Wylie | e-texts produced with ocr Programm |
མཆོག་ཏུ་ཤིན་ཏུའང་སྙིང་པོར་གྱུར་པའི་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ཕྱུང་བ་རྫོགས་སོ།། ། རྒྱ་གར་སྐད་དུ། ཨཱརྱ་ཛཱ་ཡ་བ་ཏི་ནཱ་མ་མ་ཧཱ་བིདྱཱ་རཱ་ཛཱ། བོད་སྐད་དུ། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལུས་འཕགས་རི་ལ་བཞུགས་ཏེ། དེའི་ཚེ་འབྱུང་པོ་རྣམས་འཁྲུགས་པར་གྱུར་ནས་མ་དད་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། གྲུལ་བུམ་རྣམས་འཁྲུགས་ཤིང་ཁྲིས་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་གང་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་མངོན་པར་དད་པ་དེ་དག་ལ་གནོད་པར་བྱེད་དེ། དེ་དག་ལ་གནོད་པར་བྱེད་པ་དེའི་ཚེ་ཀུ་ཅོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡང་དག་པར་ཟིན་ནས་ཕྱོགས་བཞིར་རྣམ་པར་གཟིགས་ཏེ། ཕྱོགས་བཞི་ནས་གློག་ལས་སེར་བ་དང་། ཆར་ཆེན་འབབ་པ་དང་། སྐར་མདའ་ལྟུང་བ་འོང་བ་གཟིགས་སོ།། གཟིགས་ནས་ཀྱང་རྡོ་རྗེ་འཆང་ལ་བརྡ་མཛད་དོ།། དེ་ནས་རྡོ་རྗེ་འཆང་གཏུམ་པོ་ཁྲོས་ཏེ་སྟན་ལས་ལངས་ནས་ཤར་ཕྱོགས་སུ་རྡོ་རྗེ་འབར་བ་སྟོང་མངོན་པར་སྤྲུལ་ཏེ་འདི་སྐད་ཅེས་གསོལ་ཏོ།། འབྱུང་པོའི་ཚོགས་རྣམས་ང་ལ་ཉོན་ཅིག། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བདེན་པའི་བྱིན་གྱིས་བརླབས་འདི་བྱའོ།། ད་ལྟར་དང་མ་འོངས་པའི་དུས་ན་འབྱུང་པོ་གཏུམ་པོ་མི་རྣམས་ལ་རྣམ་པར་འཚེ་བ་དང་། ལོ་ཏོག་དག་ཀྱང་མ་རུངས་པར་བྱེད་པ་གང་དག་འབྱུང་བ་དེ་དག་གི་དོན་གྱི་ཕྱིར་ངས་རིག་པའི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བྱའོ།། ཏདྱ་ཐཱ། གི་རི་གི་རི་བཛྲ། ཧ་ལ་ཧ་ལ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། ཧ་ན་ཧ་ན་བཛྲ། ར་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། སརྦ་བྷཱུ་ཏཱ་ནཱ་མ། བྷྲ་མ་ཡ་བྷྲ་མ་ཡ། བྷོ་བྷོ་བཛྲ་དྷ་ར་བཛྲེ་ཎ། པཱ་ཏ་ཡ་པཱ་ཏ་ཡ། ཤཱི་གྷཱ་ན་ཤཱི་གྷྣཱ་ན། མ་ཐཱ་མ་ཐཱ། པྲ་མ་ཐ་པྲ་མ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཛྭ་ལ་ཡ་ནཱ་ག་བྷ་བ་ནན་བན་དྷ་བན་དྷ། ཏིཥྛ་ཏིཥྛ། ཤར་ཕྱོགས་བཅིངས་པར་བྱའོ།། རྡོ་རྗེ་སྙིང་པོ་འདི་བྱིན་གྱིས་བརླབ་པར་བྱའོ།། སུ་ཞིག་ག་སང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པའི་མགོ་བོ་འགས་པར་། འགྱུར་རོ།། སྙིང་འགས་པར་འགྱུར་རོ།། སྙིང་འགྲུམ་པར་འགྱུར་རོ།། བཛྲ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཡ་སྭཱ་ཧཱ། བཛྲ་བྷཻ་ར་བཱ་ཡ་སྭཱ་ཧཱ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མོ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་རྡོ་རྗེ་ཁྲོ་བོ་སྟན་ལས་ལངས་ཏེ་ལྷོ་ཕྱོགས་སུ་རྣམ་པར་བལྟས་ནས་ཁྲོས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་དེང་ཉིད་ལྷོ་ཕྱོགས་ཀྱི་ཀླུ་ཐམས་ཅད་ཐལ་བར་བརླག་གོ། ལུས་སྲུལ་པོ་ཐམས་ཅད་ཀྱི་བར་གྱི་གནས་རྣམས་འབར་བར་བྱའོ།། ཀླུ་ཐམས་ཅད་ཀྱི་གནས་རྣམས་དཀྲུག་པར་བྱའོ།། ཡང་སྨྲས་པ། གསང་བ་པའི་བདག་པོ་བདག་གིས་རྡོ་རྗེ་ལྷ་མ་ཡིན་དང་ཀླུ་ཐམས་ཅད་ནས། ལུས་སྲུལ་པོའི་བར་ཐམས་ཅད་དང་། མི་དང་མི་མ་ཡིན་པའི་བར་ཐམས་ཅད་རྨུགས་པར་བྱེད་པའི་རྡོ་རྗེ། རེངས་པར་བྱེད་པའི་རྡོ་རྗེ། རྨོངས་པར་བྱེད་པའི་རྡོ་རྗེ། ལུ་འབབ་པར་བྱེད་པའི་རྡོ་རྗེ། མགོ་འགེམས་པར་བྱེད་པའི་རྡོ་རྗེ། སྙིང་འགས་པར་བྱེད་པའི་རྡོ་རྗེ་འདི་ལྷོ་ཕྱོགས་སུ་གཞག་པར་བྱའོ།། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ན་ཀླུ་གནོད་པར་སེམས་པ་རྣམས་འདུལ་བར་འགྱུར་རོ།། ཏདྱ་ཐཱ། ས་ར་ས་ར་བི་ས་ར་བི་ས་ར། ཨཱ་བརྞྞ་ཡ། སཾ་གོ་ཙ་ལ། ཧཱུཾ་ཧཱུཾ་ཧཱུཾ། དྷོ་ན་དྷོ་ན་དྷོ་ན། དྷུན་དྷཱ་ན་དྷུ་ན། བན་དྷ་བན་དྷ་བན་དྷ། སརྦ་པཱ་ཤེ་ན། མོ་ཧ་ཡ། ཛམྦྷ་ཡ། སྟམྦྷ་ཡ། ཧ་ས་ཧ་ས་ཧ་ས། སན་ཏཱ་ས་ཡ། སརྦ་དུཥྚཱ་ནཱན་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡཾ་ཏི་སྭཱ་ཧཱ། དེ་ནས་རྡོ་རྗེ་ཕོ་ཉ་མོས། ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་པའི་བདག་པོ་ད་ལྟར་དང་མ་འོངས་པའི་དུས་ན་གང་དག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བགྱིད་ན། བདག་གིས་ཀྱང་ནུབ་ཕྱོགས་ཀྱི་ཀླུ་ཐམས་ཅད་ནས། ལུས་སྲུལ་པོའི་བར་ཐམས་ཅད་ཀྱི་གནས་རྣམས་རྣམ་པར་གཏོར་རོ།། སྙིང་རྣམས་དགུམ་མོ།། ཏདྱ་ཐཱ། ཀི་ལི་ཀི་ལི། མི་ལི་མི་ལི། ཏྲཱཊྚ་ཏྲ་ཊ། བྷ་ཊ་བྷ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཛྭ་ལ་ཡ་ཛྭ་ལ་ཡ། དུ་ཏིད་ཡན་ཤོ་ཥ་ཡ། གང་ཞིག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་ན། ཀྱེ་མདུང་རྩེ་གསུམ་པ་འབར་བ་འདིས་དེའི་སྙིང་ལ་མེ་ལྕེ་འབར་བར་བྱེད་དོ། ། ཧཱུ་ཧཱུཾ་ཧཱུཾ། བཛྲ་དྷ་རི་བཛྲེ་ཎེ། བྷ་ཛ་བྷ་ཛ། བནདྷ་བནཿ། ཏིཥྛཏིཥྛ། བཛྲ་དྲཱ་ཏི་དཱ་ཛཱ་པ་ཡ་ཏི་སྭཱཧཱ། དེ་ནས་ལྷ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུང་གཡོག་ཉི་ཁྲི་དང་ལྡན་པ་སྟན་ལས་ལངས་ནས་བྱང་ཕྱོགས་སུ་རྣམ་པར་བལྟས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བའི་བདག་པོ་གཡོག་ཉི་ཁྲི་དང་ལྡན་པ་བདག་གིས་ཀྱང་བྱང་ཕྱོགས་ཀྱི་ཀླུ་གནོད་པར་སེམས་པ་ནས། ལུས་སྲུལ་པོ་གནོད་པར་སེམས་པའི་བར་དག་ལ་ཟློག་པར་བགྱིད་དོ།། ད་ལྟར་དང་མ་འོངས་པའི་དུས་ན་གང་དག་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་དང་། ལོ་ཏོག་ཀྱང་མ་རུངས་པར་བགྱིད་པ་དེ་དག་གི་དོན་གྱི་སླད་དུ། གསང་སྔགས་ཀྱི་གཞི་མི་བཟད་པ་དག་ཀྱང་བརྗོད་པར་བགྱིའོ།། ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། དྷ་ཀ་དྷ་ཀ། དྷུ་མ་དྷུ་མ། དྷུ་ན་དྷུན། མ་ཐ་མ་ཐ། ཧཱ་ན་ཧ་ན། ད་ཧ་དཏ། བཙ་པ་ཙ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ཧ་ཧ་ཧ་ཧ། བཛྲ་དྲཱ་ཏི་མོ་ཧ་ཡ། ཛམྦྷ་ཡ། སྱཱམྦྷ་ཡ། སརྦྦ་ནཱ་གཱ་ནཱཾ། སརྦ་ཨ་ཧི་ཏེ་ཥཱ་ནོ། བཛྲ་ཎི་བུད་དྷ་མཻ་ཏྟི། དྷ་ས་ཏྱེ་ན། ཨནྡྲ་ས་ཏ་ཡ་ན། ཨིནྡྲ་བ་ལེ་ན། ལོ་ཀ་པཱ་ལ། པྲ་དྷཱ་བེ་ན། ཛམྦྷ་ཡ་མི། སརྦྦ་ནཱ་ག་ན་སམྦྷ་ཡཱ་མི། སརྦ་ཨི་ཧ་ཏེ་ཥི་ཎོ། བ་རུ་ཎ་བ་ཤེ་ན། བན་དྷ་ཡཱ་མི། སརྦ་ནཱ་བཱ་ན་ཨིནྡྲ་ཙི་ལེ་ན་སརྦ་ཨི་ཧེ་ཧེ་ཥི་ཎི་ཚ་ག་ལ་ཀ་རོ་མི་ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། བཛྲ་ཀྲྀ་ཁ་ལེ་སྭཱཧཱ། བའི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ་མེ་ཏོག་བཛྲམ་ལ། ཨ་ཀ་རུ་དང་ཙན་དན་གྱི་བདུག་པས་བདུགས་ཏེ་ཁ་ཤར་ཕྱོགས་སུ་བལྟས་ལ་བཟླས་བརྗོད་བརྒྱད་སྟོང་བྱའོ། ། དེ་ལྟར་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་གང་འདོད་པ་དེ་བྱའོ།། སྐུད་པ་ནག་པོས་ནི་རིམས་ནད་སེལ་ཏོ།། ཤིང་ཀ་ར་ཝཱི་རའི་ལྕུག་མས་ནི་སྤྲིན་བཟློག་གོ། ། ཆུའི་ནང་དུ་འདུག་ན་ནི་དྲན་པར་བྱའོ།། གཅན་གཟན་ཁྲོ་བོའི་ནང་ན་འདུག་ན་ནི་གོས་ཀྱི་མཐའ་མར་མདུད་པ་བོར་རོ།། ལྟོ་སྤོས་ན་ནི་ཚྭ་ཆུས་ཞི་བར་བྱེད་དོ།། སོ་ན་བ་ལ་སྐུད་པས་ཞི་བར་བྱེད་དོ།། སྣ་མའི་མེ་ཏོག་བརྒྱད་བརྒྱ་མེ་ཏོག་རེ་རེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏོར་རོ།། ཉི་མ་བདུན་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤུཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སཾ་ནཱ་པ་ཏ་ཡེ། ཨ་པྲ་ཏི་ཧ་ཏ་བ་ལ་རཱ་ཀྲ་མ་ཡེ། ན་མཿསརྦ་བཛྲ་ཀུ་ལ་བིདྱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་ལྔ་བརྒྱས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། སེམས་ཅན་ཐམས་ཅད་ལ་སྨན་པའི་དོན་དང་། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང་། བདེ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བཉེ་བར་བཟུང་སྟེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གསུངས་ཤིང་བྱིན་གྱིས་བརླབས་པ་སྟེ། ངས་ཀྱང་ཐུགས་བརྩེ་བ་ཉེ་བར་བཟུང་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་། བདེ་བར་བྱ་བའི་ཕྱིར་བཤད་ཀྱིས། ཁྱོད་ཀྱིས་ཟུང་ཞིག། ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡེ། མ་ཧཱ་ཛ་ཡ། ཛ་ཡ་བཱཏྱ་ནཱི་ཡེ་བུདྡྷཱ.་དྷནྟིཏེ། དྷརྨ་ཨ་བསྠཱ་ས་ན་བུདྡྷ་ཨ་དྷི་ག་མེ་ཛྙཱ་ཨ་བ་བྷཱ་སེ་སྭཱཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུ་བའི་གསང་སྔགས་ཀྱི་གཞི་འདི་དག་གང་གི་ལུས་ལ་ཡོད་པ་དང་། གླེགས་བམ་ལ་ཡོད་པར་གྱུར་པ་དེའི་ལུས་ལ་ཕྱིར་རྒོལ་བ་རྣམས་ཀྱིས་དཔག་ཚད་བརྒྱ་ཚུན་ཆད་གནོད་པར་བྱར་མི་ཆུད་དོ།། མཚོན་དང་། དུག་དང་། དབྱིག་དུག་དང་། བྱད་ཀྱིས་མི་ཚུགས་སོ།། མིའི་བདག་པོ་དབང་པོ་དེའི་ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ་།། ཡུལ་འཁོར་དེར་ཕྱིར་རྒོལ་བའི་དཔུང་གིས་མི་ཆུད་པར་འགྱུར་རོ།། ལག་ན་རྡོ་རྗེ་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ་འཆང་བ་དེ་ཇི་སྲིད་འཚོའི་བར་དུ་དེའི་ལུས་ལ་དུག་དང་། མཚོན་དང་། ཆུ་དང་། དབྱིག་དང་། སྦྱར་བ་ལས་བྱུང་བའི་དུག་གཞན་གྱིས་ཀྱང་མི་ཚུགས་སོ། ། དགྲའི་འཇིགས་པ་མི་འབྱུང་ངོ་།། དེ་ལ་རྣམ་པར་འཚེ་བ་དང་མཐོ་འཚམ་པ་མི་འབྱུང་ངོ་།། རྒྱལ་པོའི་འཇིག་པ་དང་ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ་།། གཡུལ་ངོར་ཞུགས་ནའང་ལུས་ལ་མཚོན་གྱིས་མི་ཕོག་གོ།། ཐམས་ཅད་དུ་རྒྱལ་བ་སྨྲ་བར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིའི་གཟི་བརྗིད་དང་། མཐུ་དང་། བྱིན་གྱིས་བརླབས་ཀྱིས་ཐོགས་པ་མེད་ཅིང་མ་སྣ་མ་སྨས་པར་རྒྱཁ་བར་འགྱུར་རོ། ། ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡོཏྟ་མེ། དྷརྨ་ཨ་བ་བྷཱ་ས་ནི། བུད་དྷ་བུད་དྷ། དྷ་ར་དྷ་ར། བོ་དྷ་ནི་བོ་དྷ་ནི། ཏ་ཐཱ་ག་ཏ་ཨ་དྷིཥྛ་ཏེ། ཨ་བ་རོ་ཧ་ཎི། ཨ་བ་རོ་ཧ་ཎི། ཨ་བ་ཨཱ་བ་རོ་སྱ་ཎི། ཛ་ཡ་ཀུ་སུ་མ། སྭ་རི་ས་ར་བ་ཏི། དྲྀཙྪེ་དྲྀ་རྡྷཛྲྀརྠེ། དྲི་དྷ་པ་ཤ་ནི་དཿ། མོ་ཧ་ནི་སོ་ཧ་ནི། ཛམྦྷ་ནི་ཛནྟ་ནི། སྟམྦྷ་ནི་སཱམྦྷ་ནི། ཛ་དྷི་ནི་ཛ་དྷི་ནི། མོ་ཧ་ནི་སརྦ་ཧི་ཏཻ་ཥི་ན་ན་ན་མོ་བྷ་ག་བ་ཏེ། བུད་དྷ་སྱ་མ་ཧཱ་ཀཱ་རུ།། བི་ཧཱ་རི་ཎི་སིད་དྷྱན་ཏུ་མེ་མནྟ་པཱ་ད་ནི་སྭཱཧཱ། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ།། ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། བ་ཊ་པ་ཊ་པ་ཊ། ཛྭ་ལ་ཛྭ་ལ་ཛྭ་ལ། བཛྲི་ཎི། པྲ་ཧ་ར་པྲ་ཧ་ར། དྷ་ར་དྷ་ར་དྷ་ར། ཧ་ར་ཧ་ར་ཧ་ར། བྷ་ར་བྷ་ར། བྷ་ར་བྷ་ར། ཏ་ར་ཏ་ར། ཛ་ཡ་ཀུ་སུ་མེ། བ་ལ་བ་ལ། ཙཀྲ་ཙཀྲ་བཱི་ཌ་ཡ་དཱི་ཎ་ཡ། ཨ་ཀྲ་མ་ཨ་ཀྲ་མ། བི་ཀྲ་མེ། ཨ་ཙ་ལཾ། མ་ཙ་ལེ། ཁ་ག་ཙཱ་རི་ཎི། ནཱི་ལ་བྷཱ་ས་ནི། བཛྲ་པྲ་ཧ་ར་ཎི། བཛྲ་སཾ་བྷ་བེ། བཛྲ་ཀི་ལི། བུད་དྷ་ཨ་དཱིཥྚི་ཏེ། བུད་དྷ་རཤྨི། མ་ཧཱ་པྲ་བྷཱ་བེ། ཨུད་ཙསྐན་དྷེ། མ་ཧཱ་ཏེ་ཛ་བ་ཏི། ཨ་ལེ་པ་ཙ་ལེ་དྷུ་ན་ནཱུ་ན། ཀཾ་ཀ་ཀཾ་ཀ་རེ། ཀ་སི་ནི་ས་མ་ཧེ་ཏེ་དྷརྨ་ཨ་བ་བྷཱ་ས་ནི། ཙ་ར་ཙ་ར་ཙ་ར། གྷུ་གྷུ་ཏེ། བཛྲ་མཱ་ལ་དྷི་ར། ས་ར་ས་ར་ས་ར་ཀཱ་ལ་ནཱི་ར་ཎི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་ལགས་ཏེ། གང་དག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་པ་དེ་དག་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཁུབ་ལགས་སོ། ། འདི་ལྟ་སྟེ། ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོ་འམ་ཡི་དགས་སམ། ཤ་ཟ་འམ། གྲུལ་བུ་མ་མམ། གྲིས་གནོན་ནམ། བརྗེད་བྱེད་དམ། གཤེད་བྱེད་དམ། བྱང་དམ། རོ་ལངས་སམ། བཀྲ་མི་ཤིས་པ་འམ། མ་མོའི་གདོན་ནམ་གོང་དུའང་གདོན་གཞན་ནམ། སྐེམ་བྱེད་ཀྱི་གདོན་ནམ། གཤིན་རྗེའི་གདོན་ཡང་རུང་སྟེ། དེ་དག་ཐམས་ཅད་རྨུགས་པ་དང་། རེངས་པ་དང་། རྨོངས་པར་གྱུར་ཅིག། ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ། ཧ་ན་བཛྲི་ཎི་ཧ་ན་བཛྲེ་ཎཾ། ཁཱ་ད་ཁཱད་ཁཱ་ད་བཛྲེ་ཎེ། སྥོཊ་སྥོཊ། སྥོཊ་ཡ་སྥོཿ་ཡ། བཛྲེ་ཎ། ཨི་དཾ་ག་ཧ། དྷུ་རྨྨ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲས། བཱ་ཏ་ཡ་པཱ་ཏ་ཡ་པཱ་ཏ་ཡ། དྷ་མེ་དྷདྷམ། དྷུ་དྷུ་མ། འཇིགས་པ་དང་། གནོད་པ་ཐམས་ཅད་དང་། གཡུལ་འགྱེང་པ་དང་། ཁྲག་ཁྲུག་དང་། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག། རྒྱལ་བར་མཛད་མ་རྒྱལ་བར་མཛོད་ཅིག། ཏ་ར་ཏ་ར། མ་ཧཱ་བ་ཏ་ར་ཎེ། ཀུ་རྦེ་ཀུ་ཊེ། མུ་ཀུ་ཊེ། བཛྲེ་ཀུ་རྦེ་སྭཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བར་བྱ་བ་དང་། སྙིང་བརྩེ་བའི་ཕྱིར་ཞུགས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སྨྲས་པ་ནི་སེམས་ཅན་ཆེན་པོ་ལག་ན་རྡོ་རྗེ་ཁྱོད་ཡང་ལེགས་སོ།། ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་སུའི་ལག་ན་ཡོད་པ་དང་། ལུས་ལ་ཡོད་པ་དང་། གླེགས་བམ་ལ་ཡོད་པ་དང་། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆག་ས་འམ། དགོན་པའི་གནས་ན་ཡོད་པ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་འཁོར་དང་བཅས་ཏེ། གྲོང་དང་། གྲོང་ཁྱེར་དང་། ཡུལ་དེ་ལ་སྲུང་བར་བྱེད་པར་འགྱུར་རོ།། ཡུལ་དེར་ཕ་རོལ་གྱི་ད་མག་ཚོགས་མི་འོང་ངོ་།། མི་ངས་མི་འོང་ངོ་།། དགྲ་མི་འབྱུང་ངོ་།། ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཏེ། གྲོང་དང་། གྲོང་ཁྱེར་དང་ཡུལ་དེ་ལ་སྲུང་བར་བྱེད་པར་འགྱུར་རོ། ། ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ་།། དགྲ་མི་འབྱུང་ངོ་།། ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྡན་ཅིག་ཏུ་རྒྱུ་ཞིང་དེར་སྲུང་བ་དང་། ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་སྦྱོང་བ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆད་པ་སྤོང་བ་དང་། མཚོན་མ་སྤོང་བ་དང་། དུག་གཞིལ་བ་དང་། དུག་གསང་བ་དང་། དུག་གཞིག་པ་དང་། མི་མཛའ་བ་བཟློག་པ་དང་། མཚམས་གཅད་པ་དང་། ས་བཅིང་བ་བྱེད་པར་འགྱུར་རོ།། ཏདྱནྟ། ཏ་བ་ནེ། ཏ་པནྟེ། པྲ་ཏ་བ་ནེ། པྲཏཱ་བ་ནཱི། བྲཱ་ཏ་བ་ནཱཾ། དྷུ་རུ་མེ་དྷཱ་དུམ། མ་ཧཱ་དྷཱ་རུཿ། བུད་དྷ་མ་དྷིཥྚི། མུ་ཁེ་མུ་ལ་སལ། ས་ལ་པྲ་ཏེ་ས་མཱ་དྷི་སམཱ་དྷི་གདྷ། མ་ནས། པུ་དྲཱས་རྦ་དྷུ་རུ་དྷཱ་རུ། བུད་དྷ་མ་ན་སི་ཀ་སྭཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ།། གསང་བའི་གནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ་འཆང་ངམ། ལུས་ལ་ཡོད་པར་བྱས་ཏེ་འཆང་ངམ། སྤོས་དང་། འཕྲེང་བ་དང་། བྱུག་པ་དང་། མེ་ཏོག་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱིས་དེ་ལ་བསྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་མཆོད་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་མིའི་རྒྱལ་པོ་དེའི་ཕྱི་བཞིན་དུ་འབྲང་ཞིང་ཕྱི་རོལ་རྒོལ་བ་ཐམས་ཅད་ལས་སྲུང་བར་བྱེད་པར་འགྱུར་རོ།། མིའི་བདག་པོ་དབང་པོ་དེ་ལ་དགྲ་དང་ཕ་རོལ་གྱི་དམག་ཚོགས་ཀྱིས་གླགས་མི་རྙེད་དོ། ། ཡུལ་དེར་ཕ་རོལ་གྱི་དཔུང་མི་འཇུག་གོ།། འཇུག་ནའང་དེ་དག་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་བྱེད་པར་འགྱུར་ཏེ། བགེགས་སྣ་ཚོགས་བརྒྱ་དག་དང་། བགེགས་སྣ་ཚོགས་སྟོང་དག་བྱེད་པར་འགྱུར་རོ།། མིའི་རྒྱལ་པོ་དེ་དག་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་གཞག་པར་བྱའོ། ། ག་དུ་གཡུལ་འགྱེད་དམ་དགྲ་ཆེན་པོ་དང་འཐབ་པ་དེར་ཡང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་མགུལ་དུ་བཏགས་ཏེ་གཡུལ་ངོར་ཞུགས་ན། དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཚོགས་དེ་ལ་གནོད་པ་འདིས་གནོད་པར་བྱེད་དེ།། དེ་ཕམ་པར་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་སུའི་མགུལ་དུ་ཐོགས་པ་དེ་ནི་རྒྱལ་བར་འགྱུར་རོ། ། ལག་ན་རྡོ་རྗེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་གང་དུ་ནད་འགྲོ་བ་སྣ་ཚོགས་དང་། མི་ངས་མི་བཟད་པ་ཆེན་པོ་བྱུང་བ་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལ་མེ་ཏོག་སྣ་ཚོགས་ཀྱི་བླ་རེ་བྲེས་ལ། གཏོར་མའི་ཆོ་ག་གཞོང་ཁུང་བཞི་རོ་བྲོ་བ་སྣ་ཚོགས་ཀྱིས་བཀང་སྟེ་ཕྱོགས་བཞིར་བཞག་ལ། དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་བཀླགས་ན། དེ་ནས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་འཁོར་དང་བཅས་ཏེ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནང་འགྲོ་བ་དང་མིངས་དེ་རབ་ཏུ་ཞི་བར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ལ། གསང་བའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདིའི་གོང་ན་རིག་སྔགས་ཆེས་སྟོབས་དང་ལྡན་པ་འམ། གཟི་བརྗིད་ཆེ་བ་འམ། རྫུ་འཕྲུལ་ཆེ་བ་འམ། མཐུ་ཆེ་བ་ནི་གང་ཡང་མ་མཆིས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་རེག་སྔགས་ཐམས་ཅད་ཀྱི་མཆོག་ལགས་སོ། ། ཡུལ་གང་དག་ཏུ་སྤྱོད་པར་འགྱུར་བའི་གནས་དེ་དག་ཏུ་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་རོ།། ཏདྱ་ཐཱ། བཛྲ་བཛྲ་ཨ་ཏི་ཏ་བཛྲེ། ཛྭ་ལི་ཏ་བཛྲེ། ཧུ་ཏྲ་ཤེ་ནི། བྷྲྀ་ཛ་བྷཾ་ཛ། བྷཉྫ་བྷཉྫ། ཛནྟ་ཛནྟ། སྟཾ་བྷ་ཡ་སྟཽ་བྷཱ་ཡ། སརྦ་དུཥྚ་གྲ་ཧཱ་ཎཱ་མ། ཧཱུ་ནཱ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། བཊ་བ་ཊ་བ་ཊ། ཏརྦ་ཏཊ་ཏཊ། མུ་རུ་རུས?་ཏྲ། དྷ་མདྷམ་དྷ་མཾ། ཛསརྦ་།། སརྦ། ལཝཱ་རེ། ཝ་ཊ་། 93། ཨཊ་། བྷཱ་དྷཱར། !། བཛྲ་ནཱ་ན་སི། བཛྲནཱུ། ཕ་རུ་དུ་པྲ་གྲ་ས་གྲ་ས་གྲ་ས། སརྦ་ཨ་ཧི་ཏེ་ཤི་ནན། སུ་རུ་མེ། མུ་མུ་ལེ། བཛྲ་པྲ་ཏི་པ་ཏི། སརྦ་བ་ལེ་པུ་སཱཧཱ། ཨ་ལུ་པ་ལ་ནི་ཙུ་ཙུ་ར་སཱཧཱ། ཛ་ཡ་ཛ་ཡཾ། ཛ་ཡ་སམྦྷ་བེ་སྭཱཧཱ། ཛ་ཡོ་ཏ་ཏ་མེ་སཱཧཱ། ཛ་ཡན་དྷ་རེ་སྭཱ་ཧཱ། ཛ་ཡ་མ་ནི་སྭཱཧཱ། ཛ་ཡ་བཛྲ་ཡ་སྭཱ་ཧཱ། ཨ་ཛི་ཏེ་བཛྲ་ཡ་སྭཱ་ཧཱ། མ་ཧཱ་རྦུ་ཏ་ཤ་ནཱ་ཡ་སྭཱ་ཧཱ། ཨ་མོ་གྷ་བཛྲ་ཧ་ཏཱ་ཡ་སྭཱཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་སྲུང་བསམ་བར་བགྱི་སྟེ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་དང་། ཆང་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་གཞི་ལ་བ་དང་། མི་མཛའ་བ་བཟློག་པ་དང་། དུས་མ་ལགས་པར་འགུམ་པ་ཐམས་ཅད་དགག་པ་དང་། འཐབ་པ་དང་། འཐང་མོ་དང་། རྩོད་པ་དང་། འགྱེད་པ་དང་། གཡུལ་འགྱེད་པ་དང་། ཁྲག་ཁྲུག་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དགག་པར་བགྱིའོ།། མཚམས་གཅད་པར་བྱའོ།། ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། མི་ལི་མི་ལི། མ་ན་སི། ཛྙཱ་ཛྙཱ་ཛྙཱ། ཛཱུ་རུ་མེ། མུ་རུ་མུ་རུ། ཏུ་ཊ་ཏུ་ཊུ་ཏུ་ཊུ། མུ་ལུ་ལེ་སྭཱ་ཧཱ། མཱརྒ་བ་ཏཱི་དྷཱི་དྡྷི་མེ་བེ་གེ། བེ་གེ་དྷ་རི་ཎི། ཏེ་ཛ་མ་ཏི། འཇིགས་པ་དང་། གནོད་པ་ཐམས་ཅད་དང་། དུས་མ་ཡིན་པའི་འཆི་བའི་འཇིགས་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤི་ག་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཤིང་བྱིན་གྱིས་བརླབས་པ་ལགས་སོ།། ཏདྱ་ཐཱ། བུད་དྷེ་བུད་དྷེ། བུད་དྷེ་བུད་དྷེ། བུད་དྷེ་བུད་དྷེ། པ་ཏཱི། བུད་དྷ། ཨ་བ་བྷ་ས་ནི། དྷ་རྨ་བ་ཏཱི། ས་མ་ཧ་ཏེ། དྷརྨྨ་དྷི་གནྡྷེ། བུད་དྷ་བི་ཧ་རེ། དྷརྨ་ཨ་བ་བྷ་ས་ནེ་སཱ་ཧཱ། གང་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་ན། དེའི་མགོ་སིད་དྷ་ཀ་བཞིན་དུ་ཚལ་པ་བདུན་དུ་འགས་པར་འགྱུར་རོ།། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལས། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་དུ་གླེགས་བམ་གནས་པར་བགྱིད་ན། དེར་ཚོགས་ཀྱི་གཡོག་འཁོར་དང་བཅས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཆང་དེའི་སླད་བཞིན་འབྲང་ཞིང་དཔག་ཚད་བརྒྱ་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང་། དགྲ་རྣམས་ལས་ཐམས་ཅད་དུ་སྲུང་བ་དང་མཚམས་གཅད་པར་བགྱིའོ།། གཡུལ་འགྱེད་པ་དང་། ཁྲག་ཁྲུག་དང་། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་བསལ་བར་བགྱིའོ།། སྔར་ལྡོག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་།། བདེ་བ་དང་། སྙིང་བརྩེ་བ་དང་། བསྟན་པ་སྲུང་བའི་ཕྱིར་ཞུགས་པ་ནི་སེམས་ཅན་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་པ་ཁྱོད་ཡང་ལེགས་སོ། ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིས་སུ་ལ་བསྲུང་བ་བྱས་པ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བསྐྱང་བ་དང་ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པ་དེའི་ལུས་ལ་མཚོན་གྱིས་མི་ཚུགས་སོ།། དུག་དང་། དབྱིག་དུག་དང་། བྱད་དང་། གཤེད་བྱེད་དང་། རིམས་ནད་ནས།། གདོན་ཐམས་ཅད་ཀྱི་བར་གྱིས་དེ་ལ་མི་ཚུགས་སོ། ། ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱས་བཏབ་པ་ཡིན་ནོ།། ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་ཟུང་ཞིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། ལག་ན་རྡོ་རྗེ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ཀྱི་ཚེ། གནོད་སྦྱིན་དང་སྲིན་པོ་མངངས་འཕྲོག་པ་དྲག་ཤུལ་གྱི་སེམས་དང་ལྡན་པ་ཤིན་ཏུ་མི་བཟང་བ་དག་དང་། ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་ཆེ་ཐུང་བ་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་ངག་འབྱུང་བར་འགྱུར་ཏེ། དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སེམས་ཀྱི་རྒྱུད་མི་མཉམ་པ་མི་བཟད་པའི་སེམས་དང་ལྡན་པ་དེ་དག་དང་། སེམས་ཅན་སྣང་བ་ཐམས་ཅད་ཀྱི་དོན་དང་། ཚར་གཅོད་པར་འགྱུར་རོ། ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་ཤིང་བྱིན་གྱིས་བརླབས་ཏེ་ཕྱག་རྒྱས་བཏབ་པ་ཡིན་ནོ། ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ལ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིང་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཞེས་བྱ་བར་ཟུང་ཞིག། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ནེ་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷི་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
CLOSE WINDOW