ།། ཏདྱ་ཐཱ། ཏཱ་པ་ནི་ཏ་པ་ནི། པྲ་ཏ་བ་ནི་དྷུ་རུ་མ། དཱུ་རུ་མེ། བུད་དྷ་ཨ་དྷིཥྞཱི་ཏེ། མུ་ཁེ་མུ་ཁེ། སུ་མུ་ཁེ། སུ་མུ་ཁེ། པྲ་ལ་པྲ་ལ་ཏེ། ས་མཱ་དྷི་ཏ། ས་མཱ་དྷི་གརྦྷེ་ས་མཱ་དྷི་གརྦྷེ་མཱ་ན་སི། ཕུ་རུ་ཕུ་རུ་ཕུ་རུ་དྷུ་རུ། བུད་དྷ་མ་ན་སི་ཀེ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱི་བོ་ནས་དབང་བསྐུར་བའོ།། གསང་བའི་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། ། ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ་འཆང་ངམ། ལུས་ལ་བཏགས་ཏེ་འཆང་ཞིང་དེ་ལ་སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། མེ་ཏོག་སྣ་ཚོགས་ཀྱི་ལྷབ་ལྷུབ་ཀྱིས་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ན། མིའི་རྒྱལ་པོ་དེ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་ཕྱི་བཞིན་འབྲང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་སྲུང་བར་འགྱུར་རོ། ། མིའི་རྒྱལ་པོ་དེ་ལ་ཕྱིར་རྒོལ་བ་དང་། དགྲ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། ། མཐུས་ཡུལ་དེར་འཇུག་པ་དང་། བགེགས་འཇུག་ནའང་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་སྣ་ཚོགས་བརྒྱ་དང་། བགེགས་སྣ་ཚོགས་སྟོང་བྱེད་པར་འགྱུར་རོ།། མིའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་བཀུར་བར་བྱའོ།། གང་དུ་གཡུལ་ང་འཇུག་གམ། དགྲ་ཆེན་པོ་དང་འཐབ་པ་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་མགུལ་དུ་བཏགས་ཏེ་གཡུལ་ངོར་ཞུགས་ན། དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཚོགས་དེ་ཕམ་པར་བྱེད་པར་འགྱུར་རོ། ། དེ་ནི་རྒྱལ་བར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སུའི་མགུལ་དུ་བཏགས་པ་དེ་རྒྱལ་བར་འགྱུར་རོ།། ལག་ན་རྡོ་རྗེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་གལ་ཏེ་ནང་འགྲོ་བ་སྣ་ཚོགས་དང་། མི་ངས་མི་བཟད་པ་ཆེན་པོ་བྱུང་ན། དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་དང་། མེ་ཏོག་སྣ་ཚོགས་དང་། ཆོ་ག་དང་། གཏོར་མ་དང་། བུམ་པ་བཏུང་བ་སྣ་ཚོགས་ཀྱིས་བཀང་བ་བཞི་ཕྱོགས་བཞིར་བཞག་སྟེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་བཀླགས་ན། དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཤིང་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང་། མི་ངས་དེ་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལས་ལྷག་པའི་རོག་སྔགས་ཆེས་སྟོབས་དང་ལྡན་པ་འམ། གཟི་བརྗིད་ཆེ་བ་འམ། རྫུ་འཕྲུལ་ཆེ་བ་འམ། མཐུ་ཆེ་བ་གང་ཡང་མ་མཆིས་སོ། ། རིག་སྔགས་ཐམས་ཅད་ཀྱི་མཆོག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡུལ་གང་དང་གང་དུ་སྦྱོང་བར་འགྱུར་བའི་གནས་དེ་དང་དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་རོ།། ། བཛྲེ་བཛྲེ་བཛྲེ། ཨ་མེ་ཏེ་བཛྲེ། རྡོ་ལི་ཏ་བཛྲེ། རྦཱ་ཏ་ཤ་ནི། བྷཉྫཿ། ཨུ0f7f། སརྫྫ་ཡ། སརྦ་ཀྲཉྫཛྙཱན། ནཱརྠཥྚ། ཕཊ་པ་པ། སྲས་ཟས་རྦས། བཊ་པཊ་པཊ། ། སྲ་རུས་དུ། རྣམ་ཏ་མངས། ཛས་ངལ་ངས། ས། དྷཥྐཾ་གྷུར། བདམ་ནིསཧཱུཾ། རུས་སུ། ས་སརྦ་ན། ནཱ་ཊ་དུ། མུ་མུ་ལེ། བཛྲ་པྲ་དཱ་པཱ་ནི། ཙི་མ་ལེ་པུ་སྭཱཧཱ། ཨཱ་ཡུ་པ་ལ་ནི་ཙུ་ཙུ་རེ་སྭཱརྦྦ། ཛ་ཡ་ཛ་ཡ། ཛ་ཡ་སམ་བྷ་བེ་སྭཱཿ། ཛ་ཡོཏ་ཏ་མ་སྭཱཧཱ། ཛཱ་ཡ་བ་རེ་དེ་སྭཱཧཱ། ཛ་ཡན་དྷཱ་རེ་སྭཱཧཱ། ཛ་ཡ་མ་ན་སི་སྭཱ་ཧཱ། ཛ་ཡ་བཛྲ་སྭཱཧཱ། ཨ་ཛི་ཏ་བཛྲ་ཡ་སྭཱ་ཧཱ། བཛྲ་ཧུ་ཏཱ་ཤ་ནཱ་ཡ་སྭཱ་ཧཱ། ཨ་མོ་གྷ་བཛྲ་ཧ་ཏ་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བསྲུང་བ་སུལ་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་དགུམ་པ་དང་། མི་མཛའ་བ་དགག་པ་དང་། དུས་མ་ལགས་པར་འགུམ་པ་དགག་པ་དང་། འཐབ་པ་དང་འཐབ་མོ་དང། རྩོད་པ་དང་། འགྱེང་བ་དང་། གཡུལ་འགྱེད་པ་དང་། ཁྲག་ཁྲུག་དང་། འཇིགས་པ་ཐམས་ཅད་དགག་པར་བགྱིའོ།། མཚམས་དགུས་པར་འགྱུར། ཏདྱཿ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། མི་ལི་མ་ན་སི། ཛྙེ་ཛྲེ་དྷེ། མཱུ་རུ་མུ་རུ། ཏུ་ནུ་ཏུ་ཊུ། མུ་མུ་ལེ། མཱརྒ་བ་ཏི། དྷུ་དྷཱ་མེ། བེ་གེ་བེ་གྷ་དྷ་རི་ཎི། ཏེ་ཛ་བ་ཏི། བདག་དང་སེམས་ཅན་ཐ་མས་ཅད་འཇིགས་པ་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ། བྱིན་གྱིས་བརླབས་པ་ལགས་སོ།། ཏདྱཥྚ། བུད་དྷེ་བུད་དྷེ། བུདྡྷེ་བུནྟེ། བུདྡྷ་བ་ཏེ། བུདྡྷ་ཨ་བ་བྷཱ་ས་ནི། དྷརྨ་བ་ཏཱི། ས་མ་ཧི་ཏེ། ས་མཱ་དྷི་གརྦྷེ། བུདྡྷ་ཨ་བ་བྷ་ས་ནི། བུདྡྷ་པ་རི་ཧ་རི། དྷརྨ་ཨ་བ་བྷཱ་ས་ནི་སྭཱཧཱ། སུ་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེ་ནི་མགོ་བོ་སི་ཏ་ཀའི་འབྲས་བུ་བཞིན་དུ་ཚལ་བ་བདུན་དུ་འགས་སོ།། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་འཆང་ངམ། ཀློག་གམ། མཆོད་པ་བགྱིད་དམ། ཡི་གེར་འདྲིའམ། གླེགས་བམ་ལ་བྲིས་ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ་ལྗོངས་སམ། རྒྱལ་པོའི་ཕོ་བྲང་འཁོར་ཏམ། གཙུག་ལག་ཁང་དུ་འཇོག་ན། དེར་བདག་ཚོགས་ཀྱི་གཡོག་དང་བཅས་ཤིང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་པར་ལྟུང་དུ་ན་གྲུས་མཆོག། དཔག་རྦྷ་སྟོང་དྲན་ང་ས་རྣས་པ་རྒྱས་པ#། པ་རྒོལ་པ་དང་། 6ང་། གཡུལ་འབྱེད་པ་དང་། འབབ་པང། འབྲུ་བ་དང་། འཐབ་མོ་དང་། འགྱེད་པ་ཐམས་ཅད་མ་མཆིས་པར་བགྱིའོ།། སླར་བཟློག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། ། སེམས་ཅན་ཆེན་པོ་ཁྱོད་འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་དང་། བདེ་བ་དང་། བསྟན་པ་སྲུང་བའི་ཕྱིར་ཞུགས་པའང་ལེགས་སོ། ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིས་གང་ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་བྱས་པ་དེའི་ལུས་ལ་མཚོན་དང་། དུག་དང་། བྱང་དང་གསོད་བྱེད་དང་། རིམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པའོ།། ལག་ན་རྡོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཟུང་ཞིག། ཆོངས་ཤིག། ཀུན་ཆུབ་པར་གྱིས་ཤིག། ལག་ན་རྡོ་རྗེ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རབ་ཏུ་རྣམ་པར་འཛག་པའི་དུས་ན་སེམས་ཅན་དྲག་ཤུལ་དང་ལྡན་པ། ཤིན་ཏུ་མི་བཟད་པ། མངངས་འཕྲོག་པའི་གནོད་སྦྱིན་དང་། སྲིན་པོ་རྣམས་དང་། ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་འབྱུང་བར་འགྱུར་རོ།། ཚེ་ཐུང་བ་ཆོས་མ་ཡིན། པས་ཡུལ་འཁོར་སྦྱོར་བ་འབྱུང་བ་དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སེམས་མི་མཉམ་པ། སེམས་མི་བཟད་པ་དེ་དག་དང་། སྡང་བ་དང་། རབ་ཏུ་སྡང་བའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྱུར། ཚར་གཅོད་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་པ། བྱིན་གྱིས་བརླབས་པ། ཕྱག་རྒྱས་བཏབ་པ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པའོ།། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལག། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལག་ན་རྡོ་རྗེ་དེའི་ཕྱིར་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཞེས་བྱ་བར་ཟུང་ཞིག། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་རྒྱལ་བ་ཅན་ཞེས་བྱ་བར་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་།། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རྒྱལ་བ་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ།
CLOSE WINDOW