CLOSE WINDOW

S516: འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ
Wyliee-texts produced with ocr Programm

སྐད་གསར་བཅད་ཀྱིས་བཙོས་ནས་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། ཨཱརྱ་སུ་བརྞ་པྲ་བྷཱ་སོཏྟ་མ་སུཏྲ་ན་མ་ཏྲ་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དང་པོ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ནཱ། བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན།། དེ་བཞིན་གཤེགས་པ་བཞུགས་ནས་ནི།། དག་ཅིང་རྡུལ་རྣམས་མེད་པ་ཡི།། བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ་མདོ་སྡེའི་དབང་པོ་རྒྱལ་པོ་སྟེ། ། མཉན་ན་ཤིན་ཏུ་ཟབ་པ་དང་།། ཡོངས་སུ་བརྟགས་ན་ཟབ་པ་ཉིད།། གསེར་འོད་དམ་པ་འདི་འཆད་དོ།། ཕྱོགས་བཞིར་སངས་རྒྱས་རྣམས་ཀྱིས་ནི།། བྱིན་གྱི་རླབས་ཀྱིས་བྱིན་བརླབས་པ། ། མི་འཁྲུགས་པས་ནི་ཤར་ཕྱོགས་སུ།། རིན་ཆེན་ཏོག་གིས་ལྷོ་ཕྱོགས་སུ།། འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ།། རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ།། སྡིག་ཐམས་ཅད་གཞིག་པའི་ཕྱིར། ། བཤད་པ་དམ་པ་བཀྲ་ཤིས་པ།། སྡིག་པའི་ལས་རྣམས་ཟད་བྱེད་པ།། བདེ་བ་ཐམས་ཅད་སྦྱིན་བྱེད་པ།། སྡུག་བསྔལ་ཐམས་ཅད་འཇིག་བྱེད་པ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི། ། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན།། བྱིན་གྱིས་བརླབས་ཏེ་བརྗོད་པར་བྱ།། སེམས་ཅན་གང་དག་དབང་པོ་ཉམས།། ཚེ་ཟད་པ་དང་ཚེ་ཉམས་དང་།། ཕུན་སུམ་ཚོགས་མིན་གང་ཆགས་དང་། ། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་།། མཛའ་སྡུག་སྐྱེ་བོ་སྡང་བ་དང་།། བྲམ་ཟེ་ལ་སོགས་གཙེས་པ་དང་།། ཕན་ཚུན་མཐུན་པ་མ་ཡིན་དང་།། ནོར་འགྲིབ་པས་ནི་གནོད་པ་དང་།། མྱ་ངན་མངལ་དང་གནོད་པ་དང་། ། འཇིགས་པ་དང་ནི་འཕོངས་པ་དང་།། གཟའ་དང་རྒྱུ་སྐར་བྱེད་སྙེམས་དང་།། མི་བཟད་གདོན་གྱིས་ཉེན་པ་དང་།། མྱ་ངན་མངལ་ལས་བྱུང་བ་ཡི།། རྨི་ལམ་སྡིག་པ་མཐོང་ན་ཡང་།། དེས་ནི་རབ་བཀྲུས་གཙང་མ་ཡིས།། མདོ་སྡེའི་དམ་པ་མཉན་པར་བྱ།། གང་དག་ཡིད་དགེ་སེམས་དང་ཞིང་།། གོས་གཙང་རྣམས་ཀྱིས་རབ་བརྒྱན་ཏེ།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། མདོ་འདི་ཉན་པར་བྱེད་ན་ནི། ། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས།། སྲོག་ཆགས་ཀུན་གྱི་གནོད་པ་སྟེ།། ཤིན་ཏུ་མི་བཟང་འདི་འདྲ་བ།། དེ་དག་རྟག་ཏུ་ཞི་བར་འགྱུར།། འཇིག་རྟེན་སྐྱོང་བ་བདག་ཉིད་དང་།། བློན་པོ་ཚོགས་ཀྱི་དབང་ཕྱུག་བཅས། ། གནོད་སྦྱིན་བྱེ་བ་དུ་མ་ཡིས།། དེ་དག་ལ་ནི་སྲུང་བར་བྱེད།། ལྷ་མོ་ཆེན་མོ་དབྱངས་ཅན་དང་།། ནཻ་རཉྫ་རང་གནས་པ་དང་།། འབྱུང་པོ་མ་མོ་འཕྲོག་མ་དང་།། ས་ཡི་ལྷ་མོ་བརྟན་མ་དང་། ཚངས་པའི་དབང་དང་ལྷ་དབང་དང་།། ཀླུ་དབང་མཐུ་ཆེན་རྣམས་དང་ནི།། མི་དབང་ཅི་དབང་ལྷ་མིན་དབང་།། དེ་བཞིན་ནམ་མཁའ་ལྡིང་དབང་རྣམས།། སྡེ་དང་སྟོབས་དང་བཞོན་པ་དང་།། བཅས་ཏེ་དེ་དང་དེར་ལྷགས་ནས། ། ཉིན་དང་མཚན་མོ་མི་གཡེལ་བར།། དེ་དག་ལ་ནི་སྲུང་བར་བྱེད།། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ།། སངས་རྒྱས་ཀུན་གྱི་གསང་བ་སྟེ།། བསྐལ་པ་བྱེ་བར་རྙེད་དཀའ་བ།། མདོ་འདི་རབ་ཏུ་བཤད་པར་བྱ། ། གང་དག་མདོ་འདི་ཉན་པ་དང་།། གང་དག་གཞན་ལ་ཐོས་བྱེད་དང་།། གང་སུ་རྗེས་སུ་ཡི་རང་དང་།། གང་དག་མཆོད་པ་བྱེད་པ་རྣམས།། དེ་དག་ལྷ་དང་ཀླུ་དག་དང་།། མི་དང་མི་འམ་ཅི་དག་དང་། ། ལྷ་མིན་གནོད་སྦྱིན་དུ་མ་ཡིས།། བསྐལ་པ་བྱེ་བར་མཆོད་པར་འགྱུར།། སྲོག་ཆགས་བསོད་ནམས་བྱེད་པ་རྣམས།། དེ་དག་བསོད་ནམས་ཕུང་པོ་ནི།། མཐའ་ཡས་གྲངས་ཀྱང་མེད་པ་དང་།། བསམ་གྱིས་མི་ཁྱབ་སྐྱེ་བར་འགྱུར།། ཕྱོགས་བཅུའི་རྫོགས་པའི་སངས་རྒྱས་དང་།། དེ་བཞིན་ཟབ་མོར་སྤྱོད་པ་ཡི།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་།། རབ་ཏུ་གཟུང་བར་འགྱུར་བ་ཡི།། གཙང་མའི་གོས་རྣམས་རབ་བགོས་ལ། ། དྲི་ཞིམ་པ་ཡི་གོས་འཆང་ཞིང་།། བྱམས་པའི་སེམས་ནི་ཉེར་གཞག་ནས།། གཡེལ་བ་མེད་པས་མཆོད་པར་བྱ།། རང་གི་སེམས་ནི་དྲི་མེད་ཅིང་།། རྒྱ་ཆེ་བར་ཡང་རབ་བྱེད་ལ་སེམས་ཀྱང་ཤིན་ཏུ་དང་བྱེད་ཀྱིས། ། མདོ་སྡེ་དམ་པ་མཉན་པར་གྱིས།། གང་དག་མདོ་འདི་ཉན་པ་ནི།། དེ་དག་མི་ནང་ལེགས་པར་འོངས།། མེ་ཡི་སྲིད་པ་ལེགས་པར་འཐོབ།། འ་རེ་བས་འཚོ་བར་འགྱུར། ། གང་གི་རྣ་བའི་བུ་གར་ཡང་།། བཤད་པ་འདི་ནི་གྲགས་འགྱུར་བ།། དེ་དག་དགེ་རྩ་སྦྱངས་པ་སྟེ།། སངས་རྒྱས་མང་པོས་རབ་ཏུ་བསྔགས།། གསེར་འོད་དམ་པ་མདོ་སྡེའི་དབང་བེ་ལ་པོ་ལས། གླེང་གཞིའི་ལེའུ་ཞེས་བྱ་བ་སྡེ་དང་པོའོ།། །། ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ཅེས་བྱ་བ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་རིམ་གྲོ་བྱས་པ་ཞིག་གནས་པ་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟ་སྟེ། ལོ་བརྒྱད་ཅུ་ཞིག་ཐུབ་སྟེ། འདི་ལྟར་སྐུ་ཆེ་ཐུང་སྙམ་ནས། དེ་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། ཁ་ཟས་རབ་ཏུ་སྦྱིན་པའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོ་ནས་སྲོག་གཅོད་པ་སྤངས་པར་གྱུར་པ་ནས། དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་ཡང་དག་པོར་བླངས་པར་གྱུར། ཟས་དང་ཕྱི་ནང་གི་དངོས་པོ་རྣམས་སེམས་ཅན་དག་ལ་ཡོངས་སུ་བཏང་སྟེ་ཐ་ན་རང་གི་ལུས་ཀྱི་ཤ་དང་། ཁྲག་དང་། རུས་པ་དང་། རྐང་གིས་ཀྱང་སེམས་ཅན་ལྟོགས་པ་རྣམས་ཚིམ་པར་མཛད་ན། ཟས་གཞན་གྱིས་ལྟ་ཅི་སྨོས་སྙམ་མོ།། དེ་ནས་སྐྱེས་བུ་དམ་པ་དེ་སངས་རྒྱས་ལ་སོང་བའི་ཡིད་ལ་བྱེད་པ་དག་ལས་འདི་ལྟ་བུའི་ཚུལ་གྱིས་བསམ་པ་འདི་དག་སེམས་པ་ན། དེའི་ཁང་པ་ལངས་ཤིང་རྒྱ་ཆེ་ལ། བཻཌཱུརྦ་སྔོན་པོ་ལས་གྲུབ་པ། ལྷའི་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ། ལྷའི་ལས་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཏོ།། ཁྱིམ་དེའི་ཕྱོགས་བཞི་ནས། ལྷའི་རིན་པོ་ཆེའི་ཁྲི་བཞི་བྱུང་བར་གྱུར་ཏེ། ཁྲི་དེ་དག་ལས་ཀྱང་ལྷའི་རས་བཅོས་བུ་རིན་པོ་ཆེའི་ཕྲུགས་རྣམས་བཏིང་བ་དག་བྱུང་བར་གྱུར་ཏོ། ། ཁྲི་དེ་དག་ལས་ཀྱང་ལྷའི་མེ་ཏོག་པདྨ་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ་དག་བྱུང་ངོ་།། པདྨ་དེ་དག་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བནི་བྱུང་བར་གྱུར་ཏེ། ཤར་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པ་བྱུང་། ལྷོ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་རིན་ཚོན་ཏོག་བྱུང་། ནུབ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་བྱུང་། བྱང་ཕྱོགས་ནས་ནི་དེ་བཞིན་གཤེགས་པརྔ་སྒྲ་བྱུང་སྟེ། སེང་གཱའི་ཁྲི་དེ་དག་ལས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱུང་མ་ཐག་ཏུ། དེ་ནས་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དང་། ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་ཀྱི་བར་དང་། ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་བདྨའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དག་སྣང་བས་ཁྱབ་པར་གྱུར། ལྷའི་མེ་ཏོག་དག་གི་ཆར་ཡང་འབབ། ལྷའི་སིལ་སྙན་གྱི་སྒྲའང་བྱུང་ངོ་།། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད་ཀྱང་ལྷའི་བདེ་བ་དང་ལྡན་པར་གྱུར་ཏེ། སེམས་ཅན་དབང་པོ་མ་ཚང་བ་རྣམས་ནི་དབང་པོ་ཐམས་ཅད་དང་ལྡན་པར་གྱུར། སེམས་ཅན་དམུས་ལོང་དག་ནི་མིག་གིས་གཟུགས་རྣམས་མཐོང་། སེམས་ཅན་འོན་པ་དག་ནི་རྣ་བས་སྒྲ་རྣམས་ཐོས། སེམས་ཅན་སྨོན་པ་དག་ནི་དྲན་པ་སོ་སོར་རྙེད། སེམས་ཅན་སེམས་གཡེང་བ་དག་ནི་སེམས་མི་གཡེང་བར་གྱུར།། སེམས་ཅན་སྒྲེན་མོ་རྣམས་ནི་གོས་བགོས་པར་གྱུར། སེམས་ཅན་བཀྲེས་པ་དག་ནི་ལྟོ་འགྲངས་པར་གྱུར། སེམས་ཅན་སྐོམ་པ་དག་ནི་སྐོམ་པ་དང་བྲལ་བར་གྱུར། སེམས་ཅན་ནད་ཀྱིས་བཏབ་པ་དག་ནི་ནད་དང་བྲལ་བར་གྱུར། ལུས་ཀྱི་དབང་པོ་ཉམས་པ་དག་ནི་དབང་པོ་རྣམས་ཚང་བར་གྱུར་ཏེ། འཇིག་རྟེན་དུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་རྒྱ་ཆེར་བྱུང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ངོ་མཚར་རྨད་དུ་གྱུར་ཏེ། དེ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་དེ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུང་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་རྣམས་རྗེས་སུ་དྲན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡོན་ཏན་རྗེས་སུ་དྲན་ཞིང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ལ་ཐེ་ཚོམ་ཟ་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་ལོ་བརྒྱད་ཅུ་ཞིག་ཐུབ་སྟེ་སྐུ་ཚེ་ཐུང་བ་འདི་ཇི་ལྟ་བུ། འདི་ཅི་ཞིག་སྙམ་དུ་བསམ་པ་དེ་སེམས་ཤིང་འདུག་པར་གྱུར་ཏོ།། དེ་ནས་སངས་རྒྱས་བཅོམ།། ལྡན་འདས་དེ་དག་གིས་དགོངས་ཤིང་མཁྱེན་བཞིན་དུ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་འདི་སྙམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་སྐུ་ཚེ་ཐུང་ངོ་སྙམ་དུ་མ་སེམས་ཤིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱི་མཐའ་ཕྱི་མའི་མཐའི་མུའི་བར་དུའང་རྟོགས་པར་ནུས་པ་ངེད་ཀྱིས་སུའང་མ་མཐོང་ངོ་། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་ཞིན་གཤེགས་པའི་སྐུ་ཚེའི་ཚད་བཤད་པ་བརྗོད་མ་ཐག་ཏུ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས། ལྷའི་བུ་འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་བར་དག་དང་། བྱང་ཆུབ་སེམ་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འདུས་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གི་ཁྱིམ་དེར་ལྷགས་སོ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བཤད་པ་ཚིགས་སུ་བཅད་ད་མདོར་བཀའ་སྩལ་པ། མཚོའི་ཆུ་རྣམས་ཐམས་ཅད་ཀྱི། ཐིགས་པ་དག་ནི་བགྲང་བར་ནུས།། ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད།། སུས་ཀྱང་བགྲང་བར་མི་ནུས་སོ།། རི་རབ་རྣམས་ནི་ཐམས་ཅད་ཀྱང་།། ཕྲ་རབ་རྡུལ་དང་བགྲང་བར་ནུས།། ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད།། སུས་ཀྱང་བགྲང་བར་མི་ནུས་སོ།། ས་ལ་གང་དག་ཡོད་པ་ཡི།། རབ་ཏུ་ཕྲ་རྡུལ་ཇི་སྙེད་པ།། ཐམས་ཅད་བགྲང་བར་ནུས་སྲིད་ཀྱི།། རྒྱལ་བའི་སྐུ་ཚེའི་ཚད་མི་ནུས།། གལ་ཏེ་ལ་ལས་ནམ་མཁའ་ལ། ། སྣ་འགའ་ཞིག་གིས་དཔག་འདོད་ཀྱང་།། ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད།། སུས་ཀྱང་བགྲང་བར་མི་ནུས་སོ།། རྫོགས་པའི་སངས་རྒྱས་འདི་སྲིད་བཞུགས།། བསྐལ་པ་དག་ནི་འདི་སྐེད་ཅིག། བསྐལ་པ་བྱེ་བ་བརྒྱ་དག་ཅེས།། གྲངས་ནི་རྙེད་པར་མི་རུང་ངོ་།། གང་ཕྱིར་དེ་ཡི་རྒྱུ་དང་ནི།། རྐྱེན་ཡང་རྣམ་པ་གཉིས་ཡིན་ཏེ།། སྡིག་པའི་འཚེ་བ་སྤངས་པ་དང་།། ཁ་ཟས་མང་པོ་བྱིན་པ་སྟེ།། ད་ཕྱིར་བདག་ཉིད་ཆེན་པོ་དེའི། ། སྐུ་ཚེའི་གྲངས་ནི་མི་རྙེད་དེ།། བསྐལ་པ་འདི་སྙེད་ཅིག་ཅེའམ།། གྲངས་མེད་པ་ཡང་དེ་བཞིན་ཏེ།། དེ་བས་ཐེ་ཚོམ་མེད་པར་འགྱུར།། ཐེ་ཚོམ་ཅུང་ཟད་མ་ཟ་ཞིག། རྒྱལ་བའི་སྐུ་ཚེའི་མཐའ་མ་ནི། ། གྲངས་ནི་གང་དུའང་མ་དམིགས་སོ།། དེ་ནས་དེའི་ཚེ་འཁོར་དེར་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་ནྱ་ཞེས་བྱ་བ་དང་། བྲམ་ཟེ་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲ་ཐོས་ནས་འཕྲལ་ལ་ངུས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བཅོམ་ལྡན།། འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཕན་པར་བཞེད་པ། སེམས་ཅན་ཐམས་ཅད་ལ་ཕ་མ་ལྟ་བུ། མི་མཉམ་པ་དང་མཉམ་པར་གྱུར་པ། ཟླ་བ་ལྟ་བུར་སྣང་བར་མཛད་པ། ཤེས་རབ་དང་ཡེ་ཤེས་ཆེན་པོའི་ཉི་མ་ཤར་བ་ལྟ་བུ་ལགས་ཤིང་། གལ་ཏེ་ཁྱོད་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ན། བདག་ལ་དམ་པ་ཅིག་སྩལ་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་སངས་རྒྱས་ཀྱི་མཐུས་འཁོར་དེར་ལི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་སྤོབས་པ་སྐྱེས་ནས། སློབ་དཔོན་ལུང་སྟོན་པ་ཀོའུ་དི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། ། ཅི་བྲམ་ཟེ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ལ་དམ་པ་ཅིག་གསོལ་ལམ། བདག་གིས་ཁྱོད་ལ་དམ་པ་ཅིག་སྦྱིན་ནོ།། བྲམ་ཟེས་སྨྲས་པ། ལི་ཙ་བྱི་གཞོན་ནུ་བདག་ནི་བཅོམ་ལྡན་འདས་ལ་མཆོད་པ་དང་། རིང་བསྲེལ་གྱི་ཕྱེ་མ་དགོས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བརྟེན་པར་འདོད་དོ།། རིང་བསྲེལ་ཡུངས་འབྲུ་ཙམ་དེ་མངོན་པར་མཆོད་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདག་པོ་འབའ་ཞིག་འཐོབ་ཅེས་གྲགས་སོ།། ཀྱེ་ལི་ཙ་བྱི་གཞོན་ནུ་གསེར་འོད་དམ་པའི་མདོ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་@#དཀའ་བ། ཁོང་དུ་ཆུད་པར་དཀའ་བ་དེ་ལྟ་བུའི་མཚན་ཉིད་དང་ཡོན་ཏན་དང་ལྡན་པ། གསེར་འོད་དམ་པའི་མདོ་འཆད་ཅེས་གྲག་གིས་ཉོན་ཅིག། ཀྱེ་ལི་ཙ་བྱི་གཞོན་ནུ་གསེར་འོད་དམ་པའི་མདོ་འདི་ནི་དེ་ལྟར་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བས་ན། ཁོ་བོ་ཅག་འཐའ་འཁོབ་ཀྱི་གླིང་གི་བྲམ་ཟེ་རྣམས་ནི་གང་བཅངས་པ་ན། སེམས་ཅན་རྣམས་མྱུར་དུ་སུམ་ཅུ་རྩ་གསུམ་པའི་བདག་པོ་ཐོབ་པར་འགྱུར་བའི་རིང་བསྲེལ་ཡུངས་འབྲུ་ཙམ་ཟ་མ་ཏོག་གི་ནང་དུ་བཅུག་ལ་བཅངས་ཀྱང་རུང་ངོ་། ། ཀྱེ་ལི་ཙ་བྱི་གཞོན་ནུ་ཁྱོད་ཅི་དེ་བཞིན་གཤེགས་པ་ལས་རིང་བསྲེལ་ཡུངས་འབྲུ་ཙམ་གསོལ་ནས། རིང་བསྲེལ་ཟ་མ་ཏོག་ཏུ་བཅུག་སྟེ་བཅངས་པས། སེམས་ཅན་རྣམས་སུམ་ཅུ་རྩ་གསུམ་པའི་བདག་པོ་ཐོབ་པར་མི་འདོད་དམ། ཀྱེ་ལི་ཙ་བྱི་གཞོན་ནུ་ཁོ་བོས་ནི་དམ་པ་དེ་ལྟ་བུ་གསོལ་ཏོ།། དེ་ནས་ལི་ཙ་བྱི་གཞོན་ནུ་འཇིག་། རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་ནྱ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། ནམ་ཞིག་གངྒཱའི་ཆུ་རྒྱུན་ལ།། མེ་ཏོག་རྣམས་ནི་སྐྱེ་བ་དང་།། བྱ་རོག་དམར་པོར་འགྱུར་བ་དང་། ། ཁུ་བྱག་དུང་མདོག་འདྲར་འགྱུར་དང་།། འཛམ་བུར་ཏ་ལའི་འབྲུ་ཆགས་དང་།། འབྲ་གོར་ཨ་མྲའི་དོག་པ་ཆགས།། དེ་ཡི་ཚེ་ན་ཡུངས་འབྲུ་ཙམ།། རིང་བསྲེལ་དུ་ནི་གསལ་བར་འགྱུར།། ནམ་ཞིག་རུས་སྦལ་སྤུ་རྣམས་ལས། ། གོས་སུ་ལེགས་པར་བཏགས་གྱུར་ཏེ།། དགུན་གྱི་གྲང་བ་སེལ་བྱེད་པ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ནམ་ཞིག་སྦྲང་བུའི་རྐང་ལག་ལས།། ཡང་ཐོག་ལེགས་པར་བྱས་གྱུར་ཏེ། ། བརྟན་ཞིང་རབ་ཏུ་མི་གཡོ་བ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ནམ་ཞིག་སྲིན་བུ་པད་པ་ཀུན།། སོ་ནི་དཀར་པོར་སྐྱེས་གྱུར་ཏེ།། རྡོ་ཞིང་ཆེན་པོར་གྱུར་པ་ན།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། མཐོ་རིས་སུ་ནི་འཛེག་པའི་ཕྱིར།། ནམ་ཞིག་རི་བོང་རྭ་རྣམས་ལས།། སྐས་ནི་ལེགས་པར་བྱས་གྱུར་པ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ནམ་ཞིག་སྐས་ནི་དེར་འཛེགས་ཏེ།། བྱི་བས་ཟླ་བ་བཟའ་བ་དང་། ། སྒྲ་གཅན་ལ་ཡང་གནོད་བྱེད་པ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། གྲོང་ན་རྒྱུ་བའི་སྦྲང་བུ་ཡིས།། ནམ་ཞིག་རྫ་མའི་ཆང་འཐུངས་ཏེ།། ཁྱིམ་ན་གནས་པར་བྱེད་འགྱུར་བ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། ། ནམ་ཞིག་བོང་བུ་བདེ་འགྱུར་ལ། ཆུ་དམར་བིམ་པ་འདྲར་གྱུར་ཅིང་།། གླ་གར་རྣམས་ལ་མཁས་གྱུར་པ།། དེ་ཚེ་རིང་བསྲལ་ཡོད་པར་འགྱུར།། ནམ་ཞིག་འུག་པ་བྱ་རོག་རྣམས།། དབེན་པར་དོང་ནས་རྩེ་བ་དང་།། ཕན་ཚུན་མཐུན་པར་གྱུར་པ་ན།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། བ་ལ་ཤ་ཡི་ལོ་མ་རྣམས།། རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ།། ཆར་འབབ་སྐྱབས་སུ་ནམ་གྱུར་པ།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ནམ་ཞིག་རྒྱ་མཚོའི་གྲུ་བོ་ཆེ།། འཁྲུལ་འཁོར་དང་ནི་གཡོར་མོར་བཅས།། ཐང་ལ་བྱུང་སྟེ་འགྲོ་བ་ན།། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར།། ནམ་ཞིག་བྱ་ནི་འུག་པ་ཡིས།། རི་བོ་སྤོས་ཀྱི་ངད་ལྡན་པ།། མཆུ་ཁ་ཐོགས་ཏེ་འགྲོ་འགྱུར་བ། ། དེ་ཚེ་རང་བསྲེལ་ཡོད་པར་འགྱུར།། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་རྒྱས་ཚིགས་སུ་བཅད་པ་འདི་དག་ཟོས་ནས། ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་ཚིགས་སུ་བཅད་པ་དག་གིས་སྔར་སྨྲས་པ། ལེགས་སོ་ལེག་སོ་གཞོན་ནུ་མཆོག། རྒྱལ་བའི་སྲས་པོ་ཚིག་པོ་ཆེ།། དཔའ་ཞིང་ཐབས་ལ་མཁས་ལྡན་པ། ལུང་བསྟན་པ་ནི་དམ་པ་ཐོབ།། འཇིག་རྟེན་མགོན་པོ་སྐྱོབ་པ་པོ།། དེ་བཞིན་གཤེགས་པའི་ཆེ་བ་ཉིད།། བསམ་གྱིས་མི་ཁྱབ་གོ་རིམས་བཞིན།། གཞོན་ནུས་བདག་ལ་མཉན་པར་གྱིས།། སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། ། དེ་བཞིན་གཤེགས་རྣམས་མཚུངས་པ་མེད།། སངས་རྒྱས་ཐམས་ཅད་རྟག་ཏུ་ཞི།། སངས་རྒྱས་ཐམས་ཅད་ཡང་དག་བྱུང་།། སངས་རྒྱས་ཐམས་ཅད་ཁ་དོག་མཚུངས།། འདི་ནི་སངས་རྒྱས་ཆོས་ཉིད་ཡིན། ། བཅོམ་ལྡན་འདས་ནི་བཅོས་མ་མིན།། དེ་བཞིན་གཤེགས་པ་མ་སྐྱེས་ཏེ།། རྡོ་རྗེ་ལྟ་བུར་སྲ་བའི་སྐུ།། སྤྲུལ་པའི་སྐུ་ནི་སྟོན་པར་མཛད།། དྲང་སྲོང་ཆེན་པོའི་རིང་བསྲེལ་ནི།། ཡུངས་འབྲུ་ཙམ་ཞེས་བྱ་བ་མེད། ། སྐུ་ལ་རུས་པ་ཁྲག་མེད་ན།། རིང་བསྲེལ་ཡོད་པར་ག་ལ་འགྱུར།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར།། ཐབས་ཀྱིས་རིང་བསྲེལ་གཞག་པར་མཛད།། རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ།། དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། ། ཆོས་སྟོན་མཛད་པ་ཅི་འདྲ་བ།། བཅོམ་ལྡན་འདས་ཀྱི་སྐུ་དེ་འདྲ།། བདག་གིས་འདི་ཐོས་ཤེས་ནས་ནི།། བདག་གིས་དམ་པ་གསོལ་བ་བྱས།། དེ་ཉིད་ཁོ་ན་ལུང་བསྟན་ཕྱིར། གཏམ་གླེང་བ་ནི་བདག་གིས་བྱས།། དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ཟབ་མོ་དེ་ལྟ་བུ་དེ་དག་ཐོས་ནས། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཡིད་ཀྱི་ཀུན་ཏུ་རྟོག་པ་རབ་ཏུ་དགའ་ནས་སྒྲ་དབྱངས་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་མྱ་ངན་ཡོངས་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། ། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར།། ཡོངས་སུ་མྱ་ངན་འདའ་བ་སྟོན།། སངས་རྒྱས་བཅོམ་ལྡན་པསམ་མི་ཁྱབ།། དེ་བཞིན་གཤེགས་པ་རྟག་པའི་སྐུ།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། ། བཀོད་པ་རྣམ་པ་སྣ་ཚོགས་སྟོན།། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སྐྱེས་བུ་དམ་པ་དེ་གཉིས་ལས། བཅོམ་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་ཐོས་ནས། ཚིམ་ཞིང་མགུལ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་། ལིང་བདེ་བ་སྐྱེས་ནས་དགའ་བ་དང་མགུ་ང་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ།། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་འདི་བཤད་པའི་ཚེ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ།། དེ་བཞིན་གཤེགས་པ་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ལེའུ་ཞེས་བྱ་སྟེ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། གསེར་གྱི་རྔ་ཀུན་ཏུ་སྣང་བ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ་།། ཕྱོགས་ཐམས་ཅད་ནའང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་རིན་པོ་ཆེའི་ཤིང་དྲུང་ན། རིན་པོ་ཆེ་བཻ་ཌཱུརྨལི་ཁྲི་རྣམས་ལ་བཞུགས་ཤིང་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་། མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ་།། དེ་ནས་ཡང་སྐྱེས་བུ་བྲམ་ཟེའི་གཟུགས་ལྟ་བུ་ཞིག་རྔ་དེ་རྡུང་བ་མཐོང་སྟེ། རྔའི་སྒྲ་དེ་ལས་བསྟན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བྱུང་བ་ཐོས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སད་མ་ཐག་ཏུ། བསྟན་པའི་ཚིགས་སུ་བཅད་པ་དེ་དག་རྗེས་སུ་དྲན་ནོ།། རྗེས་སུ་དྲན་ནས་ཀྱང་དེའི་མཚན་མོ་ཟད་པ་དང་། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རིག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་ལྡན་འདས་ག་ལ་བདེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་རྨི་ལམ་ན་གང་རྔའི་སྒྲ་ལས་བསྟན་པའི་ཚོགས་སུ་བཅད་པ་ཐོས་པ་དེ་དག་གསོལ་ཏོ། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས།། རྨི་ལམ་མཐོང་བའི་ལེའུ་ཞེས་བྱ་སྟེ་གསུམ་པའོ། ། ། ནུབ་གཅིག་གཡལ་བ་མེད་པར་ཡང་།། བདག་གི་རྨི་ལམ་གྱུར་པ་ནི།། མཛེས་པའི་རྔ་ཆེན་མཐོང་བ་སྟེ།། ཐམས་ཅད་དུ་ནི་གསེར་གྱི་འང་། ། ཇི་ལྟར་ཉི་མ་བཞིན་དུ་འབར།། ཀུན་ཏུ་རྣམ་པར་ལྷང་ངེ་སྟེ།། ཕྱོགས་བཅུ་རྣམས་སུ་སྣང་བར་གྱུར།། ཀུན་ཏུ་རིན་ཆེན་ཤིང་དྲུང་ན།། རིན་ཆེན་བཻ་ཌཱུན་དག་གི། ཁྲི་ལ་སངས་རྒྱས་རྣམས་བཞུགས་ཏེ།། བརྒྱ་སྟོང་ཕྲག་ནི་དུ་མ་ཡི།། འཁོར་དབུས་མདུན་གྱིས་བལྟས་པ་མཐོང་།། བྲམ་ཟེའི་གཟུགས་ནི་འདྲ་བ་ཞིག། རྔ་ཆེན་རབ་ཏུ་རྡུང་བ་མཐོང་།། དེ་ཡིས་དེ་ལ་བརྡུངས་པ་དང་།། ཚིགས་སུ་བཅད་པ་འདི་དག་བྱུང་། ། གསེར་འོད་དམ་པའི་རྗེ་ཆེན་སྒྲ་ཡིས་ནི།། སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ནི།། ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང་།། དབུལ་བའི་སྡུག་བསྔལ་མ་ལུས་ཞི་བར་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། ། འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར།། སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག། ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། ། འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར།། སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི། ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི།། སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྡན་གྱུར། ། སངས་རྒྱས་དམ་པ་བྱང་ཆུབ་མཆོག་རེག་ཤོག། ཆོས་ཀྱི་འཁོར་ལོ་དགེ་བ་སྐོར་གྱུར་ཅིག། བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག། འགྲོ་ལ་བན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག། ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག། སེམས་ཅན་གང་དག་ངན་སོང་སར་གནས་ཏེ།། རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ། དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག། སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག། སེམས་ཅན་ཀུན་གྱིས་སྐྱེ་བ་བརྒྱ་དག་དང་།། སྐྱེབ་སྟོང་ཕྲག་བྱེ་བ་སྐྱེ་དྲན་ཤོག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག། དེ་དག་གིས་ནི་རྒྱ་ཆེན་གསུང་ཐོས་ཤོག། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ལིས་ནི།། སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར།། སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག། བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག། མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི།། དེ་དག་བསམ་དང་སྨོན་པ་གང་ཡིན་པ།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། ། དེ་དག་རྣམས་ནི་དོན་ཀུན་རྫོགས་གྱུར་ཅིག། སེམས་ཅན་གང་དག་སེམས་དམྱལ་མི་བཟད་སྐྱེས།། ལུས་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར།། སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། ། མེ་རྣམས་དེ་དག་རབ་ཏུ་ཞི་བར་ཤོག། སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན།། སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང་།། རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། ། དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག། རྟེན་མེད་དཔུང་གཉེན་མེད་པ་དང་།། སྐྱབས་མེད་པར་ཡང་གྱུར་པ་དག། དེ་རྣམས་ལ་ནི་སྐྱོབ་པ་དང་།། དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག། སངས་རྒྱས་རྐང་གཉིས་གཙོ་བོ་དག། ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས།། གང་དག་ཕྱོགས་བཅུའི་འཇིག་རྟེན་ན།། བཞུགས་པ་བདག་ལ་དགོངས་སུ་གསོལ། བདག་གིས་སྔོན་ཆད་སྡིག་པའི་ལས།། ཤིན་ཏུ་མི་བཟང་གང་བགྱིས་པ།། སྟོབས་བཅུ་སྤྱན་སྔར་བདག་མཆིས་ཏེ།། དེ་དག་ཐམས་ཅད་བཤགས་པར་འགྱི།། ཕ་མ་དག་ཏུ་མི་འཛིན་དང་། སངས་རྒྱས་རྣམས་སུ་མི་འཛིན་དང་།། དགེ་བ་དག་ཏུ་མི་འཛིན་པས།། སྡིག་པ་བདག་གིས་གང་བགྱིས་པ།། ཕྱག་པའི་རྒྱགས་པས་དྲེགས་པ་དང་།། རིགས་དང་ལོངས་སྤྱོད་རྒྱགས་པ་དང་།། གཞོན་པའི་རྒྱགས་པས་དྲེགས་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། ཉེས་བསམ་ཉེས་པར་སྨྲས་པ་དང་།། ཉེས་པར་བགྱིས་པའི་ལས་རྣམས་དང་།། ཉེས་པའི་དམིགས་སུ་མ་བལྟས་པས། ། བདག་གིས་སྡིག་པ་གང་བགྱིས་དང་།། བྱིས་པའི་བློ་ཡིས་འཇུག་པ་དང་།། མི་ཤེས་མུན་པའི་སེམས་དང་ནི།། སྡིག་པའི་གྲོགས་པོའི་དབང་གྱུར་དང་།། ཉོན་མོངས་རྣམ་པར་འཁྲུག་སེམས་དང་། ། རྩེད་མོ་དགའ་བའི་དབང་ཉིད་དང་།། མྱ་ངན་དང་ནི་ནད་དབང་དང་།། ནོར་གྱིས་མི་ཆོག་ཉེས་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། འཕགས་མིན་སྐྱེ་བོ་འདྲེ་བ་དང་། ། ཕྲག་དོག་སེར་སྣའི་རྒྱུ་དང་ནི།། གཡོ་དང་དབུལ་བའི་ཉེས་པ་ཡིས།། བདག་གིས་ཉེས་པ་གང་བགྱིས་པ།། འཕོངས་པ་འབྱུང་བའི་དུས་ཀྱི་ཚེ།། འདོད་པ་རྣམས་ཀྱི་འཇིག་རྒྱུ་དང་། ། ཕྱུག་པོ་མ་ཡིན་གྱུར་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། གཡོ་བའི་སེམས་ཀྱི་དབང་ཉིད་དང་།། འདོད་དང་ཁྲོ་བའི་དབང་དག་དང་།། བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། ། བདག་གིས་སྡིག་པ་གང་བགྱིས་དང་།། བཟའ་བདག་དང་བཏུང་བ་དང་།། བུད་མེད་རྒྱུ་དང་གོས་ཀྱི་ཕྱིར།། ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། བདག་གིས་སྡིག་པ་གང་བགྱིས་དང་།། ལུས་དང་ངག་དང་ཡིད་ཀྱི་སྡིག། ཞེས་པར་སྤྱོད་པ་རྣམ་གསུམ་བསགས།། འདི་འདྲའི་ཚུལ་ནི་གང་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། སངས་རྒྱས་རྣམས་དང་ཆོས་རྣམས་དང་།། དེ་བཞིམཉན་ཐོས་རྣམས་ལ་ཡང་།། གུས་པ་མ་ལགས་གང་བགྱིས་པ། འ་དག་ཐམས་ཅད་བདག་འཆགས་སོ།། གང་ཡང་མ་སངས་རྒྱས་སྤང་ས་། བྱང་ཆུབ་སམ་དཔའདས་ཁ་ཡང་། ། གུས་པ་མ་ལགས་བགྱིས་པ་རྣམས།། དེ་དག་ཐམས་ཅད་བདག་འཆགས་སོ།། དམ་ཆོས་སྨྲ་བ་རྣམས་ལ་ཡང་།། གུས་པ་མ་ལགས་གང་བགྱིས་དང་།། ཆོས་ལའང་གུས་པ་མ་བགྱིས་པ། ། དེ་དག་ཐམས་ཅད་བདག་འཆགས་སོ།། བདག་གིས་རྟག་ཏུ་མི་ཤེས་པས།། དམ་པའི་ཆོས་ནི་སྤངས་པ་དང་།། ཕ་མ་རྣམས་ལ་མ་གུས་དང་།། དེ་དག་ཐམས་ཅད་བདག་འཆགས་སོ། ། བླུན་པ་དང་ནི་བྱིས་པ་དང་།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། བདག་གི་ཕྱོགས་བཅུའི་འཇིག་རྟེན་དུ། ། སྤོབས་བཅུ་རྣམས་ལ་མཆོད་པ་བགྱི།། བདག་གིས་ཕྱོགས་བཅུར་སེམས་ཅན་རྣམས།། སྡུག་བསྔལ་ཀུན་ལས་གདོན་པར་བགྱི།། སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། ས་བཅུ་ལ་ནི་དགོད་པར་བགྱི།། ས་བཅུ་ལ་ནི་གནས་ནས་ཀྱང་།། ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག། ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས།། དེ་ཀུན་ཐར་བགྱི་ནུས་སྲིད་དུ།། སེམས་ཅན་རེ་རེའི་ཕྱིར་ཡང་ནི། ། བསྐལ་པ་བྱེ་བར་སྤྱད་པར་བགྱི།། གསེར་འོད་དམ་པ་ཞེས་བགྱི་བ།། ལས་རྣམས་ཐམས་ཅད་བྱང་བགྱིད་པ།། ཟབ་མོ་དག་ནི་སྟོན་པ་འདི།། སེམས་ཅན་དེ་དག་བསྟན་བར་བགྱི། ། གང་གིས་བསྐལ་པ་སྟོང་རྣམས་སུ།། སྡིག་པ་ཤིན་ཏུ་མི་བཟད་བགྱིས།། ལན་ཅིག་རབ་ཏུ་བཤགས་པ་ཡིས།། དེ་དག་ཐམས་ཅད་བྱང་བར་འགྱུར།། གང་གིས་ལས་ཀྱི་སྒྲིབ་པ་རྣམས། ། མྱུར་དུ་ཡང་དག་ཟད་འགྱུར་བ།། གསེར་འོད་དམ་པ་དགེ་བ་ཡིས།། བཤགས་པ་འདི་དག་བཤགས་ནས་ནི།། རིན་ཆེན་འབྱུང་གནས་མཆོག་བཅུ་པོ།། ས་བཅུ་ལ་ནི་གནས་པར་བགྱི། ། སངས་རྒྱས་ཡོན་ཏན་སྣང་བར་བགྱི།། སྲིད་པའི་མཚོ་ལས་བསྒྲལ་བར་བགྱི།། སངས་རྒྱས་རྒྱ་མཚོ་ཆུ་བོ་དང་།། ཡོན་ཏན་རྒྱ་མཚོ་ཟབ་མོ་དང་།། སངས་རྒྱས་འོན་ཏན་མཐའ་ཡས་ཀྱི། ། ཐམས་ཅད་མཁྱེན་པ་རྫོགས་པར་བགྱི།། ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང་།། གཟུགས་རྣམས་བསམ་གྱིས་མི་ཁྱབ་དང་།། དབང་སྟོབས་བྱང་ཆུབ་ཡན་ལག་གི་སྟོབས་བཅུ་དམ་པར་འགྱུར་བར་བགྱི། ། དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས།། བདག་ལ་རྣམ་པར་གཟིགས་སུ་གསོལ།། ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི།། ནོངས་པར་རབ་ཏུ་གཟུང་དུ་གསོལ། ། བདག་གིས་བསྐལ་པ་བརྒྱ་རྣམས་སུ།། སྔོན་ཆད་སྡིག་པ་གང་བགྱིས་པ།། དེ་ཕྱིར་བདག་ནི་བྱ་འན་སེམས།། འབོངས་དང་མྱ་ངན་འཇིགས་པས་གཟིར། ། སྡིག་པའི་ལས་ལ་འཇིགས་པར་བགྱིད།། ཡིད་ནི་རྟག་ཏུ་དམན་པར་གྱུར།། གང་དག་གང་དུ་སྤྱོད་བགྱིད་པ།། བདག་ནི་གང་དུ་དགའ་མ་མཆིས།། སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། ། འགྲོ་བ་ཀུན་གྱི་འཇིགས་སེལ་བས།། ནོངས་པ་རབ་ཏུ་གཟུང་དུ་གསོལ།། འཇིགས་པ་དག་ལས་བདག་ཐར་མཛོད།། བདག་གི་ཉོན་མོངས་ལས་རྣམས་ཀྱི།། དྲི་མ་དེ་བཞིན་གཤེགས་པས་ཤོལ། ། སངས་རྒྱས་རྣམས་ཀྱིས་བདག་ལ་ནི།། སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྔོན་ཆད་བདག་གིས་གང་བགྱིས་དང་། ད་ལྟར་བདག་གིས་སྡིག་པ་བང་།། དེ་དག་ཐམས་ཅད་བདག་འཆགས་སོ།། ནོངས་པར་བགྱིས་པའི་ལས་རྣམས་ཀུན།། སླན་ཆད་མི་བགྱི་བསྡམ་པར་བགྱི།། བདག་གིས་ནོངས་པར་བགྱིས་པ་གང་། ། སྡིག་དེ་བཅབ་པར་མི་བགྱིའོ།། ལུས་ཀྱི་ལས་ནི་རྣམ་གསུམ་དང་།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ་པོ་རྣམས།། དེ་དག་ཐམས་ཅད་བདག་འཆགས་སོ། ། ལུས་ཀྱིས་བགྱིས་དང་ངག་གི་ལས།། ཡིད་ཀྱིས་རྣམ་པར་བསམས་པ་དང་།། ལས་རྣམས་བཅུ་པོ་བགྱིས་པ་དང་།། དེ་དག་ཐམས་ཅད་བདག་འཆགས་སོ།། མི་དགེ་ལས་བཅུ་སྤངས་ནས་སུ། ། དགེ་བ་བཅུ་པོ་བསྟེན་བགྱིས་ཏེ།། ས་བཅུ་ལ་ནི་བདག་གནས་བགྱི།། སྟོབས་བཅུ་མཆོག་ཏུ་འགྱུར་བར་བགྱི།། བདག་གི་སྡིག་པའི་ལས་གང་དག། མི་འདོད་འབྲས་བུ་ཐོབ་བགྱིད་པ། ། སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། འཛམ་བུའི་གླིང་འདིར་གང་དག་དང་།། འཇིག་རྟེན་ཁམས་ནི་གཞན་དག་ཏུ།། གང་རྣམས་དགེ་བའི་ལས་བགྱིད་པ། ། དེ་དག་ཀུན་ལ་ཡི་རང་ངོ་།། ལུས་དང་ངག་དང་ཡིད་ཀྱིས་ཀྱང་།། བདག་གིས་བསོད་ནམས་གང་བསྒྲུབས་པ།། བདག་ནི་དགེ་བའི་རྩ་བ་དེས།། བྱང་ཆུབ་མཆོག་ལ་རེག་པར་བགྱི། ། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི།། ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ།། སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི།། སྡིག་པ་དེ་ཀུན་སོ་སོར་བཤགས་བར་བགྱི། ། སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་།། འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར།། ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས།། བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། ། བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་།། སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་།། སྲིད་པ་ཉོམ་ང་འདོད་ཆགས་ཉམ་ང་དང་།། ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང་།། དལ་བའི་ཉམ་དུས་ཀྱི་ཉམ་ང་དང་། ། བསོད་ནམས་སྒྲུབ་པ་ཉམ་ང་ངག་གིས་ཀྱང་།། རྒྱལ་བ་མི་ཉམ་མངོན་སུམ་མཆིས་ནས་ནི།། སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི།། སངས་རྒྱས་གསེར་@མཆོག་རི་སྣང་རི་རབ་འདྲ། ། ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ།། རྒྱལ་བདེ་དག་རྣམས་ལ་སྐྱབས་སུ་མཆི།། རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ།། གསེར་མཚོ་གསེར་ནི་དྲི་མ་མེད་པའི་གསེར་གྱི་མདོག། དྲི་མེད་རྣམ་དག་བཻ་ཌཱུཪྻ་ཡི་ཡན་ལག་སྤྱན།། སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས།། ཐུགས་རྗེའི་འོད་ཟེར་དག་གིས་མུན་ནག་བསལ། ། ཡན་ལག་རབ་ཏུ་དྲི་མེར་རབ་བཟང་རྣམ་པར་མཛེས།། སངས་རྒྱས་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ཁྱབ།། ཉོན་མོངས་མེས་གདུངས་ཡིད་ཅན་འབར་བའི་མེ་འདྲ་ལ།། ཐུབ་པའི་ཟླ་བའི་འོད་ཟེར་རླབས་ཚིམ་པར་མཛད། ། མཚན་མཆོག་སུམ་ཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས།། དཔེ་བྱད་བཟང་པོ་ངག་གིས་ཡན་ལག་རྣམ་པར་མཛེས།། དཔལ་གཟི་བསོད་ནམས་འབར་འཁྲུགས་འོད་ཟེར་དྲ་བ་ཡིས། ། འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས།། དྲི་མེར་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་ཌཱུརྨ།། སྐྱ་རེངས་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར།། འོད་ཟེར་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པས། ། ཐུབ་ཆེན་ཁྱོད་ནི་ཉི་མ་བཞིན་དུ་དེ་ཡིས་ནི།། མྱ་ངན་འཁྲུགས་པ་འཆི་ཆུ་རྒ་བའི་དབའ་རླབས་ཅན།། འཁོར་བའི་ཀླུང་ཆེན་འཕོངས་པའི་ཆུ་བོར་ལྷུང་བ་ལ། སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་རྩུབ་ཅིང་ཤུགས་དྲག་པ།། བདེ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐེམས།། ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང་།། ཡེ་ཤེས་འབྱུང་གན་འཇིག་རྟེན་གསུམ་ཀུན་མཆོག། རབ་མཛེས་མཚན་གྱིས་ཡན་ལག་རྣམ་སྤྲས་པ།། སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ།། ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང་།། ཇི་ལྟར་ས་ལ་ས་རྔུབ་མཐའ་ཡས་དང་། ། ཇི་ལྟར་རི་རབ་རྡོ་མཐའ་མཚུངས་མེད་དང་།། ཇི་ལྟར་ནམ་མཁའི་མཐའ་མ་མཐའ་ཡས་པ།། དེ་བཞིན་སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ།། སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། ། བསྐལ་པ་དུ་མར་གཞལ་ཅིང་བསམ་ཀྱང་ནི།། ཡོན་ཏན་མཐའ་མ་ཤེས་པར་མི་ནུས་སོ།། ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང་།། རྡོར་བཅས་རིར་བཅས་རྒྱ་མཚོར་བཅས་པ་ནི།། བསྐལ་པར་བགྲངས་ན་ཤེས་པར་ནུས་ཀྱང་སྲིད།། སངས་རྒྱས་ཡོན་ཏན་པ་མཐའ་ཤེས་མི་ནུས།། ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང་།། དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དག། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡི།། སེམས་ཅན་ཐམས་ཅད་དེ་འཆར་འགྱུར་བར་ཤོག། བདག་གི་དགེ་བའི་ལས་རྣམས་འདི་དག་གིས།། འཇིག་རྟེན་མི་རིང་སངས་རྒྱས་འགྲུབ་པར་བགྱི།། འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་པར་བགྱི།། སེམས་ཅན་སྡུག་བསྔལ་མང་གཟིར་ཐར་པར་བགྱི།། སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་བར་བགྱི།། ཆོས་ཀྱི་འཁོར་ལོ་དགེ་བ་བསྐོ་བར་བགྱི། ། བསྐལ་པ་བསམ་གྱིས་མི་ཁྱབ་གནས་པར་བགྱི།། བདུད་རྩི་ཆུ་ཡིས་སེམས་ཅན་ཚིམ་པར་བགྱི།། ཇི་ལྟར་སྔོན་གྱི་རྒྱལ་བས་རྫོགས་པ་ལྔར།། ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་བགྱི། ། ཉོན་མོངས་གཞོམ་ཕྱིར་སྡུག་བསྔལ་བསལ་བར་བགྱི།། འདོད་ཆགས་ཞེ་སྡང་གཏི་མུག་ཞི་བར་བགྱི།། སྐྱེ་བ་བརྒྱ་དང་སྐྱེ་བ་བྱེ་བ་སྟོང་།། བདག་ནི་རྟག་ཏུ་སྐྱེ་བ་དྲན་པར་བགྱི། ། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག། དེ་ཡི་གསུང་ནི་རྒྱ་ཆེན་མོས་པར་བགྱི།། བདག་ནི་དགེ་བའི་ལས་རྣམས་འདི་དག་གིས།། རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་བགྱི།། སྡིག་པའི་ལས་རྣམས་རྣམ་པར་སྤང་བར་བགྱི།། དགེ་བའི་འབྱུང་གནས་དགེ་རྣམས་སྤྲད་པར་བགྱི།། ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་།། འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། ། སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས།། དེ་ཀུན་དེའུ་རེ་དབང་པོ་ཚང་བར་ཤོག། གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང་།། ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། ། དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག། ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག། གང་དག་རྒྱལ་པོ་ཆོམ་རྐུན་སྤྲེའུ་བསྡིགས་གསང་ཐུག་དང་།། སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་འཕོངས་གྱུར་པ། ། སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན།། འཇིགས་མཆོག་མི་བཟང་རྒྱལ་པོ་དེ་ལས་ཐར་གྱུར་ཅིག། གང་དག་བརྡེགས་ཤིང་བཅིང་བས་བཅིངས་གཟེར་བ། ། འཕོངས་པ་སྣ་ཚོགས་དག་ནི་གནས་གྱུར་ཅིང་།། ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང་།། འཇིགས་པ་མི་བཟང་མྱ་ངན་སྣ་ཚོགས་རྙེད།། དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག། བརྡེག་པ་དག་ནི་བརྡེགས་ལས་ཐར་པར་ཤོག། གསད་པ་རྣམས་ཀྱང་སྲོག་དང་ལྷན་གྱུར་ཅིག། འཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག། སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། ། དེ་དག་ཟས་སྐོམ་སྣ་ཚོག་མ་རྙེད་པར་ཤོག། ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག། འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག། གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། ། སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག། ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས།། སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག་གང་ཡང་སྡུག་བསྔལ་ཚེར་བས་གནོད་མ་གྱུར། ། སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་།། གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག། རྟག་ཏུ་བདེ་བ་དུ་མ་རྫོགས་གྱུར་ཅིག། ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམས་དག། བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག། རྔ་རྔ་ཅང་ཏེའུ་པི་ཝང་སྒྲ་སྙན་དང་།། ཆུ་མིག་མཚེའུ་རྫིང་བུ་ལྟེང་ཀ་དང་།། གསེར་གྱི་པདྨ་ཨུཏྤལ་པདྨ་ཅན། ། ངས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག། རྒྱན་གསེར་རིན་ཆེན་སྣ་ཚོགས་བེ་ནུཆ།། དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག། འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་འབྱུང་། སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར།། དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་།། ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག། མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད།། དེ་དང་བསམ་བར་སྐྱེ་བར་དེ་དག་གྱུར། ། བསམས་པ་ཐམས་ཅད་བསམ་མ་ཐག་ཏུ་ཡང་།། བསོད་ནམས་འབྲས་བུས་ཡོངས་སུ་རྫོགས་པར་ཤོག། སྤོས་དང་འཕྲེང་བ་དག་དང་བྱུག་པ་དང་། གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག། ལྗོན་ཤིང་དག་ལས་དུས་གསུམ་འབར་བར་ཤོག། སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག། དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང་།། ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག། འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག། མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག། དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག། རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག། རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག། ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག། སྤྱན་དང་གྲགས་དང་གཟུགས་དང་ཁ་དོག་གིས།། བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག། བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ།། དཔའ་ཞིང་རྡུལ་ཕོད་མཁས་ཤིང་གསལ་བར་ཤོག། དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར།། ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག། ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་།། སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུརྦའི། ། ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག། ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག། བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ནི།། སྲིད་པའི་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། ། སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ།། དེ་དག་ཐམས་ཅད་ལུ་ས་ནི་ཟད་གྱུར་ཅིག། སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན།། འཁོར་བའི་ཞགས་བའི་ཐག་པས་དམ་བཅིངས་པ། ། ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག། སྡུག་སྔལ་རྣམས་ལས་ཐར་གྱུར་མྱུར་གྱུར་ཅིག། སེམས་ཅན་གང་དག་འཛམ་བུ་གླིང་འདི་དང་།། གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། ། བསོད་ནམས་སྣ་ཚོགས་ཟབ་མོ་རྣམས་བྱེད་པ།། དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་།། ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡིས།། བདག་གིས་རྗེས་སུ་ཡི་རང་བསོད་ནམས་དེས། ། བདག་ནི་སྨོན་གྲུབ་འབྲས་བུ་ཐོབ་པར་ཤོ་ག། བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག། གང་དག་རྟག་དང་དྲི་མ་བྲལ་བ་དང་།། དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད་པ་དང་། ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི།། བསྐལ་པ་དྲུག་ཅུར་ངན་སོང་སྤང་བར་འགྱུར།། ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས།། སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས།། ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་སྟོན་པ།། ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར།། ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན།། བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན།། མི་དབང་རྒྱལ་པོས་རྟག་ཏུ་དེ་མཆོད་དོ། ། དེ་དང་དེ་དག་ཏུ་ནི་དེ་འཇར་འགྱུར།། གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་གྲགས་འགྱུར་བ།། དེ་དག་སངས་རྒྱས་གཅིག་གི་གནནས་དགེ་བ་བྱས་མ་ཡིན།། གཉིས་ལ་མ་ཡིན་བཞི་ལ་མ་ཡིན་ལྔ་མིན་བཅུལ་མིན།། དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་མ་ཡིན།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་བཤགས་པའི་ལེའུ་ཞེས་བྱ་བ་སྟེ་བཞི་པའོ། ། །། བམ་པོ་གཉིས་པ།། །། དེ་ནས་བཅོམ་ལྡན་འདས་ཀྱིས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་གསེར་གྱི་ལག་པའི་དབང་པོ་ཞེས་བྱ་བ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་པདྨའི་འདྲུང་གནས་འདིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བསྟོད་དོ།། རྒྱལ་བ་གང་དག་སྔར་གྱུར་གང་བྱུང་དང་།། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་གཞེས་པ། ། རྒྱལ་བ་དེ་དག་རྣམས་ལ་ཕྱག་བགྱིའོ།། རྒྱལ་བ་དེ་དག་ཀུན་ལ་བདག་གིས་བསྟོད།། ཐུབ་དབང་ཞི་ཞིང་རབ་ཞི་རྣམ་པར་དག། སྐུ་ནི་གསེར་གྱི་མདོག་ཏུ་རབ་ཏུ་གདའ། ། དབྱངས་རྣམས་ཀུན་གྱིས་སངས་རྒྱས་གསུང་སྙན་ཏེ།། ཚངས་པའི་སྒྲ་དབྱངས་རབ་ཏུ་བསྒྲགས་པའི་གསུང་།། བྲང་བརྨ་བྱ་ཨུཏྤལ་སྔོན་པོའི་དབུ།། མཐོན་མཐིང་ལྕང་ལོ་ནིཿ་ཤ་འདྲ། ། ཁ་བ་དྲང་ལྟར་རབ་ཏུ་དཀར་བའི་ཚེམས།། རྟག་ཏུ་གསེར་ལྟར་རྣམ་པར་མཛེས་པར་གདའ།། སྤྱན་ནི་རིང་ཞིང་མཐོན་མཐིང་དྲི་མ་མེད།། ཨུཏྤལ་སྔོན་པོ་རབ་ཏུ་རྒྱས་པ་འདྲ། ལྗགས་ནི་ཆེ་ཞིང་ལེགས་ལ་པདྨའི་མདོག། པདྨ་འདྲར་སྣང་པདྨའི་ཟེ་བ་འདྲ།། ཞལ་གྱི་མཛོད་སྤུ་པདྨ་དུང་དང་འདྲ། བཻ་ཌཱུཪྻ་ཡི་མདོག་འདྲ་གཡས་སུ་འཁྱིལ།། ཐུབ་པའི་ཟླ་བ་ཕྲ་ཞིང་ཟླ་བཟད་པ་འདྲ། ། སྐུ་ཡི་ལྟེ་བ་བུང་བ་གསལ་བ་བཞིན།། ཞལ་མཐོའི་ཤངས་ནི་རྟག་ཏུ་ལྷག་གེ་སྟེ།། འཇམ་ཞིང་ས་ལ་གསེར་ལྟར་ཁ་དོག་བཟང་།། རྟག་པར་རྒྱུན་དུ་རྒྱལ་བ་ཐམས་ཅད་ཀྱི།། རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགས།། སྤུ་ཡི་བུ་གནས་ནི་རེ་རེ་སྐྱེས།། སྤུ་རྣམས་སྐྱེས་པ་གཡས་སུ་འཁྱིལ་བ་སྟེ།། མཐོན་མཐིང་འོད་འབར་འཚེར་ཞིང་ལྕང་ལོ་ཅན།། རྨ་བྱའི་མགྲིན་སྡུག་འདྲ་བར་སྔོལ་མཛེས།། བལྟམས་མ་ཐག་ཏུ་སྐུ་ཡིས་སྣང་བར་བགྱིས།། ཕྱོགས་བཅུ་འཇིག་རྟེན་དག་ནི་ཐམས་ཅད་གང་།། འཇིག་རྟེན་གསུམ་ན་སྡུག་བསྔལ་མཐའ་ཡས་ཞི། བདེ་བ་ཀུན་གྱིས་སེམས་ཅན་རྣམས་ཀྱང་ཚིམ།། སེམས་ཅན་དམྱལ་འགྲོ་དུད་འགྲོའི་འགྲོ་བ་དང་།། ཡི་དགས་ལྷ་གནས་མི་ཡི་འགྲོ་རྣམས་སུ།། སེམས་ཅན་དེ་དག་ཐམས་ཅད་བདེ་བས་ཚོམ། ། ངན་སོང་འགྲོ་བ་རྣམས་ནི་ཐམས་ཅད་ཞི།། ཁ་དོག་མདོག་བཟང་གསེར་དང་འདྲ་བའི་འོད།། བཅོ་མའི་གསེར་ལྟར་རབ་ཏུ་སྣང་བའི་སྐུ།། བདེ་གཤེགས་ཟླ་བ་རབ་ཏུ་དྲི་མེད་ཞལ། ། འཛུག་ཞིང་རྣམ་མཛེས་ཤིན་ཏུ་དྲི་མེད་ཞལ།། གཞོན་ནུ་བཙས་འདྲར་སྐུ་ལུས་ཡན་ལག་འཇམ།། སེང་གེ་འདྲང་བར་རྩལ་གྱིས་གནོན་པའི་མཆོག། ཕྱག་རིང་ཕྱག་ནི་རབ་ཏུ་རིང་བསྟེ། སཱ་ལའི་ལྕུག་མ་རླུང་གིས་བསྐྱོད་པ་བཞིན།། འདོམ་གང་འོད་འབར་འོད་ཟེར་རབ་ཏུ་གཏོང་།། ཉི་མ་སྟོང་ལྟར་རབ་ཏུ་ལྷག་གིའོ།། ཐུབ་པའི་དབང་པོ་སྐུ་མངོན། དྲི་མ་མེད།། ཞིང་རྣམས་མཐའ་ཡས་ཐམས་ཅད་རབ་ཏུ་སྣང་།། སངས་རྒྱས་འོད་ནི་རྣམ་པར་ལྷུང་ངེ་བས།། ཞིང་རྣམས་མཐའ་ཡས་བརྒྱ་སྟོང་རྣམས་སུ་ཡང་།། མཚན་བྱད་ཟླ་བ་ཉི་མ་མང་པོ་དག། དེ་དག་ཐམས་ཅད་འོད་ནི་མེད་པར་འགྱུར།། སངས་རྒྱས་ཉི་མ་འཇིག་རྟེན་སྒྲོན་མ་སྟེ།། སངས་རྒྱས་ཉི་མ་བརྒྱ་ཕྲག་སྟོང་རྣམས་ནི།། ཞིང་རྣམས་མཐའ་ཡས་སྟོང་ཕྲག་བརྒྱ་དག་ན། ། དེ་བཞིན་གཤེགས་པའི་ཉི་མའི་སེམས་ཅན་མཐོང་།། བསོད་ནམས་སྟོང་ཕྲག་བརྒྱ་དང་ལྡན་པའི་སྐུ།། ཡོན་ཏན་ཀུན་གྱིས་རབ་ཏུ་བརྒྱན་པའི་སྐུ།། གླང་ཆེན་དབང་པོའི་སྣ་འདྲ་རྒྱལ་བའི་ཕྱག། ཕྱག་དང་ཞབས་འོད་རབ་མཛེས་དྲི་མ་མེད།། ས་ཡི་སྟེང་གི་རྡུལ་དང་མཚུངས་འདྲ་སྙེད།། ཕྲ་བའི་རྡུལ་སྙེད་སངས་རྒྱས་གང་འདས་དང་།། གང་དག་ཕྲ་བའི་རྡུལ་སྙེད་འབྱུང་བ་དང་།། གང་དག་ཕྲ་བའི་རྡུལ་སྙེད་བཞུགས་པ་ཡིས།། རྒྱལ་བ་དེ་དག་ལ་ནི་རབ་དང་བའི།། ངག་ཡིད་ལུས་ཀྱིས་མེ་ཏོག་དབུལ་བ་དང་།། སྤོས་རྣམས་དབུལ་དང་བསྔགས་པ་བརྒྱ་དག་དང་།། དགའ་བའི་སེམས་ཀྱིས་ཀྱང་ནི་ཕྱག་འཚལ་ལོ། ། རྒྱལ་བའི་ཡོན་ཏན་གང་དག་དགེར་གྱུར་པ།། སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་སྟེ།། བདག་གིས་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས།། སངས་རྒྱས་ཡོན་ཏན་བརྗོད་པར་མི་ནུས་སོ། ། རྒྱལ་བ་གཅིག་གི་ཡོན་ཏན་རྣམས་ཀྱང་ནི།། ལྕེ་སྟོང་གིས་ཀྱང་ཅུང་ཟད་བརྗོད་མི་ནུས།། བདག་གིས་རྒྱལ་བ་དག་ནི་ཐམས་ཅད་ཀྱི།། ཡོན་ཏན་བཅག་རྒྱས་བརྗོད་པར་ག་ལ་ནུས། ། ལྷར་བཅས་འཇིག་རྟེན་ཐམས་ཅད་མཚོར་གྱུར་ཏེ།། སྲིད་པའི་རྩེ་མོ་མན་ཆད་ཆུས་གང་བ།། སྐྲ་མི་རྩེ་མོས་དཔག་པར་ནུས་སྲིད་ཀྱི།། བདེ་གཤེགས་རྣམས་ཀྱི་ཡོན་ཏན་གཅིག་ལ་མིན། ། ལུས་དང་ངག་ཡིད་རབ་ཏུ་དང་བ་ཡིས།། རྒྱལ་བ་ཀུན་ལ་བདག་གིས་བསྔགས་བསྟོད་པས།། བདག་གིས་བསོད་ནམས་འབྲས་བུ་མཆོག་བས་གང་། དེས་ནི་སེམས་ཅན་རྒྱལ་བ་རེག་གྱུར་ཅིག། དེ་ལྟར་རྒྱལ་པོས་སངས་རྒྱས་རྣམས་བསྟོད་ནས།། རྒྱལ་པོ་འདི་ལྟར་སྨོན་ལམ་འདེབས་པ་ནི།། མ་འོངས་བསྐལ་པ་མཐའ་ཡས་རྣམས་སུ་ཡང་། ། གང་དང་གང་དུ་བདག་ནི་སྐྱེ་བ་ན།། རྨི་ལམ་དུ་ནི་འདི་འདྲའི་རྔ་བལྟ་ཞིང་།། དེར་ནི་བཤགས་པ་འདི་འདྲ་མ་ཉན་པར་བགྱི།། རྒྱལ་བསྟོད་པདྨ་འབྱུང་རྒྱལ་འདི་འདྲ་བ། སྐྱེ་བ་དེ་དང་དེར་ནི་རྙེད་པར་བགྱི།། སངས་རྒྱས་ཡོན་ཏན་མཐའ་ལས་མཚུངས་མེད་དང་།། གང་ཡང་བསྐལ་པ་སྟོང་དུ་རྙེད་དཀའ་བ།། དེ་དག་རྨི་ལམ་དུ་ཡང་མཉན་པར་བགྱི།། ཉིན་གྱུར་ཚེ་ཡང་དེ་དག་བཤད་པར་བགྱི།། སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་བར་བགྱི།། ཕ་རོལ་ཕྱིན་པ་དྲུག་པོ་རྫོགས་པར་བགྱི།། ཕྱི་ནས་བྱང་ཆུབ་བླ་མེད་ཐོབ་པར་བགྱི། བདག་གི་ཞིང་ནི་ལྷོད་པ་མེད་གྱུར་ཅིག། རྔ་ཕུལ་རྣམ་པར་སྨིན་པའི་འབྲས་བུ་དང་།། རྒྱལ་བ་ཐམས་ཅད་ལ་ཡང་བསྟོད་པའི་རྒྱུས།། ཤཱཀྱ་ཐུབ་དབང་མངོན་དུ་བལྟ་བར་བགྱི། ། དེར་ནི་བདག་གིས་ལུང་བསྟན་ཐོབ་གྱུར་ཅིག། གསེར་གྱི་ལག་པའི་དབང་དང་གསེར་གྱི་འོད།། བདག་གི་ཁྱེའུ་ནི་གང་ཡིན་འདི་གཉིས་ཀྱང་།། དེར་ནི་བུ་ཕོ་དེ་དག་གཉིས་ཀ་དང་།། བྱང་ཆུབ་བླ་མེད་ལུང་བསྟན་ཐོབ་པར་ཤོག། སེམས་ཅན་གང་དག་གནས་མེད་རྟེན་མེད་ཅིང་།། སྐྱབས་དང་བྲལ་ནས་འཕོངས་པར་གྱུར་པ་དག། དེ་དག་ལ་ཡང་མ་འོངས་དུས་རྣམས་ན།། སྐྱོབ་དང་དཔུང་གཉེན་སྐྱབས་དང་རྟེན་གྱུར་ཤོག། སྡུག་བསྔལ་ཀུན་འབྱུང་ཟད་པར་བྱེད་གྱུར་ཅིག། བདེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག། སྔོན་མཐའ་འདས་པ་དེ་དག་ཇི་སྲིད་པ།། མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི།། གསེར་འོད་དམ་པ་ཡི་ནི་བཤགས་པ་ཡིས།། བདག་གི་སྡིག་པའི་རྒྱ་མཚོ་བསྐམས་པར་ཤོག། བདག་གི་ལས་ཀྱི་རྒྱ་མཚོ་ཟད་གྱུར་ཅིག་བདག་གི་ཉོན་མོངས་རྒྱ་མཚོ་ཟད་པར་ཤོག། བདག་གིས་བསོད་ནམས་རྒྱ་མཚོ་རྫོགས་གྱུར་ཅིག། ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས།། བདག་གི་ཡེ་ཤེས་རྒྱ་མཚོ་རྣམ་དག་ཅིང་།། ཏན་ཀུན་གྱི་རྒྱ་མཚོར་གྱུར་པར་ཤོག། བྱང་ཆུབ་ཡོན་ཏན་རིན་ཆེན་རྫོགས་གྱུར་ཅིང་།། གསེར་འོད་དམ་པའི་བཤགས་པའི་སྟོབས་ཀྱིས་ནི།། བདག་གི་བསོད་ནམས་རབ་ཏུ་སྣང་བར་ཤོག་བདག་གི་བྱང་ཆུབ་སྣང་བ་རྣམ་དག་གྱུར། ། ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས།། བདག་གི་ལུས་ཀྱི་འོད་ནི་སྣང་བར་ཤོག། བསོད་ནམས་དམ་པ་ལྷག་གེར་བྱ་བའི་ཕྱིར།། འཇིག་རྟེན་གསུམ་ན་ཁྱད་པར་འཕགས་གྱུར་ཅིག། བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག། སྡུག་བསྔལ་རྒྱ་མཚོ་ལས་ནི་སྒྲོལ་བ་དང་།། བདེ་བ་ཀུན་གྱི་རྒྱ་མཚོ་འདྲ་བ་ཡིས།། མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། ། འཇིག་རྟེན་གསུམ་ན་སྔོན་མཐར་ཇི་སྙེད་གཤེགས།། དེ་དག་ཞིང་ནི་རྒྱལ་བ་ཐམས་ཅད་ཀྱི།། ཡོན་ཏན་མཐའ་ཡས་ཁྱད་འཕགས་ཅི་འདྲ་བ།། ཡོན་ཏན་མཐའ་ཡས་རྣམས་ཀྱི་བདག་གི་ཞིང་། ། མ་འོངས་དུས་ན་དེ་འདྲར་འགྱུར་བར་ཤོག། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་བསྟོད་པ་མེ་ཏོག་པདྨའི་འབྱུང་གནས་ཀྱི་ལེའུ་ཞེས་བྱ་སྟེ་ལྔ་པའོ། ། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ། ། བསམ་གྱིས་མི་ཁྱབ་མདོ་རྣམས་གཞན་དག་ཏུ།། སྟོང་པའི་ཆོས་རྣམས་རབ་ཏུ་རྣས་བཤད་དེ།། དེ་ལྟ་བས་ན་མདོ་མཆོག་དམ་པ་འདིར། སྟོང་པའི་ཆོས་རྣམས་མདོ་ཙམ་བཤད་པར་བྱས།། སེམས་ཅན་བློ་ཆུང་རྣམ་པར་མི་ཤེས་པས།། ཆོས་རྣམས་ཐམས་ཅད་ཤེས་པར་མི་ནུས་ཏེ།། དེ་ལྟ་བས་ན་མདོ་མཆོག་དམ་པ་འདིར། སྟོང་པའི་ཆོས་རྣམས་མདོ་ཙམ་རབ་ཏུ་བཤད།། སེམས་ཅན་ཀུན་གྱིས་ཅི་ནུས་ཤེས་འགྱུར་དང་།། སེམས་ཅན་འབྱུང་བྱའི་ཕྱིར་ནི་སྙིང་རྗེའི་དབང་།། ཐབས་དང་ཚུལ་དང་རྒྱུ་གཞན་རྣམས་ཀྱིས་ནི། ། མདོ་མཆོག་དམ་པ་དབང་པོ་འདི་བཤད་དོ།། ལུས་འདི་གྲོང་ཁྱིམ་སྟོང་པ་ཇི་བཞིན་ཏེ།། དབང་པོ་རྣམས་ནི་དམག་དང་ཆོམ་རྐུན་འདྲ།། དེ་དག་ཐམས་ཅད་གྲོང་གཅིག་གནས་མོད་ཀྱི། ། དེ་དག་ཕན་ཚུན་རྣམ་པར་མི་ཤེས་སོ།། མིག་གི་དབང་པོ་གཟུགས་གྱུར་རྣམས་ལ་རྒྱུག། རྣ་བའི་དབང་པོ་སྒྲ་ལ་རྣམ་པར་སྤྱོད།། སྣ་ཡི་དབང་པོ་སྣ་ཚོགས་དྲི་རྣམས་འཕྲོག། ལྕེ་ཡི་དབང་པོ་རྟག་ཏུ་རོ་ལ་རྒྱུག། ལུས་ཀྱི་དབང་པོ་རེག་པ་དག་ལ་རྒྱུག། ཡིད་ཀྱི་དབང་པོ་ཆོས་རྣམས་རྣམ་པར་སྤྱོད།། དབང་པོ་དྲུག་པོ་འདི་དག་ཕན་ཚུན་དུ། ། རང་རང་ཡུལ་ལ་རབ་ཏུ་འཇུག་པར་བྱེད།། སེམས་ནི་སྒྱུ་མ་ལྟ་བུ་གཡོ་བ་ཡིན།། དབང་པོ་དྲུག་ནི་ཡུལ་ལ་རྣམ་སྤྱོད་དེ།། ཇི་ལྟར་མི་ཞིག་གྲོང་སྟོང་རྒྱུག་པ་དང་།། དམག་དང་ཆོམ་རྐུན་དགྲ་དང་གནས་པ་བཞིན། ། ཇི་ལྟར་སེམས་ནི་ཡུལ་དྲུག་གནས་བཅས་ཤིང་།། དབང་པོའི་སྤྱོད་ཡུལ་དག་ཀྱང་རབ་ཤེས་པ།། དེ་ལྟར་སེམས་ནི་ཡུལ་དྲུག་གནས་བཅས་ཏེ།། དབང་པོའི་སྤྱོད་ཡུལ་དག་ཀྱང་རབ་ཏུ་ཤེས།། གཟུགས་དང་སྒྲ་དང་དེ་བཞིན་དྲི་རྣམས་དང་།། རེ་དང་རེག་བྱ་དེ་བཞིན་སྤྱོད་ཡུལ་ཆོས།། སེམས་ནི་དབང་པོ་དྲུག་པོ་ཐམས་ཅད་ལ།། དབང་པོར་ཞུགས་པ་བྱ་བཞིན་གཡོ་བར་གྱུར།། དབང་པོ་གང་དང་གང་དུ་གནས་བཅས་པ།། དབང་པོ་དེ་ནི་ཤེས་པ་བདག་ཉིད་བྱེད།། ལུས་ནི་གཡོ་བ་མེད་ཅིང་བྱེད་པ་མེད།། སྙིང་པོ་མེད་ཅིང་རྐྱེན་ལས་བྱུང་བ་ཡིན། ། ཡང་དག་མ་ཡིན་ཡོངས་སུ་རྟོག་ལས་བྱུང་།། གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནས།། ས་དང་མེ་དང་ཆུ་དང་རླུང་རྣམས་ནི།། གྲོང་གཞན་གནས་ཏེ་ཕྱོགས་དང་ཕྱོགས་ན་གནས།། དཔེར་ན་སྦྲུལ་གདུག་གནས་གཅིག་ཇི་བཞིན་ཏེ།། རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་བཞིན།། ཁམས་ཀྱི་སྦྲུལ་རྣམས་བཞི་བོཔོ་དེ་དག་ཀྱང་། ། གཉིས་ནི་སྟེང་འགྲོ་གཉིས་ནི་ཐུར་དུ་འགྲོ།། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གཉིས་གཉིས་ཏེ།། ཁམས་སྦྲུལ་དེ་དག་ཐམས་ཅད་འཇིག་པར་འགྱུར།། ས་ཡི་སྦྲུལ་དང་ཆུ་ཡི་སྦྲུལ་དག་དང་། ། འདི་གཉིས་འོག་ཏུ་ཟད་པར་འགྱུར་བ་ཡིན།། མེ་ཡི་སྦྲུལ་དང་རླུང་གི་སྦྲུལ་དག་དང་།། འདི་གཉིས་སྟེང་གི་ནམ་མཁར་འགྲོ་བ་ཡིན།། ཇི་ལྟར་སྔོན་ཆད་བྱས་པའི་ལས་རྣམས་ཀྱིས། ། སེམས་དང་རྣམ་ཤེས་ཀུན་ཏུ་གནས་ནས་དོང་།། ལྷ་དང་མི་དང་ངན་སོང་གསུམ་དག་ཏུ།། ཇི་ལྟར་བྱས་པའི་ལས་ཀྱིས་སྲིད་པར་སྐྱེ།། བད་ཀན་རླུང་དང་མཁྲིས་པ་ཟང་གྱུར་ནས། ། ལུས་ཤིག་ཅིན་དང་ངན་སྤྱུགས་རྣམས་ཀྱིས་གང་།། མངོན་པར་མི་དགའ་སྲིན་བུའི་ཕུང་པོར་གྱུར།། དུར་ཁྲོད་དག་ན་འཐོར་བ་ཞིང་བཞིན་གྱུར།། ལྷ་མོ་ཁྱོད་ནི་ཆོས་འདི་རྣམས་ལ་ལྟོས།། འདི་ལ་སེམས་ཅན་གང་ཟག་གང་ཞིག་ཡོད།། ཆོས་རྣམས་འདི་དག་ཐམས་ཅད་སྟོང་པ་སྟེ།། མ་རིག་པ་འི་རྐྱེན་ལས་བྱུང་བ་ཡིན། ། འབྱུང་བ་ཆེན་པོ་འདི་དག་ཆེ་འབྱུང་མིན།། མ་བྱུང་བ་ལས་བྱུང་ཞིང་མི་འབྱུང་སྟེ།། གང་གི་ཕྱིར་ནི་འབྱུང་བ་མི་འབྱུང་བ།། དེ་ཕྱིར་འབྱུང་བ་ཆེ་ཞེས་ངས་བརྗོད་དོ།། ཡོད་པ་མིན་ཞིང་ནམ་ཡང་ཡོད་མིན་ལ། ། མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན།། མ་རིག་འདི་ནི་ཡོད་པ་མ་ཡིན་ཏེ།། དེ་བས་ངས་ནི་མ་རིག་འདི་བཤད་དོ།། འདུ་བྱེད་རྣམ་ཤེས་མིང་དང་གཟུགས་བཅས་དང་།། སྐྱེ་མཆེད་དྲུག་དང་རེག་དང་ཚེར་བ་དང་། ། སྲེད་དང་ལེན་དང་དེ་བཞིན་སྲིད་པ་དང་།། སྐྱེ་དང་རྒ་ཤི་མྱ་ངན་གནོད་པ་རྣམས།། འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ།། འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དག། མ་བྱུང་བ་ལས་བྱུང་བ་མི་འབྱུང་དང་། ། ཚུལ་བཞིན་མ་ཡིན་སེམས་ཀྱིས་རྣམ་དཔྱད་དང་།། བདག་གི་ལྟ་བར་གྱུར་པ་གཅད་པར་གྱིས།། ཡེ་ཤེས་རལ་གྲིས་ཉོན་མོངས་རྒྱ་མོ་དྲོལ།། ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྟོས། ། བྱང་ཆུབ་ཡོན་ཏན་རྒྱ་ཆེན་རེག་པར་གྱིས།། ངས་ནི་བདུད་རྩི་གྲོང་ཁྱེར་སྒོ་ཡང་ཕྱེ།། བདུད་རྩི་ཁུ་བའི་སྣོད་ཀྱང་ཀུན་ཏུ་བསྟན།། ངས་ནི་བདུད་རྩིའི་གྲོང་ཁྱེར་གནས་དེར་འཇུག། ངས་ནི་བདུད་རྩི་ཁུངས་བདག་ཚིམ་བྱས། ། ངས་ནི་ཆོས་ཀྱི་རྔ་ཆེན་དམ་པ་བརྡུངས།། ངས་ནི་ཆོས་ཀྱི་དུང་གི་མཆོག་ཀྱང་བུས།། ངས་ནི་ཆོས་ཀྱི་སྒྲོན་མ་མཆོག་འབར་བྱས།། ངས་ནི་ཆོས་ཀྱི་ཆར་པ་དམ་པ་ཕབ།། ང་ནི་ཉོན་མོངས་དགྲ་མཆོག་རྣམས་ལས་རྒྱག། ། ངས་ནི་ཆོས་ཀྱི་རྒྱལ་མཚན་དམ་པ་བསྒྲེངས།། སྲིད་པའི་མཚོ་ལས་སེམས་ཅན་རབ་ཏུ་བསྒྲལ།། ངས་ནི་ངན་སོང་གསུམ་གྱི་ལས་རྣམས་བཀག། སེམས་ཅན་ཉོན་མོངས་མེ་ཡིས་གདུངས་གྱུར་པ།། རྟེན་མེད་གྱུར་ཅིང་དཔུང་གཉེན་མེད་པ་དག། སྲོག་ཆགས་ཉོན་མོངས་མེས་གདུངས་ནི་བྱས་ནས།། བདུད་རྩི་ཁུ་བ་བསིལབས་ཚིམ་པར་བྱས།། གང་ཕྱིར་བསྐལ་པ་དུ་མར་སྔོན་ཆདངས།། འདྲེན་པ་བསམ་གྱིས་མི་ཉྩ་མཆོད་པ་བྱས། ། ཆོས་ཀྱི་སྐུ་དེ་ཡོངས་སུ་ཚེལ་བ་ན།། བརྟུལ་ཞུགས་བརྟན་པས་བྱང་ཆུབ་ཕྱིར་སྤྱད་དེ།། ལག་པ་དང་ནི་མིག་དང་རྐང་པ་དང་།། ཡན་ལག་མཆོག་དང་བུ་སྡུག་བུ་མོ་དང་།། ནོར་དབྱིག་ནོར་བུ་མུ་ཏིག་རྒྱན་དང་གསེར། ། བཻ་ཌཱུརྨ་དང་རིན་ཆེན་སྣ་ཚོགས་བཏང་།། སྟོང་གསུམ་ཤིང་ལྗོན་ཐམས་ཅད་དང་།། རྩཝ་དང་རྩཝ་རྣམས་ཐམས་ཅད་དང་།། ནགས་ཚལ་དག་དང་ས་ལས་ནི།། འཁྲུངས་པ་ཐམས་ཅད་བཅད་གཏུབས་ཏེ། ། དེ་དག་ཐམས་ཅད་བྱེར་བརླགས་ནས།། རབ་ཏུ་ཕྲ་བའི་རྡུལ་འདྲར་བྱས།། ནམ་མཁའི་དཀྱིལ་འཁོར་ཇི་ཙམ་པར།། ཕྱེ་མའི་ཕུང་པོ་སྤུངས་ན་ས་ནི།། འདི་ལ་ཆ་གསུམ་དབྱེ་བར་ནུས་ས་ལ་རྡུལ་ནི་ཡོད་པ་རྣམས། ། སྟོང་གསུམ་དག་ནི་ཐམས་ཅད་ཀྱི།། རྡུལ་ཁམས་བསམ་གྱིས་མི་ཁྱབ་པ།། སེམས་ཅན་ཀུན་གྱིས་ཤེས་པ་གང་།། དེ་ནི་སེམས་ཅན་གཅིག་གིར་གྱུར།། ཤེས་པ་དེ་ཡིས་རྡུལ་རྣམས་ཀྱི། ། ཕྱེ་མ་བགྲང་བར་བྱེད་ན་ནི།། སེམས་ཅན་ཀུན་ལས་རབ་འཕགས་པ།། ཡེ་ཤེས་རབ་ལྡན་མི་རྣམས་ཀྱིས།། ཐམས་ཅད་བགྲངས་པར་ནུས་སྲིད་ཀྱི།། རྒྱལ་བའི་མཁྱེན་ལ་མི་ནུས་སོ། ། ཐུབ་པ་ཆེན་པོའི་ཡེ་ཤེས་གང་།། སྐད་ཅིག་གཅིག་ལ་འཇུག་པ་ཡང་།། བསྐལ་པ་བྱེ་བ་དུ་མར་ནི།། གང་དུའང་བགྲང་བར་མི་ནུས་སོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ། ལྷའི་ཚོགས་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་པ། ལྷའི་དབང་པོའི་ཚོགས་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྔགས་པ་བརྗོད་ནས་རབ་ཏུ་བཀུར་བ། ལྷའི་ཁང་ཁྱིམ་ཐམས་ཅད་སྣང་བར་བགྱིད་པ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བདེ་བ་རབ་ཏུ་སྦྱིན་པར་བགྱིད་པ། སེམས་ཅན་དམྱལ་བ་དང་། དུད་བཟོབ་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔབ་ཐམས་ཅད་རབ་ཏུ་སྐེམས་པ། འཇིགས་པ་ཐམས་ཅད་ཀྱི་རྒྱུན་གཅོད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཟློག་པ། མུ་གེའི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ནད་ཀྱི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། གཟའ་ཐམས་ཅད་སེལ་བ་མཆོག་ཏུ་ཞི་བར་བགྱིད་པ། མྱ་ངན་དང་ཉོན་མོངས་པ་རབ་ཏུ་ཞི་བར་བགྱིད་པ། གནོད་པ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱིད་པ། གནོད་པ་བརྒྱ་སྟོང་རབ་ཏུ་འཇོམས་པར་བགྱིད་པ་ལགས་སོ། ། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་བཤད་ན། ཆོས་ཉན་པ་བདུད་རྩིའི་ཁུ་བ་འདིས་བདག་ཅག་རྒྱལ་པོ་དཔུང་དང་གཡོག་ཏུ་བཅས་པ་བཞི་ལྷའི་ལུས་འདིས་གཟི་ཆེན་པོས་རྣམ་པར་འཕེལ་བར་འགྱུར་རོ། ། བདག་ཅག་གི་ལུས་ལ་བརྩོན་པ་དང་། སྟོབས་དང་། མཐུ་བང་སྐྱེད་པར་འགྱུར། གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པའང་བདག་ཅག་གི་ལུས་ལ་འཇུག་པར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ནི་ཆོས་དང་ལྡན་པ། ཆོས་སྨྲ་བ། ཆོས་ཀྱི་རྒྱལ་པོ་ལགས་ཏེབཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་རྒྱལ་པོ་བགྱིའོ། ། འབྱུང་པོའི་ཚོགས་མི་བཟད་པ་སྙིང་རྗེ་མ་མཆིས་པ། གཞན་གྱི་མདངས་འཕྲོག་པ་རྣམས་བཟློག་པར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ལྡེང་པོན་ཆེན་པ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྟག་པར་རྒྱུན་དུ་ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས། འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་འཇིག་རྟེན་སྐྱོང་ཞེས་མིང་དུ་ཆགས་སོ།། བཙུན་པ་བཅོམ་ལྡན་འདས་གང་སུ་དག་འཛམ་བུའི་གླིང་འདིར་ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར་རམ། མུ་གེའི་དགོན་པ་འམ། ནད་ཀྱི་དགོན་པ་འམ། གནོད་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྟོང་དང་། གནོད་པ་བརྒྱ་ཕྲག་སྟོང་དག་གིས་གཙེས་པར་འགྱུར་བ་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་ཚེཆོས་སྨྲ་བ་དེ་དག་ལ་བསྐུལ་བར་བགྱིའོ། ། བཙུན་པ་བཅོམ་ལྡན་འདས་ནམ་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་རྫུ་འཕྲུལ་དང་བྱིན་གྱི་རླབས་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བསྐུལ་བ་ན། ཡུལ་གང་དང་གང་དུ་མཆི་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདི་ཡུལ་དེ་དག་ཏུ་རྒྱ་ཆེར་ཡང་དག་པར་སྟོན་པར་གྱུར་ཏེ། གང་གནོད་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྟོང་ཡུལ་དུ་འབྱུང་བ་འདི་ལྟ་བུ་འདི་དག་རབ་ཏུ་ཞི་བར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གི་ཡུལ་དུ་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ཚེས་སྨྲ་བ་དེ་དག་མཆི་བར་འགྱུར་བའི་ཡུལ་དེ་དག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའང་བསྙེན་པར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས། མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལས་ཀུན་ཏུ་སྲུང་བར་བགྱིད། ཡོངས་སུ་སྒྲུབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོས་ནམ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བ་དང་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིའོ། ། བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་ལ་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་མིའི་རྒྱལ་པོ་དེ་ལ། རྒྱལ་པོ་ཐམས་ཅད་པས་ཆེས་བསྟི་སྣང་དུ་བགྱི། ཆེས་བླ་མར་རབགྱི། ཆེས་རིམ་གྲོར་བགྱི། ཆེས་མཆོད་པར་བགྱི་སྟེ། ཡུལ་ཐམས་ཅད་དུའང་རབ་ཏུ་བསྔགས་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ།། རྒྱལ་པོ་ཆེན་པོ་ཁྱེད་ཡང་ལེགས་སོ་ལེགས་སོ། ། འདི་ལྟ་སྟེ། ཁྱེད་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་དང་ལྡན་པ། ཆོས་སྨྲ་བ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱིས་ལྷ་དང་མི་རྣམས་ཀྱི་རྒྱལ་པོ་བྱེད་པའོ།། འདི་ལྟ་སྟེ། ཁྱེད་ནི་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བདེ་བ་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ལ་ཞུགས་པ། མི་ཕན་པ་ཐམས་ཅད་འགོགས་པ། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ཉེ་བར་སྒྲུབ་པར་བརྩོན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པ་དང་། རིམ་གྲོར་བྱེད་པར་བརྩོན་པ་དེ་དག་ལ་ཀུན་ཏུ་སྲུང་བར་གྱིས་ཤིག། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྲུང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག། དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་། གཡོག་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་བཅས་པ་ཁྱེད་བཞིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་ཀུན། ཏུ་བསྲུངས་པར་འགྱུར་རོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བར་ཡང་འགྱུར་རོ།། དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་། གཡོག་དང་། གནོད་སྦྱིན་བརྒྱ་ཕྲག་དུ་མ་དང་བཅས་པ་ཁྱེད་བཞི་བྷ་དང་ལྷ་མ་ཡིན་དུ་གཡུལ་འགྱེད་པ་ན་རྒྱལ་བར་འགྱུར་རོ། ། ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ།། འདི་ལྟར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་འདུལ་བར་བྱེད་པའི་ཕྱིར། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཀུན་ཏུ་སྲུང་བར་གྱིས་ཤིག། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྲུང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མེད་མི་བཟང་སྟན་ལས་ལངས་ཏེ་ཐ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་ར་ལོགས་མཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན། གསེར་པོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གྲོང་། ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ཡུལ་འཁོར་ཏམ། བཟང་འཁོར་གང་དུ་སྤྱོད་པར་འགྱུར་བ་དང་། མིའི་རྒྱལ་པོ་གང་དང་གང་གི་ཡུལ་དུ་སྤྱོད་པར་འགྱུར་བ་དང་། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོར་འགྱུར་བ་གང་ལ་ལ་ཞིག་ལྷའི་དབང་པོའི་དམ་ཚིག་རྒྱལ་པོའི་བསྟན་བཅོས་འདིས་རྒྱལ་པོ་བགྱིད་ཅིང་། རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ཏམཿརིམ་གྲོ་བགྱིད་དམ། མཆོད་པ་བགྱིད་དམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་མ་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལའང་བསྟི་སྟང་བགྱིད། བཙུན་པར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་དེ། རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ན། ཆོས་ཉན་པའི་ཆུ་བོའི་ཆུ་ཆོས་བདུད་རྩིའི་ཁུ་བ་འདིས། བདག་ཅག་རྒྱལ་པོ་ཆེན་པོ་བནི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མའི་ལྷའི་ལུས་འདི་དག་གཟི་བརྗིད་ཆེན་པོ་རྣམ་པར་འཕེལ་བར་འགྱུར། བདག་ཅག་ལ་བརྩོན་འགྲུས་དང་། མཐུ་དང་། སྟོབས་ཆེན་པོབོཔོར་ཡང་བགྱིད་པར་འགྱུར། བདག་ཅག་གི་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པའང་རྣམ་པར་འཕེལ་བར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་དུམ་དང་ལུས་བལྟར་མི་གདའ་བར་བགྱིས་ཏེ། ད་ལྟར་དང་མ་འོངས་པའི་དུས་ན་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ཡུལ་འཁོར་རམ། ཕོ་བྲང་འཁོར་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་སྤྱོད་པར་འགྱུར་བ་དེ་དག་ཏུ་མཆི་བར་བགྱིའོ།། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བགྱིད་པ་དང་། མཆོད་པ་བགྱིད་པ་དེ་དག་ལ་ཀུན་ཏུ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་། ཡུལ་འཁོར་དེ་དག་དང་། ཡུལ་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྲུང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ།། ཡུལ་དེ་དག་ཀྱང་འཇིགས་པ་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། ། ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་བཟློག་པར་བགྱིའོ།། མིའི་རྒྱལ་པོ་གང་ལ་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོར་བགྱིད་པ་དང་། མཆོད་པ་བགྱིད་པ་དེའི་དགྲ་ཟ་འདབ་ཉེ་བའི་རྒྱལ་པོ་གཞན་ཞིག་མཆིས་ལ། བཙུན་པ་བཅོམ་ལྡན་འདས་ནམ་ངས་ཟླ་འདབ་ཉེ་བ་དེའི་རྒྱལ་པོ་དེ་འདི་སྙམ་དུ་བདག་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ཡུལ་དེར་སོང་སྟེ། ཡུལ་དེ་རྣམ་པར་གཞིག་གོ་སྙམ་དུ་སེམས་བསྐྱེང་ན། བཙུན་པ་བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་གསེར་འོད་དམ་པ་མདོ་སྡེའི་དང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས། དགྲ་ཟ་འདབ་ཉེ་བའི་རྒྱལ་པོ་གཞན་དག་དང་གཡུལ་འགྱེད་པར་འགྱུར། རང་གི་ཡུལ་དུ་ཕྱིན་ནའང་ཡུལ་འཁྲུག་པར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པའང་འབྱུང་བར་འགྱུར། ཡུལ་དུ་གཟའ་དང་ནད་ཀྱང་འབྱུང་བར་འགྱུར། ཡུལ་དུ་བྲེལ་བ་སྣ་ཚོགས་བརྒྱ་དག་ཀྱང་འབྱུང་བར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་དག་རང་གི་ཡུལ་དུ་ཕྱིན་ན། གནོད་པ་སྣ་ཚོགས་བརྒྱ་དང་བྲལ་བ་སྣ་ཚོགས་བརྒྱ་འདི་ལྟ་བུ་འབྱུང་ངོ་།། བཙུན་པ་བཅོམ་ལྡན་འདས་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་ཡན་ལག་བཞི་པའི་དམག་བསོགས་ཏེ། ཕ་རོལ་གྱི་དམག་ཚོགས་སུ་མཆི་བའི་སླད་དུ་རང་གི་ཡུལ་ནས་བྱུང་སྟེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ཡུལ་དེར་མཆི་འཚལ་བ་དང་། གང་ན་གསེར་འོང་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གནས་པའི་ཡུལ་དེ་རྣམ་པར་གཞིག་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཏུ་ལུས་མི་གདའ་བར་བགྱིས་ཏེ། དེར་མཆི་བར་བགྱིའོ།། ཕ་རོལ་གྱི་དམག་ཚོགས་དེ་ཡུལ་དུ་ཞུགས་པ་ལས་ཀྱང་དེ་ཉིད་ནས་ལྡོག་པར་བགྱིའོ།། བྲེལ་བསྣ་ཚོགས་བརྒྱ་དག་ཀྱང་ཉེ་བར་བསྒྲུབ་པར་བགྱིའོ། ། བགེགས་ཀྱང་བགྱིའོ།། འདི་ལྟ་སྟེ། དེར་ཕ་རོལ་གྱི་དམག་ཚོགས་དེ་མཆི་བར་ཡང་མི་ནུས་ན། ཡུལ་གཞིག་པར་བགྱིད་པ་ལྟ་ག་ལ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ།། རྒྱལ་པོ་ཆེན་པོ་ཁྱེད་ཡང་ལེགས་ཏེ། ཁྱེད་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་བསྒྲུབས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདིའི་ཕྱིར། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བྱེད་པ་དང་། མཆོད་པ་བྱེད་པ་དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་། གྲོང་ཁྱེར་དེ་དག་དང་། ཡུལ་འཁོར་དེ་དག་དང་། ཡུལ་དེ་དག་ཀྱང་ཡོངས་སུ་སྲུངས་ཤིག། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག། ཡུལ་དེ་དག་ཀྱང་འཇིགས་པ་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་ལ་ས་ཡོངས་སུ་ཐར་པར་གྱིས་ཤིག། ཕ་རོལ་གྱི་དམག་ཚེགས་རྣམས་ཀྱང་ཟློག་ཅིག། འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མིའི་རྒྱལ་པོ་དག་མི་འཐབ་པ་དང་མཚང་མི་འདྲུ་བ་དང་། མི་རྩོད་པ་དང་། མི་འགྱེད་པར་བྱ་བ་ལ་སྤྲོ་བར་གྱིས་ཤིག། རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞིས་འཛམ་བུའི་གླིང་འདིར། ནམ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དེ་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་རང་རང་གི་ཡུལ་ལ་མངོན་པར་དགའ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དེས་མངོན་པར་དགའ་བ་དང་། རང་གི་ནོར་གྱི་ཕུང་པོས་ཕན་ཚུན་རྣམ་པར་མི་འཚེ་བ་དང་། ཕན་ཚུན་རྣམ་པར་འཚེ་བ་མི་བསྐྱེད་པ་དང་། རང་གིས་ཇི་ལྟར་སྔོན་གྱིས་ལས་བསགས་པས་རྒྱལ་པོ་ཐོབ་པའི་རང་གི་རྒྱལ་སྲིད་ཀྱི་དབང་བྱུཕྱག་གིས་དགའ་བ་དང་། ཕན་ཚུན་དུ་ཡུལ་འཇིག་པར་མི་བྱེད་པ་དང་། ཡུལ་གཞིག་པའི་ཕྱིར་ཕ་རོལ་གྱི་གནོད་པ་དང་། ནམ་འཛམ་བུའི་གླིང་འདིར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཕན་ཚུན་བྱམས་པའི་སེམས་སུ་འགྱུར། བྱམས་པའི་སེམས་དང་ལྡན་པ་སེམས་སུ་འགྱུར་ཏེ། ཕན་ཚུན་དུ་མི་འཐབ། མཚང་མི་འདྲུ། མི་རྩོད། མི་འགྱེད་པར་རང་རང་གི་ཡུལ་དག་དགའ་བར་འགྱུར་ན། དེའི་ཕྱིར་རྒྱལ་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞིས་འཛམ་བུའི་གླིང་འདི་རྒྱས་པར་འགྱུར། ལོ་ལེགས་པར་འགྱུར། ཉམས་དགའ་བར་འགྱུར། སྐྱེ་བོ་མང་པོ་དང་མིས་གང་བར་འགྱུར། སའང་མདངས་ཅན་དུ་འགྱུར། དུས་དང་། བླ་བ་དང་། ཟླ་བ་ཕྱེད་པ་དང་། ལོ་ཁྱུད་ཀོར་ཐམས་ཅད་ཀྱང་ཡང་དག་པའི་དུས་དང་ལྡན་པར་འགྱུར། གཟའ་དང་། རྒྱ་སྐར་དང་། ཟླ་བ་དང་། ཉི་མའང་ཉིན་མཚན་དུ་ལེགས་པར་རྒྱུ་བར་འགྱུར། ཆར་པའི་རྒྱུན་ཡང་ས་ལ་དུས་དུས་སུ་འབབ་པར་འགྱུར། འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱང་ནོར་དང་འབྲུ་ཐམས་ཅད་འབྱོར་པར་འགྱུར། ལོངས་སྤྱོད་ཆེ་བ་དང་སེར་སྣ་མེད་པར་འགྱུར། གཏོང་བ་དང་ལྡན་པར་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར། 5་ཆེར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ལྷའི་ཁང་ཁྱིམ་རྣམས་ཀྱང་ལྷ་དང་ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་དག་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་ཏེ། རིམ་གྲོ་བྱས། མཆོད་པ་བྱས། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལའང་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་། རྒྱལ་པོ་ཆེན་པོ་ཁྱེད་བཞིས་དཔུང་དང་གཡོག་དང་བཅས་པ། གནོད་སྦྱིན་འབུམ་ཕྲག་དུ་མ་ལ་སྙིང་བརྩེ་བའི་ཕྱིར། རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ན། ཆོས་མཉན་པའི་ཆུ་ཀླུང་ཆུའི་བདུད་རྩིའི་ཁུ་བ་འདིས་ཁྱེད་ཅག་གི་ལུས་འདི་དག་ཚིམ་པར་འགྱུར་རོ།། ཁྱེད་ཀྱི་ལྷའི་ལུས་འདི་དག་གི་གཟི་བྱིན་ཆེན་པོའང་རྣམ་པར་འཕེལ་ལོ།། ཁྱེད་ཀྱི་བརྩོན་འགྲུས་དང་། མཐུ་དང་། སྟོབས་ཀྱང་སྐྱེད་དོ།། ཁྱེད་ཀྱི་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པའང་རྣམ་པར་འཕེལ་ལོ། ། མིའི་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ལའང་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེན་པོ་ལངས་པ་བྱས་པར་འགྱུར་རོ། ། མིའི་རྒྱལ་པོ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་བྱེ་བ་ཟག་ཁྲིག་བརྒྱ་སྟོང་དུ་མ་ལའང་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྒྱ་ཆེ་བ་ཡངས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པར་འགྱུར་རོ། ། དེ་ནས་མིའི་རྒྱལ་པོ་དེ་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། དེས་ན་མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ།། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། བཙུན་མོའི་འཁོར་ཐམས་ཅད་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱང་བསྲུང་བ་ཆེན་པོ་བྱས་པར་འགྱུར། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱང་ཆེས་གཟི་བརྗིད་དང་ལྡན་པ་དང་། ཆེས་སྟོབས་དང་། བདེ་བ་དང་། ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། དགའ་བ་སྣ་ཚོགས་མྱོང་བར་འགྱུར། གྲོང་ཁྱེར་དེ་དག་དང་ཡུལ་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་འགྱུར། ཡོངས་སུ་བསྐྱང་བར་འགྱུར། གནོད་པ་མེད་པར་འགྱུར། དམ་མེད་པར་འགྱུར། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་བརྫི་བ་དང་། གནོད་པ་མེད་པ་དང་། འཇུག་པ་མེད་པར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའང་ཉན་པར་འཚལ་བར་འགྱུར། བདག་ཉིད་ལའང་སྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། བཙུན་མོ་དམ་པ་རྣམས་དང་། རྒྱལ་བུ་རྣམས་དང་། བཙུན་མོའི་འཁོར་རྣམས་དང་། བཙུན་མོའི་འཁོར་གྱི་ཚེགས་ལའང་སྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཐམས་ཅད་ལའང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བགྱིད་འཚལ་བར་འགྱུར། ཚེ་འདི་ལ་བདག་གི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བགྱིད་འཚལ་བར་འགྱུར། རྒྱལ་པོ་ཉིད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་འཚལ་བར་འགྱུར། བདག་གི་ཡུལ་ཐམས་ཅད་ཀྱང་ཀུན་ཏུ་བསྲུང་འཚལ་བར་འགྱུར། ཡོངས་སུ་བསྐྱང་འཚལ་བར་འགྱུར། རང་གི་ཡུལ་ན་གནོད་པ་མ་མཆིས་པ་དང་། དགྲ་མ་མཆིས་པ་དང་། ཕ་རོལ་གྱི་དམག་ཚེགས་ཀྱིས་མི་བརྫི་པ་དང་། ནད་འགོ་བ་མ་མཆིས་པ་དང་། འཁྲུག་པ་མ་མཆིས་པར་བགྱིད་འཚལ་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གཡེང་བ་མ་མཆིས་པའི་སེམས་དང་། གུས་པ་དང་བཅས་པ་དང་། རི་མོ་དང་བཅས་པས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིད་དེ་མཉན་པར་བགྱིའོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པའི་སླད་དུ། མིའི་རྒྱལ་པོ་དེས་རྒྱལ་པོའི་ཕོ་བྲང་ཁྱད་དུ་འཕགས་པར་མཆི་བར་བགྱིའོ།། དེར་མཆིས་ནས་ཀྱང་རྒྱལ་པོའི་ཕོ་བྲང་སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་གདབ་ཅིང་། མེ་ཏོག་གི་སིལ་མ་སྣ་ཚོགས་བཀྲམ་པར་བགྱིའོ།། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་བཏབ་པ་དེར་ཆོས་ཀྱི་ཁྲི་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་བཤམས་པར་བགྱིའོ། ། ཕྱོགས་དེར་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བགྱིའོ།། མིའི་རྒྱལ་པོ་དེས་ལུས་བཀྲུ་བར་བགྱིའོ།། གོས་དྲི་མ་རབ་ཏུ་གདའ་བ་གོས་གསར་པ་མཛེས་པ་བགོས་ནས། རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བགྱིའོ།། བདག་གི་སྟན་རབ་ཏུ་དམའ་བ་གདིང་བར་བགྱི་སྟེ། སྟན་དེ་ལ་མཆིས་ནས་རྒྱལ་པོའི་རྒྱགས་པས་དྲེགས་པར་མི་བགྱིའོ། ། དེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཆགས་པར་མི་བགྱིའོ།། རྒྱགས་པ་དང་། ང་རྒྱལ་དང་། དྲེགས་པ་ཐམས་ཅད་རྣམ་པར་སྤངས་པའི་སེམས་ཀྱིས། གསེར་ལོངམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའདི་མཉན་པར་བགྱིའོ། ། དགེ་སློང་ཆོས་སྨྲ་བ་དེ་ལའང་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ།། མིའི་རྒྱལ་པོ་དེས་དེའི་ཚེ་དེའི་དུས་ན་བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་དང་། བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་སྡུག་པ་དང་ཕན་པར་བལྟ་བར་བགྱིའོ།། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་ལ་ཚིག་སྙན་པར་སྨྲ་བར་བགྱིའོ། ། བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལའང་ཚིག་སྙན་པར་སྨྲ་བར་བགྱིའོ།། ཆོས་མཉན་པའི་མཆོད་པ་རྣམ་པ་སྣ་ཚོགས་སྦྱོར་དུ་སྩལ་བར་བགྱིའོ། ། དགའ་བ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མ་མཆིས་པས་བདག་ཚིམ་པར་བགྱིའོ།། དགའ་བ་དང་བདེ་བ་བསམ་གྱིས་མི་ཁྱབ་པས་བདེ་བར་བགྱིའོ།། དབང་པོ་བདེ་བར་བགྱིའོ། ། བདག་ཉིད་དོན་ཆེན་པོ་ཐོབ་པར་བསམ་པར་བགྱིའོ།། བདག་དགའ་བ་ཆེན་པོས་དགའ་བར་བགྱིའོ།། རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ཆོས་སྨྲ་བ་བསུ་བར་བགྱིའོ།། དེདསྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་དག་དེའི་དུས་ན་མིའི་རྒྱལ་པོ་དེས་གོས་ཐམས་ཅད་དཀར་པོགསར་པ་མཛེས་པ་བགོ་བར་བྱའོ། ། སྤུད་པ་དང་རྒྱན་སྣ་ཚོགས་ཀྱིས་བདག་ལེགས་པར་བརྒྱན་པར་བྱའོ།། གདུགས་དཀར་པོའང་གཟུང་བར་བྱའོ།། རྒྱལ་པོའི་མཐུ་ཆེན་པོ་བཞི་དང་རྒྱལ་པོའི་བཀོད་པ་ཆེན་པོ་བཀྲ་ཤིས་ཐ་དད་པ་སྣ་ཚོགས་ཏེ། རྒྱལ་པོའི་ཕོ་བྲང་དེ་ནས་བྱུང་ལ། ཆོས་སྨྲ་བ་བསུ་བའི་ཕྱིར་དེར་འགྲོ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ནམིའི་རྒྱལ་པོས་དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་བ་ཕྱིར་བསྙིལ་བར་འགྱུར། དེ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་པར་འགྱུར། དེར་གོམ་པ་ཇི་སྙེད་བོར་བ་དེ་སྐད་དུ། ཚེ་འདི་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཕེལ་བར་འགྱུར། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་གནས་ཡངས་ཤིང་རྒྱ་ཆེ་བ་ལྷའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དག་ཐོབ་པར་འགྱུར། མི་རྣམས་ཀྱིས་རྒྱལ་རིགས་ལྷའི་རྒྱ་ཆེ་བ་བརྒྱ་སྟོང་ཕྲག་དུ་མ་ཐོབ་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར། ཚེ་རིང་བར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། སྤོབས་པ་དང་ལྡན་པར་འགྱུར། ཚིག་གཟུང་བར་འོས་པར་འགྱུར། གྲགས་པ་དང་ལྡན་པར་འགྱུར། བརྗོད་པ་ཤིན་ཏུ་རྒྱ་ཆེ་བར་འགྱུར། བསྔགས་པར་འོས་པར་འགྱུར། ལྷ་དང་། མི་དང་། ལཱ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཕན་པར་འགྱུར། ལྷ་དང་མི་རྣམས་ཀྱི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་ཐོབ་པར་འགྱུར། སྟོབས་ཆེ་བར་འགྱུར། ཆེན་པོ་ཆེ་ཆེན་པོའི་སྤོབས་ཀྱི་ཤུགས་དང་ལྡན་ཞིང་གཟུགས་བཟང་བར་འགྱུར། མཛེས་པ་དང་། བལྟ་ན་སྡུག་པ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། དགེ་བའི་བཤེས་གཉེན་རྣམས་རྙེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་གཟུང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་དག་ཡོན་ཏན་འདི་ལྟ་བུ་འདི་དག་མཐོང་ནས་མིའི་རྒྱལ་པོ་དེས་དཔག་ཚད་ཙམ་དུ་ཆོས་སྨྲ་བ་བསུ་བར་བྱ། དཔག་ཚད་བརྒྱ་དང་དཔག་ཚད་སྤོང་དུའང་བསུ་བར་བྱ། ཆོས་སྨྲ་བ་དེ་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ།། འདི་སྙམ་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་བདག་གི་རྒྱལ་པོའི་ཕོ་བྲང་འདིར་འཇུག་པར་འགྱུར་རོ། ། དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བདག་གི། རྒྱལ་པོའི་ཕོ་བྲང་འདིར་བཤོས་གསོལ་བར་འགྱུར་རོ།། དེང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་མཉན་པར་བྱའོ། ། དེང་བདག་གིས་ཆོས་མཉན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱའོ།། དེང་བདག་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུམ་མཉེས་པར་བྱས་པར་འགྱུར་རོ། ། དེང་བདག་གིས་འདས་པ་དང་། མོ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡངས་ཤིང་རྒྱ་ཆེ་བ་བྱས་པར་འགྱུར་རོ། ། དེང་བདག་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་བྱས་པར་འགྱུར་རོ། ། དེང་བདག་གིས་ཚངས་པའི་དབང་པོའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བྲག་དུ་མ་ཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། ། དེང་བདག་གིས་བརྒྱ་བྱིན་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ།། དེང་བདག་གིས་འཁོར་ལོས་སྒྱུར་བའིརྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཐོབ་པདག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། ། དེང་བདག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་འཁོར་བ་ལས་ཡོངས་སུ་ཐར་པར་བྱས་པར་འགྱུར་རོ། ། དེང་བདག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བླ་ན་མེད་པ་ཡངས་ཤིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བར་འགྱུར་རོ། ། དེང་བདག་གིས་བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ།། དེང་བདག་གི་རྒྱལ་པོའི་ཕོ་བྲང་འདིར་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བསམ་མོས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པར་བྱས་པར་འགྱུར་རོ། ། དེང་བདག་གིས་ཡུལ་འདི་ཐམས་ཅད་ཀུན་ཏུ་བསྲུངས་པར་འགྱུར་རོ།། ཡོངས་སུ་བསྐྱངས་པ་དང་། གནོད་པ་མེད་པ་དང་། དགྲ་མེད་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་བརྫི་བ་དང་། ནད་འགོ་བ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། ། རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དག་ལ་མོའི་རྒྱལ་པོ་དེ་དམ་པའི་ཆོས་ལ་གུས་པ་འདི་ལྟ་བུས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པ་བྱེད་ཅིང་། རྒྱལ་པོ་ཆེན་པོ་ཁྱེད་བཞིས་དཔུང་དང་གཡོག་ཏུ་བཅས་པ་དང་། ལྷའི་ཚོགས་དེ་དག་དང་། གནོད་སྦྱིན་བརྒྱ་སྟོང་དུ་མ་དག་ལ་ཤས་ཀྱི་དམ་པ་བྱིན་ན། མིའི་རྒྱལ་པོ་དེ་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་དང་། ཚེ་འདིའི་ལུས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེས་རྣམ་པར་འཕེལ་བར་འགྱུར་རོ། ། ཚེ་འདི་ལ་རྒྱལ་པོའི་གཟི་བརྗིད་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ།། དཔལ་དང་། ཕུན་སུམ་ཚོགས་པ་དང་། གཟི་བརྗིད་ཀྱིས་ཀྱང་བརྒྱན་པར་འགྱུར་རོ།། ཕྱིར་རྒོལ་བ་ཐམས་ཅད་དང་། དགྲ་ཐམས་ཅད་ཆོས་དང་མཐུན་པས་ཤིན་ཏུ་ཚར་གཅོད་པར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་ཆོས་ལ་གུས་པ་དེ་ལྟ་བུས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་པ་ལ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྦྱིན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལའང་བསྟི་སྟང་བགྱི། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པ་བགྱིད་ཅིང་། རྒྱལ་པོ་ཆེན་པོ་བདག་ཅག་གི་སླད་དུ་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་དག་པར་ཕྱག་བདར་བགྱིད། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་འདེབས་ལ། བདག་རྒྱལ་པོ་ཆེན་པོ་བཞི་དང་ལྷན་ཅིག་ཐུན་མོང་དུ་ཆོས་མཉན་པ་དེ་མཉན་ཅིང་བདག་དང་ལྷ་ཐམས་ཅད་ཀྱི་སླད་དུ་དགེ་བའི་རྩ་བའི་ཤས་ཅུང་ཟད་ཅིག་སྦྱིན་པར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་དགེ་སློང་ཆོས་སྨྲ་བ་དེ་ཆོས་ཀྱི་སྟན་ལ་མཆིས་མ་ཐག་ཏུ་མིའི་རྒྱལ་པོ་དེས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་དོན་གྱི་སླད་དུ། སྤོས་སྣ་ཚོགས་ཀྱིས་བདུགས་པར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་བོདེ་ལ་མཆོད་པའི་སླད་དུ་བདུག་པས་བདུགས་མ་ཐག་ཏུ་སྤོས་སྣ་ཚོགས་རྣམས་ལས། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་རྒྱལ་པོ་ཆེན་པོ་བཞི་བདག་ཅག་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲིརྒྱ་ཆེན་པོའང་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་། སྣང་བ་དེས་བདག་གི་ཁང་པ་རྣམས་ཀྱང་སྣང་བར་བགྱིས་པར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་སྤོས་དང་བཇུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་སྐད་ཅིང་ཡུད་ཙམ་དལ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་མོ་ཆེན་མོ་དབྱངས་ཅན་མ་དང་། མོ་ཆེན་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་དང་ལྡན་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། དེ་དག་གི་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་བྱུང་སྟེ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་གི་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་སྣ་ཚོགས་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ཁང་པ་རྣམས་ཀྱི་ནང་དུ་གསེར་དུ་སྣང་བ་འབྱུང་བར་འགྱུར་ཞིང་། སྣང་བ་དེས་གནས་ཐམས་ཅད་སྣང་བར་བགྱིས་པར་འགྱུར་རོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རྒྱལ་པོ་ཆེན་པོ་དག་རྒྱལ་པོ་ཆེན་པོ་ཁྱེད་བཞི་རང་རང་གི་ཁང་པ་རྣམས་ཀྱི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པར་མ་ཟད་དོ། ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དག་མིའི་རྒྱལ་པོ་དེས་གསེར་འོད་དབ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར་སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ། ལག་ན་སྤོས་སྣོད་གཅིག་ཐོགས་པ་དེ་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་རྣམས་འབྱུང་བར་འགྱུར་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟེང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ན། གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་ཁོར་ཡུག་དང་ཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་བྱེ་བ་ཕྲག་བརྒྱ་ནས། འདུ་ཤེས་མེད་འདུ་ཤེས་མོང་མིན་དུ་ཉེ་བར་སོང་བའི་བར་གྱི་ལྷ་བྱེ་བ་ཕྲག་བརྒྱ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་དུ་སུམ་ཅུརྩ་གསུམ་གྱི་ལྷའི་རི་བྱེ་བ་ཕྲག་བརྒྱ་པོ་ཐམས་ཅད་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟེ་འཕྱེ་ཆེན་པོའི་ཚོགས་རྣམས་རང་རང་གི་ཁང་པ་དག་གི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོའང་མནམ་པར་འགྱུར། ལྷའི་ཁང་པ་རྣམས་སུ་གསེ་གྱི་ཁ་དོག་ལྟ་བུའི་སྣང་བའང་འབྱུང་བར་འགྱུར་ཞིང་། སྣང་བ་དེས་ཀྱང་ལྷའི་ཁང་པ་རྣམས་སྣང་བར་བྱས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དག་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་ཁང་པ་ཐམས་ཅད་ཀྱི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པའི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པ་དེ་བཞིན་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར་མིའི་རྒྱལ་པོ་དེས་སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་ད་ཨག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀུན་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་རྣམས་སུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ། གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་རྣམས་སུ་གནས་པར་འགྱུར། དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་སྤོས་དང་བདུག་པ་སྣ་ཚོགས་རྒྱ་ཆེ་ཞིང་རྒྱ་ཆེ་བ་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་། སྣང་བ་དེས་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བར་བྱས་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་དག་ཆོ་འཕྲུལ་དེ་ལྟ་བུ་དེ་དག་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ཆོས་སྨྲ་བ་དེ་དག་ལ་དགོངས་པར་འགྱུར། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ།། སྐྱེས་བུ་དམ་པ་ཁྱོད་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཚུལ་འདི་ལ་བུར་ཟབ་མོར་སྣང་བ་འདི་ལྟ་བུའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འདི་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འདོད་པ་ཁྱེད་ཡང་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་པར་འགྱུར་རོ། ། སུ་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ངན་ངོན་དང་ལྡན་པར་མི་འགྱུར་ན། གང་དག་འཛིན་པ་དང་། འཆང་བ་དང་། འཆད་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཁོར་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་རོ། ། །། བམ་པོ་གསུམ་པ། ། ། དེ་ནས་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རང་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་དག་གིས་དེའི་ཚེ་དེའི་དུས་ན་ཚིག་གཅིག་དང་། ངག་གཅིག་དང་། སྒྲ་སྐད་གཅིག་གིས་དགེ་སློང་ཆོས་སྨྲ་བ་ཆོས་ཀྱི་སྟན་ལ་འདུག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྐྱེས་བུ་དམ་པ་ཁྱོད་མ་འོངས་པའི་དུས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། ཤིང་གི་རྒྱལ་པོའི་དྲུང་དུ་འདུག་ནས། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་འཕགས་པ། སེམས་ཅན་ཐམས་ཅད་ལས་རབ་ཏུ་འདས་པའི་བཏུལ་ཞུགས་དང་། དཀའ་ཐུབ་སྤྱོད་པའི་སྟོབས་བསྐྱེད་པའི་བྱིན་གྱིས་བརླབས་དཀའ་བ་སྤྱོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟོན་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལེགས་པར་རྒྱན་པར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཤིང་གི་རྒྱལ་པོའི་དྲུང་ན་འདུག་སྟེ། བདུད་ཀྱི་སྔ་བསམ་གྱིས་མི་ཁྱབ་པ་གཟུགས་རབ་ཏུ་འཇིགས་འཇིག་ལྟར་འདུག་པ། མི་སྡུག་པ་སྟོན་པ། གཟུགས་མི་སྡུག་པ་སྣ་ཚོགས་དག་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔེ་མེད་པ། རབ་ཏུ་ཞི་བ། རྡུལ་དང་བྲལ་བ་ཟབ་མོ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་རྡོ་རྗེའི་གདན་སྙིང་པོ་བརྟན་པ་ལ་འདུག་སྟེ་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། མཆོག་ཏུ་ཟབ་པ། བླ་ན་མེད་པ་ཡང་དག་པ་བཅུ་གཉིས་རབ་ཏུ་སྐོར་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྔ་ཆེན་པོ་བླ་ན་མེད་པ་རྡུང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་དུང་བླ་ན་མེད་པ་འབུད་པར་འགྱུར།། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྒྱལ་མཚན་ཆེན་པོ་སྒྲེང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་སྒྲོན་མ་བླ་ན་མེད་པ་འབར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་ཆར་བླ་ན་མེད་པ་འབེབས་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཉོན་མོངས་པའི་སྒྲ་སྟོང་ཕྲག་དུ་མ་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཤིན་ཏུ་འཇིགས་སུ་རུང་བ་འཇིགས་པ་ཆེན་པོའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར། སྐེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་འཁོར་བའི་འཁོར་ལོ་ལས་ཡོངས་སུ་ཐར་པར་བྱེད་པར་འགྱུར། སྐས་བུ་དམ་པ་ཁྱོད་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་མཉེས་པར་བྱེད་པར་འགྱུར་རོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། རྒྱལ་པོ་ཆེན་པོ་བཞི་པ་དག་གིས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཡོན་ཏན་ཚེ་འདི་དང་མ་འོངས་པ་ན་འབྱུང་བ་འདི་ལྟ་བུ་འདི་དག་མཐོང་བ། སངས་རྒྱས་ཐོང་ཕྲག་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་པ་མཐོང་ནས་སྙིང་བརྩེ་བའི་སླད་དུ། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་ཆེན་པོ་བནི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་རྒྱ་སྟོང་ཕྲག་དུ་མརང་རང་གི་ཁང་པ་ན་མཆིས་པ་དག་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འདྲ་ཤིང་དག་གི་གདུགས་ཀྱིས་བསླུ་བ་མཐག་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེ་ཁང་པ་བརྩེགས་པ་ཕྱག་དར་མ་མཆིས་པ་ལེགས་པར་ཕྱག་བདར་བགྱིས་པ། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་བཏབ་པ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་ཆོས་ཉན་པའི་སླད་དུ་མཆི་བར་བགྱིའོ། ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་དཔལ་དང་། སའི་ལྷ་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེ་གལ་བ་དང་། ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་མཐོན་པོ་རྒྱར་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ། མེ་ཏོག་བཀྲམ་པའི་ས་ལ་བཤམས་པར་འགྱུར་བ་ག་ལ་བ་དེར་ཆོས་མཉན་པའི་སྲང་@དུ་མཆིས་པར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་མཐུན་པར་བགྱིས་ཏེ། མིའི་རྒྱལ་པོ་དགེ་བའི་གྲོགས་བགྱིད་པ། དགེ་བ་ཐོབ་པར་བགྱིད་པ། བླ་ན་མེད་པ་ཆོས་ཀྱི་སྦྱིན་པ་ཆེན་པོ་སྦྱིན་པ་དེ་ལ་ཆོས་ཀྱི་བདུད་རྩིའིཁུ་བ་འདིས་ཚིམ་པར་གྱུར་མ་ཐག་ཏུ་མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བར་བགྱིའོ། ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། རྒྱལ་པོའི་ཕོ་བྲང་དེ་དང་། གྲོང་ཁྱེར་དེ་དང་། ཡུལ་དེའང་ཀུན་ཏུ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། ཆད་པ་སྤང་བར་བགྱིའོ།། ཡུལ་དེའང་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། ། བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ཏེ། མིའི་རྒྱལ་པོ་དེའི་ཡུལ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བྱུང་ལ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པ་དག་ལ་བསྟི་སྟང་མི་བགྱིད། བླ་མར་མི་བགྱིད། རིམ་གྲོར་མི་བགྱིད། མཆོད་པར་མི་བགྱིད་ན། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་ཆོས་ཉན་པ་འདི་དང་། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་མི་བགྱིད། རིམ་གྲོར་མི་བགྱིད། ལྷའི་ལུས་འདི་དག་གཟིའང་རྣམ་པར་འཕེལ་བར་མི་བགྱིད། བདག་ཅག་གི་བརྩོན་འགྲུས་དང་། མཐུ་དང་། སྟོབས་ཀྱང་མི་སྐྱེད། བདག་ཅག་གི་ལུས་ལ་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པའང་རྣམ་པར་འཕེལ་བར་མི་བགྱིད་དོ།། བཙུན་པ་བཅོམ་ལྡན་པ་དས་བདག་ཅག་རྒྱལ་པོ་རུན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྤུན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཡུལ་དེ་ཡལ་བར་དོར་བར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཡུལ་དེ་ཡལ་བར་བོར་ན། ཡུལ་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཡུལ་དེ་ཡལ་བར་འདོར་བར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་ལྷ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་ཡུལ་རྣམ་པར་འཁྲུག་པ་སྣ་ཚོགས་འབྱུང་བར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་དག་འབྱུང་བར་འགྱུར། ཡུལ་ན་གནས་བའོ་སེམས་ཅན་ཐམས་ཅད་ཀྱང་འཐབ་པ་སྐྱེ་བ་དང་། མཚང་འདྲ་བསྐྱེ་བ་དང་། རྩོད་པ་སྐྱེ་བར་འགྱུར། དངོགས་པ་དང་འབྱེད་པར་འགྱུར་བ་དང་། གཟའ་དང་ནང་རྣམ་པ་སྣ་ཚོགས་ཡུལ་དུ་འབྱུང་བར་འགྱུར། ཕྱོགས་ཐ་དད་པ་ནས་སྐར་མདའ་ལྡང་བར་འགྱུར། གཟའ་དང་རྒྱུ་སྐར་རྣམས་ཀྱང་ཕན་ཚུན་མི་མཐུན་པར་གདའ་བར་འགྱུར། དགུང་ཟླ་འཆར་བདེའང་ཉི་མ་ལྟ་བུར་གདའ་བར་འགྱུར། ཟླ་བའི་གཟའ་དང་ཉི་མའི་གཟའ་འབྱུང་བར་འགྱུར། ཉི་མ་དང་ཟླ་བ་ནམ་མཁའ་ལ་གནས་པའང་རྟག་པར་རྒྱུན་དུ་སྒྲ་གཅན་གྱི་གནོད་པ་དང་ལྡན་པར་འགྱུར་དུས་དུས་སུ་ནམ་མཁའ་ལ་འཇའི་ཁ་དོག་ལྟ་བུར་འཁྱིལ་བར་འགྱུར། སའང་གཡོ་བར་འགྱུར། ས་ལ་གནས་པའི་ཁྲོན་པའང་སྒྲ་འ་བྱིན་པར་གྲགས་པར་འགྱུར། ཡུལ་དུ་རླུང་དྲག་པོ་ལྡང་བར་འགྱུར། ཆར་དྲག་པོ་འབབ་པར་འགྱུར། ཡུལ་དུ་མུ་གེའི་དགོན་པ་འབྱུང་བར་འགྱུར། ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར། ཡུལ་དེ་ཕུང་བར་འགྱུར། སེམས་ཅན་དེ་དག་ཀྱང་ཉོན་མོངས་པ་མང་བར་འགྱུར། ཡུལ་དེ་ཉམས་མི་དགའ་བར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་། ཡུལ་ན་གནས་པའི་ལྷ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་འདི་ལྟ་བུའི་གནོད་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྣ་ཚོགས་སྟོང་འབྱུང་བར་འགྱུར་རོ།། བཙུམ་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་དག་ཉིད་ལ་ཀུན་ཏུ་སྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་བདེ་བ་སྣ་ཚོགས་ཡུན་རིང་པོར་མྱོང་བ་ཚལ་བར་འགྱུར། བདེ་བ་ཐམས་ཅད་བསྟབས་པའི་སེམས་ཀྱིས་རྒྱལ་པོ་ཉིད་བགྱིད་འཚལ་བར་འགྱུར། ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བར་བགྱིད་འཚལ་བར་འགྱུར། ཕ་རོལ་གྱི་དམག་ཚེགས་ཐམས་ཅད་འཕམ་པར་བགྱིད་འཚལ་བར་འགྱུར། ཡུལ་ཐམས་ཅད་ཡུན་རིང་དུ་ཡོངས་སུ་སྐྱོང་འཚལ་བར་འགྱུར། ཆོས་ཀྱི་རྒྱལ་པོ་ཉིད་བགྱིད་འཚལ་བར་འགྱུར། རང་གི་ཡུལ་ཡང་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་བགྱིད་འཚལ་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོར་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱིད། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལའང་བསྟི་སྟང་བགྱིད།། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པར་བགྱིད། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་རྣམས་ཀྱང་། ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱིད། བདག་ཅག་གི་ལྷའི་ལུས་འདི་དག་གིས་གཟི་བརྗིད་ཆེན་པོ་རྣམ་པར་འཕེལ་བར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་ཚངས་པའི་དབང་པོས་འཇིག་རྟེན་པ་དང་། འཕྲི་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྐད་བསྟན་པ་དག་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་དག་གི་དོན་གྱི་སླད་དུ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་པ་བསྟན་པ་དག་ལས་ཆེས་མཆོག། ཆོས་ཁྱད་པར་དུ་འཕགས་པ། གསེར་འོང་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི། བཙུན་པ་བཅོམ་ལྡན་འདས་ཚངས་པའི་དབང་པོ་བརྒྱ་སྟོང་དེ་དག་དང་། བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ཐམས་ཅད་པས་ཆེས་མཆོག། ཆེས་ཁྱད་པར་དུ་འཕགས་པའི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རྒྱ་ཆེར་ཡང་དག་པར་བཤད་པ་ལགས་སོ། ། ཇི་ལྟར་ན་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མི་རྣམས་ཀྱི་རྒྱལ་པོས་རྒྱལ་པོ་ཉིད་བགྱི་བ་དང་། ཇི་ལྟར་སེམས་ཅན་བདེ་བར་འགྱུར་བ་དང་། ཇི་ལྟར་རང་གི་ཡུལ་ཀུན་ཏུ་བསྲུངས་པར་འགྱུར་བ་དང་། ཡོངས་སུ་བསྲུངས་པར་འགྱུར་བ་དང་། ཇི་ལྟར་ཡུལ་ཐམས་ཅད་ན་གནོད་པ་དང་དགྲ་མ་མཆིས་པར་འགྱུར་བ་དང་། ཇི་ལྟར་ཕ་རོལ་གྱི་དམ་ས་ཚོགས་པ་མ་སྟེ་ཕྱིར་ཕྱོགས་པར་འགྱུར་བ་དང་། ཇི་ལྟར་ཡུལ་དེ་དག་ནནད་འགོ་བ་མ་མཆིས་ཤིང་འཁྲུག་པ་མ་མཆིས་པར་འགྱུར་བ་དང་། ཇི་ལྟར་ཡུལ་ཐམས་ཅད་མ་ཀྱིས་འཁྲུག་པ་མ་མཆིས་ཤིང་མི་རྫི་བར་འགྱུར་བ་དང་། ཛ་ལྟར་མའི་རྒྱ་པོ་དེ་དག་གིས་རང་རང་གི་སྒྲ་པ་རྣམས་སུ་ཆོས་ཀྱི་སྔོན་མཆེན་པའ་བར་བར་བགྱིས་ཤིང་སྣང་བར་བགྱིས་པར་བདང་། ཇི་ལྟར་ལྷའི་ཁང་ཁྱིམ་ཐམས་ཅད་ལྷ་ག་དང་ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་བ་དང་། ཇི་ལྟར་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་། འཛམ་བུའི་གླིང་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཚིམ་པ་དང་། རིམ་གྲོ་བགྱིད་པར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལྷའི་ལུས་འདི་དག་གཟི་ཆེན་པོས་རྣམ་པར་འཕེལ་བར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལུས་ལ་བརྩོན་འགྲུས་དང་། སྟོབས་དང་། མཐུ་ཆེན་པོ་སྐྱེད་པར་འགྱུར་བ་དང་། ཇི་ལྟར་བདག་ཅག་གི་ལུས་ལ་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པ་རབ་ཏུ་འཇུག་པར་འགྱུར་བ་དང་། ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ལོ་ལེགས་ཤིང་ཉམས་དགའ་ལ་སྐྱེ་བོ་དང་མིས་གང་བར་འགྱུར་བ་དང་ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བར་འགྱུར་བ་དང་། དགའ་བ་སྣ་ཚོགས་མྱོང་བར་འགྱུར་བ་དང་། ཇི་ལྟར་སེམས་ཅན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བང་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་མྱོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་གནས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་པ་དེ་དག་ཐམས་ཅད་དེ་ལྟ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཚངས་པའི་དབང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་པས་ཆེས་འཕགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་དང་ལྡན་པའི་བྱིན་རླབས་དང་། བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་སྟོང་གི་ལྷའི་ཤེས་པ་བས་ཆེས་འཕགས་པས། དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་ཀྱི་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཐམས་ཅད་པས་ཆེས་འཕགས་པའི་བྱིན་གྱི་རླབས་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་འདིར་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་དོ། ། མིའི་རྒྱལ་པོའི་དགོངས་པ་དང་། རྒྱལ་པོའི་བསྟན་བཅོས་དང་། རྒྱལ་པོའི་བགྱི་བ་གང་དག་འཛམ་བུའི་གླིང་ཐམས་ཅད་ན་མཆིས་པ་དང་། གང་དག་གིས་སེམས་ཅན་འདི་དག་ཐམས་ཅད་བདེ་བར་འགྱུར་བ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་བའི་སངས་རྒྱས་ཀྱིས། གསེར་བོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉེ་བར་བསྟན། ཡོངས་སུ་བརྗོད། ཡང་དག་པར་རབ་ཏུ་བཤད་དོ།། བཙུན་པ་བཅོམ་ལྡན་འདས་རྒྱུ་དེ་དང་རྐྱེན་། མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གུས་པར་མཉན་པར་དགྱི། གུས་པར་རིམ་གྲོར་བགྱི། གུས་པར་མཆོད་པར་བགྱིའོ།། ད་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པས་གདོན་མི་ཟ་བར་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བྱེད་པ་དང་། མཆོད་པ་བྱེད་པ་དེ་དག་ཀུན་ཏུ་བསྲུང་བའི་ཕྱིར་སྤྲོ་བ་ཆེར་གྱིས་ཤིག། རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ཀྱང་། སངས་རྒྱས་ཀྱི་མཛད་པ་འཛིན་དུ་ཆུ་གཅིག་དང་། དེ་དག་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདི་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའང་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆང་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱད་བཞིས་ཅི་ནས་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མ་བསྲུང་བ་དང་། གནོད་པ་མེད་པ་དང་ནང་མེད་པ་དང་། འཁྲུག་པ་མེད་པ་དང་། སེམས་བདེ་བར་འགྱུར་ཞིང་། གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདི་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བར་དགེ་སློང་ངམ། དགེ་སློང་མ་འམ་ད་བཙུན་པ། དག་རྒྱ་མ་མ་ལྡ་བ་འདུན་པ་རྙེན་སུམ་རྒྱ་བཟུང་བ་། ཡོངསས་བསྒྱུས་པ་དང་། རངས་སུ་གཟུང་བ་དང་། ཡངས་སུ་བསྐུ་བ་དང་། དི་ཚིགས་སུ་འགྱུར་བ་། ན་རྒྱལ་བ་ཚན་པོན་མཐོས་ཀྱི་དང་། རྒྱལ་མཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པ་དང་། པོཔོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེའི་ཚེ་མངོན་སུམ་དུ་ཚུལ་དང་མཐུན་པའི་ཚོགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ།། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ།། རྒྱལ་བ་ཉི་མེ་འོད་ཟེར་སྟོང་གི་འོད། ། རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན།། རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས།། རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྷ་བུ་སྟེ།། རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར།། རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་།། ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང་།། རྒྱལ་བའི་ཞབས་ནི་འཁོར་ལོར་བྲིས་པ་སྟེ།། ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབ་མ་སྟོང་།། ཕྱག་དང་ཞབས་ནི་དྲ་བས་སྤྲས་པ་སྟེ། ། ཞབས་ཀྱི་དྲ་བ་དང་པའི་རྒྱལ་པོ་བཞིན།། གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ།། རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ།། ཡོན་ཏན་ཐམས་ཅད་རི་རབ་འདྲ་བསྟེ། ། སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པཟླ་བནྡྷ་བ་འདྲ།། ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ།། སྒྱུམ་སྡིག་རྒྱ་ལྟ་བུ་ཆགས་མེད་པ།། རྒྱལ་མ་མེད་ལ་ཕྱག་འཚལ་ལོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་བཞི་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོབས་བཅུ་དག་གི་གསེར་འོད་དམ་པ་ཡི།། མདོ་སྡེའི་དབང་པོའི་རྒྱལ་པོ་རབ་མཆོག་འདི། ། འཇིག་རྟེན་སྐྱོང་བ་ཁྱེད་ཅག་རྣམས་ཀྱིས་ནི།། བརྩོན་འགྲུས་རབ་ཏུ་བརྟན་པས་བསྐྱང་བར་བྱ།། འདི་ལྟར་མདོ་སྡེའི་དཀོན་མཆོག་ཟབ་མོ་འདི།། སེམས་ཅན་ཀུན་ལ་བདེ་བ་སྦྱིན་བྱེད་པ། ། སེམས་ཅན་རྣམས་ལ་ཕན་དང་བདེ་བའི་ཕྱིར།། འཛམ་བུའི་གླིང་འདིར་ཡུན་རིང་གནས་པར་འགྱུར།། འདི་ལྟར་སྟོང་གསུམ་གྱི་ནི་སྟོང་ཆེན་གྱི།། འཇིག་རྟེན་དག་ན་ངན་སོང་སྡུག་དེ་སྔལ་དང་། ། སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ནི།། སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའོ།། གང་དག་འཛམ་བུའི་གླིང་ནི་འདི་ན་ཡང་།། འཛམ་ཟེའི་གླིང་གནས་རྒྱལའི་པོ་ཐམས་ཅད་ཀྱིས། ། རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ནི།། ཆོས་རྣམས་ཀྱིས་རྨི་ཡུལ་དག་བསྐྱང་བར་བགྱིས།། བང་གིས་འཇས་བུའི་གླིང་འདི་བདེ་བ་དང་།། ལེགས་ཉམས་ཀྱང་དཀར་བགྱུར་ཞིང་།། འཛམ་བུའི་གླིང་ནི་ཐམས་ཅད་དཔན་ཡང་།། སེམས་ཅནཐམས་ཅད་བ་བར་འགྱུར་བར་དགྱིས།། འདིན་མི་ཡི་དབང་པོ་གང་རྣམས་ནི།། ཡུལ་ལ་པ་དང་བདག་བདེ་དགའ་བ་དང་། ། རྒྱལ་སྲིད་རྣམ་པར་འབྱོར་ལ་དགའ་བ་དེས།། མདོ་སྡེའི་དབང་པོ་འདི་ནི་མཉན་པར་བྱ།། ཕ་རོལ་དགྲ་ནི་ཡང་དག་ཟད་བྱེད་པ།། ཕ་རོལ་དགྲ་ཚེགས་ཟློག་པ་དགེ་བྱེད་པ། ། མཆོག་ཏུ་འཇིགས་པས་འཕོངས་པ་སེལ་བྱེད་པ།། མཆོག་ཏུ་དགེ་བྱེད་མདོ་སྡེའི་དབང་པོ་འདི།། ཇི་ལྟར་རིན་ཆེན་ཤིང་ལྗོན་རབ་མཛེས་པ།། ཡོན་ཏན་ཀུན་འབྱུང་ཁྱིམ་ན་ཡོད་པ་ལྟར། ། རྒྱལ་པོ་ཡོན་ཏན་འདོད་པ་རྣམས་ཀྱིས་ཀྱང་།། མདོ་སྡེའི་དབང་པོ་མཆོག་འདི་དེ་ལྟར་བལྟ།། ཇི་ལྟར་ཆུ་གྲང་སྐོམ་པ་སེལ་བྱེད་པ།། ཚ་བས་ཉམ་ཐག་ཚེ་ནི་རྙེད་པ་ལྟར། ཡོན་ཏན་དག་གིས་སྐོསྒོམ་པའི་རྒྱལ་པོ་ལ།། མདོ་སྡེའི་དབང་པོ་མཆོག་འདི་དེ་བཞིན་ནོ།། མདོ་སྡེའི་རིན་ཆེན་ཐམས་ཅད་འབྱུང་བའི་གནས།། རིན་ཆེན་སྣོད་ནི་ལག་མཐིལ་ཡོད་པ་ལྟར།། མི་ཡི་དབང་བོ་ཚོགས་ལ་གསེར་འོད་མཆོག། མདོ་ལྔའི་དབང་པོའི་མཆོག་འདི་དེ་བཞིན་ནོ།། འདི་ནི་ལྷ་ཡི་ཚོགས་ཀྱིས་མངོན་མཆོད་པ།། མདོ་སྡེའི་དབང་པོ་ལྷ་དབང་ཕྱག་བྱས་པ།། འཇིག་རྟེན་སྐྱོང་བརྫུ་འགྲུབ་ཆེན་པོག། བའི་བོ་དག་གིས་ཀུན་ཏུ་བསྐྱེངས་པ་ཡིན།། ཕྱོགས་བཅུད་གནསངས་རྒྱས་རྣམས་ཀྱིས་ཀྱང་།། མདོ་རྗེའི་དབང་པོ་འདི་ནི་རྟག་ཏུ་དགོངས།། མདེ་རྗེའི་བང་པོ་འདོན་དུ་ཤང་ངན། སངས་རྒྱས་རྣམས་ཀྱིས་ལེགས་ཞེས་བརྗོད་པ་བྱིན།། གནོད་སྦྱིན་བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱིས།། ཕྱོགས་བཅུ་དག་ཏུ་ཡུལ་ཡང་སྲུང་བར་བྱེད།། རབ་ཏུ་དགའ་ཞིང་རབ་ཏ་མགུ་སེམས་ཀྱིས། མདོ་སྡེའི་དབང་པོ་འདི་ནི་མཉན་པར་བྱེད།། འཛམ་བུའི་གླིང་ན་གནས་པར་གྱུར་པ་ཡི།། ལྷ་ཡི་ཚོགས་རྣམས་བསམ་གྱིས་མི་ཁྱབ་པ།། ལྷ་ཚོགས་དེ་དག་ཀུན་ཀྱང་རབ་དགའ་བས།། མདོ་སྡེའི་དབང་འདི་ནི་ཉན་པར་བྱེད། ། ཆོས་རྣམས་མཉན་པར་བྱ་བ་འདི་ཡིས་ནི།། གཟི་བརྗིད་དང་ནི་སྟོབས་དང་བརྩོན་འགྲུས་འཐོབ།། གཟི་བརྗིད་ཆེན་པོ་ཡིས་ནི་ལྷ་ཡི་ལུས།། ཤིན་ཏུ་རྒྱས་ཤིང་རྣམ་པར་འཕེལ་བར་འགྱུར། ། དེ་ནས་རྒྱལ་པོ་ཆེན་པོ་བཞིས།། བཅོམ་ལྡན་འདས་ལས་ཚིགས་སུ་བཅད་པ་འདི་ལྟ་དུ་འདི་དག་ཐོས་པ་དང་ངོ་མཚར་དུ་གྱུར།། རྨད་དུ་བྱུང་བར་གྱུར། དགའ་བར་གྱུར་ཏེ། དེ་དག་ཆོས་ཀྱི་ཤུགས་ཀྱིས་ཡུལ་ཙམ་ཞིག་ངུས་ནས་མཆི་མ་ཕྱིས་ཏེ། དེ་དག་ལུས་འཕར་ཡན་ལག་འདར་ཞིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ནས། ཡང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་ད་ར་བདག་གིས་གཏོར། མངོན་པར་གཏོར་ཏོ།། གཏོར་མངོན་པར་གཏོར་ནས་ཀྱང་སྟན་ལས་ལངས་ཏེ། གོས་བྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི། རྒྱལ་པོ་ཆེན་པོར་རབང་གནོད་སྦྱིན་ལྔ་བརྒྱ་ལྔ་བརྒྱ་དང་ཆོས་སྨྲ་བ་དེ་བསྲུང་བ་དང་ཡོངས་སུ་བསྐྱང་བའི་སླད་དུ། རྟག་ཏུ་དགེ་སློང་ཆོས་སྨྲ་བའི་སླད་བཞིན་འབྲང་བར་བགྱིའོ།། གསེར་འོང་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྒྱལ་པོ་ཆེན་པོ་བཞིའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། ། དེ་ནས་ལྷ་མོ་ཆེན་མོ་དབྱངས་ཅན་གྱིས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དབྱངས་ཅན་བདག་གིས་ཀྱང་། དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ། སྤོབས་པ་ཉེ་བར་བསྒྲུབ་པར་བགྱི། གཟུངས་ཀྱང་སྩལ་བར་བགྱི། ངེས་པའི་ཚིག། གི་བརྗོད་པ་ཀུན་ཏུ་གཞག་པར་བགྱི། དགེ་སློང་ཆོས་སྨྲ་བ་དེ་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་བགྱིའོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདི་ལས་ཚིག་གམ་ཡི་གེ་གང་ཡང་རུང་བ་དག་ཅིག་ཡོངས་སུ་ཉམས་པར་གྱུར་ཏམ། བསྐྱུད་ན་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ངེས་པའི་སྒྲ་དང་། ཚིག་དང་། ཡི་གེ་དེ་དག་ཐམས་ཅད་བསྒྲུབ་པར་བགྱིའོ།། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་ན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་དུ་མངག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་ནས། ཤེས་རབ་རྣོ་བ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་ཚེ་འདིལ་ཆེ་ཕུན་སུམཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། སྲོག་ལ་ཕན་གདགས་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་རབ་ཏུ་འཛིན་པར་འགྱུར་བ་དང་། ཐབས་སྣ་ཚོགས་ཏུ་འཚལ་བར་འགྱུར་བ་དང་། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་བ་དང་། བཟོའི་བགྱི་བ་སྣ་ཚོགས་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། བསྐྱུད་པ་མ་མཆིས་པར་བགྱི་བའི་སླད་དུ། དེ་ལ་གཟུངས་ཀྱང་སྩལ་བར་བགྱིའོ།། དགེ་སློང་ཆོས་སྨྲ་བ་དེ་དང་། སེམས་ཅན་ཆོས་ཉན་པ་དེ་དག་གི་དོན་གྱི་སླད་དུ་སྔགས་དང་སྨན་དང་ལྡན་པའི་ཁྲུས་ཀྱི་ལས་བརྗོད་པར་བགྱི་སྟེ། གཟའ་དང་། རྒྱུ་སྐར་དང་། སྐྱེ་བ་དང་། འཆི་བའི་གནོད་པ་དང་། འཐབ་པ་དང་། རྙོག་པ་དང་། འཁྲུག་གློང་དང་། ཁྲག་ཁྲུག་དང་། རྨི་ལམ་ངན་པ་དང་། ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱང་དང་རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར། གང་གིས་མཁས་པ་དག་ཁྲུས་བགྱིད་དུ་སྩལ་བའི་སྨན་དང་སྔགས་ནི་འདི་དག་སྟེ། ཤུ་དག་འགིའུ་ཝང་འབུ་སུག་དང་།། ཤ་མྱང་ཤ་མི་ཤི་རིག་དབང་པོའི་ལག་དང་སྐལ་བ་ཆེ། ། ཛཱམ་ཤིང་ཙ་ཨ་ཀ་རུ།། ཤི་རི་བཻ་སྟ་སྭ་རྩི་དང་།། ཀུ་གུ་པ་ར་ས་ཤལ་ལ་ཀི། རྡོ་རྗེག་ལོ་མརྒྱ་སྤོས་དང་།། ཙན་དན་དང་ནི་ལྡོང་རོས་དང་།། འགིའུ་ཝང་བཅས་དང་དུན་དང་། ། གུར་ཀུམ་གླ་སྒང་ཡུངས་ཀར་དང་།། སྤྱི་མོ་སུག་སྤེལ་ན་ལད།། ནག་གི་སར་ཨུ་ཤིར།། འདི་དག་ཆ་ནི་མཉམ་བགྱིས་ནས།། སྐར་མ་རྒྱལ་ལ་བཏགས་པར་བགྱི།། ཕྱེ་མ་ལ་ནི་སྔགས་ཚིག་འདི། ། ལན་བརྒྱ་མངོན་པར་གདབ་པར་བགྱི།། ཏདྱཿ་ཐཱ། སུ་ཀྲི་ཏི། ཀ་མ་ལ་ནཱི་ལ། ཛ་ན་ཀར་ཏེ། ཨཾ་ཀ་ར་ཊེ། ཨིནྟ་ཛ་ལི་ཤཾ་ཀ་ར་དྲེ། པཱ་ཤ་དེ། ཨ་བརྟཀ་སེ་ཀེ་ན་ཀུ། ཀུ་ཊ་ཀུ། ཀ་བི་ལ་མ་ཏི། ཤཱི་ལ་མ་ཏི། སན་དྷི་དྷུདྷུ་མ་པ་ཏི། ཤི་རི་ཤི་རི། སཏྱ་སྠི་ཏི་སྭཱ་ཧཱ། ལྕིབས་དཀྱིལ་འཁོར་བགྱིས་ནས་ནི།། མེ་ཏོག་སིལ་མ་བཀྲམ་པར་བགྱི། གསེར་གྱི་སྣོད་དང་དངུལ་སྣོད་དུ།། དང་ར་བའི་ཁུ་བ་གཞག་པར་བགྱི།། སྐྱེས་བུ་གོ་ཆ་བགོས་པ་ནི།། བཞི་ཞིག་དེར་ཡང་གཞག་པར་བགྱི།། རབ་ཏུ་བརྒྱན་པའི་བུ་མོ་བཞི།། བུམ་པ་ཐོགས་པ་གཞག་པར་བགྱི། ། རྟག་ཏུ་གུ་གུལ་བདུགས་པར་བགྱི།། སིལ་སྙན་སྣ་ལྔ་བགྱིད་དུ་སྩལ།། གདུགས་དང་རྒྱལ་མཚན་བ་དན་བགྱི།། ལྷ་མོ་དེ་ནི་ལེགས་པར་བརྒྱན།། བར་བར་དག་ཏུ་མེ་ལོང་གཞག། མདའ་དང་མདུང་རྩེ་སྣ་སྤྲད་གཞག། དེ་ནས་མཚམས་ཀྱང་གཅད་པར་བགྱིད།། དེ་ཡི་འོག་ཏུ་དགོས་པ་བརྩམ།། སྔགས་ཀྱི་ལས་ནི་འདི་དག་གིས།། མཚམས་གཅད་པ་ཡང་བརྩམ་པར་འགྱི། ། སྱཱད་ཟེ་དན། ཨ། ན་ཡ་ནེ། ཧི་ལེ། མི་ལེ། གི་ལེ། ཁི་བི་ལེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་ཁྲུས་བགྱིས་ནས། སྔགས་འདི་བཟླས་བརྗོད་བགྱིས་ན། ཁྲུས་ཀྱི་ཞི་བར་སྦྱོར་རོ།། ཏདྱཐཱ། ས་ག་ཎེ་བིག་ཊེ། བིག་ཏབ་ཏི་སྭཱཧཱ། ཕྱོགས་བཞི་དགན་གང་གནས་པའི།། རྒྱ་སྐར་དག་ནི་ཆ་སྲུངས་ཤེས་བཙས་པའི་སྐར་མའི་གནོད་པ་དང་། ། ཕུང་པོའི་ལས་ཀྱི་འཇིགས་འབྱུང་དང་།། འབྱུང་བའི་ཁམས་རྣམས་འཁྲུག་བགྱིད་པ།། འཇིགས་པ་མི་བཟད་ཞི་གྱུར་ཅིག། ཏདྷཐཱ། ཤ་མ་བི་ཤ་མེ་སྭཱ་ཧཱ། ས་ག་ཊེ་བི་ག་ཊེ་སྭཱ་ཧཱ། སྭ་ག་ར་སཾ་བུདྡྷ་ཡ་སྭཱ་ཧཱ། སྐནྡྷ་མཱ་ཏཱ་ཡེ་སྭཱ་ཧཱ། ནཱི་ལ་ཀརྞྞ་ཡ་སྭཱཧཱ། ཨ་པ་ར་ཛི་ཏ་བི་དྱཱ་ཡ་སྭཱཧཱ། ཧི་མ་བ~ཾ་དྷ་སཾ་དུདྡྷཱ་ཡ་སྭཱ་ཧཱ། ཨིན་མི་ལ་དཱཀྵཱ་ཡ་སྭཱཧཱ། ན་མོ་བྷ་ག་བ་ཏེ། པྲདྡྷ་ག་ཎ་ན་མཿས་ར་སཱ་ཎྱེ་དེ་བྱཻ་སིདྡྷནྟ་མནྟྲ་པཱ་དཱ། ཏཱ་ར་ཏུ་བི་ཙི་ཏ~ཾ་བྲནྡྷ་ནུ་མ་ནྱ་ཏུ་སྭཱ་ཧཱ། དགེ་སློང་ཆོས་སྨྲ་བ་དེ་བསྲུང་བ་དང་། ཆོས་མཉན་པ་དེ་དག་དང་། ཡི་གེར་འདྲ་བ་དེ་དག་གི་དོན་གྱི་སླད་དུ། ཁྲུས་ཀྱི་ལས་འདིས་བདག་ཉིད་དེར་མཆི་བར་བགྱིའོ།། ལྷའི་ཚེགས་ཐམས་ཅད་དང་ལྷན་ཅིག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ཁང་དེར་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། ། ཇི་ལྟར་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་སྲོག་ལ་ཕན་གདགས་པར་འགྱུར་བ་དང་། འཁོར་བ་ལས་བྱུང་བ་ཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར། གཟའ་དང་། འཐབ་པ་དང་། རྙོག་པ་དང་། བཅས་པའི་སྐར་མའི་གནོད་པ་དང་། རྨི་ལམ་ངན་པ་དང་། @#ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱང་དང་རོ་ལངས་ཐམས་ཅད་ཞི་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ལྷ་མོ་དབྱངས་ཅན་ལ། ལྷ་མོ་ཆེན་མོ་དབྱངས་ཅན་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་ཀྱིས་སྔགས་དང་སྨན་དང་ལྡན་པའི་ཚིག་འདི་འདྲ་བ་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ།། ལྷ་མོ་དབྱངས་ཅན་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་ནྱས་ལྷ་མོ་དབྱངས་ཅན་དེ་བཀུག་གོ།། ལྷ་མོ་ཆེན་མོ་དབྱངས་ཅན་མཆོག་འོས་དཀའ་ཐུབ་ཆེ། ། འཇིག་རྟེན་ཀུན་ཏུ་རྣམ་གྲངས་མཆོག་བྱིན་ཡོན་ཏན་ཆེ།། རྩེར་གནས་མཛེས་མ་དར་བརྩཝ་ཡི་གོས་བསླུས་པ།། དར་བྷ་རྩཝ་ཡི་གོས་གྱོན་རྐང་པ་གཅིག་གིས་གནས། ། ལྷ་རྣམས་ཐམས་ཅད་ལྷགས་ནས་འདི་སྐད་ཚིག་སྨྲས་ཏེ།། སེམས་ཅན་རྣམས་ལ་དགེ་བའི་ཚིག་ཤོད་ལྕེ་ཁྲོལ་ཅིག། སྱད་ཡ་ཐེ་དན། མུ་རེ་ཙི་རཱ། ཨ་བ་ཛེ།། ཨ་བ་ཛ་བ་ཏི། ཧི་གུ་ལེ། མི་གུ་ལེ། པིཾ་ག་ལ། མི་གུ་ཤེ། མཱ་རི་ཙཱ་ས་མ་ཏི། ད་ཤ་མ་ཏི། ཨ་གྲི་མ་གྲི་ཏ་ར། ཙ་ཏ་ར། ཙ་བ་ཏི། ཙི་ཙི་རི་ཤི་རཱི་མི་རི། མཱ་རི་ཙྱཻ། པྲ་ཎ་པྲི་ལོ་ཀ་ཛྱེཥྚ་ལོ་ཀ་ཤེཥྚེ་ལོ་ཀ་པྲེ་ཡེ། སིད་དྷ་ཐ་ཏེ། བྷཱི་མ་མུ་ཁི་ཤུ། ཙི་ཙ་རི། ཨ་པྲ་ཏི་ཧ་ཏེ། ཨ་ཐ་ཏི། ཧ་ཏ་བུདྡྷི། ན་མུ་ཙི། མ་ཧཱ་ན་མུ་ཙི། མ་ཧཱ་དེ་བི། ཐ་ཏིརྨི་དྷུཿན་མ་སྐརམ། བདག་གི་བློ་ཐོགས་པ་མེད་པར་གྱུར་ཅིག། བསྟན་བཅོས་དང་། ཚིགས་སུ་བཅད་པའི་རྒྱུ་དང་། སྡེ་སྣོད་དང་། སྙན་དང་གསལ་སོགས་པ་ལ། བདག་གི་རིག་སྔགས་དངོས་གྲུབ་ཏུ་གྱུར་ཅིག། ཏདྱ་ཐཱ། མཧཱ་པྲ་དྷ་དྷཱ་ཧཱི་ལ~ཾ་ཧྲི་ལི། མི་ལི་མི་ལི། བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་གྱི་མཐུས་བདག་རྣམ་པར་རྒྱལ་བར་གྱུར་ཅིག། ཀ་ར་ཊེ་ཀེ་ཡཱུ་རེ། ཡུ་ར་མ་ཏི། ཧི་ལི་མི་ལི། ཧི་ལི་མི་ལི། ཧི་ལི་ཧི་ལི། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དབང་པོའི་བདེན་པ་དང་། ཆུ་ལྷའི་བདེན་པས་ལྷ་མོ་ཆེན་མོ་དགུག་པར་བྱའོ། ། གང་དག་འཇིག་རྟེན་ན་བདེན་པ་སྨྲ་བ་དེ་དག་གི་བདེན་པ་དང་བདེན་པའི་ཚིག་གིས་ལྷ་མོ་ཆེན་མོ་དགུག་པར་བྱའོ།། ཏདྱ་ཐཱ། ཧི་ལི་མི་ལི། ཧི་ལི་མི་ལི། ཧི་ལི་མི་ལི། བདག་རྣམ་པར་རྒྱུ་བར་གྱུར་ཅིག། བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཕྱག་འཚལ་ལོ།། བདག་ལ་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སྭཱཧཱ། དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀོའུ་དི་ནྱས། ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ།། འབྱུང་པོའི་ཚོགས་རྣམས་ཐམས་ཅད་ངལ་ཉན་པར་གྱིས། ། ལྷ་དང་དྲི་བ་ལྷ་དབང་བཅས་པའི་འཇིག་རྟེན་ན།། བུད་མེད་དམ་པ་ལྷ་མོ་མཆོག་གི་རབ་གང་ཡིན།། ལྷ་མོ་དམ་པ་མཆོག་ཏུ་མཛེས་པའི་ཞལ་ལ་བསྟོད།། ཡོན་ཏན་རྣམ་པསྣ་ཚོགས་བསགས་པས་ཡན་ལག་བརྒྱན། ། དབྱངས་རྒྱན་ནས་བྱ་སྤྱན་ནི་རངས་ཤིང་བསོད་ནམས་འབར་བ་དང་།། དྲི་མེད་ཡེ་ཤེས་ཡོན་ཏན་སྣ་ཚོགས་རྣམ་པར་བརྒྱན། ། རིན་ཆེན་སྣ་ཚོགས་ཐ་དད་ལྟ་བུ་བལྟ་བའི་ཕྱིར།། མཆོག་རབ་དག་གི་ཡོན་ཏན་ཁྱོད་པར་དེ་བསྟོད་དོ།། དམ་པ་མཆོག་གི་དངོས་གྲུབ་བྱེད་པ་དང་།། ཡང་དག་སྔགས་དང་ཡོན་ཏན་བྱེད་པ་དང་། ། དྲི་མེད་མཆོག་དང་པདྨ་འབར་བ་དང་།། མིག་མཆོག་དང་ནི་མིག་གི་དམ་པ་དང་།། དགེ་བའི་གནས་དང་དགེ་བ་མཐོང་བ་དང་།། ཡོན་ཏན་བསམ་དུ་མེད་པར་བརྒྱན་པ་དང་། ། ཟླ་བ་འདྲ་དང་དྲི་མ་མེད་འོད་དང་།། ཡེ་ཤེས་འབྱུང་གནས་དྲན་པ་དམ་པ་དང་།། སེང་གེ་མཆོག་དང་མི་ལ་ཞོན་པ་དང་།། ལག་པ་བརྒྱད་རྣམས་ཀྱིས་ནི་བརྒྱན་པ་དང་། ། ཟླ་བ་ཉ་བ་ལྟ་བུར་སྣང་བ་དང་།། ཡིད་དུ་འོང་བའི་ངག་དང་དབྱངས་སྙན་དང་།། ཤེས་རབ་ཟབ་མོ་དང་ནི་ལྡན་པ་དང་།། དགོས་མཆོག་སྒྲུབ་བྱེད་སེམས་ཅན་དམ་པ་དང་། ། ལྷ་དང་ལྷ་མིན་དབང་པོས་མཆོད་པ་དང་།། ལྷ་དང་ལྷ་མིན་ཚོགས་ཀུན་གནས་བརྗོད་དང་།། འབྱུང་བའི་ཚོགས་ཀྱིས་གནས་རྟག་མཆོད་པའི་ཕྱིར།། སྭཱ་བདག་ཅག་ལྷ་མོ་འདི་ལ་ཕྱག་བྱའོ། ། བདག་ལ་ཡོན་ཏན་ཁྱད་པར་ཀུན་སྩོལ་ཅིག། དགོངས་པ་ཀུན་ཏུ་བདག་ལ་དངོས་གྲུབ་སྩོལ།། དགྲ་རྣམས་ཁྲོད་ན་བདག་ལ་རྟག་ཏུ་སྲུངས། ། ཡི་གེ་རྫོགས་ཤིང་ཚིག་རྒྱས་འདི་དག་ནི།། ནང་པར་ལངས་ནས་གཙང་མར་རབ་བརྗོད་པར།། བསམ་པ་དང་ནི་ནོར་འབྲུ་ཐམས་ཅད་རྙེད།། དངོས་གྲུབ་དགེ་བརྒྱ་ཆེན་ཐོབ་པར་འགྱུར། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དབྱངས་ཅན་གྱི་ལེའུ་ཞེས་བྱ་བ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་ལ། ལྷ་མོ་ཆེན་མོ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་བདག་གིས་ཀྱང་། ཅི་ནས་ཆོས་སྨྲ་བའི་དགེ་སློང་དེ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དང་། བྲེལ་འཕོངས་མ་མཆིས་པར་ཐོབ་པར་འགྱུར་བ་དང་། སེམས་རྟས་པར་འགྱུར་བ་དང་། སེམས་བདེ་བར་གདུགས་མཚན་བས་པར་འགྱུར་བ་དང་། གསར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཚིག་དང་ཡི་གེ་རྣམ་པ་ཐ་དད་པ་དག་ཆུབ་པར་འགྱུར་བ་དང་། རྣམ་པར་རྟོགས་པར་འགྱུར་བ་དང་། ཡང་དག་པར་བརྗོད་པར་འགྱུར་བ་དང་། སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་པར་འགྱུར་ཞིང་། མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། བསྐལ་པ་བྱེ་བ་ཟག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་མྱོང་བར་འགྱུར་བ་དང་། བུ་གེ་མ་མཆིས་པར་འགྱུར་བ་དང་། ལོ་ལེགས་པར་འབྱུང་བ་དང་། སེམས་ཅན་རྣམས་ཀྱང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བ་གང་འདི་གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དང་། འཚེག་ཆས་གཞན་དག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེ་སྤྲོ་བར་བགྱིའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྦ་དང་གསེར་གྱི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་དེ་ལ། ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དེ། དེས་ད་ལྟར་ཕྱོགས་གང་དང་གང་དུ་སེམས་པ་དང་། ཕྱོགས་གང་དང་གང་དུ་ལྟ་བ་དང་། ཕྱོགས་གང་དང་གང་དུ་འགྲོ་བའི་ཕྱོགས་དེ་དང་དེར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར། ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྨ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། དངུབ་དང་། ས་ལེ་སྦྲམ་དང་། ཡོ་བྱད་གཞན་དག་གིས་ཀྱང་མི་འཕོངས་པར་འགྱུར། སེམས་ཅན་དེ་དག་ཡོ་བྱད་ཐམས་ཅད་འབྱོར་པར་འགྱུར་རོ།། ལྷ་མོ་ཆེན་མོ་དཔལ་གྱི་མཐུས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱ། སྤོས་དང་། མེ་ཏོག་དང་། བདུག་པའང་དབུལ་བར་བྱ། ལྷ་མོ་ཆེན་མོ་དཔལ་གྱི་མིང་ནས་ལྡན་གསུམ་བརྗོད་ཅིང་། དེ་ལ་སྤོས་དང་། བདུག་པ་དང་། མེ་ཏོག་ཀྱང་བྱིན་ལ། རོ་བྲོ་བ་སྣ་ཚོགས་ཀྱང་བྱིན་ན། དེའི་འབྲུའི་ཕུང་པོ་རྣམ་པར་འཕེལ་བར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ལ་ས་ཡི་བཅུད་དག་རྣམ་པར་འཕེལ།། ལྷ་རྣམས་རྟག་པར་རབ་ཏུ་དགའ་བར་འགྱུར། ། འབྲས་བུ་ལོ་ཏོག་ལྡུམ་སྡོང་ལྗོན་ལྷ་རྣམས།། ལོ་ཏོག་ཤིན་ཏུ་སྣ་ཚོགས་རྣམས་ཀྱང་བསྐྱེད།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་མིང་བརྗོད་པའི་སེམས་ཅན་དེ་དག་ལ་ལྷ་མོ་ཆེན་མོ་དཔལ་སེམས་པར་འགྱུར། ། དེ་དག་ལ་དཔལ་ཆེན་པོར་བྱེད་པར་འགྱུར་རོ།། ལྷ་མོ་ཆེན་མོ་དཔལ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་སྐྱེད་མོས་ཚལ་དམ་པ་བསོད་ནམས་ཀྱི་མེ་ཏོག་འོད་ཅེས་བྱ་བ་ན། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་བ་དམ་པ་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་ན་གནས་ཏེ། མི་གང་ལ་ལ་འབྲུའི་ཕུང་པོ་སྤེལ་བར་འདོད་པ་དེས་རང་གི་ཁྱིམ་ཕྱག་བདར་ལེགས་པར་བྱ། ཁྲུས་ལེགས་པར་བྱ། གོས་དཀར་པོ་གཙང་མ་བགོ་བར་བྱའོ།། གོས་དྲི་རབ་ཏུ་ཞིམ་པ་བགོ་བར་བྱའོ།། དེ་བཞིན་གཤེགས་པབ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུཪྻ་དང་གསེར་གྱི་ཁ་དོག་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ཞིང་། མཚན་ནས་ཀྱང་ལན་གསུམ་བརྗོད། ལྷ་མོ་ཆེན་དཔལ་གྱི་ལག་ནས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད། མེ་ཏོག་དང་། བདུག་པ་དང་། སྤོས་ཀྱང་འབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་ཡང་ལན་གསུམ་བརྗོད། བདེན་པའི་ཚིག་ཀྱང་བརྗོད། ལྷ་མོ་ཆེན་མོ་དཔལ་ལའང་མཆོད་ཅིང་། མེ་ཏོག་དང་བདུག་པའང་འབུལ། རོ་ཟོ་བ་སྣ་ཚོགས་ཀྱང་འབུལ་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མཐུས། དེའི་ཚེ་ལྷ་མོ་ཆེན་མོ་དཔལ་ཁྱིམ་དེ་ལ་སེམས་པར་འཕྱ་དེའི་འབྲུའི་ཕུང་པོ་ཆེན་པོའིང་འཕེལ་བར་འགྱུར་རོ། ། ལྷ་མོ་ཆེན་མོ་དཔལ་འགུགས་པར་འདོད་པ་དེས། རིག་པའི་གསང་སྔགས་འདི་དག་དྲན་པར་བྱའོ།། འདས་པ་མབྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱབ་འཚལ་ལོ།། བྱམས་པ་ལ་སོན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། ། དེ་དག་ལ་ཕྱག་འཚལ་ནས། རིག་པ་འདི་དག་ལ་སྦྱོར་བར་བྱ་སྟེ། རིག་སྔགས་འདི་བདག་ལ་འབྱོར་པར་གྱུར་ཅིག། སྱཱདྱ་ངན། པྲ་ཏི་པཱུ་ར་ཎཱ་བ་རེ། ས་མནྟ་དཪྴནྶ། མཧཱ་མི་ཧཱ་ར་ག་ཏི། ས་མནྟ་བི་ད་ནཱ་ག་ཏཾ་མཧཱ། ཀཪྱ་པྲ་ཏི། པྲ་མ་ཎེ། སཏྭ་ཨརྠ་ས་མཾ་དྷཱ་ནུ་པྲ་པཱུ་རེ། ཨཱ་ཡཱ་ན། དྷརྨ་ཏཱ་མ་ཧཱི་བྷོ་ག་ནི་མཎྜ་མཻ་ཛྱོ་པ་སང་ཧི་ཏེ། ཧི་ཏེ་ཥི་སང་གྲྀ་ཧཱི་ཏེ། སརྦ་མནྟྲ་ནུ་པཱ་ལཱ་ནི། འདི་དག་ནི་སྤྱི་བོ་རས་དབང་བསྐུར་བའི་ཆོས་ཉིད་ཀྱིས་གསང་སྔགས་ཀྱི་ཚིག་གཅིག་ཏུ་དེ་ཁོ་ན་ཡང་དག་པར་གྲུབ་པར་སྦྱིན་པ་མི་སླུ་བའི་དོན་གྱི་ཚིག་སྟེ། སེམས་ཅན་བར་མ་ལ་སྦྱོར་བ་རྣམས་དགེ་བའི་རྩ་བ་ཁ་ན་མ་ཐོ་བ་མེད་པ་དག་གིས་ལོ་བདུན་དུ་འདོན་ཅིང་འཛིན་པ་དག་ཡན་ལག་བརྒྱད་པའི་བསྙེན་པར་གནས་པ་ལ་བསྙེན་ཏེ། བདག་དང་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྔ་དྲོ་དང་ཕྱི་དྲོ་སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་སྤོས་རྣམས་ཀྱིས་མཆོད་ན། དེས་བདག་གིས་བསམ་པ་འདི་འབྱོར་པར་གྱུར་ཅིག། མྱུར་དུ་འབྱོར་པར་གྱུར་ཅིག། གཙུག་ལག་ཁང་ངམ། དགོན་པའི་གནས་ཀྱང་རུང་སྟེ། ཁྱིམ་དེ་ཤིན་ཏུ་གཙང་མར་བྱས་ལ། ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་བདུག་པའང་འབུལ་བར་བྱའོ།། སྟན་གཙང་མའང་གདིང་བར་བྱའོ།། སལ་མེ་ཏོག་སིལ་མ་བཀྲམ་ནས་བསྡད་པར་བྱའོ། ། དེ་ནས་སྐད་ཅིག་དེ་ཉིད་ལ་དཔལ་འོངས་ནས་དེར་གནས་པར་འགྱུར་རོ།། དེའི་བྱིན་ཆད་ཁྱིམ་མམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་ངམ། དགོན་པའི་གནས་སུ་ནམ་ཡང་བྲེལ་ཅིང་འཕོངས་པ་མེད་པར་བྱེད་དོ།། འགྲོན་བུ་དང་། གསེར་དང་། རིན་པོ་ཆེ་དང་། ནོར་དང་། འབྲུ་དང་། ཡོ་བྱད་ཐམས་ཅད་འབྱོར་པ་དང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་རོ། ། དགེ་བའི་རྩ་བ་གང་དག་བྱེད་པ་དེ་དག་ཐམས་ཅད་ལས། ལྷ་མོ་ཆེན་མོ་དཔལ་ལ་ཤས་ཀྱི་མཆོག་སྦྱིན་པར་བྱ་སྟེ། དེས་ན་དེ་སྲིད་འཚོ་བའི་བར་དུ་དེ་ན་གནས་པར་འགྱུར། འཕོངས་པར་མི་འགྱུར། དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་བོ་ལས། དཔལ་གྱི་ལེའུ་ཞེས་བྱ་བ་སྟེ་དགུ་པའོ།། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པ་འབར་བ་རིན་ཆེན་གསེར་གྱི་འོད་ཟེར་སྣང་བའི་ཏོག་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ།། བཞིན་གཤེགས་པ་གསེར་དང་རིན་ཆེན་འབྱུང་གནས་གདུགས་བརྩེགས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྒྲོན་མ་ཆེན་མོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་དང་། ཤར་ཕྱོགས་ན་དེ་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་དང་། ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བ་དང་། ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བ་དང་། བྱང་ཕྱོགས་ན་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་སྟེ། སུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་དེ་བཞིན་གཤེགས་པའི་མཚན་དང་། བྱང་ཆུབ་སེམས་དཔའི་མིང་འདི་དག་འཛིན་ཏམ། ཀློག་གམ། ཁོང་དུ་ཆུད་པར་བྱེད་ན། དེ་རྟག་ཏུ་ཚེ་རབས་དྲན་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ། སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ད་ལྟར་དང་མ་འོངས་པའི་དུས་ན། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལ་མ། ལྗོངས་སམ། དགོན་པའི་ས་ཕྱོགས་སམ། རིའི་སྨན་ལྗོངས་སམ། བོ་ཟང་འཁོར་གང་དུ་གནས་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་མཆི་བར་བགྱིའོ། ། བཅོམ་ལྡན་འདས་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་བ་དང་། ས་ཕྱོགས་གང་དང་གང་ན་དགེ་སློང་ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་གཤོམ་པར་འགྱུར་བ་དང་། གང་དང་གང་དུ་ཆོས་སྨྲ་བ་སྟན་ལ་མཆིས་ནས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི།། རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ས་ཕྱོགས་དེ་དང་དེ་དག་ཏུ་མཆི་བར་བགྱིའོ།། ལུས་མི་གདའ་བར་ཆོས་ཁྲིའི་འོག་ལོགས་སུ་མཆིས་ཏེ། ཡན་ལག་གི་དམ་པ་མགོས་དགེ་སློང་ཆོས་སྨྲ་བ་དེའི་རྐང་མཐིལ་ནས་བརྟེན་པར་བགྱིའོ།། བདག་ཀྱང་ཆོས་མཉན་པ་དང་། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱི། ཡང་དག་པར་རིམ་གྲོ་བགྱི། ཡང་དག་པར་མཆོད་པ་བགྱིའོ།། བདག་ཚིམ་པར་གྱུར། རིམ་གྲོ་བགྱི་བ་བགྱིས་པར་གྱུར། རབ་ཏུ་དགའ་བར་གྱུར་ནས། སའི་ཕུང་པོ་དཔག་ཆང་སྟོང་ཕྲག་དྲུག་ཅུརྩ་བརྒྱང་པོ་འདི་ནས། ས་ཐི་ག་ནི་རྡོ་རྗེ་ལ་ཐུག་པའི་བར་དུས་བཟད་ཀྱིས་རྣམ་པར་འཕེལ་བར་བཅུ། ཡང་དག་པར་རིམ་གྲོར་རྒྱ། ཡོངས་སུ་རྫོགས་པར། བགྱིའོ།། སྟེང་དུའང་རྒྱ་མཚོའི་ས་ལ་ཐུག་པའི་སའི་དཀྱིལ་འཁོར་འདི། སའི་བཅུད་ཀྱི་སྣུམ་གྱིས་བརླན་པར་བགྱིའོ།། ས་ཆེན་པོ་འདི་རབ་ཏུ་མདང་ས་དང་ལྡན་པར་བགྱིའོ།། དེ་ནས་འཛམ་བུ་གླིང་འདིར་རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་སྣ་ཚོགས་རྣམས་མདངས་དང་རབ་ཏུ་ལྡན་པར་འཁྲུངས་པར་འགྱུར། ཀུན་དགའི་ར་བ་དང་། ནགས་ཚལ་དང་ཤིང་ལྗོན་པ་ཐམས་ཅད་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་རབ་ཏུ་མདངས་དང་ལྡན་པར་འགྱུར། དྲི་དང་རབ་ཏུ་ལྡན་པ་དང་། སྣུམ་དང་རབ་ཏུ་ལྡན་པ་དང་། རོ་ཞིམ་པོར་འགྱུར། བལྟ་ན་རབ་ཏུ་སྡུག་པ་དང་། རབ་ཏུ་ཆེ་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་བཏུང་བ་དང་བཟའ་བ་རྣམ་པ་སྣ་ཚོགས་དེ་དག་འཚལ་ནས། ཚེ་དང་། སྟོབས་དང་། ཁ་དོག་དང་། དབང་པོ་རྣམ་པར་འཕེལ་བར་འགྱུར་རོ།། གཟི་བརྗིད་དང་། སྟོབས་དང་། ཁ་དོག་དང་། གཟུགས་དང་ལྡན་པར་གྱུར་ནས་ཀྱང་། ས་ལ་མཆིས་པའི་དགོས་པ་རྣམ་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་དུ་མ་དག་བགྱིད་པར་འགྱུར། བརྩོན་པར་འགྱུར། འབད་པར་འགྱུར། སྟོབས་སུ་བགྱིད་པའི་ལས་རྣམས་བགྱིད་པར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་འཛམ་བུའི་གླིང་ཐམས་ཅད་ཞི་བ་དང་། ལོ་ལེགས་པ་དང་། རྒྱས་པ་དང་། ཉམས་དགའ་བར་འགྱུར། མིའི་སྐྱེ་བོ་མང་པོས་གང་བར་འགྱུར། འཛམ་བུའི་གླིང་གི་སེམས་ཅན་བདེ་བར་འགྱུར། དགའ་བ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར། སེམས་ཅན་དེ་དག་གཟི་བརྗིད་དང་། སྟོབས་དང་། ཁ་དོག་དང་། གཟུགས་དང་ལྡན་པར་འགྱུར་རོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་སླད་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་དེ་དག་ཆོས་ཀྱི་སྟན་ལ་མཆིས་པའི་གན་དུ་མཆི་བར་འགྱུར། མཆིས་ནས་ཀྱང་སེམས་རབ་ཏུ་དང་བས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱི་བའི་སླད་དུ། ཆོས་སྨྲ་བ་དེ་ལ་གསོལ་བ་འདེབས་པར་འགྱུར་རོ།། དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གསར་བོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རབ་ཏུ་བཤད་ན། སའི་ལྷ་མོ་བརྟན་མ་བདག་གཡོག་དང་བཅས་ཏེ། རབ་ཏུ་མདངས་དང་ལྡན་པ་དང་། རབ་ཏུ་སྟོབས་དང་ལྡན་པར་འགྱུར་རོ། ། བདག་ཅག་གི་ལུས་ལ་སྟོབས་དང་། བརྩོན་འགྲུས་དང་། མཐུ་ཆེན་པོ་སྐྱེད་པར་འགྱུར། བདག་ཅག་གི་ལུས་ལ་གཟི་བརྗིད་དང་། དཔའ་དང་། ཕུན་སུམ་ཚོགས་པའང་འབྱུང་བར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་འགྱུར། གཟི་བརྗིད་དང་། སྟོབས་དང་། བརྩོན་འགྲུས་དང་། མཐུ་དང་། ཤུགས་ཆེན་པོ་ཐོབ་པར་འགྱུར་ན། ས་ཆེན་པོ་དཔག་ཚད་སྟོང་ཕྲག་བདུན་པའི་འཛམ་བུའི་གླིང་འདི་སའི་བཅུད་ཆེན་པོས་རྣམ་པར་འཕེལ་བར་འགྱུར། ས་ཆེན་པོ་མདངས་དང་རབ་ཏུ་ལྡན་པར་འགྱུར་རོ། ། བཙུན་པ་བཅོམ་ལྡན་འདས་ས་ལ་བརྟེན་པའི་སེམས་ཅན་འདི་དག་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར་རོ།། ཆེན་པོར་ཡང་འགྱུར་རོ།། སལ་གནས་པའི་སེམས་ཅན་དེ་དགུ་ཆེན་པོར་གྱུར་ནས་ཀྱང་། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་སྣ་ཚོགས་ལ་སྤྱོད་པར་འགྱུར། བདེ་བའང་མྱོང་བར་འགྱུར་རོ།། དེ་དག་ཐམས་ཅད་བཟའ་བ་དང་། བཏུང་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་དང་། གོས་དང་། མལ་ཆ་དང་། གནས་དང་། ཁང་པ་དང་། གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དང་། ཆུ་བོ་དང་། རྫིང་དང་། ཆུ་མིག་དང་། མཚེའུ་དང་། མཚེ་དང་། ལྟེང་ཀ་དང་། འདི་ལྟ་བུའི་ཡོ་བྱད་བདེ་བ་རྣམ་པ་སྣ་ཚོགས་ལ་གནས་པ། ས་ལས་བྱུང་བ། ས་ལ་བརྟེན་པ་འདི་དག་ལ་སྤྱོད་པར་འགྱུར་རོ།། བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདག་ལ་བྱས་པ་གཟོ་བར་བགྱིའོ། ། གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིས་ཏེ་མཉན་པར་བགྱི། བཀུར་སྟིང་བརྒྱད་བླ་མར་བགྱི། རིམ་གྲོར་བགྱི། མཆོད་པར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་སེམས་ཅན་དེ་དག་ཆོས་སྨྲ་བ་དེའི་གན་དུ་མཆིས་པའི་སླད་དུ་རིགས་ཐ་དད་པ་དང་། ཁྱིམ་ཐ་དད་པ་དག་ནས་བྱུང་སྟེ་མཆིས་ནས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་གྱུར་ལ། ཐོས་ནས་ཀྱང་རང་གི་རིས་དང་། ཁྱིམ་དང་། གྲོང་དང་། གྲོང་རྡལ་ཐ་དད་པ་དག་ཏུ་ཞུགས་ནས། རང་རང་གི་ཁྱིམ་ན་གནས་པ་དག་ཕན་ཚུན་དུ་འདི་སྐད་ཅེས་བདག་ཅག་གིས་དེ་རིང་ཆོས་མཉན་པ་ཟབ་མོ་ཐོས་སོ།། དེ་རིང་བདག་ཅག་གིས་བསོད་ནམས་ཀྱི་འུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་ངོ་། ། བདག་ཅག་གིས་ཆོས་མཉན་པ་དེས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་དག་མཉེས་པར་བྱས་སོ།། དེང་བདག་ཅག་གིས་ཆོས་མཉན་པ་འདིས་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་ཏོ། ། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ལས་ཡོངས་སུ་ཐར་ཏོ།། དང་བདག་ཅག་ཆོས་མཉན་པ་འདིས་མ་འོངས་པའི་དུས་ན། ཚེ་རབས་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིར་སྐྱེ་བ་ཡོངས་སུ་བཟུང་བར་འགྱུར་ཞེས་གཏམ་ཟེར་བར་འགྱུར། ཁྱིམ་ཐ་དད་པ་ན་གནས་པར་གྱུར་པ་དེ་དག་སེམས་ཅན་གཞན་དག་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་དཔེ་གཅིག་བརྗོད་དམ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ལེའུ་གཅིག་གམ། སྔོན་བྱུང་བ་གཅིག་གམ། ཐ་ན་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་གཅིག་གམ། ཐ་ན་ཚིག་བཞི་པའི་ཚོགས་སུ་བཅད་པ་གཅིག་གམ། ཚིག་གཅིག་གིས་སེམས་ཅན་གཞན་དག་ལ་ཐོས་པར་བགྱིད་དམ། ཟ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མཚན་གཞན་དག་ལ་རབ་ཏུ་སྟོན་ཏམ། བཙུན་པ་བཅོམ་ལྡན་འདས་གང་དང་གང་ན་སེམས་ཅན་རྣམ་པ་ཐ་དད་བ་དེ་དག་ས་ཕྱོགས་རྣམ་པ་ཐ་དད་པ་དེ་དག་ཏུ་མདོ་སྡེའི་གཏན་ཚིགས་རྣམ་པ་སྣ་ཚོགས་འདི་ལྟ་བུ་འདི་དག་གཅིག་ལ་གཅིག་རྗོད་དམ། ཐོས་པར་བགྱིད་ངམ་གཏམ་རྒྱུད་རྗོད་ན། བཙུན་པ་བཅོམ་ལྡན་འདས་ས་ཕྱོགས་དེ་དག་ཐམས་ཅད་ཤིན་ཏུ་མདངས་དང་ལྡན་པ་དང་སྣུམ་པར་འགྱུར་རོ།། ས་ཕྱོགས་དེ་དང་དེ་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕྱིར། སའི་བཅུད་རྣམ་པ་སྣ་ཚོགས་དང་། ཡོ་བྱད་ཐམས་ཅད་རྒྱས་པར་སྐྱེ་བར་འགྱུར། རྣམ་པར་འཕེལ་བར་འགྱུར། ཤིན་ཏུ་རྒྱས་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། ། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། སྦྱིན་པ་ལ་མོས་པར་འགྱུར། དཀོན་མཆོག་གསུམ་ལ་མངོན་པར་དད་པར་འགྱུར་རོ།། དེ་སྐད་ཅེས་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས། སའི་ལྷ་མོ་བརྟན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་གཅིག་ཉན་ན། དེ་དག་མིའི་འཇིག་རྟེན་འདི་ནས་ཤིང་འཕོས་ནས་སུམ་ཅུ་རྩ་གསུམ་པའི་རིགས་ཀྱི་ནང་དུ་ལྷའི་རིགས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ།། སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། གནས་དེ་དག་ལེགས་པར་རྒྱན་པར་བྱེད་དམ། ཐ་ན་གདུགས་གཅིག་གམ། བ་དན་གཅིག་གམ། རས་བཅོས་བུ་གཅིག་གིས་གཡོགས་ན། སའི་ལྷ་མོ་རྟག་ཏུ་བརྒྱན་པའི་གནས་དེ་དག་འདོད་པ་ན་སྤྱོད་པའི་ལྷའི་རིས་བདུན་པོ་དག་ཏུ། ལྷའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱུན་པ་དག་ཏུ་གནས་པར་འགྱུར་རོ། ། གང་གི་ཚེ་སེམས་ཅན་དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འའོས་ཏེ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དེ་དག་ཏུ་སྐྱེ་བ་དེའི་ཚེ། སའི་ལྷ་མོ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁུང་རེ་རེར་ཡང་ལན་བདུན་བདུན་དུ་སྐྱེ་བར་འགྱུར་རོ།། ལྷའི་བདེ་བ་བསམ་གྱིས་མི་ཁྱབ་པའང་མྱོང་བར་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་དེས་ན་སའི་ལྷ་མོ་བརྟན་མ་བདག་དགེ་སློང་ཆོས་སྨྲབ་ཆོས་ཀྱི་སྟན་ལ་མཆིས་པ་དེའི་ཆོས་ཀྱི་སྟན་གྱི་འོག་ལོགས་སུ་ས་ཕྱོགས་དེ་དང་དེ་དག་ཏུ་གནས་པར་བགྱིའོ། ། ཅི་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་འབུམ་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བར་ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་དེའི་རྐང་པ་ལ་ཡན་ལག་གི་དམ་པ་མགོས་བརྟེན་པར་བགྱིའོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སའི་ལྷ་མོ་བརྟན་མའི་ལེའུ་ཞེས་བྱ་སྟེ་བཅུ་པའོ། ། །། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། གོས་ཟག་པ་གཅིག་ཏུ་བགོས་ནས། བུས་མ་གཡས་པའི་ལྷང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་གལ་བ་དེར་ལོགས་སུ་ཐལ་མོ་སྦྱར་ང་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཙུན་བཅོམ་ལྡན་འདས་དསྒྱུར་དང་མ་འོངས་དུའི་དུས་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་སློང་ངམ། གྲོང་ཁྱེར་རམ། གློང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རོའི་སྲན་ལྗོངས་སམ། བཟོང་འཁོར་གང་དུ་འབྱུང་བར་འགྱུར་བ་དེར། བཙུན་པ་བཅོབ་ལྡན་འདས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་དང་ལྷན་ཅིག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། སྤོངས་སམདགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར་མཆི་བར་བགྱིའོ།། ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་དེ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ། བུ་མོ་ཆོས་ཉན་པ་དེ་དག་ཐམས་ཅ་དང་། གོང་སུ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་བཞི་པའི་ཚོགས་སུ་བཅད་པ་གཅིག་ཉན་པ་དང་། ཟ་ན་ཚིག་གཅིག་དང་། ཟ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་གཅིག་ཐོས་པར་གྱུར་ཏེ་བཟུང་བ་དང་། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མིང་ཐོས་པར་གྱུར་ཏེ། བཟུང་བ་དེ་དག་ཐམས་ཅད་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། རིགས་དེ་དག་དང་། ཁྱིམ་དེ་དག་དང་། གྲོང་དེ་དག་དང་། གྲོང་ཁྱེར་དེ་དག་དང་། གྲོང་རྡལ་དེ་དག་དང་། དགོན་པ་དེ་དག་དང་། ཕོ་བྲང་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ།། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ།། བཙུན་པ་བཅོམ་ལྡན་འདས་རྒྱུ་གང་གིས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་པར་གྱུར་ཅེ་ན། འདི་ནི་བཙུན་པ་བཅོམ་ལྡན་འདས་ཉིད་ཀྱིས་མངོན་སུམ་མོ།། བཙུན་པ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་འཚལ་ཏོ། ། ཆོས་ཐམས་ཅད་ཡོངས་སུ་འཚལ་ཏོ།། ཆོས་ཐམས་ཅད་ཁོང་དུ་ཆུད་དོ།། ཆོས་ཐམས་ཅད་ཇི་སྙེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་དང་། གནས་པ་གང་ལགས་པ་དང་། ཆོས་ཐམས་ཅད་གང་དག་ལགས་པ་དང་། ཆོས་ཐམས་ཅད་ཀྱི་རིགས་གང་ལགས་པ་དང་། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་བདག་ལ་མངོན་སུམ་མོ། ། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གིས་ཡེ་ཤེས་སྣང་བ་བསམ་གྱིས་མི་ཁྱབ་བོ།། ཡེ་ཤེས་ཀྱི་ངག་གསལ་བ་བསམ་གྱིས་མི་ཁྱབ་བོ། ། ཡེ་ཤེས་ཀྱི་རྒྱུ་བ་བསམ་གྱིས་མི་ཁྱབ་བོ།། ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་བོ།། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གིས་ཡེ་ཤེས་ཀྱི་ཡུལ་འཇུག་པ་བསམ་གྱིས་མི་ཁྱབ་བོ། ། བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བདག་ཆོས་ཐམས་ཅད་ཡང་དག་པར་འཚལ་བ་དང་། ཡང་དག་པར་ཡོངས་སུ་བརྟག་པ་དང་། ཡང་དག་པར་ཡོངས་སུ་འཚལ་བ་དང་། ཡང་དག་པར་རྣམ་པར་བལྟས་པ་དང་། ཡང་དག་པར་ཁོང་དུ་ཆུད་པའི་རྒྱུ་དེས་ན། བཙུན་པ་བཅོམ་ལྡན་འདས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་བོ་ཡང་དག་ཤེས་ཞེས་མིང་དུ་ཆགས་སོ། ། བཙུན་པ་བཅོམ་ལྡན་འདས་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པར་བགྱི་བའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱིའོ།། ཅི་ནས་ཆོས་སྨྲ་བ་དེའི་ལུས་མིངལ་བར་འགྱུར་བ་དང་། ལུས་ཀྱི་དབང་པོ་བདེ་བར་འགྱུར་བ་དང་། རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང་། གང་གི་སླད་དུ་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ། བསྐྲུན་པའི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་འཛིན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་འགྱུར་བ་དེའི་སྤུའི་བུ་ག་རྣམས་སུ་མདངས་སྩལ་བར་བགྱིའོ།། དེའི་ལུས་ལ་མཐུ་དང་། སྟོབས་དང་། བརྩོན་འགྲུས་ཆེན་པོ་བསྐྱེད་པར་བགྱིའོ།། དེའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བགྱིའོ།། དེའི་དྲན་པ་ཁོང་དུ་ཆུད་པར་བགྱིའོ།། ཆེར་སྤྲོ་བར་བགྱིའོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཡང་དག་ཤེས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། ། བམ་པོ་བཞི་པའོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུརྦ་དང་གསེར་གྱི་མེ་ཏོག་བཟང་པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་སྐུ་ལེག་པར་བརྒྱན་པ་གང་ཆོས་ཀྱི་སྒྲོན་མ་འདི་འབར་བར་མཛད་པ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ། ། ལྷ་མོ་ཆེན་མོ་དཔལ་ཡོན་ཏན་གྱི་འབྲུ་དང་བཀྲ་ཤིས་པ་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དེ་ལ་ཕྱག་འཚལ་ལོ། ། ལྷ་མོ་ཆེན་མོ་དབྱངས་ཅན་ཤེས་རབ་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དེ་ལ་ཕྱག་འཚལ་ལོ།། ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གི་བུ་རྒྱལ་པོ་མཛེས་པའི་ཏོག་དབང་བསྐུར་ནས་རིང་པོ་མ་ལོན་པ། རྒྱལ་སྲིད་ལ་གསར་དུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་གང་ངས་སྔོན་དབང་བསྒྱུར་ནས་རིང་པོ་མ་ལོན་པ་ཞིག་ན་ཡང་མཆོག་གི་དབང་པོའི་ཏོག་ལས་བླངས་པ། རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་ཞིག་ཡོད་དེ། ངས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་དེས་ལོ་ཉི་ཁྲིའི་བར་དུ་རྒྱལ་པོ་ཉིད་བྱས་པར་གྱུར་ཏེ། ཐ་ན་སེམས་ཀྱི་སྐད་ཅིག་ཙམ་གྱི་ཚེད་ཀྱང་། སྔོན་ཆོས་མ་ཡིན་པས་ཕྱོགས་འགའ་ཞིག་ལ་གནས་པར་མ་ཤེས་སོ།། བུ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་དེ་གང་ཞེ་ན། དེ་ནས་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གིས། བུ་རྒྱལ་པོ་མཛེས་པའི་ཏོག་ལ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པའི་དམ་ཆིས་བྱ་ཚོགས་ས་བཅད་པ་འདི་དག་གིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། ། སེམས་ཅན་ཀུན་ལ་ལན་བྱེད་པ།། ཐེ་ཆོམ་ཐམས་ཅད་གཅོད་པའོ།། ཉེས་བྱས་ཐམས་ཅད་། བྱེད་པ།། རྒྱལ་པོའི་བསྟན་བཅོས་བཤད་པར་བྱ།། རྒྱལ་པོ་ཐམས་ཅད་སོ་སོ་ནས།། དགའ་བའི་སེམས་སུ་འགྱུར་བྱོས་ལ།། ལྷ་ཡི་དབང་པོའི་དམ་ཚིག་ཀུན།། ཐལ་མོ་སྦྱར་ཏེ་མཉམ་པར་བྱོས། ། རྡོ་རྗེ་འབྱུང་གནས་རི་དབང་འདིར།། ལྷ་ཡི་དབང་པོ་འདུས་པ་ན།། ཚངས་དབང་ལ་ནི་དྲི་བའི་ཕྱིར།། འཇིག་རྟེན་སྐྱོང་བ་རྣམས་ཀྱང་ལངས།། ཁྱོད་ནི་ལྷ་གཙོ་ཚངས་པ་སྟེ། ཁྱོད་ནི་ལྷ་རྣམས་དབང་ཕྱུག་ལགས།། ཁྱོད་ནི་བདག་ཅག་ཐེ་ཚོམ་གཅོད།། བདག་ཅག་དོགས་པ་གཅད་དུ་གསོལ།། མིར་སྐྱེས་པ་ཡི་རྒྱལ་པོ་ལ།། ཇི་ལྟ་བུར་ན་ལྷ་ཞེས་བྱ།། གང་གི་རྒྱུས་ན་རྒྱལ་པོ་ལ། ། ལྷ་སྲས་ཞེས་ནི་བགྱི་བར་འགྱུར།། གལ་ཏེ་ལྷ་ནི་ཇི་ལྟ་བུར།། མི་ཡི་འཇིག་རྟེན་འདིར་སྐྱེ་ཞིང་།། མི་བདག་གྱུར་ཏེ་མི་རྣམས་ལ།། རྒྱལ་པོ་ཉིད་ནི་བགྱིད་པར་འགྱུར།། འཇིག་རྟེན་སྐྱོང་བས་ཚངས་དབང་ལ། ། དེ་སྐད་ཡོངས་སུ་དྲིས་པ་དང་།། ལྷ་ཡི་གཙོ་བོ་ཚངས་པ་དེས།། འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས།། དེ་ལྟར་འཇིག་རྟེན་སྐྱོང་རྣམས་ཀྱིས།། ད་ལྟར་བདག་ལ་དྲིས་པས་ན། ། སེམས་ཅན་ཀུན་ལ་འན་པའི་ཕྱིར།། བསྟན་བཅོས་དམ་པ་ཁ་བོས་བསྟན།། མི་ལི་གནས་སུ་སྐྱེས་པའོ།། རྒྱལ་པོ་རྣམས་ཀྱི་སྐྱེ་བ་དང་།། རྒྱ་གང་གིས་ན་ཡུལ་རྣམས་སུ། @#། རྒྱལ་པོར་འགྱུར་བ་བཤད་པར་བྱ།། ལྷ་དབང་རྣམས་ཀྱི་བྱིན་རླབས་ཀྱིས།། མ་ཡི་རུམ་དུ་འཇུག་འགྱུར་ཏེ།། ལྷ་ཡིས་སྔར་ནི་བྱིན་བརླབས་ནས།། ཕྱི་ནས་མངལ་དུ་འཇུག་པར་འགྱུར། ། མི་ཡི་འཇིག་རྟེན་སྐྱེས་ཀྱང་ནི།། མི་ཡི་དབང་པོར་གྱུར་པ་ཡིན།། ལྷ་ལས་སྐྱེས་པར་གྱུར་པས་ན།། དེ་ནི་ལྷ་ཡི་སྲས་ཞེས་བྱ།། ཁྱོད་ནི་ལྷ་ཀུན་བུ་ཡིན་ཞེས།། སུམ་ཅུ་རྩ་གསུམ་ལྷ་དབང་གིས། ། རྒྱལ་པོའི་སྐལ་བ་བྱིན་ནས་ནི།། མི་རྣམས་ཀྱི་ནི་དབང་པོར་སྤྲུལ།། ཉེས་པར་བྱས་པ་རྣམས་འགོག་པ།། ཆོས་མ་ཡིན་པ་གཞིག་པ་དང་།། སེམས་ཅན་ལེགས་བྱེད་དགོད་པ་དང་། ། ལྷ་ཡི་གནས་སུ་དགེ་བའི་ཕྱིར།། མི་ཡི་དབང་པོ་མི་ཤས་དང་།། ལྷ་ཡི་ཤས་དང་དྲི་ཟའི་ཤས།། གདོལ་པའི་ཤས་དང་སྲིན་ཤས་ཀྱི།། ཉེས་པར་བྱེད་པ་ཟློག་པར་བྱེད། ། ལེགས་པར་བྱ་བ་བྱེད་རྣམས་ལ།། མི་ཡི་དབང་པོ་ཕ་མའི་ཤས།། རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར།། ལྷ་ཡི་རྒྱལ་པོ་བྱིན་གྱིས་བརླབས།། ཚེ་འདིའི་ལེགས་བར་བྱས་པ་དང་། ། ཉེས་པར་བྱས་པའི་ལས་རྣམས་ཀྱི།། རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར།། ལྷ་ཡི་རྒྱལ་པོ་བྱིན་གྱིས་བརླབས།། ཡུལ་ན་ཉེས་བྱེད་གནས་པ་དག། གང་ཚེ། རྒྱལ་པོས་ཡལ་བོར་ཞིང་།། སྡིག་པ་ཅན་གྱི་སྐྱེ་བོ་ལ།། མཐུན་པའི་ཆད་པར་མི་གཅོད་ཅིང་།། ཉེས་པར་བྱས་པ་ཡལ་བོར་བ།། དེ་ཚེ་ཆོས་མིན་ཤིན་ཏུ་འཕེལ།། འཐབ་མོ་དང་ནི་གཡོ་རྣམས་ཀྱང་། ། ཡུལ་འཁོར་དེར་ནི་བྱི་ཕྱིར་བྱུང་།། སུམ་ཅུ་རྩ་གསུམ་ཁང་པ་ན།། ལྷ་ཡི་དབང་པོ་འཁྲུག་པར་འགྱུར།། ཡུལ་ན་ཉེས་བྱེད་གནས་པ་དག། གང་ཚེ་རྒྱལ་པོས་ཡལ་བོར་བ། དེ་ཚེ་གཡོ་ནི་མི་བཟད་པ།། དྲག་པོ་རྣམས་ཀྱིས་ཡུལ་འཇོམས་འགྱུར།། ཕ་རོལ་དམག་ཚེགས་ལྷགས་ནས་སུ།། ཡུལ་འཁོར་དེ་ནི་རྣམ་པར་འཇིག། ལོངས་སྤྱོད་རྣམས་དང་རིགས་ཀྱང་འཇིག། གང་གི་ནོར་བསགས་ཡོད་པ་ཡང་།། གཡོ་བྱེད་རྣམ་པ་མང་པོ་ཡིས།། ཕན་ཚུན་དུ་ནི་འཕྲོག་པར་འགྱུར།། བྱ་བ་གང་གིས་རྒྱལ་པོ་ཉིད།། བྱ་བ་དེ་ནི་མི་བྱེད་པ།། གླང་ཆེན་དབང་པོས་རྫིང་བུ་བཞིན། ། རང་གི་ཡུལ་འཁོར་རྣམ་པར་འཇིག། མ་རུངས་པ་ཡི་རླུང་ལྡང་ཞིང་།། མ་རུངས་པ་ཡི་ཆར་པ་འབབ།། ཉི་མ་དང་ནི་ཟླ་བ་དང་།། གཟའ་དང་རྒྱུ་སྐར་མ་རུངས་འགྱུར། ། རྒྱལ་པོས་ཡལ་བར་བོར་ན་དེར།། ས་བོན་ལོ་ཏོག་འབྲས་བུ་རྣམས།། ལེགས་པར་སྨིན་པར་མི་འགྱུར་ཞིང་།། མུ་གེ་དག་ཀྱང་འབྱུང་བར་འགྱུར།། ཡུལ་ན་ཉེས་བྱེད་གནས་པ་དག། གང་ཚེ་རྒྱལ་པོས་ཡལ་བོར་བ།། དེ་ཚེ་ལྷ་རྣམས་ཁང་པ་ན།། ཡིད་ནི་དགའ་བར་མི་འགྱུར་རོ།། བྱ་རྒྱལ་དབང་པོ་དེ་དག་ཀུན།། རྒྱལ་འདི་ཆོས་དང་མི་ལྡན་ཏེ།། ཆོས་མིན་ཕྱོགས་ལ་གནས་པའོ་ཞེས། ། ཕན་ཚུན་དུ་ནི་སྨྲ་བར་འགྱུར།། རྒྱལ་འདིས་རིང་པོར་མི་ཐོགས་པར།། ལྷ་རྣམས་འཁྲུག་པར་བྱེད་པར་འགྱུར།། ལྷ་རྣམས་རབ་ཏུ་འཁྲུགས་པས་ན།། དེ་ཡི་ཡུལ་ནི་རྣམས་པར་འཇིག། ཡུལ་དུ་ཆོས་མིན་འབྱུང་འགྱུར་ཞིང་།། མཚོན་ཆས་ཀྱང་ནི་འཇིག་པར་འགྱུར།། གཡོ་རྣམས་དང་ནི་འཐབ་མོ་དང་།། ནད་ཀྱང་ཀུན་ཏུ་འབྱུང་བར་འགྱུར། ། ལྷ་ཡི་དབང་པོ་རབ་ཁྲོས་ཤིང་།། ལྷ་རྣམས་ཀྱིས་ཀྱང་ཡལ་བར་དོར།། ཡུལ་འཁོར་དེ་ནི་འཇིག་པར་འགྱུར།། རྒྱལ་པོ་དེ་ནི་མྱ་ངན་རྙེད།། སྤུན་ནམ་ཡང་ན་བུ་ཡང་རུང་།། སྡུག་པ་རྣམས་དང་བྲལ་བར་འགྱུར། ། སྡུག་པའི་ཆུང་མ་དང་ཡང་འབྲལ།། ཡང་ན་བུ་མོ་འཆི་བར་འགྱུར།། སྐར་མདའ་དག་ཀྱང་ལྷུང་བར་འགྱུར།། དེ་བཞིན་ཉི་མ་འདྲ་བ་འབྱུང་།། ཕ་རོལ་གྱི་ན་དམག་ཚོགས་དང་། ། མུ་གེ་ཤིན་ཏུ་འབྱུང་བར་འགྱུར།། དེ་ཡི་གླང་པོ་འཕངས་པ་དང་།། བློན་པོ་འཕངས་པ་འཆི་བར་འགྱུར།། དེ་ཡི་འོག་ཏུ་རྔ་མོ་ནི།། འཕངས་པ་དག་ཀྱང་འཆི་བར་འགྱུར། ། ཁྱིམ་དང་ལོངས་སྤྱོད་ནོར་རྣམས་ཀྱང་།། ཕན་ཚུན་དུ་ནི་འཕྲོག་པར་འགྱུར།། ཡུལ་ཡུལ་དུ་ནི་མཚོན་ཆ་ཡིས།། ཕན་ཚུན་དག་ཏུ་འདེབས་པར་འགྱུར།། འཐབ་པ་དག་དང་རྩོད་པ་གཡོ། ། ཡུལ་རྣམས་སུ་ནི་འབྱུང་བར་འགྱུར།། ཡུལ་འཁོར་དུ་ནི་གདོན་འཇུག་ཅིང་།། མི་བཟད་པ་ཡི་ནད་ཀྱང་འབྱུང་།། དེ་ཡི་འོག་ཏུ་སྦྱིན་གནས་ཀྱང་།། ཆོས་དང་ལྡན་པ་མ་ཡིན་འགྱུར། ། དེ་ཡི་འཁོར་དང་བློན་པོ་ཡང་།། ཆོས་དང་ལྡན་པ་མ་ཡིན་འགྱུར།། ཆོས་དང་མི་ལྡན་སྐྱེ་བོ་ལ།། དེ་ཡི་འོག་ཏུ་མཆོད་བྱེད་འགྱུར།། ཆོས་དང་ལྡན་པའི་སེམ་ཅན་ལ། ། རྟག་ཏུ་ཆད་པས་གཅོད་པར་འགྱུར།། ཆོས་དང་མི་ལྡན་སྐྱེ་བོ་བཀུར།། ཆོས་ལྡན་ཆད་པས་བཅད་པ་ན།། དེར་ནི་ཆུ་དང་རྒྱུ་སྐར་རླུང་།། རྣམ་གསུམ་རྣམ་པར་འཁྲུགས་པར་འགྱུར། ། ཆོས་མིན་སྐྱེ་བོ་བཟུང་བས་ན།། དམ་ཆོས་རོ་ཡི་སྙིང་པོ་མདངས།། སེམས་ཅན་མདངས་དང་ས་ཡི་བཅུད།། དངོས་པོ་རྣམ་གསུམ་རྣམ་པར་འཇིག། སྐྱེ་བོ་ངན་པ་རབ་བཀུར་ཅིང་། ། སྐྱེ་བོ་དམ་པ་སྨད་པས་ན།། འཆི་དང་ལྕེ་འབབ་མུ་གེ་དང་།། རྣམ་པ་གསུམ་ནི་དེར་འབྱུང་འགྱུར།། འབྲས་བུ་ལོ་ཏོག་རོ་དང་མདངས།། དེ་ཡི་འོག་ཏུ་མེད་པར་འགྱུར།། སེམས་ཅན་ནད་པ་མང་པོ་དག། ཡུལ་རྣམས་སུ་ནི་འབྱུང་བར་འགྱུར།། དངར་ཞིང་ཆེ་བའི་འབྲས་བུ་དག། ཡུལ་རྣམས་ལ་ཡང་ཡོད་པ་ཡང་།། ཁ་བ་དང་ནི་ཚ་བ་དང་།། ཆུང་བ་དག་ནི་ཉིད་དུ་འགྱུར།། དང་དགོད་དང་དགའ་བ་དང་།། སྡང་ཆད་དགའ་བའི་དངོས་པོ་དང་།། དགའ་བ་ཉམས་ནི་མི་དགར་འགྱུར།། ཉོན་མོངས་བརྒྱ་ཡིས་རྣམ་པར་འཁྲུགས།། ལོ་ཏོག་རྣམས་དང་འབྲས་བུ་ནི།། སྣུམ་དངོས་ཁུ་བ་ཟད་པས་ན། ། ལུས་དང་ཁམས་དང་དབང་པོ་ལ།། དེ་ལྟར་ཚིམ་པར་མི་འགྱུར་རོ།། སེམས་ཅན་རྣམས་ནི་མདོག་ངན་ཞིང་།། མཐུ་ཆུང་ཤིན་ཏུ་རིད་པར་འགྱུར།། ཁ་ཟས་མང་པོ་ཟོས་ཀྱང་ནི། ། ཚིམ་པར་འགྱུར་བ་མ་ཡིན་ནོ།། སྟོབས་དང་མཐུ་ང་བརྩོན་འགྲུས་ཀྱང་།། དེ་ཡི་འོག་ཏུ་མེད་པར་འགྱུར།། སེམས་ཅན་བརྩོན་འགྲུས་ཉམས་པ་དག། ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། སྣ་ཚོགས་ནད་ཀྱིས་གཟིར་བ་ཡི།། སེམས་ཅན་མང་པོ་འབྱུང་བར་འགྱུར།། སྲིན་པོ་སྣ་ཚོགས་ལས་གྱུར་པའི།། གཟའ་དང་རྒྱུ་སྐར་འབྱུང་བར་འགྱུར།། ཆོས་མིན་ཕྱོགས་ལ་རབ་གནས་ཏེ། ། རྒྱལ་པོ་ཆོས་དང་མི་ལྡན་པས།། འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ན།། ཁམས་གསུམ་རྣམ་པར་འཇིག་པར་འགྱུར།། གང་ཚེ་རྒྱལ་པོས་ཕྱོགས་གནས་ཏེ།། ཉེས་བྱེད་ཡལ་བར་འདོར་བའི་ཚེ།། འདི་འདྲའི་ཉེས་པ་དུ་མ་དག། ཡུལ་རྣམས་སུ་ནི་འབྱུང་བར་འགྱུར།། དགོས་པ་གང་ཕྱིར་ལྷ་དབང་གིས།། རྒྱལ་པོ་བྱིན་གྱིས་བརླབས་པ་ཡི།། རྒྱལ་པོ་ཉིད་ནི་མི་བྱེད་ཅིང་། ། ཉེས་བྱེད་ཡལ་བར་འདོར་ན་ནི།། ལེགས་པར་བྱས་པས་སེམས་ཅན་རྣམས།། ལྷ་ཡི་གནས་སུ་ལྷར་ཡང་སྐྱེ།། ཉེས་པར་བྱས་པས་ཡི་དགས་དང་།། སེམས་ཅན་དམྱལ་དང་དུད་འགྲོར་སྐྱེ། ། གང་ཚེ་རྒྱལ་པོ་ཡུལ་རྣམས་ན།། ཉེས་བྱེད་ཡལ་བར་འདོར་བའི་ཚེ།། སུམ་ཅུ་རྩ་གསུམ་ལྷ་རྣམས་ནས།། ཉེས་པ་བྱས་པས་སྐུར་བར་འགྱུར།། རྒྱལ་པོ་ཉིད་ནི་མི་བྱེད་ན།། དེ་ནི་བུ་ཡང་མ་ཡིན་ལ།། ལྷ་ཡི་རྒྱལ་པོ་པ་རྣམས་ཀྱིས།། གནས་ལ་ཉེས་དང་བཅས་པར་འགྱུར།། གཡོ་ནི་ཤིན་ཏུ་མི་བཟད་པས།། གང་ཚེ་ཡུལ་འཁོར་འཇིག་འགྱུར་བ།། དེ་ཕྱིར་ལྷ་ཡི། དབང་པོ་ཡིས།། མི་གནས་རྒྱལ་པོ་བྱིན་གྱིས་བརླབས།། ཉེས་པ་བྱས་པ་ཞི་བའི་ཕྱིར།། ལེགས་པར་བྱེད་ལ་ཛད་པ་སྟེ།། ཚེ་འདི་ལ་ནི་སེམས་ཅན་ལ།། རྣམ་སྨིན་སྐྱེད་པ་རྒྱལ་པོ་ཡིན།། ལེགས་བྱས་དང་ནི་ཉེས་བྱས་ཀྱི།། ལས་ནི་རྣམ་པར་སྨིན་པའི་འབྲས།། རྣམ་པ་ཐ་དད་བསྟན་པའི་ཕྱིར།། བྱེད་པ་གང་ཡིན་རྒྱལ་པོར་བརྗོད།། བདག་གི་དོན་དང་གཞན་དོན་དང་།། ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། ། ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས།། ལྷ་རྣམས་དག་ཀྱང་རྗེས་ཡི་རང་།། ཕུལ་འཁོར་རྣམས་ན་སྐྱ་བོ་ནི།། སྡིག་ཅན་གཡོན་ཅན་གདུལ་བ་དང་།། ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། ། སྲོག་དང་རྒྱལ་སྲིད་རྣམས་ཀྱང་བ་དང་།། ཆོས་མ་ཡིན་པ་བཟོད་བྱེད་ཅིང་།། ཤེས་བཞིན་ཡལ་བར་འདོར་ན་ནི།། ཡུལ་ན་འཇིགས་པ་མི་བཟད་པ།། དེ་འདྲ་གཞན་ནི་ལོང་མ་ཡིན་ཇི་ལྟར་གཡོ་རྣམས་བྱུང་བ་ལ། ། གཡོ་བྱེད་ཆད་པས་མ་བཅད་ན།། ཡུལ་དུ་ཤིན་ཏུ་མི་བཟད་པའི།། གཡོ་རྣམས་ཕྱིར་ཞིང་འབྱུང་བར་འགྱུར།། གླང་ཆེན་རྣམས་ཀྱིས་རྫིང་ཆེན་བཞིན།། ཡུལ་འཁོར་དེ་ནི་རྣམ་པར་འཇིག། ལྷ་དབང་རྣམས་ཀྱང་ཁྲོ་བར་འགྱུར།། ལྷ་ཡི་གནས་ནི་རྣམ་པར་འཇིག། ཡུལ་དུ་དངོས་པོ་ཐམས་ཅད་ནི།། མ་རུངས་པར་ཡང་འགྱུར་བས་ན།། དེ་ཕྱིར་སྡིག་པ་བྱེད་བ་རྣམས། ། ཉེས་པའི་རིམ་བཞིན་གདུལ་བར་བྱ།། ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ།། ཆོས་མ་ཡིན་པ་སྤྱད་མི་བྱ།། སྲོག་ཀྱང་ཡོངས་སུ་གཏང་བྱ་ཞིང་།། ཉེ་མགོན་བྱ་བར་མི་བྱའོ།། སྐྱེ་བོ་གཉེན་དང་སྐྱེ་བོ་གཞན།། ཡུལ་འཁོར་སྐྱེ་བོ་ཐམས་ཅད་ལ།། རྒྱལ་པོས་ཕྱོགས་ཀྱང་གཅིག་བྱ་ཡི།། ཕྱོགས་སུ་ལྷུང་བར་གྱུར་ཏ་རེ།། རྒྱལ་པོ་ཆོས་དང་ལྡན་པ་ཡིས།། གྲགས་པ་འཇིག་རྟེན་གསུམ་གང་སྟེ། ། སུམ་ཅུ་རྩ་གསུམ་གནས་རྣམས་སུ།། ལྔ་ཡི་དབང་པོ་དགའ་འགྱུར་ཏེ།། འཛམ་བུའི་གླིང་ན་ངེད་ཀྱི་བུ།། འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན།། ཆོས་ཀྱིས་ཡུལ་འཁོར་དེར་བསྟན་ནས། ། ལེགས་པར་བྱེད་ལ་སྐྱེ་བོ་བཀོད།། རྒྱལ་པོ་དེ་ནི་ལེགས་བྱེད་པས།། སྐྱེ་བོ་དག་ནི་འདིར་འགྱེད་དེ།། ལྷ་དང་ལྷ་ཡི་བུ་རྣམས་ཀྱིས།། ལྷ་གནས་གང་བར་བྱེད་སྙམ་མོ། ། ཆོས་ཀྱིས་ཡུལ་འཁོར་དར་བསྟན་པས།། རྒྱལ་པོ་རྣམས་ནི་རབ་ཏུ་དགའ།། ལྷ་དབང་རབ་ཏུ་དང་གྱུར་པས།། མི་ཡི་རྒྱལ་པོ་དེ་ལ་སྲུང་།། ཉི་ཟླ་དང་ནི་དེ་བཞིན་དུ།། རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། ། རླུང་ཡང་དུས་སུ་ལྡང་འགྱུར་ཞིང་།། ཆར་པའང་དུས་སུ་འབབ་པར་འགྱུར།། ལྷ་གནས་རྣམས་དང་དེ་བཞིན་དུ།། ཡུལ་འཁོར་རྣམས་སུ་ལོ་ལེགས་བྱེད།། དེ་ལྟ་བས་ན་རྒྱལ་པོ་ཡིས། ། བདག་གི་ཁང་པའི་སྲོག་གཏང་གི། གང་གིས་འཇིག་རྟེན་བདེ་འགྱུར་ལ།། དཀོན་མཆོག་ཆོས་ནི་མི་གཏང་སྟེ།། ཡོན་ཏན་རྣམས་ཀྱིས་གང་བརྒྱན་པ།། ཆོས་དང་ལྡན་པ་བསྟན་པར་བྱ། ། རང་གི་སྐྱེ་བོས་རྟག་དགའ་བ།། རྟག་ཏུ་སྡིག་པ་རྣམ་པར་སྤངས།། ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ།། ཆོས་ཀྱང་ཡང་དག་བསྟན་པར་བྱ།། ལེགས་པར་བྱེད་ལ་སེམས་ཅན་དགོད། ། ཉེས་བྱེད་ལས་ནི་བཟློག་པར་བྱ།། གང་ཚེ་སྡིག་པ་བྱེད་པ་རྣམས།། ཚུལ་བཞིན་འདུལ་བར་བྱེད་པའི་ཚེ།། ཡུལ་འཁོར་དུ་ནི་ལོ་ལེགས་ཤིང་།། རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། ། རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང་།། སྐྱེ་དགུ་རྣམས་ཀྱང་བདེ་བར་སྐྱོང་།། གསེར་འོང་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ། ། །། གང་ཚ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར།། དེ་ཚེ་རྒྱ་མཚོར་བཅས་པའི་ས་རྣམས་པ་དང་།། གླིང་བཞི་རིན་ཆེན་གང་བར་བཅས་པ་ཡང་། ། སྔོན་གྱི་རྒྱལ་བ་དག་ལ་ངས་ཕུལ་ལོ།། ཆོས་ཀྱི་སྐུ་དེ་ཡོངས་སུ་བཙལ་བའི་ཕྱིར།། གང་སྔོན་ཡིད་དུ་འོང་ཞིང་འཕངས་པ་ཡི།། དངོས་པོ་དེ་དག་ངས་ནི་མ་བཏང་མེད།། བསྐལ་པ་དུ་མར་འཕངས་པའི་སྲོག་ཀྱང་བཏང་།། ཇི་ལྟར་སྔོན་གྱི་བསྐལ་པ་བསམ་ཡས་ན།། རིན་ཆེན་གཙུག་ཏོར་ཅན་གྱི་བདེ་བར་གཤེགས།། མྱ་ངན་འདས་པའི་བདེ་བར་གཤེགས་པ་དེའི།། བསྟན་ལ་ལེགས་བྱུང་ཞེས་བྱའི་རྒྱལ་པོ་བྱུང་།། དེ་ནི་གླིང་བཞི་དབང་བའི་འཁོར་ལོས་སྒྱུར།། རྒྱ་མཚོར་ཐུག་པའི་ས་ལ་རབ་ཏུ་སྟོན།། རྒྱལ་དབང་གསུངས་ཕྱིར་རྒྱལ་པོའི་ཕོ་ཟང་ན།། དེ་ཚེ་རྒྱལ་པོའི་དམ་པ་གཉིད་ཀྱིས་ལོག། རྨི་ལམ་དུ་ནི་སངས་རྒྱས་ཡོན་ཏན་ཐོས།། ཆོས་སྤུ་རིན་ཆེན་སོགས་པ་གཉིད་དཀྱིལ་ན།། རྣམ་པར་ལྷུང་ངེར་མདོ་སྡེའི་རྒྱལ་པོ་འིདི།། རབ་ཏུ་འཆད་ཅིང་འདུག་པ་མཐོང་བར་གྱུར། ། རྒྱལ་པོ་དེ་ནི་གཉིད་ཀྱིས་ལོག་ལས་སར།། དེ་ཡི་ལུས་ཀུན་དགའ་བས་ཁྱབ་པར་གྱུར། མགུ་ནས་རྒྱལ་པོའི་ཁབ་ནས་མངོན་བྱུང་སྟེ།། ཉན་ཐོས་དགེ་འདུན་མཆོག་གི་གནས་སུ་སོང་། ། རྒྱལ་བའི་ཉན་ཐོས་རྣམས་ལ་མཆོད་བྱེད་ཅིང་།། འཕགས་པའི་དགེ་འདུན་འདི་ན་རིན་ཆེན་སོགས།། ཡོན་ཏན་ལྡན་པའི་དགེ་འདུན་གང་ཡོད་ཅེས། ། ཆོས་སྨྲ་རིན་ཆེན་སོགས་པ་ཀུན་ཏུ་དྲིས།། དེ་ཡི་ཚེ་ན་རིན་ཆེན་སོགས་པ་ནི།། ཕུག་གཞན་ཞིག་གི་ནང་དུ་འདུག་གྱུར་ཏེ།། མདོ་སྡེའི་རྒྱལ་པོ་འདི་ནི་རྣམ་སེམས་ལ།། ཁ་ཏོན་བྱེད་ཅིང་བདེ་བར་རབ་ཏུ་འདུག། དགེ་སློང་ཆོས་སྨྲ་རིན་ཆེན་སོགས་པ་དེ།། ཕུན་སུམ་གཟི་བརྗིད་དཔལ་གྱིས་རབ་འབར་ཞིང་།། ཕུག་གཞན་ཞིག་གི་ནང་དུ་འདུག་གྱུར་པ།། དེ་ཡི་ཚེ་ན་རྒྱལ་པོ་དེ་ལ་བསྟན། ། འདི་ན་ཆོས་སྤུ་རིན་ཆེན་སོགས་པ་འདི།། རྒྱལ་པོའི་སྤྱོད་ཡུལ་ཟབ་མོ་འཛིན་པ་སྟེ།། གསེར་འོད་དམ་པ་ཞེས་ནི་བྱ་བ་ཡི།། མདོ་སྡེའི་དབང་པོའི་རྒྱལ་པོ་རྟག་ཏུ་སྟོན།། རིན་ཆེན་སོགས་པའི་རྐང་ལ་ཕྱག་འཚལ་ཏེ། ། རྒྱལ་པོ་ལེགས་པར་བྱུང་བས་འདི་སྐད་སྨྲས།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ།། ཟླ་བ་ཉ་བའི་ཞལ་འདྲ་བཤད་དུ་གསོལ།། རྒྱལ་པོ་ལེགས་པར་བྱུང་བ་དེ་ཉིད་ལ། ། རིན་ཆེན་སོགས་པས་ཁས་ནི་བླངས་པས་ནི།། སྟོང་གསུམ་པ་ཡི་འཇིག་རྟེན་ཐམས་ཅད་དྲི།། ལྷ་རྣམས་ཐམས་ཅད་རབ་ཏུ་དགའ་བར་གྱུར།། དེ་ཚེ་མི་ཡི་དབང་པོས་ཕྱོགས་ནི། གཙང་ཞིང་མཆོག་ཏུ་ཁྱད་པར་འཕགས་པ་དེར།། རིན་ཆེན་ཆུ་དང་སྤོས་ཆུས་ཆག་ཆག་བཏབ།། མེ་ཏོག་སིལ་མ་བཀྲམ་སྟེ་ཁྲི་བཤམས་ནས།། རྒྱལ་པོས་ཁྲི་དེ་གདུགས་དང་རྒྱལ་མཚན་དང་། དར་ཡུག་སྟོང་ཕྲག་དུ་མས་ལེགས་པར་བརྒྱན།། རྒྱལ་པོས་ཁྲི་དེར་ཙན་དན་དམ་པ་དག། རྣམ་པ་སྣ་ཚོགས་རྣམས་ཀྱང་མངོན་པར་གཏོར།། ལྷ་དང་ཀླུ་དང་ལྷ་མིན་མིའམ་ཅི།། གནོད་སྦྱིན་དབང་དང་མཁའ་ལྡིང་ལྟེ་འབྱེ་ཆེས། ། ལྷ་ཡི་མེ་ཏོག་མན་དར་བའི་ཆར།། ཁྲིད་ལ་ནི་མངོན་པར་རབ་ཏུ་ཕབ།། ཆོས་འདོད་ལྷ་ནི་བྱེ་བ་ཁྲག་ཁྲིག་སྟོང་།། བསམ་གྱིས་མི་ཁྱབ་གང་དག་ལྤགས་གྱུར་པ། ། རིན་ཆེན་སོགས་པ་མངོན་པར་བྱུང་བ་ན།། སཱ་ལའི་མེ་ཏོག་དག་གིས་མངོན་པར་འཐོར།། ཆོས་སྨྲ་རིན་ཆེན་སོགས་པ་དེ་ཉིད་ཀྱང་།། ཤིན་ཏུ་ལུས་བཀྲུས་གཙང་མའི་གོས་བགོས་ཏ། ཁྲི་དེར་ཉེ་བར་སོང་བར་བྱས་ནས་ནི།། ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་ཀྱང་འཚལ།། ལྷ་དབང་དང་ནི་ལྷ་དང་ལྷ་མོ་རྣམས།། བར་སྣང་འདུག་ནས་མེ་ཏོག་མན་ད་རའི།། ཆར་པ་འབེབས་ཤིང་སིལ་སྙན་བརྒྱ་སྟོང་ཕྲག། བསམ་གྱིས་མི་ཁྱབ་རབ་ཏུ་སྒྲོག་པར་བྱེད།། རིན་ཆེན་སོགས་པ་དགེ་སློང་ཆོས་སྨྲ་དེས།། ཕྱོགས་བཅུ་དག་གི་སངས་རྒྱས་བྱེ་བ་སྟོང་།། བསམ་གྱིས་མི་ཁྱབ་པ་དག་དྲན་བྱས་ནས། ། དེ་ནི་མངོན་པར་འཛེགས་ཏེ་འདུག་པར་གྱུར།། སེམས་ཅན་ཀུན་ལ་སྙིང་བརྩེ་བསྐྱེད་ནས་ནི།། སྙིང་རྗེས་སེམས་ཀྱང་ཡང་དག་བསྐྱེད་བྱས་ཏེ།། རྒྱལ་པོ་ལེགས་པར་བྱུང་བ་དེ་ལ་ནི། ། དེ་ཡི་ཚེ་ན་མདོ་སྡེ་འདི་བསྟན་ཏེ།། རྒྱལ་པོ་ཐལ་མོ་སྦྱར་བྱས་འདུག་ནས་སུ།། ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ།། ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་བྱུང་།། དེ་ཡི་ལུས་ནི་དགའ་བས་ཁྱབ་པར་གྱུར། ། མདོ་སྡེ་འདི་ལ་མཆོད་པ་བྱ་བའི་ཕྱིར།། དེ་ཚེ་རྒྱལ་པོ་ལེགས་པར་བྱུང་བ་ཡིས།། ཡིད་བཞིན་ནོར་བུ་རིན་ཆེན་རྒྱལ་པོ་བླངས།། སེམས་ཅན་རྣམས་ཕྱིར་སྨོན་ལམ་བཏབ་པ་ནི། ། རིན་ཆེན་བདུན་དང་ལྡན་པའི་རྒྱན་རྣམས་དང་།། གང་ཡང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས།། བདེ་བར་འགྱུར་བའི་ནོར་ནི་ཆེན་པོ་ཡི།། ཆར་པ་དེ་རིང་འཛམ་བུའི་གླིང་དུ་ཕོག། ། དེ་ཡི་ཚེ་ན་རིན་ཆེན་སྣ་བདུན་དང་།། དཔུང་རྒྱན་དང་ནི་དོ་ཤལ་རྣ་ཆ་མཆོག། དེ་བཞིན་ཟས་དང་སྐོམ་དང་གོས་རྣམས་ཀྱང་།། གླིང་བཞི་དག་ཏུ་རབ་ཏུ་བབ་པར་གྱུར།། རྒྱལ་པོ་ལེགས་པར་བྱུང་བས་འཛམ་གླིང་དུ། ། རིན་ཆེན་ཆར་པ་བབ་པ་དེ་མཐོང་ནས།། གླིང་བཞི་རིན་ཆེན་གང་བར་བཅས་པ་ནི།། རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་ལ་ཕུལ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པང་། རྒྱལ་པོ་ལེགས་པར་བྱུང་ཞེས་བྱ་བར་གྱུར།། གླིང་བཞི་དག་ནི་རིན་ཆེན་གང་བཅས་ཀྱི།། ས་འདི་དེ་ཚེ་ང་ཡིས་ཡོངས་སུ་བཏང་།། གང་གིས་རྒྱལ་པོ་ལེགས་པར་བྱུང་དེ་ལ།། དེ་ཚེ་མདོ་སྡེ་འདི་ནི་རབ་བསྟན་བ། ། རིན་ཆེན་ཆོས་སྨྲ་བ་ཡི་དགེ་སློང་དེ།། དེ་བཞིན་གཤེགས་པ་མི་འཁྲུགས་དེར་གྱུར་ཏོ།། ངས་ནི་གང་ཚེ་མདོ་སྡེ་འདི་ཐོས་ཤིང་།། ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ།། ང་ནི་དགེ་བའི་ལས་ནི་དེ་ཉིད་དང་། ། ཆོས་མཉན་པ་དང་རྗེས་སུ་ཡི་རང་དང་།། གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡི་མཚན།། བལྟ་ན་སྡུག་ཅིང་མིག་ཏུ་མདོག་མཛེས་ལ།། ལྷ་སྟོང་བྱེ་བ་རབ་ཏུ་དགའ་བྱེད་པ།། སྐྱེ་བོ་མཐོང་ན་དགའ་ལུས་རྟག་ཏུ་ཐོབ། ། བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲག། དགུ་བཅུ་རྩ་དགུར་འཁོར་ལོས་སྒྱུར་རྒྱལ་གྱུར།། བསྐལ་པ་བརྒྱ་སྟོང་དུ་མ་མང་པོར་ཡང་།། ངས་ནི་ཁམས་ཀྱི་རྒྱལ་པོར་མྱོང་བར་གྱུར། ། བསྐལ་པ་བསམ་གྱིས་མི་ཁྱབ་བརྒྱ་བྱིན་གྱུར།། ཚངས་པའི་དབང་པོ་ཡིད་བཞིན་དེ་བཞིན་ནོ།། གང་དག་ཚད་ནི་ནམ་ཡང་ཡོད་མིན་པའི།། སྟོབས་བཅུ་དཔག་མེད་ངས་ནི་མཉེས་པར་བྱས། ངས་གང་མདོ་ཐོས་རྗེས་སུ་ཡི་རང་བར།། བསོད་ནམས་ཕུང་པོ་དེ་ལྟར་ཚད་མེད་མང་།། བསམ་པ་ཇི་བཞིན་ངས་ནི་བྱང་ཆུབ་ཐོབ།། ཆོས་སྐུ་དམ་པ་ཡང་ནི་ངས་ཐོབ་བོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ། ལེགས་པར་བྱུང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །། དཔལ་ལྡན་ལྷ་མོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་ལ་ལ་ནི།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ།། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་ཆེན་པོ་ཤིན་ཏུ་རྒྱས་ཤིང་། རྒྱ་ཆེར་བསམ་གྱིས་མི་ཁྱབ་པ་བྱེད་པར་འདོད་ཅིང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱོད་ཡུལ་ཟབ་མོ་ཡོངས་སུ་ཤེས་པར་འདོད་པ་དེས་གཙུག་ལག་ཁང་ངམ། དགོན་པའི་ཕྱོགས་ཀྱང་རུང་སྟེ། གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱོགས་དེར། དེས་གདོན་མི་ཟ་བར་གཡེང་བ་མེད་པའི་སེམས་ཀྱིས་རྣ་བ་བླགས་ཏེ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་འཁོར་ལ་རྒྱ་ཆེར་བརྗོད་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། གང་ཞིག་སངས་རྒྱས་ཐམས་ཅད་ལ།། བསམ་ཡས་མཆོད་པ་བྱེད་འདོད་ཅིང་།། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ།། ཟབ་མོ་རབ་ཏུ་ཤེས་འདོད་པས།། གཙུག་ལག་ཁང་ངམ་གནས་ཁང་ངམ། ། གང་ན་གསེར་འོད་དམ་པ་ཡི།། མདོ་སྡེ་དམ་པ་འདི་སྟོན་པ།། ས་ཕྱོགས་དེར་ནི་འགྲོ་བར་བྱ།། མདོ་འདི་བསམ་གྱིས་མི་ཁྱབ་སྟེ།། ཡོན་ཏན་རྒྱ་མཚོ་མཐའ་ཡང་ཡས།། སྡུག་བསྔལ་རྒྱ་མཚོ་དུ་མ་ལས། ། སེམས་ཅན་ཐམས་ཅད་ཐར་པར་བྱེད།། མདོ་སྡེ་ཡི་ནི་ཐོག་མ་དང་།། དབུས་དང་དེ་བཞིན་ཐ་མ་མཐོང་།། མདོ་སྡེའི་དབང་པོ་རབ་ཟབ་སྟེ།། འདི་ལ་དཔེ་ནི་ཡོད་མ་ཡིན།། གངྒ་དང་ནི་ས་རྣམས་དང་།། རྒྱ་མཚོ་དང་ནི་ནམ་མཁའ་ལ།། གནས་པའི་རྡུལ་ནི་གང་ཡང་རུང་།། དཔེར་བྱ་བར་ནི་མི་ནུས་སོ།། ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས།། དེ་ཡི་ཚེ་ན་འཇུག་པར་བྱ།། ཆོས་ཀྱི་བདག་ཉིད་མཆོད་རྟེན་ནི།། ཟབ་མོ་རབ་བརྟན་གང་ཡིན་པ།། མཆོད་རྟེན་དེ་ཡི་དབུས་ན་ནི།། རྒྱལ་བ་ཤཱཀྱ་ཐུབ་པ་མཐོང་།། ཡིད་དུ་འོང་བའི་དབྱངས་ཀྱིས་སུ།། མདོ་སྡེ་འདི་ནི་རབ་ཏུ་སྟོན།། གྲངས་མེད་བསམ་གྱིས་མི་ཁྱབ་པའི།། བསྐལ་པ་བྱེ་བ་ཇི་སྙེད་པར།། ལྷ་ཡི་དང་ནི་མི་རྣམས་ཀྱི།། བདེ་བ་དག་ནི་རྗེས་སུ་མྱོང་།། གང་ཞིག་མདོ་སྡེ་འདི་ཉན་པ།། དེ་ལྟར་བདག་གི་བསོད་ནམས་ཀྱི།། ཕུང་པོ་བསམ་ཡས་སྒྲུབ་མཉམ་དུ།། དེ་ཚེ་དེས་ནི་དེ་ལྟར་ཤེས། ། མེས་གང་འོབས་ཀྱིས་བསྐོར་བ་ཡི།། དཔག་ཚད་བརྒྱ་དགའ་དའ་བྱེད་ཅིང་།། ཚེར་བ་དྲག་པོ་བཟོད་བྱས་ནས།། མདོ་སྡེ་ཉན་པར་གང་ནུས་པ།། གཙུག་ལག་ཁང་ངམ་གནས་ཁང་དུ། ། ཞུགས་ནས་དེ་མ་ཐག་ཏུ་ནི།། སྡིག་པ་རྣམས་ནི་མེད་པར་འགྱུར།། རྨིང་ན་མཚན་ཉིད་ཐམས་ཅད་དང་།། གཟའ་དང་རྒྱུ་སྐར་གནོད་པ་དང་།། བྱད་དང་གདོན་ནི་མི་བཟད་ཀྱང་།། ཞུགས་ནས་དེ་མ་ཐག་ཏུ་ནི།། ཐམས་ཅད་གཞན་དུ་ཕྱོགས་པར་འགྱུར།། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ནི།། རྨི་ལམ་བསྟན་པ་ཅི་འདྲ་བར།། དེར་ནི་པདྨ་འདྲ་བའི་ཁྲི།། དེ་ལྟ་བུར་ཡང་བཤམ་པར་བྱ། ། ཁྲི་དེ་ལ་ནི་འདུག་ནས་སུ།། མདོ་སྡེ་འདི་ནི་རབ་ཏུ་བསྟན།། ཡི་གེར་བྲིས་པ་བཀླགས་པར་བྱ།། དེ་བཞི་ཡོངས་སུ་ཆུད་པར་བྱ།། ཁྲི་དེ་ལས་ནི་བབས་ནས་སུ།། ཡུལ་གཞན་སོང་བར་གྱུར་ན་ཡང་། ། ཁྲི་དེ་ལ་ནི་ཡོད་པ་ཡི།། ཆོ་འཕྲུལ་རྣམས་ནི་སྣང་བར་འགྱུར།། ཆོས་སྨྲ་བ་ཡི་གཟུགས་སུ་ཡང་།། དེ་ན་རེས་འགའ་སྣང་བར་འགྱུར།། རེས་འགའ་སངས་རྒྱས་གཟུགས་སུ་སྟེ།། རེས་འགའ་བྱང་ཆུབ་སེམས་དཔའ་ཡང་།། རེས་འགའ་ཀུན་ཏུ་བཟང་པོ་དང་།། དེ་བཞིན་འཇམ་དཔལ་གཟུགས་སུ་སྟེ།། རེས་འགའ་བྱམས་པའི་གཟུགས་སུ་ཡང་།། ཁྲི་དེ་ལ་ནི་སྣང་བར་འགྱུར། རེས་འགའ་འོད་ནི་འབའ་ཞིག་སྣང་།། རེས་འགའ་ལྷ་རྣམས་སྣང་བར་འགྱུར།། ཡུད་ཙམ་ཞིག་ནི་དེར་སྣང་ནས།། དེ་ནས་མི་སྣང་བར་ཡང་འགྱུར།། སངས་རྒྱས་མཐོང་ན་བསྔགས་པར་འགྱུར།། ཐམས་ཅད་དུ་ཡང་གྲུབ་པར་བྱེད།། འབྲུ་དང་བཀྲ་ཤིས་ཕུན་སུམ་ཚོགས།། མཚན་མ་སངས་རྒྱས་སྤྲུལ་པ་ཡིན།། རྒྱལ་དང་དཔལ་དང་གྲགས་པར་བྱེད།། ཕྱིར་རྒོལ་བ་ཡང་ཟློག་པར་བྱེད། ། ཕ་རོལ་དགྲ་ཚོགས་རབ་ཏུ་འཇོམས།། གཡུལ་དུ་དགྲ་རྣམས་ཕུང་བར་བྱེད།། མྱ་ངན་ཐམས་ཅད་ཞི་བར་བྱེད།། སྡིག་པ་ཐམས་ཅད་རབ་ཞི་བྱེད།། གཡུལ་འགྱེད་པ་ན་རྒྱལ་བར་བྱེད། འཛམ་བུ་གླིང་འདི་ཐམས་ཅད་དུ།། གྲགས་པས་རབ་ཏུ་གང་བར་འགྱུར།། དེ་ཡི་དགྲ་རྣམས་ཐམས་ཅད་ནི།། ཤིན་ཏུ་ཕམ་པ་ཉིད་དུ་འགྱུར།། རྟག་ཏུ་དགྲ་ནི་ཆོམས་པར་འགྱུར།། སྡིག་པ་ཐམས་ཅད་རྣམ་པར་སྤངས།། གཡུལ་ངོའི་རྩེ་ལས་རྣམ་པར་རྒྱལ།། དགྲ་དང་བྲལ་ཞིང་མཆོག་ཏུ་དགའ།། ཚངས་དབང་སུམ་ཅུ་རྩ་གསུམ་དབང་།། དེ་བཞིན་འཛིན་རྟེན་སྐྱོང་རྣམས་དང་། ལག་ན་རྡོ་རྗེ་གནོད་སྦྱིན་དབང་།། རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས།། ཀླུ་ཡི་དབང་པོ་མ་དྲོས་དང་།། དེ་བཞིན་དུ་ནི་རྒྱ་མཚོ་དང་།། མི་འམ་ཅི་དབང་ལྷ་མིན་དབང་།། དེ་བཞིན་ནམ་མཁའ་ལྡིང་དབང་པོ། ། དེ་དག་ལ་ནི་སོགས་པ་དང་།། ལྷ་རྣམས་དེ་དག་ཐམས་ཅད་ཀྱང་།། ཆོས་ཀྱི་མཆོད་རྟེན་བསམ་ཡས་ལ།། རྟག་ཏུ་མཆོད་པ་བྱེད་པར་འགྱུར།། ཞེ་སར་བཅས་པའི་སེམས་ཅན་རྣམས། ། མཐོང་ནས་ཤིན་ཏུ་དགའ་བར་འགྱུར།། ལྷ་ཡི་དབང་པོ་མཆོག་དེ་དག། ཐམས་ཅད་འདི་སྙམ་སེམས་པར་འགྱུར།། ལྷ་རྣམས་དེ་དག་ཐམས་ཅད་ཀྱང་།། ཕན་ཚུན་དུ་ནི་སྨྲ་བྱེད་པ་བསོད་ནམས་དཔལ་དང་གཟི་བརྗིད་དག། བསགས་པ་དེ་དག་ཀུན་ལ་ལྟོས།། དགེ་བའི་རྩ་བ་སྦྱངས་པ་ཡི།། མི་རྣམས་དེ་དག་འདིར་ལྷགས་ཏེ།། གང་དག་མདོ་སྡེ་ཟབ་མོ་འདི།། ཉན་པའི་ཕྱིར་ནི་འདིར་ལྷགས་པ། ། དད་པ་བསམ་གྱིས་མི་ཁྱབ་པས།། ཆོས་ཀྱི་མཆོད་རྟེན་གུས་དང་བཅས།། དེ་དག་འཇིག་རྟེན་སྙིང་རྗེ་ལྡན།། དེ་དག་སེམས་ཅན་ཕན་བྱེད་ན།། དེ་དག་ཟབ་མོའི་ཆོས་རྣམས་ཀྱི། ། དམ་པ་ཆོས་ཀྱི་རོ་ཡི་སྣོད།། ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས།། དེ་དག་རབ་ཏུ་འཇུག་པ་ཡིན།། གང་དག་གསེར་འོད་དམ་པའི་མདོ།། དགེ་བ་དམ་པ་འདི་ཉན་པ།། དེ་དག་སྔོན་ཆད་སངས་རྒྱས་ནི། ། བརྒྱ་སྟོང་རྣམས་ལ་མཆོད་པ་ཡིན།། དགེ་བའི་རྩ་བ་དེ་ཡིས་ནི།། མདོ་འདི་ཉན་པ་དེ་དག་ལ།། ལྷ་དབང་རྒྱལ་པོ་དེ་ཀུན་དང་།། དབྱངས་ཅན་དང་ནི་དེ་བཞིན་དུ།། དཔལ་དང་རྣམ་ཐོས་བུ་དང་ནི།། དེ་བཞིན་རྒྱལ་པོ་བཞི་རྣམས་དང་།། གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག། སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས།། ཕྱོགས་བཞི་དག་ནི་ཀུན་ནས་ཀྱང་།། སྲུང་བ་ཤིན་ཏུ་བྱེད་པར་འགྱུར།། དབང་པོ་ཟླ་བ་གཤིན་རྗེ་དང་།། རླུང་དང་ཆུ་ལྷ་ཉིད་དང་ནི།། སྐེམ་བྱེད་འཇུག་སེལ་དབྱངས་ཅན་དང་།། སྦྱིན་སྲེག་ཟ་དང་སྐྱེ་དགུ་དང་།། སྟོབས་ཆེན་ཕ་རོལ་གནོན་བྱེད་པ། ། འཇིག་རྟེན་སྐྱོང་བ་དེ་ཀུན་ཀྱང་།། ཉིན་མཚན་གཡེལ་བ་མེད་པར་ནི།། དེ་དག་རྣམས་ལ་སྲུང་བར་བྱེད།། ནོར་སྦྱིན་གནོད་སྦྱིན་དབང་གཉིས་དང་།། སྲེད་མེད་བུ་དང་དབང་ཕྱག་ཆེ། ། ཡང་དག་ཤེས་ལ་སོགས་པ་དང་།། གཞན་ཡང་ཉི་ཤུ་རྩ་བརྒྱད་དང་།། གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག། སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས།། འཇིགས་ཤིང་སྐྲགས་པ་ཐམས་ཅད་ནི།། དེ་དག་ལ་ནི་སྲུང་བར་བྱེད།། ལག་ན་རྡོ་རྗེ་གནོད་སྦྱིན་དབང་།། གནོད་སྦྱིན་དོག་ནི་ལྔ་བརྒྱ་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་།། དེ་དག་ལ་ནི་སྲུང་བར་བྱེད། ། གནོད་སྦྱིན་དབང་པོ་ནོར་བུ་བཟང་།། དེ་བཞིན་གང་བ་བཟང་པོ་དང་།། ཇི་འཇིགས་དང་ནི་འབྲོག་གནས་དང་།། དམར་སེར་དང་ནི་སེར་སྐྱ་དང་།། གནོད་སྦྱིན་དབང་པོ་རེ་རེ་ཡང་། ། གནོད་སྦྱིན་ལྔ་བརྒྱ་དག་གིས་ནི།། གང་དག་མདོ་སྡེ་འདི་ཐོས་པ།། དེ་དག་རྣམས་ལ་སྲུང་བྱེད་འགྱུར།། དྲི་ཟ་སྣ་ཚོགས་སྡེ་དང་ནི།། རྒྱལ་བ་ཁྱུ་མཆོག་རྒྱལ་པོའི་རྒྱལ།། ནོར་བུའི་མགུལ་དང་ངེས་མགྲོན་དང་། ། དེ་བཞིན་ཆར་པའི་བདག་པོ་དང་།། ཁམ་པོ་ཆེ་དང་ནག་པོ་དང་།། དེ་བཞིན་གསེར་འདྲའི་སྐྲ་དང་ནི།། རྫས་ཆེན་དང་ནི་ར་རྐང་དང་།། དེ་བཞིན་སྐལ་བ་ཆེན་པོ་དང་། ། ཡུར་བ་ཅན་དང་ཆོས་སྐྱོང་དང་།། སྤྲེའུ་དེ་བཞིན་འཁྲི་བྱད་དང་།། ཁབ་ཀྱི་སྤུ་དང་ཉི་བཤེས་དང་།། དེ་བཞིན་རིན་ཆེན་སྐྲ་དང་ནི།། ཡུལ་ཆེན་ཅན་དང་ཁྱིམ་མེད་དང་།། འདོད་པའི་མཆོག་དང་ཙན་དན་དང་།། མཐུ་བོ་ཆེ་དང་གངས་ཅན་དང་།། བདེ་བའི་རི་ཉིད་དེ་བཞིན་ཏེ།། སྟོབས་ཆེན་ཕ་རོལ་གནོན་བྱེད་པ།། རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང་།། གང་དག་མདོ་སྡེ་འདི་དགའ་བ། ། དེ་དག་ལ་ནི་སྲུང་བར་བྱེད།། ཀླུ་ཡི་དབང་པོ་མ་དྲོས་དང་།། དེ་བཞིན་དུ་ནི་རྒྱ་མཚོ་དང་།། ཨེ་ལའི་འདབ་དང་བཏང་བཟུང་དང་།། དགའ་བོ་ཉེ་དགའ་གཉིས་ཀ་དང་། ཀླུ་ནི་བརྒྱ་ཕྲག་སྟོང་པོ་དག། སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱང་།། འཇིགས་ཤིང་སྐྲག་པ་ཐམས་ཅད་ལས།། དེ་དག་ལ་ནི་སྲུང་བར་བྱེད།། སྟོབས་ཅན་སྒྲ་གཅན་མི་གཏོང་དང་།། ཐགས་ཟངས་རིས་དང་བདེ་མཆོག་དང་།། རབ་སིམ་བྱེད་དང་ཕྲག་རྩུབ་དང་།། དེ་བཞིན་ལྷ་མིན་དབང་གཞན་དང་།། ལྷ་མིན་བརྒྱ་ཕྲག་སྟོང་པོ་དག། སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས།། ། འཇིགས་སྐྲག་བྱུང་བར་གྱུར་པ་ལས།། དེ་དག་ལ་ནི་སྲུང་བར་འགྱུར།། འབྱུང་པོའི་མ་མོ་འཕྲོག་མ་ནི།། ལྔ་བརྒྱའི་བུ་དང་བཅས་པ་ཡང་།། འདུག་དང་ཉལ་དང་ར་རོའི་ཚེ།། དེ་དག་ལ་ནི་སྲུང་བར་བྱེད། ། གདོལ་པ་མོ་དང་གཏུམ་མོ་དང་།། དེ་བཞིན་གནོད་སྦྱིན་གཏུམ་མོ་དང་།། མདུང་ཅན་དང་ནི་སོ་བརྩེགས་དང་།། སེམས་ཅན་ཀུན་གྱི་མདངས་འཕྲོག་མ།། སྟོབས་ཆེན་ཕ་རོལ་གནོན་བྱེད་པ། ། རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང་།། ཕྱོགས་བཞི་དག་ནི་ཀུན་ནས་སུ།། དེ་དག་རྣམས་ལ་སྲུང་བར་བྱེད།། དབྱངས་ཅན་དག་ལ་སོགས་པ་རྣམས།། ལྷ་མོ་བསམ་གྱིས་མི་ཁྱབ་དང་།། དཔལ་ལ་སོགས་པ་དེ་བཞིན་དུ།། ལྷ་མོ་དག་ནི་ཐམས་ཅད་དང་།། ས་ཡི་ལྷ་མོ་ཉིད་དང་ནི།། ལོ་ཏོག་འབྲས་བུ་ནགས་ལྷ་དང་།། ཀུན་དགའ་ཤིང་ལྗོན་མཆོད་རྟེན་ལ།། གནས་པ་དག་དང་རླུང་ལྷ་དང་། ། ལྷ་རྣམས་དེ་དག་ཐམས་ཅད་འདིར།། རབ་ཏུ་དགའ་བའི་སེམས་ཀྱིས་ནི།། གང་དག་མདོ་སྡེ་འདི་དགའ་བ།། དེ་དག་རྣམས་ལ་སྲུང་བར་བྱེད།། ཚེ་དང་མདོག་དང་སྟོབས་རྣམས་ལ། ། སེམས་ཅན་དག་ནི་སྦྱོར་བར་བྱེད།། དཔལ་དང་བསོད་ནམས་གཟི་བརྗིད་ཀྱིས།། ཕུན་སུམ་ཚོགས་པས་རྟག་ཏུ་བརྒྱན།། གཟའ་དང་རྒྱུ་སྐར་གནོད་པ་དག། དེ་དག་ཐམས་ཅད་ཞི་བར་བྱེད། ། རྒུང་དང་སྡིག་དང་མྱ་ངན་པ།། དེ་དག་ཐམས་ཅད་ཞི་བར་བྱེད།། ཟབ་ཅིང་སྟོབས་ཆེན་ལྡན་པ་ཡི།། ས་ཡི་ལྷ་མོ་ཉིད་ཀྱང་ནི།། གསེར་གྱི་འོད་ཀྱི་དམ་པ་ཡི།། མདོ་སྡེའི་དབང་པོའི་རོ་ཡིས་ཚོམ། ། དཔག་ཚད་དག་ནི་བརྒྱ་ཡི་ཕྲག། སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ནས།། རྡོ་རྗེ་གནས་ལ་ཐུག་པར་དུ།། ས་ཡི་བཅུད་ནི་རབ་ཏུ་འཕེལ།། དཔག་ཚད་བརྒྱར་ནི་ཚང་བ་ཡི།། འོག་ཏུ་ས་ཡི་བཅུད་སོང་སྟེ།། དེ་ནི་ཕྱིར་ཡང་ལོག་ནས་ནི།། ས་ཡི་སྟེང་དག་སྣུམ་པར་བྱེད།། མདོ་འདི་མཉན་པའི་སྟོབས་ཀྱིས་ནི།། ལྷ་རྣམས་དེ་དག་ཐམས་ཅད་ཀྱང་།། གསེར་གྱི་འོད་ནི་དམ་པ་ཡི། ། མདོ་སྡེའི་དབང་པོའི་རོས་ཚིམ་འགྱུར།། མདང་ས་དང་ལྡན་པར་རབ་འགྱུར་ཞིང་།། དེ་བཞིན་རབ་ཏུ་སྟོབས་ལྡན་འགྱུར།། བདེ་བར་འགྱུར་ཞིང་ཚིམ་པར་འགྱུར།། འཛམ་བུའི་གླིང་འདི་ཐམས་ཅད་ན། ། འབྲས་བུ་ལོ་ཏོག་ནགས་ལྷ་རྣམས།། སྣ་ཚོགས་རོ་ཡིས་ཚིམ་འགྱུར་ཞིང་།། ཤིན་ཏུ་རབ་ཏུ་དགའ་བར་འགྱུར།། མདོ་འདིའི་རོ་ཡིས་ཚིམ་གྱུར་ནས།། འབྲས་བུ་རྣམས་དང་ལོ་ཏོག་དང་། མེ་ཏོག་རྣམ་པ་སྣ་ཚོགས་དང་།། འབྲས་བུའི་ཤིང་ལྗོན་སྣ་ཚོགས་ཀྱང་།། ཀུན་ནས་རབ་ཏུ་སྐྱེ་བར་བྱེད།། འབྲས་བུའི་ཤིང་ལྗོན་ཐམས་ཅད་དང་།། ཀུན་དགའ་དག་དང་ནགས་ཚལ་རྣམས།། མེ་ཏོག་རབ་ཏུ་ཆགས་བྱེད་ཅིང་། ། སྣ་ཚོགས་དྲི་ནི་རབ་ཏུ་འབྱིན།། མེ་ཏོག་རྣམ་པ་སྣ་ཚོགས་དང་།། འབྲས་བུ་སྣ་ཚོགས་ལྡན་པ་ཡི།། རྩཝ་དང་ནགས་ཚལ་ཐམས་ཅད་དག། ས་ཡི་སྟེང་ན་སྐྱེ་བར་བྱེད་འཛམ་བུའི་གླིང་འདི་ཐམས་ཅད་ན། ། ཀླུ་ཡི་བུ་མོ་བསམ་མི་ཁྱབ།། རབ་ཏུ་དགའ་བའི་སེམས་གྱུར་ནས།། རྫིང་བུའི་དྲུང་དུ་ཉེར་སོང་སྟེ།། རྫིང་བུ་རྣམས་ནི་ཐམས་ཅད་དུ།། ཀུ་མུད་དང་པདྨ་དང་། ཨུཏྤལ་དང་དེ་བཞིན་དུ།། པདྨ་དཀར་པོ་སྣ་ཚོགས་སྐྱེས།། ནམ་མཁའ་ལ་ནི་དུ་བ་དང་།། སྤྲིན་གྱི་དྲ་བ་མེད་ཅིང་དག། མུན་པ་དང་ནི་རྡུལ་མེད་ཅིང་།། ཕྱོགས་རྣམས་རབ་ཏུ་འོད་གསལ་ལོ། ། ཉི་མ་འོད་ཟེར་སྟོང་ལྡན་ཡང་།། འོད་ཟེར་དྲ་བས་འོད་ཀྱང་མཛེས།། སྣང་བ་དག་ནི་ཟབ་མོ་ཡིས།། རབ་ཏུ་དགའ་བར་འཆར་བར་འགྱུར།། དབང་པོ་ཉི་མ་ལྷ་ཡི་བུ།། འཛམ་བུའི་གླིང་གི་གསེར་གྱི་ནི།། གཞལ་མེད་ཁང་ན་འདུག་པ་ཡང་།། མདོ་སྡེ་འདིས་ནི་རབ་ཏུ་ཚིམ།། དབང་པོ་ཉི་མ་རབ་དགའ་ནས།། འཛམ་བུའི་གླིང་དུ་འཆར་བྱེད་ཅིང་།། འོད་ཟེར་མཐའ་ཡས་དྲ་བ་ཡིས། ། ཀུན་ནས་རབ་ཏུ་སྣང་བར་བྱེད།། དེ་ནི་ཤར་བ་ཙམ་གྱིས་ཀྱང་།། འོད་ཟེར་དྲ་བ་རབ་གཏོང་ཞིང་།། རྫིང་བུ་སྣ་ཚོགས་ལེབས་པ་ཡི།། པདྨ་དག་ནི་ཁ་ཡང་འབྱེད། འཛམ་བུའི་གླིང་འདི་ཐམས་ཅད་དུ།། མེ་ཏོག་འབྲས་བུ་སྨན་སྣ་ཚོགས།། ཡང་དག་ཡོངས་སུ་སྨིན་བྱེད་ཅིང་།། ས་རྣམས་ཐམས་ཅད་ཚིམ་པར་བྱེད།། ཟླ་བ་དང་ནི་མ་ཡང་། ། དེ་ཚེ་ཁྱད་འཕགས་སྣང་བར་འགྱུར།། རྒྱུ་སྐར་ཡང་དག་འབྱུང་འགྱུར་ཞིང་།། རླུང་ཡང་དེ་བཞིན་ལྡང་བར་འགྱུར།། འཛམ་བུའི་གླིང་ནི་ཐམས་ཅད་དུ།། ཀུན་ཏུ་ལོ་ཡང་ལེགས་གྱུར་ཏེ། ། གང་ན་མདོ་སྡེ་འདི་ཡོད་པ།། ཡུལ་འཁོར་དེ་ནི་ཁྱད་པར་འཕགས།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གནོད་སྦྱིན་གྱི་གནས་ཞེས་བྱ་བ་ཀུན་ཏུ་བསྲུང་བའི་ལེའུ་སྟེ་བཅུ་བཞི་པའོ། ། །། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྔའི་བུ་སྟོང་ཕྲག་བཅུ་པོ་དག་རྒྱུ་གང་དང་། རྐྱེན་གང་དང་། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་དང་། གང་བགྱིས་ཤིང་བསགས་པས་སྐྱེས་བུ་དམ་པ་གསུམ་པོ་འདི་དག་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས། ། ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ཆོས་མཉན་པའི་སླད་དུ་མཆིས་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྐྱེས་བུ་དམ་པ་འདི་མ་འོངས་པའི་དུས་ན་བསྐལ་པ་བགྲངས་པ་ལས་འདས་པ། གྲངས་མ་མཆིས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་དུ་སྣང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་། ། ཅི་ཙམ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་སྟེ། དེའི་བསྟན་པ་ཡོངས་ཡེ་ཐམས་ཅད་དུ་ནུབ་པར་གྱུར། པ་ན་ཁྱེའུ་དངུལ་གྱི་ཏོག་འདི་དེ་བཞིན་གཤེགས་པ་དེའི་མཚམས་སྦྱོར་ཞིང་། འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་རྒྱལ་མཚན་དེ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསར་གྱི་རྒྱལ་མཚན་གྱི་འོད་ཅེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་། ། ཇི་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་བསྟན་པ་ཡོངས་ཡེ་ཐམས་ཅད་དུ་ནུབ་པའི་བར་དུ་གྱུར་པ་ན། ཁྱེའུ་དངུལ་གྱི་འོད་འདི་དེ་བཞིན་གཤེགས་བ་དེའི་མཚམས་སྦྱོར་ཞིང་། འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་མཚན་དེ་ཉིད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེདེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ། སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གསེར་བརྒྱའི་འོད་གསེར་དུ་སྣང་བའི་སྙིང་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་ཞེས་དེ་དག་ཐམས་ཅད། བཅོམ་ལྡན་འདས་ཀྱིས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། ། བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པའི་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་ནི་དེ་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེར་ཡང་མ་གྱུར། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤད་སྐད་ཀྱང་མི་གདའ། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་དམ་པ་མགོ་དང་། བུ་དང་། ཆུང་མ་དང་། བུ་མོ་འཕངས་པ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རིན་པོ་ཆེ་རྣམས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཀུན་དགའ་ར་བ་དང་། རྫིང་བུ་དང་ལྟེང་ཀ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། གླང་པོ་ཆེ་དང་། བ་གླང་དང་། རྟ་པོ་རྒོད་དང་། བྲན་པོ་དང་། ཟན་མོ་སྣ་ཚོགས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་ཕྲག་དུ་མ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། དེ་བཞིན་གཤེགས་པའི་མིང་དུ་ལུང་མ་ཐོབ་ཀྱི་བར་དུ་སྔོན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་དུ་མ་ནས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པ་དུ་མ་དག་ལ་མཆོད་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཕྲག་དུ་མ་དང་། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བགྱིད། ཡོངས་སུ་གཏང་བར་བགྱི་བའི་དངོས་པོ་ཐམས་ཅད་ཀྱང་ཡོངས་སུ་གཏོང་ལ། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་དམ་པ་མགོ་དང་། བུ་དང་། ཆུང་མ་དང་། བུ་མོ་འཕངས་པ་ཡོངས་སུ་གཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་གཏོང་། ནོར་དང་། འབྲུ་དང་། འགྲོན་བུ་དང་གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྻ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། དངུལ་དང་། ས་ལེ་སྦྲམ་ཡོངས་སུ་གཏང་བར་བགྱི་བ་རྣམས་ཡོངས་སུ་གཏོང་། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་དང་། རྫིང་བུ་དང་། ལྟེང་ཀ་དང་། གླང་པོ་ཆེ་དང་། བ་གླང་དང་། རྟ་ཕོ་རྒོད་དང་། བྲན་པོ་དང་། བྲན་མོ་ཡོངས་སུ་གཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་གཏོང་ཞིང་། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་རྫོགས་ནས་བདེ་བ་བརྒྱ་སྟོང་ཕྲག་མང་པོའང་མྱོང་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དང་། རྐྱེན་གང་དང་། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་ཞིག་གིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་བཅོམ་ལྡན་འདས་ལ་ཆོས་ཉན་པའི་སླད་དུ་མཆིས་པ་འདི་དག། བཅོམ་ལྡན་འདས་ཀྱིས་འདི་ལྟར་མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དུ་མ་ན།། འཇིག་རྟེན་གྱི་ཁམས་སཱ་ལའི་དབང་པོ་མཐོན་པའི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་དེ་ཉིད་དུ་རིགས་དང་རུས་གཅིག་པ་དང་། མིང་གཅིག་ཏུ་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རབ་ཏུ་དང་བའི་ཞལ་ཨུཏྤ་ལའི་དྲི་བརྩེགས་པ་ཞེས་བྱ་བ་སངས་རྒྱས་སྟོང་ཕྲག་བཅུ་འཇིག་རྟེན་དུ་འབྱུང་སྟེ། མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་ཞེས། དེ་ལྟར་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་གང་བྱས་ཤིང་བསགས་པས་ཆོས་མཉན་པའི་ཕྱིར། ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས་འདིར་ལྷགས་པ་དེའི་དགེ་བའི་རྩ་བ་སྦྱངས་པ་ཡོད། དེའི་རྒྱུ་ཡོད། དེའི་བྱེད་པ་ཡོད་དེ། རིགས་ཀྱི་ལྷ་མོ་སྐྱེས་བུ་དམ་པ་འདི་གསུམ་གྱིས་བྱང་ཆུབ་ཏུ་ལུང་བསྟན་པ་འདི་ཐོས་ནས། ཐོས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་ཤིན་ཏུ་རི་མོ་བྱེད་ཅིང་དགའ་བ་དང་དང་བ་ཐོབ་པར་གྱུར་ཏོ། ། དེ་ཙམ་དུ་བཻ་ཌཱུཪྻ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་སེམས་དང་ལྡན་པར་གྱུར་ཏོ།། དྲི་མ་མེད་པ་ཤིན་ཏུ་རྒྱ་ཆེ་ཞིང་རྒྱས་པའི་ནམ་མཁའ་ལྟར་ཟབ་པ་སེམས་རབ་ཏུ་དང་བ་དང་ལྡན་པར་གྱུར་ཏོ། ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་དང་ལྡན་པར་གྱུར་ཏོ།། རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་དེ་ཙམ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་མ་ཐག་ཏུ། ལྷག་པར་རི་མོར་བྱེད་པ་དང་རབ་ཏུ་དང་བ་ཐོབ་པར་གྱུར་ཏོ། ། དེ་ཙམ་དུ་བཻ་ཌཱུཪྻ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་སེམས་དང་ལྡན་པར་གྱུར་ཏེ། དེའི་ཕྱིར་ལུང་བསྟན་པའི་ས་རྗེས་སུ་ཐོབ་བོ།། རིགས་ཀྱི་ལྷ་མོ་ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པའི་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ས་རྗེས་སུ་ཐོབ་བོ། ། རིགས་ཀྱི་ལྷ་མོ་སྔོན་གྱི་སྨོན་ལམ་དེ་དག་གང་ཞེ་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷའི་བུ་སྟོང་ཕྲག་བཅུ་ལུང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་གྲངས་མེད་པ། རྒྱས་པ། བསམ་གྱིས་མི་ཁྱབ་པ། ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་ནུབ་པར་གྱུར་ཏེ། དམ་པའི་ཆོས་ལྟར་བཅོས་པར་གྱུར་པ་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ་ཆོས་ཅན། ཆོས་ཀྱི་རྒྱལ་པོ། ཆོས་ཀྱིས་རྒྱལ་སྲིད་སྐྱོང་གི། ཆོས་མ་ཡིན་པས་ནི་མ་ཡིན་ཏེ། ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱི་ཕ་མ་ལྟ་བུར་གྱུར་པ་ཞིག་བྱུང་ངོ་།། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྔའི་དབང་ཕྱུག་འོད་ཀྱི་ཡུལ་དུ་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་སྨན་པ་གསོ་བར་བྱེད་པ། ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ།། ཀྱེ་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་དེའི་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བྱ་བ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། བསྟན་བཅོས་སྣ་ཚོགས་ལ་མཁས་པ། བསྟན་བཅོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། ཡི་གེ་དང་། གྲངས་དང་། ལག་རྩིས་དང་། རྩིས་རྣམས་ཤིན་ཏུ་བསླབས་པར་གྱུར་པ་ཞིག་བྱུང་ངོ་།། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་དེའི་ཡུལ་དེ་ན། སེམས་ཅན་བརྒྱ་སྟོང་ཕྲག་དུ་མནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ཅིང་། ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏོ།། སྡུག་བསྔལ་མི་བཟད་པ། རྩུབ་པ། དྲག་པ། ཡིད་དུ་མི་འོང་བའི་ཚེར་བ་རྣམས་མྱོང་བར་གྱུར་ཏོ།། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས་དེ་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུམ་དེ་དག་གི་དོན་གྱི་ཕྱིར། སྙིང་རྗེ་ཆེན་པོའི་སེམས་སྐྱེས་པར་གྱུར་ཏོ།། སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནི་ནད་སྣ་ཚོགས་ཀྱིས་བཏབ་ཅིང་། ནད་སྣ་ཚོགས་ཀྱིས་གཟིར་ཏེ། དེ་ལྟར་སྡུག་བསྔལ་མི་བཟད་པ། རྩུབ་པ། དྲག་པ། ཡིད་དུ་མི་འོང་བའི་ཚེར་བ་རྣམས་མྱོང་ལ། བདག་གི་པ་ཚེང་དཔོན་རལ་བ་འཛིན་སྨན་པ་གསོ་བར་བྱེད་པ། ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་འདི་ནི་རྒས། འཁོགས། གཏུགས། ལམ་དུ་ཞུགས། ན་ཚེད་རྗེས་སུ་ཐོབ་པ། ། འཁར་བ་ལ་རྟེན་ཅིང་འདར་ཅིང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་མི་ནུས་ན། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་པར་བྱ་བའི་ཕྱིར། བདག་ཉིད་བདག་གི་ཕ་རལ་པ་འཛིན་གྱི་གན་དུ་སོང་ལ་ནད་ཀྱི་ཕྱིར་ཁམས་ལ་མཁས་པར་བྱ་བ་ཡོངས་སུ་དྲིས་ཏེ། ཁམས་ལ་མཁས་པར་བྱ་བ་དྲིས་པ་དེས་བདག་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། འཁོར་རྣམས་སུ་འགྲོ་བར་བྱའོ།། སོང་ནས་ཀྱང་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མངག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་པར་བྱའོ་སྙམ་ནས། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས་རང་གི་ཕ་རལ་པ་འཛིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རང་གི་ཕ་རལ་པ་འཛིན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚ་ཏེཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཀྱང་། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་རང་གི་ཕ་ཚོང་དཔོན་རལ་པ་འཛིན་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་དྲིས་པ། ཇི་ལྟར་དབང་པོ་འཇིག་འགྱུར་ཞིང་།། ཁམས་ཀྱི་རྣམས་ཀྱང་ཡོངས་སུ་འགྱུར།། གང་གི་དུས་ན་ལུས་ཅན་ལ།། ནད་ཀྱི་རྣམས་ནི་འབྱུང་བར་འགྱུར།། དུས་དང་དུས་མིན་ཟས་ཟོས་པ། ། ཇི་ལྟ་བར་ན་བདེ་བར་འགྱུར།། གང་གི་ལུས་ཀྱི་ནང་དུ་ནི།། ལུས་ཀྱི་མི་ལ་གནོད་མི་འགྱུར།། རླུང་ལས་གྱུར་དང་མཁྲིས་གྱུར་དང་།། འདུས་པ་ལས་གྱུར་པད་ཀན་གྱུར། རྔ་ནད་རྣམས་ཞི་བར་བགྱི་སླད་དུ།། ཇི་ལྟ་བུར་ནི་གསོ་བར་བགྱི།། གང་གིས་མི་ལ་གནོད་འགྱུར་བའི།། རླུང་ནི་གང་གི་དུས་ན་གཡོ།། མཁྲིས་པ་གང་གི་དུས་ན་གཡོ།། བད་ཀན་གང་གི་དུས་ན་གཡོ། ། དེ་ནས་ཚོང་དཔོན་རལ་པ་འཛིན་གྱིས། ཚོང་དཔོན་གྱི་བུ་ཆུ་འབེབས་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་རྣམ་པ་བསྟན་ཏོ།། ཟླ་གསུམ་དབྱར་ཏེ། ཟླ་གསུམ་སྟོན་དུ་ཤེས།། གསུམ་ནི་དགུ་ཏེ་གསུམ་ནི་དཔྱིད་ཡིན་ནོ།། དེ་ལྟར་ཟླ་བ་གོ་རིམས་འདི་སྟེ་དུས་ནི་དྲུག། ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད།། གསུམ་གསུམ་དུ་ནི་ཚོགས་རྣམས་བསྡུས་པར་ཤེས། ། ཟླ་བ་གཉིས་གཉིས་ཤིང་ནི་དུས་སུ་བསྟན།། ཟས་དང་སྐོམ་ནི་དེ་ལྟར་འཇུག་པར་འགྱུར།། སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན།། དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་། ། ལོ་གཅིག་ནང་གི་ཚིགས་ཚིགས་ཡོངས་སུ་འགྱུར།། དབང་པོ་དང་ནི་ཡོངས་སུ་འགྱུར་བ་ན།། ལུས་ཅན་རྣམས་ལ་སྣ་ཚོགས་ནད་རྣམས་འབྱུང་།། དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། ། ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི།། ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ།། ཟས་སྐོམ་སྨན་རྣམས་གོ་རིམས་ཇི་བཞིན་ཏེ།། རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང་། ། སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ།། དགུན་གྱི་དུས་ན་དེ་བཞིན་འདུས་པ་སྟེ།། བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་།། དབྱར་ནི་སྣམ་དྲོ་ལ་ན་ཚྭ་སྐྱུར་བའི་རོ།། སྟོན་ནི་དངར་དང་སྣུམ་དང་བསིལ་བག་གོ། ། དགུན་ནི་དང་ར་དང་སྐྱུར་དང་སྣུམ་པ་སྟེ།། དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོ།། བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་།། མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང་།། རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་། ། ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ།། རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ།། བཀྲུ་སྨན་གྱིས་ནི་མབྲིས་པ་བསལ་བར་བྱ།། འདུས་པ་ལ་ནི་གསུམ་དང་མཐུན་ལྡན་པ། ། བང་ཀན་ཚིགས་སུ་བབ་ན་སྐྱུགས་སྨན་གདང་།། རླུང་ཤས་ཚེ་དང་མཁྲིས་དང་འདུས་པ་དང་།། བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ།། དུས་གང་ཁམས་དང་ལུས་ནི་གང་ཡིན་པ། ། དེ་ཡི་སྨན་དང་བཟའ་བཏུང་བསྟེན་པར་བྱ།། དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཁམས་ལ་མཁས་པར་བྱ་བ་འདི་ལྟ་བུ་དེ་ཙམ་ཞིག་ཡོངས་སུ་དྲིས་པ་དེས་ཚེའི་རིགས་བྱེད་ཀྱི་ཡན་ལག་བརྒྱད་པོ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚེང་དཔོན་གྱི་བུ་ཆུ་འབེབས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་ཐམས་ཅད་དུ་སོང་ནས། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ལ་ཁོ་བོ་ནི་སྨན་པའོ་ཞེས་བདག་ཉིད་ཀྱིས་ཁས་འཆེས་ཏེ། ཁོ་བོས་ཁྱེད་རྣམས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་པར་བྱའོ་ཞེས་དབུགས་ཕྱུང་ངོ་།། རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་འདི་ལྟ་བུའི་ཚིག་བརྗོད་པ་དེ་ཐོས་མ་ཐག་ཏུ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་རབ་ཏུ་དགའ་བ་ཆེན་པོར་སྐྱེས་པར་གྱུར་ཏོ། ། དབུགས་ཕྱིན་པ་རྙེད་ནས་ཀྱང་དགའ་བ་དང་། བདེ་བ་དང་།། ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་ཏེ་ནད་མེད་པར་གྱུར་ཏོ། ། ནད་མེད་པར་གྱུར་ནས་སྔ་མ་ཁོ་བཞིན་དུ་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ།། དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གི་ནང་ནས་གང་སུ་དག་ནད་དྲག་པོས་བཏབ་པ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་གལ་བདེར་དོང་ནས་ཕྱིན་པ་དང་། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་སྨན་དཔྱད་གང་ཅི་བསྟན་པ་དེས།། སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་སོ།། ནད་མེད་པ་དང་ནད་ཉུང་བར་གྱུར་ནས་ཀྱང་སྔ་མ་ཁོ་བཞིན་དུ་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ན། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་པར་བྱས་པར་གྱུར་ཏོ། ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ནད་རབ་ཏུ་ཞི་བར་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །། བམ་པོ་ལྔ་པ་སྟེ་ཐ་མའོ།། ། ། རིགས་ཀྱི་ལྷ་མོ་གཞན་ཡང་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་མེད་པར་བྱས་པས། ན་བ་ཉུང་ཞིང་སྔ་མཁོ་བཞིན་དུ་སྤྲོ་བ་དང་སྟོབས་དང་ལྡན་པའི་ལུས་སུ་གྱུར་ཏོ། ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན། སེམས་ཅན་ཐམས་ཅད་དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དོ།། སྦྱིན་པ་དག་ཀྱང་སྦྱིན། བསོད་ནམས་དག་ཀྱང་བྱེད་དེ། ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ལའང་ཚོང་དཔོན་གྱི་བུ་ཆུ་འབེབས་རྒྱལ་བར་གྱུར་ཅིག། རྒྱལ་བར་གྱུར་ཅིག། སྨན་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བ་མངོན་སུམ་དུ་བྱང་ཆུབ་སེམས་དཔར་ངེས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་པ་ཐམས་ཅད་རྟོགས་པ་ཞེས་མངོན་པར་འདུ་བྱེད་དོ།། རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཆུ་འབེབས་དེ་ལ། ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བ་ཞིག་ཡོད་དེ།། རིགས་ཀྱི་ལྷ་མོ་ཆུའི་པདྨའི་སྙིང་པོ་དེ་ལ་ཁྱེའུ་གཉིས་ཡོད་དེ། གཅིག་གི་མིང་ནི་ཆུའི་གོས་ཞེས་བྱ། གཅིག་གི་མིང་ནི་ཆུའི་སྙིང་པོ་ཞེས་བྱའོ།། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཁྱེའུ་དེ་གཉིས་དང་ལྷན་ཅིག་ཏུ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོའོ།། རིགས་ཀྱི་ལྷ་མོ་དེ་ནས་དུས་གཞན་ཞིག་ན་ཚོང་དཔོན་གྱི་བུ་ཆུ་འབེབས་འབྲོག་དགོན་པ་ཞིག་ཏུ་ཕྱིན་ཏོ། ། དེ་ནས་འབྲོག་དགོན་པ་དེར་ཤ་ཟ་བའི་ཁྱི་དང་། སྤུང་ཀི་དང་། ཝ་དང་། ཁཱ་དང་། བྱ་དག་གང་ན་དགོན་པ་ན་ཡོད་པ་དེར་རྒྱུག་པ་མཐོང་ནས་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཤ་ཟ་བའི་ཁྱི་དང་སྤྱང་ཀི་ནས། ཝའི་བར་འདི་དག་ཕྱོགས་འདིར་རྒྱུག་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ་། བདག་ཁྱི་དང་། སྤྱང་ཀི་དང་། ཝ་དང་། བྱ་རྣམས་ཕྱོགས་གང་དང་གང་དུ་རྒྱུག་པའི་ཕྱོགས་དེར་འགྲོ་བར་བྱའོ་སྙམ་མོ།། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་མཐར་གྱིས་རྒྱུ་ཞིང་སོང་སྟེ། དགོན་པ་ན་རྫི་ཞིག་ཡོད་པ་དེར་ག་ལ་བ་དེར་ཕྱིན་ཏོ།། རྫིང་ཆེན་པོ་དེ་ན་ཉ་ཁྲི་ཞིག་གནས་ཏེ། དེས་དེར་ཉ་ཁྲི་ཕྲག་མང་པོ་ཞིག་ཆུ་དང་བྲལ་བ་མཐོང་ནས། དེ་དེ་ལ་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པ་དང་། དེ་ན་ལྷ་མོ་ཞིག་ཤིང་ལས་ལུས་ཕྱེད་ཙམ་ཕྱུང་བ་ཞིག་མཐོང་སྟེ། ལྷ་མོ་དེས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ལེགས་ལེགས་སོ།། གང་གི་ཕྱིར་ཆུ་འབེབས་ཞེས་བྱ་བ་ཁྱོད་ཀྱིས་ཉ་འདི་རྣམས་ལ་ཆུ་བྱིན་ཅིག། རྣམ་པ་གཉིས་ཀྱི་ཕྱིར་ཆུ་འབེབས་ཞེས་བྱ་སྟེ། གང་ཆུ་འབེབས་པ་དང་། གང་ཆུ་སྦྱིན་པའོ།། དེ་བས་ན་རང་གི་མིང་དང་མཐུན་པའི་བྱ་བ་བྱོས་ཤིག། ཆུ་འབེབས་ཀྱིས་སླར་སྨྲས་པ། ལྷ་མོ་ཉ་འདི་དག་ལ་ཇི་སྐད་ཅིག་མཆིས། ལྷ་མོས་སྨྲས་པ། ཉ་ཁྲི་ཐམ་པའོ།། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་མཆོག་ཏུ་སྙིང་རྗེ་བའི་སེམས་སྐྱེས་སོ། ། རིགས་ཀྱི་ལྷ་མོ་དེའི་ཚེ་དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ན་ཆུ་ལྷག་མ་ཅུང་ཟད་ཙམ་ཞིག་ལུས་ཏེ། དེ་ནས་ཉ་ཁྲི་ཞིག་འཆི་བའི་སྒོར་ཞུགས་ཤིང་། ཆུ་དང་བྲལ་བ་དེ་དག་རྒྱུག་ཅིང་རྣམ་པར་རྒྱུག་གོ། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་པ་དང་། ཉ་ཁྲི་བོ་དེ་དག་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེ་ལོགས་སུ་ཆུ་འབེབས་ལ་སྙིང་རྗེ་རྗེ་ལྟར་ལྟའོ། ། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་ཏེ། ཆུ་བཙལ་ཡང་དེར་ཆུ་མ་རྙེད་ནས་ཕྱོགས་བཞིར་བལྟས་པ་དང་། དེས་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཆེན་པོ་མང་ཞིག་མཐོང་ནས། ཤིང་ལྗོན་པ་དེ་དག་ལ་འཛེགས་ཏེ་ཤིང་གི་ཡལ་ག་རྣམས་བཅད་ནས། ཤིང་གི་ཡལ་ག་དེ་དག་ཁྱེར་ཏེ། རྫིང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཤིང་གི་ཡལ་ག་དེ་རྣམས་ཀྱིས་ཉ་ཁྲི་པོ་དེ་དག་ལ་ཤིན་ཏུ་བསིལ་བའི་གྲིབ་མ་བྱས་སོ།། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་རྫིང་དེར་འབེབས་བའི་ཆུ་འཚོལ་ཏེ། གང་ནས་ཆུ་འབབ་ཅེས་དེ་ཕྱོགས་བཞིར་བརྒྱགས་ཀྱང་ཆུ་མ་རྙེད་ནས། དེ་མྱུར་བ་མྱུར་བར་ཆུའི་རྒྱུན་དེ་ཉིད་ཀྱི་རྗེས་སུ་སོང་སྟེ། རིགས་ཀྱི་ལྷ་མོ་དགོན་པ་ན་ཡོད་པའི་རྫིང་དེར་ཆུ་འབབ་པ་ཞེས་བྱ་བའི་ཀླུང་ཆེན་པོ་དེ་ལས། དེར་ཆུ་འབབ་པའི་ཀླུང་དེའང་དེའི་ཚེ་སྡིག་པ་ཅན་གྱི་སེམས་ཅན་ཞིག་གིས་ཉ་ཁྲི་བོ་དེ་དག་གི་ཕྱིར། ཅི་ནས་ཀྱང་ཕྱིས་ཉ་དེ་དག་ལ་ཆུ་འབབ་པར་མི་འགྱུར་བ་དེ་ལྟ་བུའི་ཕྱོགས་ཀྱི་གཡངས་ཆེན་པོར་ཀླུང་དེ་ཕབ་བོ། ། དེ་ནས་དེ་མཐོང་ནས་བསམས་པ། ཀླུང་འདི་ནི་སྐྱེ་བོ་སྟོང་གིས་སྲོལ་དེ་ཉིད་དུ་དབབ་པར་མི་ནུས་ན། བདག་གིས་ལྷ་དབབ་པར་ག་ལ་ནུས་སྙམ་ནས་དེར་ཕྱིར་ལོག་གོ། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་རིངས་པ་རིངས་པར་རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་རྐང་པ་ལ་མགོ་བོས་མཆོད་དེ། ཕྱོགས་@#། གཅིག་ཏུ་འདུག་ནས། དེ་དག་རྒྱས་ནས་སྨྲས་ཏེ། བདག་གིས་ལྷའི་ཆབས་འོག་འགྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ཐམས་ཅད་དུ་སེམས་ཅན་གྱི་ནད་ཀྱི་རྒྱུན་ནི་བཀུམ་ན་གནས་ཆེ་གེ་མོ་ཞེས་བགྱི་བ་དེ་ན་དགོན་པ་ན་ཡོད་པ་ཞེས་བགྱི་བའི་རྫིང་ཞིག་མཆིས་པ་དེ་ན་ཉ་ཁྲི་ཞིག་གནས་པ་དེ་ཚ་བ་དང་བྲལ་ནས་གདུགས་ཀྱིས་གདུངས་ཤིང་མཆིས་ཏེ། ཇི་ལྟར་མི་རྣམས་ལ་བཙལ་བལྟར། ཅི་ནས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལའང་སྲོག་སྩོལ་བར་འཚལ་ན། ལྷས་གླང་པོ་ཆེ་ཉི་ཤུ་ཞིག་བདག་ལ་སྩལ་དུ་གསོལ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་སྨན་པའི་རྒྱལ་པོ་ཆེན་པོ་ལ་གླང་པོ་ཆེ་ཉི་ཤུ་ཞིག་བྱིན་ཅིག་ཅེས་བློན་པོ་རྣམས་ལ་བསྒོའོ། ། བློན་པོ་རྣམས་ཀྱིས་སྨྲས་པ། སེམས་ཅན་ཆེན་པོ་གླང་པོ་ཆེའི་ལྷས་ག་ལ་བ་དེར་སོང་ལ་གླང་པོ་ཆེ་ཉི་ཤུ་ཁྲིད་དེ། སེམས་ཅན་རྣམས་ལ་ཕན་གདགས་པ་དང་བདེ་བར་གྱིས་ཤིག། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་རང་གི་བུ་ཆུའི་གོས་དང་། ཆུའི་སྙིང་པོ་དང་ལྷན་ཅིག་ཏུ་གླང་པོ་ཆེ་ཉི་ཤུ་ཁྲིད་ནས། གླང་པོ་ཆེའི་རྫི་བོ་ལས་བ.ལང་གི་རྒྱལ་པ་བརྒྱ་བླངས་ཏེ། སླར་ལོག་ནས་ཆུ་བའབ་ཅས་བྱ་བའི་ཀླུང་ཆེན་པོ་གང་དུ་འབབ་པ་དེར་སོང་སྟེ། རྐྱལ་བ་དེ་དག་ཆུས་བཀང་ནས། གླང་པོ་ཆེའི་རྒྱབ་ཏུ་ཆུ་བཀལ་ཏེ། མྱུར་བ་མྱུར་བར་དགོན་པ་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། ཆུ་དེ་གླང་པོ་ཆེའི་སྟེང་ནས་ཕབ་སྟེ། ཕྱོགས་བཞི་ནས་རྫིང་བུ་ཆུས་བཀང་ནས་ཕྱོགས་བཞིར་འགྲོ་བ་དང་། ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཕྱོགས་གང་དུ་འགྲོ་བ་དེ་ལོགས་སུ་ཁྲི་པོ་དེ་དག་ཀྱང་རྒྱུག་གོ། ། དེ་ནས་རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་མཁྲི་བོ་འདི་དག་བདག་གལ་བ་དེར་ལོགས་སུ་རྒྱུག་སྙམ་མོ། ། དེ་ཡང་འདི་སྙམ་དུ་སེམས་ཏེ། ཉ་ཁྲོ་བོ་འདི་དག་ནི་བཀྲེས་པའི་མེས་ཡོངས་སུ་ཉེན་ནས་བདག་ལ་བཟའ་བ་སློང་དུ་ངེས་ཀྱིས་བདག་གིས་ཁ་ཟས་སྦྱིན་པར་བྱའོ་སྙམ་ནས། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས། རང་གི་བུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ།། བུ་གླང་པོ་ཆེ་ཐམས་ཅད་ཀྱི་ནང་ནས་མགྱོགས་པའི་མཆོག་ལ་ཞོན་ཏོ། བདག་གི་ཁྱིམ་དུ་སོང་ལ་མྱུར་བ་མྱུར་བར་སོང་སྟེ། མེས་པོ་ཚོང་དཔོན་ལ། ཀྱེ་མེས་པོ་ཆུ་འབེབས་ཀྱི་མཆིད་ནས་ཁྱིམ་འདི་ན་ཕ་མ་དང་། སྤུན་དང་། སྲིང་མོ་དང་། ཟན་ཕོ་དང་། བྲན་མོ་དང་། ལས་བགྱིད་པ་རྣམས་ཀྱི་ཁ་ཟས་སྦྱར་བ་གང་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཆུའི་གོས་གླང་པོ་ཆེ་ལ་ཞོན་པའི་ལག་ཏུ་མྱུར་དུ་རྫོངས་ཤིག་ཅེས་མཆིའོ།། དེ་སྐད་གྱིས་ཤིག། དེ་ནས་ཁྱེའུ་ཆུའི་གོས་གླང་པོ་ཆེ་ལ་ཞོན་ནས་མྱུར་བ་མྱུར་བར་རྒྱུག་ཅིང་རབ་ཏུ་བརྒྱུགས་ཏེ། རང་གི་ཁྱིམ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། དེ་དག་རྒྱུས་ཀྱིས་ཞིབ་ཏུ་སྨྲས་ཏེ། དེ་ནས་ཁྱེའུ་ཆུའི་གོས་ཀྱིས་སྔར་སྨོས་པའི་ཟས་སྦྱར་བ་དེ་ཐམས་ཅད་གླང་པོ་ཆེའི་རྒྱབ་ཏུ་བཀལ་ནས་གླང་པོ་ཆེ་དེ་ལ་ཞོན་ཏེ། དགོན་པ་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་བ་དང་། ཆུ་འབེབས་ཀྱིས་རང་གི་བུ་ཆུའི་གོས་མཐོང་ནས་དགའ་མགུ་སྟེ་བུ་ལས་ཟས་བླངས་ནས། ཕུལ་ཏེ་རྫིང་དེར་གཏོར་ནས་ཉ་ཁྲི་བོ་དེ་དག་ཚིམ་པར་བྱས་ཏེ། དེ་འདི་སྙམ་དུ་བདག་གིས་དུས་གཞན་ཞིག་ན། དགོན་པའི་གནས་ཤིག་ན་དགེ་སློང་ཐེག་པ་ཆེན་པོ་ཀློག་པ་ལས་སུ་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཐོས་པ་དེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ་ཞེས་ཐོས་ཀྱིས། བདག་གིས་ཉ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཟབ་མོའང་བཤད་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེའི་མཚན་ཡང་བསྒྲགས་པར་བྱའོ་སྙམ་མོ།། དེའི་ཚེ་ན་འཛམ་བུའི་གླིང་དེ་ན་སེམས་ཅན་རྣམས་ཀྱི་ལྟ་བ་གཉིས་སུ་གྱུར་ཏོ། ། ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་མངོན་པར་དད་དོ།། ཁ་ཅིག་ནི་སྨོད་དོ།། དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་དེའི་ཚེ་རྫིང་དེར་རྐང་པ་གཉིས་ཀའི་བུས་མོ་ནུབ་ཙམ་དུ་འབོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་དེ་སྐད་ཆེད་དུ་བརྗོད་དོ།། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱོགས་བཅུ་དག་ན་གང་སུ་དག་འཆི་བའི་དུས་ཀྱི་ཚེ། ངའི་མིང་ཐོས་པ་དེ་དག་དེ་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམདེ་སྐད་བཏབ་བོ། ། དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཆོས་འདི་བཤད་པ་འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ།། འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་བ་ནས་དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་ཀྱང་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། ། རིགས་ཀྱི་ལྷ་མོ་དེ་ལྟར་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་འདི་བརྗོད་ནས། རང་གི་བུ་ཆུའི་གོས་དང་། ཆུའི་སྙིང་པོ་དང་ལྷན་ཅིག་ཏུ་རང་གི་ཁྱིམ་དུ་ཕྱིན་པའི་བར་དུའོ།། དེ་ནས་དུས་གཞན་ཞིག་ན་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་དུས་སྔོན་ཆེན་པོ་ཟོས་ནས་ཆང་གིས་ར་རོ་སྟེ་མ་ལ་ན་ཉལ་བ་དང་། དེའི་ཚེ་དེའི་དུས་ན་ལྟས་ཆེན་པོ་བྱུང་བར་གྱུར་ཏེ། མཚན་མོ་དེ་འདས་པ་དང་ཉ་ཁྲི་པོ་དེ་དག་འཆི་བའི་དུས་སུ་གྱུར་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་@#། རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ།། སྐྱེས་མ་ཐག་ཏུ་དེ་དག་འདི་ལྟ་བུའི་ཚུལ་གྱིས་སེམས་ཀྱི་རྣམ་པར་རྟོག་པ་སྐྱེས་ཏེ། བདག་ཅག་དགེ་བའི་ལས་ཀྱི་རྒྱུ་གང་གིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་འདིར་སྐྱེས་སྙམ་མོ། ། དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བདག་ཅག་འཛམ་བུའི་གླིང་དེ་ན་ཉ་ཁྲིར་གྱུར་ཏེ། བདག་ཅག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལས་ཚོང་དཔོན། གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་ཆུ་མང་པོ་དང་། ཁ་ཟས་ཀྱི་མཆོག་གིས་ཚིམ་པར་བྱས་ཏེ། བདག་ཅག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཆོས་ཀྱང་བསྟན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཡང་བསྒྲགས་པས། དགེ་བའི་ཆོས་ཀྱི་རྒྱུད་དང་རྐྱེན་དེས་བདག་ཅག་ལྷ་རྣམས་ཀྱི་ནང་འདིར་སྐྱེས་ཀྱིས། བདག་ཅག་ཚེད་དཔོན་གྱི་བུ་ཆུ་འབེབས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དེ་ལ་མཆོད་པ་བྱའོ་སྙམ་མོ།། དེ་ནས་ལྷའི་བུ་ཁྲི་པོ་དེ་དག་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ནས། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ཁྱིམ་དུ་ལྷགས་ཏེ། དེའི་ཚེ་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་མལ་ན་ཉལ་ཞིང་འདུག་པ་དེ་ལ། ལྷའི་བུ་དེ་དག་གིས་མུ་ཏིག་གི་ས་མོ་དོ་ཁྲི་ནི་མགོའི་ཐད་ཀར་བཞག། མུ་ཏིག་གི་ས་མོ་དོ་ཁྲི་ནི་རྐང་པའི་དྲུང་དུ་བཞག། མུ་ཏིག་གི་སེ་མོ་དོ་ཁྲི་ནི་གཡས་ལོགས་སུ་བཞག། མུ་ཏིག་གི་སེ་མོ་དོ་ཁྲི་ནི་གཡོན་ལོགས་སུ་བཞག་སྟེ། པུ་ས་མོ་ནུབ་ཙམ་དུ་མེ་ཏོག་མན་ད་ར་བའི་ཆར་ཆེན་པོའང་ཕབ་ལྷའི་སིལ་སྙན་རྣམས་ཀྱང་དཀྲོལ་ནས། དེས་འཛམ་བུའི་གླིང་ཐམས་ཅད་ཀྱང་གཉིད་སད། ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱང་གཉིད་སད་དོ།། དེ་ནས་ལྷའི་བུ་ཁྲི་བོ་དེ་དག་ཀྱང་ནམ་མཁའ་ལ་དོང་སྡེ། ལྷའི་བུ་དེ་དག་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་གྱི་གནས་དང་། གནས་གཞན་དུའང་མེ་ཏོག་མན་ད་ར་བའི་ཆར་པ་འབེངས་ཤིང་། དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་དོང་ནས། དེ་དག་གིས་རྫིང་ཆེན་པོ་དེར་མེ་ཏོག་མན་ང་ར་བའི་ཆར་ཆེན་པོ་ཕབ་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ནས་སླར་ཡང་ལྷའི་གནས་སུ་སོང་སྟེ། དེ་ན་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་ཞིང་རྩེ་སྟེ། དགའ་མགུར་སྤྱོད་ཅིང་དཔལ་དང་སྐལ་བ་བཟང་པོ་དག་ཀྱང་མྱོང་ངོ་།། འཛམ་བུའི་གླིང་དུ་ནམ་ལངས་པ་དང་། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་ལྟས་དེ་དག་བྱུང་བ་མཐོང་ནས་སྐར་མཁན་དང་བློན་པོ་ཆེན་པོ་རྣམས་ལ་སྨྲས་པ། ཅིའི་ཕྱིར་མདང་སུམ་ལྟས་འདི་དག་བྱུང་། དེ་དག་གིས་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱི་ཁྱིམ་དུ་མུ་ཏིག་གིས་མོ་དོངོ་བཞི་ཁྲིའི་ཆེར་བབ་ཅིང་། ལྷའི་མེ་ཏོག་མན་ད་ར་བའི་ཆར་ཡང་བབ་བོ་ཞེས་ཐོས་སོ།། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་བློན་པོ་རྣམས་ལ་སྨྲས་པ། ཁྱེད་དེང་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་སྙན་པའི་ཚིགས་གིས་བོས་ཤིག། དེ་ནས་སྐར་མཁན་དང་བློན་པོ་ཆེན་པོ་རྣམས་ཆུ་འབེབས་ཀྱི་ཁྱིམ་ག་ལ་བ་དེར་དོང་སྡེ་བྱིན་ནས། ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་བོ་ལྷའི་དབང་ཕྱུག་འོད་འདི་ཁྱོད་ལ་འབོད་དོ། ། དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་བློན་པོ་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོ་ལྷའི་དབང་ཕྱུག་འོད་གལ་བ་དེར་སོང་བ་དང་། རྒྱལ་བོས་སྨྲས་པ། དུ་ཆུ་འབེབས་མདང་སུམ་དེ་འདྲ་བའི་ལྟས་བྱུང་བ་དེ་ཅིའི་ལྷས་ཤེས་སམ། དེ་ནས་ཚོང་དབེན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ལ་འདི་སྐད་ཅེས་སྨྲས་སོ།། ལྷ་བདག་གིས་འཚལ་ཏེ། ཉ་ཁྲི་པོ་དེ་དག་འཆི་བའི་དུས་བགྱིས་པར་ངེས་སོ།། རྒྱལ་པོས་སྨྲས་པ། ཇི་ལྟར་ཤེས། ཆུ་འབེབས་ཀྱིས་སྨྲས་པ། ལྷའི་ཆུའི་གོས་རྫིང་དེར་ཉ་ཁྲི་པོ་དེ་དག་གུམ་མགུམ་ལྟར་སྩལ་ཏོ། ། རྒྱལ་པོས་སྨྲས་པ། དེ་ལྟར་གྱིས་ཤིག། དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་ཁྱེའུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ།། བུ་སོང་ལ་དགོན་པ་ན་ཡོད་པའི་རྫིང་བུའི་ཉ་ཁྲི་པོ་དེ་དག་ཤི་འམ་མ་ཤི་ལྟོས་ཤིག། དེ་ནས་ཁྱེའུ་ཆུའི་གོས་མྱུར་བ་མྱུར་བར་དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་སོང་བ་དང་། ཉ་ཁྲི་པོ་དེ་དག་ཤི་བའི་དུས་སུ་གྱུར་ཅིང་། མེ་ཏོག་མན་ད་ར་བའི་ཆར་ཆེན་པོ་བབ་པའང་མཐོང་ནས་སླར་ལོག་སྟེ་ཕ་ལ་སྨྲས་པ། འཆི་བའི་དུས་སུ་གྱུར་ཏོ།། དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཀྱིས་ཁྱེའུ་ཆུའི་གོས་ལས་ཚིག་དེ་ཐོས་པ་དང་། རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་ནས། དེ་དག་རྒྱུས་ནས་ཞིབ་ཏུ་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ཉ་ཁྲི་བོ་དེ་དག་ཐམས་ཅད་ནི་ཤི་བའི་དུས་སུ་གྱུར་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་དག་དང་བདག་གི་མཐུས་མདང་སུམ་དེ་ལྟ་བུའི་དགེ་བའི་ལྟས་དེ་དག་བྱུང་སྟེ། བདག་གི་ཁྱིམ་དུའང་མུ་ཏིག་གི་སེ་མོ་དོ་བཞི་ཁྲི་དང་། ལྷའི་མེ་ཏོག་མན་དར་བའི་ཆར་ཡང་ཕབ་བོ། ། དེ་ནས་རྒྱལ་པོ་དགའ་ཞིང་མགུ་སྟེ་ཡིད་རང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱཀྱ་ལག་ན་བེ་ཅོན་ཅན་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྔའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་ཏོ། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། ། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཟས་གཙང་མ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་ཏོ།། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱེད་སེམས་ན། དེ་དེ་ལྟར་མི་བལྟའོ།། ད་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བྱ་བར་གྱུར་ཏོ།། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གནན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཤཱཀྱའི་བུ་མོ་ས་མཚོ་མ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཁྱེའུ་རྩ་འབེབས་ཀྱི་ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། སྔ་གཅན་ཟིན་ནི་དེའི་ཚེ་ངའི་དུས་ན་ཁྱེའུ་ཆུའི་གོས་ཞེས་བྱ་བར་གྱུར་ཏོ།། ཀུན་དགའ་བོ་ནི་དེའི་ཚེ་དེའི་དུས་ན་ཁྱེའུ་ཆུའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། ། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཉ་ཁྲིར་གྱུར་པ་དེ་དག་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་དག་དེའི་ཚེ་དེའི་དུས་ན་ཉ་ཁྲི་གྱུར་ཏེ། གང་དག་ངས་ཆུ་དང་ཟས་ཀྱི་མཆོག་གིས་ཚིམ་པར་བྱས་ཤིང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཆོས་ཀྱང་བསྟན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཡང་བསྒྲགས་པ་སྟེ། དགེ་བའི་ལས་ཀྱི་རྒྱུ་དེས་ངའི་གན་དུ་འདིར་ལྷགས་ཏེ། དེས་ན་ད་ལྟ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ།། རབ་ཏུ་དགའ་བ་དང་། དང་བ་དང་། མཆོག་ཏུ་དགའ་བ་དང་། གུས་པར་ཆོས་མཉན་པས་ཐམས་ཅད་ལུང་བསྟན་པ་ཞེས་བྱ་བའི་མིང་ཡང་ཐོབ་པར་གྱུར། རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཤིང་གི་ལྷ་མོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ།། རེ་ཅིའི་ཕྱིར་སེ་ན། རིགས་ཀྱི་ལྷ་མོ་ཁྱོད་དེའི་ཚེ་དེའི་དུས་ན་ཤིང་གི་ལྷ་མོར་གྱུར་ཏེ།། རིགས་ཀྱི་ལྷ་མོ་རྣམ་གྲངས་འདིས་ན་འཁོར་བ་ན་འཁོར་བའི་ཚེ། ངས་ཇི་ལྟར་སེམས་ཅན་མང་པོ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ས་ཐོབ་པར་གྱུར་པར་རིག་པར་བྱའོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་བ་ལས་ཆུ་འབེབས་ཀྱིས་ཉ་བཏུལ་བའི་སྔོན་བྱུང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ། ། །། རིགས་ཀྱི་ལྷ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་ཕྱིར་ལུས་ཡོངས་སུ་གཏོང་ངོ་། ། དེ་ཇི་ལྟ་ཞེ་ན། དྲི་མ་མེད་ཅིང་ཤིན་ཏུ་རྒྱས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱའི་འོད་ཟེར་ས་དང་ལྷ་ཡུལ་རྣམ་པར་འཕྲོ་བ། ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་། སྟོབས་ཀྱིས་ཕ་རོལ་གནོན་པའི་བཅོམ་ལྡན་འདས། དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས། ནགས་ཚོགས་ཤིག་ཏུ་བྱོན་པ་དང་། དེར་ངེས་སྔོན་ཞིང་འཇམ་ལ་མཐིང་ཀར་འདུག་པའི་སྤང་གི་ངོས་མེ་ཏོག་དྲི་ཞིམ་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་ས་ཕྱོགས་ཤིག་གཟིགས་སོ།། གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོས་ཕྱོགས་འདི་ནི་མཛེས་པ་སྟེ། འདི་ན་གཏམ་གྱི་གནས་ཀྱི་མཚན་མ་ཡོད་ཀྱིས། ད་དེ་བཞིན་གཤེགས་པའི་གདམཐིངས་ཤིག། དེ་ནས་དེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་གདན་བཏིང་ངོ་།། གདན་བཏིང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གདན་བཏིང་@ལགས་ན་བཅོམ་ལྡན་གཙོ་བོ་མཆོག། མི་ལ་མཆོག་སྩོལ་དམ་པ་སྲིད་བཅིངས་གྲོལ།། བཞུགས་ཏེ་མི་ལ་སྨན་སླད་མཐར་བགྱིད་ཀྱི།། བཀའ་མཆིད་དམ་པ་བདུད་རྩི་གསུང་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུགས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་བྱ་དཀའ་བར་བྱེད་པའི་བྱང་ཆུབ་སེམས་དཔའི་རུས་པ་རྣམས་ལྟ་བར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། དགེ་སློང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། དྲང་སྲོང་དམ་པ་སེམས་ཅན་མཆོག་གི་སྙིང་པོ་ལ། ། བཟོད་དང་བརྩོན་འགྲུས་ཆེ་ལ་ཞི་དང་དུལ་དགའ་ཞིང་།། བློ་གྲོས་དྲན་དགའ་ཡོན་ཏན་དཔག་མེད་གནས་གྱུར་གྱི།། རུས་པ་བདག་ཅག་བལྟ་བའི་དུས་ལགས་དེ་ལེགས་ཤོད།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་འཁོར་ལོ་རྩིབས་སྟོང་གི་རི་མོ་ཅན་དང་། མེ་ཏོག་ཀ་མ་ལ་གསར་དུ་ཁ་བྱེ་བ་ལྟར་འཇམ་པའི་ཕྱག་གིས་སའི་ངོས་ལ་བརྡབས་ཏེ་བསྣུན་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་ཏེ། ནོར་བུ་དང་། གསེར་དང་། དངུལ་ལས་བྱས་པའི་མཆོད་རྟེན་ཞིག་དེ་ནས་བྱུང་ངོ་།། བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀབ་སྩལ་པ། ཀུན་དགའ་བོ་མཆོད་རྟེན་འདི་བྱེ་ཞིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་མཆོད་རྟེན་ཕྱེ་བ་དང་། དེས་དེར་གསེར་གྱི་འཕྲ་ཅན་གྱི་ནོར་བུ་དང་མུ་ཏིག་གིས་ཁེབས་པར་གཡོགས་པའི་གསེར་གྱི་ཟ་མ་ཏོག་ཅིག་མཐོང་ངོ་། ། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ག་སར་གྱི་ཟ་མ་ཏོག་ཅིག་མཆིས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟ་མ་ཏོག་བདུན་པོ་འདི་དག་ཐམས་ཅད་ཕྱེ་ཞིག། དེ་བཞིན་དུ་ཐམས་ཅད་ཕྱེ་བ་དང་། དེས་དེར་རུས་པའི་ཁ་དོག་ཁ་བ་དང་མེ་ཏོག་ཀུ་མུ་ད་དང་འདྲ་བ་དག་ཅིག་མཐོང་ངོ་། ། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རུས་པ་དག་ཅིག་གདའ་འོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྐྱེས་བུ་ཆེན་པོའི་རུས་པ་རྣམས་ཁྱེར་ཏེ་ཤོག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རུས་པ་དེ་དག་བླངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་རུས་པ་རྣམས་བསྣམས་ཏེ། དགེ་འདུན་གྱི་མདུན་དུ་བཞག་ནས་བཀའ་སྩལ་པ། རུས་པ་འདི་དགཡོན་ཏན་མཆོག་རབ་ཚོགས་ལྡན་བློ་གྲོས་མཆོག། དུལ་དང་བསམ་གཏན་བཟོད་པར་སྤྲོ་བ་གྲགས་པ་དམ་པ་མཆོག། ཕྱིར་ཞིང་བྱང་ཆུབ་འདི་ལ་རྟག་ཏུ་བློ་གྲོས་ལྡན་བྱས་ཤིང་།། སྤྲོ་བརྟན་མོས་དང་བློ་གྲོས་རྟག་ཏུ་སྦྱིན་ལ་དགའ་བ་ཡིན། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའི་རུས་པ་ཚུལ་ཁྲིམས་དང་ཡོན་ཏན་གྱིས་ཡོངས་སུ་བསྒོས་པ། མཆོག་ཏུ་མཐོང་བར་དཀའ་བ། བསོད་ནམས་ཀྱི་ཞིང་དུ་གྱུར་པ་རྣམས་ལ་ཕྱག་ཚོལ་ཞིག། དེ་ནས་དགེ་སློང་དེ་དག་གིས་ཐལ་མོ་སྦྱར་ཏེ། འདུན་པའི་ཡིད་ཀྱིས་རུས་པ་རྣམས་ལ་ཕྱག་འཚལ་ཏོ། ། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སེམས་ཅན་ཐམས་ཅད་ཀྱིས་ཕྱག་བགྱིས་པ་ལགས་ན། ཇི་ལྟར་དེ་བཞིན་གཤེགས་པ་ཉིད་རུས་པ་འདི་དག་ལ་ཕྱག་བཞེས། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཀུན་དགའ་བོ་རུས་པ་འདི་དག་གིསང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞོན་པ་དང་། སྟོབས་དུ་མ་དང་ལྡན་པ་ཐོགས་པ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་ཞིག་བྱུང་སྟེ། དེ་ལ་བུ་ལྷ་གཞོན་ནུ་དང་འདྲ་བ་གསུམ་ཞིག་ཡོད་དོ། ། སྒྲ་ཆེན་པོ་དང་། ལྷ་ཆེན་པོ་དང་། སེམས་ཅན་ཆེན་པོའོ།། དེ་ནས་རྒྱལ་པོ་རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། གཞོན་ནུ་དེ་དག་སྐྱེད་མོས་ཚལ་དེའི་ཡོན་ཏན་ལ་ཆགས་ཤིང་། མེ་ཏོག་འདོད་པས་ཕན་ཚུན་རྒྱུ་ཞིང་། ནགས་སྟུག་པོ་ཆེན་པོ་བཅུ་གཉིས་སུ་ཞུགས་སོ།། དེ་ནས་རྒྱལ་པོའི་བུ་ངག་དོང་བ་དང་། གཞོན་ནུའི་རིམ་གྲོ་པ་རྣམས་ཀྱང་རྒྱལ་བུས་བསྐྲད་ནས་ཕན་ཚུན་དོང་སྟེ། ཀུན་ཏུ་བསྲུངས་པའི་སྐྱེད་མོས་ཚལ་ཆེན་པོའི་ནགས་སྟུག་པོ་བཅུ་གཉིས་སུ་ཞུགས་སོ།། དེ་ནས་སྒྲ་ཆེན་པོས། ནུ་བོ་གཉིས་ལ་སྨྲས་པ། ཁོ་བོའི་སྙིང་འཇིགས་པས་ནོན་ན། འདིར་བདག་ཅག་གཅན་གཟན་གྱིས་གསད་དུ་འོང་གིས་ཚུར་ཤོག། ལྷ་ཆེན་པོས་སྨྲས་པ། བདག་ལ་འཇིགས་པ་ནི་མ་མཆིས་ན། སྐྱེ་བོ་སྡུག་པ་དང་བྲལ་བ་སྙམ་བགྱིད་པའི་སྙིང་དུ་གྱུར་ཏོ། ། སེམས་ཅན་ཆེན་པོས་སྨྲས་པ། ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པ་འདིར།། བདག་ནི་མི་འཇིགས་མྱ་ངན་མ་མཆིས་ཀྱིས།། ཤིན་ཏུ་རྒྱལ་མཆོག་དོན་ཆེན་རྙེད་སྙམ་སྟེ། ། བདག་གི་སྙིང་འདིར་རབ་ཏུ་དགའ་བར་གྱུར།། དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་ནགས་སྟུག་པོ་བཅུ་གཉིས་པོ་དེ་དག་གི་ཁྲོད་དུ་རྒྱུ་བ་ན། སྟག་མོ་བུ་བྱུང་ནས་ཞག་བདུན་ལེན་པ་ཞིག་པུ་ལྔས་བསྐོར་ཏ། བཀྲེས་ཤིང་སྐོམ་པས་ཉམས་དམད་ནས། ལུས་མཆོག་ཏུ་ཉམ་ཆུང་བར་གྱུར་པ་དེ་འདྲ་བ་ཞིག་མཐོང་ངོ་།། མཐོང་ནས་སྒྲ་ཆེན་པོས་སྨྲས་པ། ཀྱེ་མའོ་ཉོན་མོངས་མ་འདི་བུ་བྱུང་ནས་ཞག་དྲུག་གམ་བདུན་ཞིག་ལོན་པར་གྱུར་ལ། ད་ལྟར་ཟས་མ་རྙེད་པས་ཡང་ནི་ན་རང་གི་བུ་ལ་ཟ་བར་འགྱུར། ཡང་ན་ནི་བཀྲེས་པས་འཆི་བའི་དུས་བྱེད་པར་འགྱུར་རོ།། སེམས་ཅན་ཆེན་པོས་སྨྲས་པ། ཉོན་མོངས་མ་འདིའི་ཟས་ཅི། སྒྲ་ཆེན་པོས་སྨྲས་པ། འདི་ལྟར་གང་ཤ་གསར་བ་དང་ཁྲག་དྲོན་མོ་ཡོད་ན། དེ་ནི་སྟག་དང་། དོམ་དང་། དྲེད་དང་། སེང་གེ་རྣམས་ཀྱི་ཟས་ཡིན་ནོ་ཞེས་ཟེར་རོ། ། ལྷ་ཆེན་པོས་སྨྲས་པ། འདིར་ཉོན་མོངས་མ་འདི་བཀྲེས་པ་དང་སྐོམ་པ་དང་ལྡན་པའི་ལུས་སུ་གྱུར་པས། སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཏེ། རབ་ཏུ་ཉམ་ཆུང་བ་འདིས་གནས་འདིར་ཟས་སྐོམ་ཚེལ་ནི་མི་ནུས་ན། འདིའི་སྲོག་ཡོངས་སུ་བསྲུང་བའི་ཕྱིར། སུ་ཞིག་རང་གི་ལུས་ཡོངས་སུ་གཏོང་བར་བྱེད་ཅིག་གུ། སྒྲ་ཆེན་པོས་སྨྲས་པ། ཀྱེ་རང་གི་ལུས་ཡོངས་སུ་གཏང་བ་ནི་བྱ་དཀའ་བའོ།། སེམས་ཅན་ཆེན་པོས་སྨྲས་པ། བདག་ཅག་ལྟ་བུ་སྲོག་དང་ལུས་ལ་མངོན་པར་ཆགས་པ། བློ་ཆུང་བ་རྣམས་ལ་ནི་ཚུལ་འདི་བྱ་དཀའ་བ་ལགས་ཀྱི། གཞན་ལུས་ཡོངས་སུ་གཏོང་བ་ལ་ཞུགས་པ། གཞན་ལ་ཕན་པར་བརྩོན་པའི་སྐྱེས་བུ་དམ་པ་རྣམས་ལ་ནི་དཀའ་བ་མ་ལགས་སོ།། ཡང་། སྙིང་བརྩེ་སྙིང་རྗེ་ལས་བྱུང་འཕགས་པའི་སེམས་ཅན་དག། ལྷ་ཡུལ་དང་ནི་ས་འདིར་རང་ལུས་རྙེད་སྙ་མ་སྟེ།། གཞན་གྱི་སྲོག་ཕྱིར་མཐུན་པར་དགའ་བའི་ཡིད་ཀྱིས་ནི།། འགྱུར་བ་མེད་པར་འདིར་ན་རྣམ་པ་བརྒྱ་ཡིས་བརྩེ། དེ་ནས་རྒྱལ་བུ་གཞོན་ནུ་དེ་ཤིན་ཏུ་མི་དགའ་སྟེ། སྟག་མོ་དེ་ལ་མིག་མི་འཛུམས་པར་རིང་ཞིག་ཏུ་བལྟས་ནས་སོང་ངོ་།། དེ་ནས་སེམས་ཅན་ཆེན་པོ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གི་ལུས་འདི་ཡོངས་སུ་གཏང་བའི་དུས་ལ་བབ་བོ། ། དེ་ཅིའི་ཕྱིར་ཞེ་ན། འཇིག་ཅིང་འགྱེས་པའི་ཆོས་ཅན་མཐར་འབྱེད་མཐའ་ངན་པ།། རྣག་ཅན་ལུས་འདི་ཟས་དང་སྐོམ་དང་མལ་ན་དང་།། བཞོན་པ་འོས་པ་ཆེན་པོ་དག་གིས་རང་བསྲུངས་ཀྱང་།། སྔ་མེད་རང་གི་རང་བཞིན་མི་འདོར་བྱས་དོན་མེད།། ཡང་ཐམས་ཅད་དུ་མི་གཙང་བར་གྱུར་པས་ན་དེའི་འཚེ་བ་མེད་ཀྱིས། ད་བདག་གིས་དེ་ལས་བཟང་པོ་ལ་སྦྱར་བར་བྱའོ། ། དེའི་ཕྱིར་བདག་སྐྱེ་བ་དང་འཆི་བའི་རྒྱ་མཚོ་ལས་བརྒལ་བའི་གྲུ་བོ་ཆེ་ལྟ་བུར་འགྱུར་རོ།། ཡང་སྙིང་པོ་མེད་ལུས་དབུ་བ་འདྲ་ལ་སྲིན་བུ་བརྒྱས་གང་བྱས་པ་ཆུད་གཟོན་པ། ། འབྲས་འདྲའི་སྲིད་པ་བརྒྱ་ལྡན་གཅིན་དང་ཕྱི་ས་ས་གང་བ་འདི་བཏང་སྟེ།། མྱ་ངན་མེད་ཅིང་འགྱུར་མེད་ཕུང་མེད་དྲི་མེད་བསམ་གཏན་ལ་སོགས་ཡོན་ཏན་གྱིས།། ཀུན་ཏུ་གང་བའི་ཆོས་སྐུ་ཡོན་ཏན་བརྒྱས་གང་རྡུལ་དང་བྲལ་བ་ཐོབ་པར་བྱ། ། དེ་སྙིང་རྗེ་མཆོག་དང་ལྡན་པའི་སྙིང་དུ་གྱུར་པས་དེ་ལྟར་བརྟུལ་ནས་ཁྱེད་གཉིས་གཤེགས་སུ་གསོལ། བདག་ནི་རང་གི་བགྱི་བ་ཞིག་གི་སླད་དུ། ནགས་སྟུག་པོ་བཅུ་གཉིས་སུ་འཇུག་གོ་ཞེས་དེ་གཉིས་བསྐྲད་དོ།། དེ་ནས་རྒྱལ་བུ་གཞོན་ནུ་སེམས་ཅན་ཆེན་པོ་ནགས་འ་དབ་དེ་ནས་སླར་ལོག་སྟེ། སྟག་གི་གནས་སུ་སོང་ནས། ནགས་ཀྱི་ཡལ་ག་ལ་གོས་གཟར་ཏེ། བདག་ནི་འགྲོ་ལ་ཕན་ཕྱིར་བྱང་ཆུབ་མཚུངས་པ་མེད་བཞིན་ཞི་བ་ཐོབ་འདོད་དེ།། གཞན་གྱིས་གཏང་བར་དཀའ་བའི་ལུས་ནི་བློ་གྲོས་འགྱུར་བ་མེད་པའི་སྙིང་རྗེས་སྤྲིན། ། བདག་གིས་སྐྱོན་མེད་བྱང་ཆུབ་རིན་མེད་རྒྱལ་སྲས་རྣམས་ཀྱིས་གཉེར་བ་ཐོབ་པར་ཤོག། བདག་གིས་སྲིད་པའི་རྒྱ་མཚོ་རབ་ཏུ་འཇིགས་ལས་འཇིག་རྟེན་གསུམ་པོ་བསྒྲལ་@བར་བྱ། ། ཞེས་སྨོན་ལམ་བཏབ་བོ།། དེ་ནས་སེམས་ཅན་ཆེན་པོ་སྟག་མོའི་མདུན་དུ་ཉལ་བ་དང་། དེ་ནས་བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སྟག་མོས་ཅིའང་མ་བྱས་སོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཀྱེ་མའོ་འདི་ནི་ཉམ་ཆུང་བས་མི་ནུས་སོ་སྙམ་ནས་ལངས་ཏེ། སྙིང་བརྩེ་བའི་བློ་གྲོས་ཀྱིས་མཚོན་ཆ་བཙལ་ན་གང་ནས་ཀྱང་མཚོན་མ་རྙེད་ནས། དེས་འོད་མའི་ཡལ་ག་ལོ་བརྒྱ་ལོན་པ་སྲ་བ་ཞིག་བླངས་ཏེ། བདག་གི་མགུལ་བ་བཅད་ནས་སྟག་མོའི་མདུན་དུ་འགྱེལ་ཏོ།། བྱང་ཆུབ་སེམས་དཔའ་འགྱེལ་མ་ཐག་ཏུ་ཆུའི་དབུས་སུ་སོན་པའི་གྲུ་རླུང་གིས་བསྐྱོད་པ་བཞིན་དུ་ས་འདི་རྣམ་པ་དྲུག་ཏུ་གཡོས་སོ། ། ཉི་མའང་སྒྲ་གཅན་གྱིས་ཟིན་པ་བཞིན་དུ་འོད་ཟེར་རྣམས་ཀྱིས་མཛེས་པ་མེད་དོ།། ལྷའི་སྤོས་དང་ཕྱེ་མ་དང་འདྲེས་པའི་མེ་ཏོག་གི་ཆར་ཡོང་བབ་བོ། ། དེ་ནས་ལྷ་ཞིག་གིས་ངོ་མཚར་དུ་གྱུར་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་བསྟོད་པ། བློ་གྲོས་བཟང་པོ་ཁྱོད་འདིར་ཇི་ལྟར་ཐུགས་རྗེས་སེམས་ཅན་རྣམས་ཁྱབ་སྟེ། ། མི་ཡི་དབང་པོ་རབ་ཏུ་དགྱེས་པས་ཇི་ལྟར་སྐུ་འདིར་བཏང་བས་ན།། སྐྱེ་བ་དང་ནི་འཆི་བའི་དོན་དང་བྲལ་བ་ཞི་པ་གནས་ཀྱི་མཆོག། ཞི་བ་གཙང་མ་ཁྱོད་ཀྱིས་འདིར་ནི་ཚིགས་མེད་རིང་པོར་མི་ཐོགས་བརྙེས། ། དེ་ནས་སྟག་མོ་དེས་བྱང་ཆུབ་སེམས་དཔའི་ལུས་ཁྲག་གིས་སྤགས་པ་ལ་བལྟས་ནས་ཡུད་ཙམ་གྱིས་ཤ་དང་ཁྲག་མེད་པར་རུས་པ་ཙམ་ཞིག་ལུས་པར་བྱས་སོ། ། དེ་ནས་སྒྲ་ཆེན་པོས་ས་གཡོས་པ་དེ་ལ་བསམས་ནས། ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་ཕྱོགས་བཅུའི་རྒྱ་མཚོའི་མཐར་ཐུག་རྒྱ་མཚོར་བཅས་པ་ཡི། ས་འདིར་རབ་ཏུ་གཡོས་ཤིང་ཉི་མའང་འོད་ནི་མེད་གྱུར་ལ།། མེ་ཏོག་ཆར་བ་འབབ་ཅིང་ཁོ་བོའི་ཡིད་ཀྱང་འཁྲུགས་པས་ན།། དེ་གཟོད་བདག་གི་ནུ་བོས་རང་གི་ལུས་ནི་བཏང་ཡང་ཐག། ལྷ་ཆེན་པོས་སྨྲས་པ། དེ་ནི་ཇི་ལྟར་སྙིང་རྗེའི་ཆོ་ག་སྨྲས་ལ།། བཀྲེས་དང་ལྡན་ཞིང་སྡུག་བསྔལ་བརྒྱས་གཙེས་པ།། ཤིན་ཏུ་ཉམ་ཆུང་རང་གི་བུ་ལ་ཡང་།། ཟ་བར་ཆས་ལ་ལྟ་བས་བདག་ཀྱང་དོགས། ། དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་རབ་ཏུ་མྱ་ངན་གྱིས་ནོན་ནས།། མཆི་མས་མིག་གང་སྟེ་ལམ་དེ་ཉིད་ནས་སླར་ལོག་ནས།། སྟག་མོའི་དྲུང་དུ་ཕྱིན་པ་དང་། གོས་ཐམས་ཅད་ནི་འོད་མའི་ཡལ་ག་ལ་གཟར། རུས་པ་རྣམས་ནི་བྱེ་ཞིང་བྲལ། ཁྲག་ནི་རྫབ་ཏུ་གྱུར། སྐྲ་ནི་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་མཐོང་ངོ་།། མཐོང་ནས་བརྒྱལ་ཏེ་རུས་པའི་སྟེང་དུ་འགྱེལ་ནས་རིང་ཞིག་ལོན་པ་དང་། འདུ་ཤེས་རྙེད་དེ་ལངས་ནས་ལག་པ་བསྒྲེང་སྟེ་ཉམ་ཐག་པའི་སྒྲ་བྱུང་ངོ་།། ཀྱེ་མའོ་ནུ་བོ་སྡུག་པ་དང་ནི་རྒྱལ་པོ་དང་། དེ་བཞིན་དུ་ནི་བུ་ལ་རབ་ཏུ་གདུང་བའི་མ། ། པདྨ་འདྲ་བ་མིག་རིང་ཁྱོད་ཀྱི་ས་གར་བཞག་ཅེས།། མ་ནི་བདག་ཅག་ལ་ཡང་ཐ་ཆུང་འདྲ་བར་འགྱུར།། ཀྱེ་མ་བདག་ཅག་གཉིས་ནི་ས་ཕྱོགས་འདི་ཉིད་དུ། ། ཤིན་ལེགས་ཀྱིས་གསོན་ན་དེ་ལྟ་མ་ཡིན་ནོ།། སེམས་ཅན་ཆེན་པོ་མེད་པར་གྱུར་པས་བདག་ཅག་ལ།། ཕ་མ་དག་གིས་ཇི་ལྟར་ལྟོ་བ་སྟེར་བར་འགྱུར།། དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་ཀྱིས། སྙིང་རྗེ་རྗེ་སྐད་དུ་རྣམ་པ་མང་པོར་ངུས་ནས་དོང་ངོ་།། དེ་ནས་རྒྱལ་བུ་གཞོན་ནུའི་རིམ་གྲོ་པ་རྣམས་ཀྱང་གཞོན་ནུ་འཚོལ་ཞིང་ཕྱོགས་དང་ཕྱོགས་མཚམས་སུ་བརྒྱུགས་པ་དང་། གཅིག་གིས་གཅིག་མཐོང་ངོ་།། མཐོང་ནས་ཀྱང་གཞོན་ནུ་ག་ར་གཞོན་ནུ་ག་རེ་ཞེས་འདྲིའོ།། དེའི་ཚེ་བཙུན་མོ་མལན་ཉལ་བའི་རྨི་ལམ་ན། སྡུག་པ་དང་བྲལ་བརྨིས་པ་འདི་ལྟ་སྟེ། ནུ་མ་གཉིས་བཅད་པ་དང་། སོ་ཕྱུང་བ་དང་། ཐི་བའི་ཕྲུག་གུ་སྐྲག་པ་གསུམ་ཞིག་རྙེད་པ་ལས་གཅིག་ཁྲས་ཁྱེར་བ་མཐོང་ངོ་།། དེ་ནས་བཙུན་མོ་ས་གཡོས་པས་སྙིང་དངས་ཏེ། མོད་ལས་སད་ནས་སེམས་པ་ལ་ཞུགས་ཏེ། འབྱུང་པོའི་རྟེན་མ་རྒྱ་མཚོའི་གོས་ཅན་འདི་ནི་ཀུན་ཏུ་རབ་གཡོ་ཅི་ཞིག་གུ།། ཉི་མ་འོད་ཟེར་མེད་པར་གྱུར་པས་ང་ཡི་སྙིང་ལ་མྱ་ངན་འགྱུར་བར་སྟོན། ། ང་ཡི་ལུས་ནི་ནུམ་ཞིང་མིག་ཀྱང་གཡོལ་རང་གི་ནུམ་བཅད་རྨིས་པ།། ང་ཡི་བུ་རྣམས་ནགས་ཁྲོད་འདིར་ནི་རྩེར་དོང་བ་ལ་དགེ་བར་འགྱུར་རམ་ཀྱེ།། དེ་ནས་དེ་སྙམ་བསམས་པ་དང་། བྲན་མོའང་སྙིང་མྱོས་ཏེ་འོངས་ནས་བཙུན་མོ་ལ་སྨྲས་པ། ཇོ་མོ་གཞོན་ནུའི་རིམ་གྲོ་པ་དག་གཞོན་ནུ་འཆོལ་ཞིང་མཆིས་ན། རྔོ་ཅོ་སྟོར་ཅེས་གདའ་འོ།། དེ་སྐད་ཅེས་ཟོས་མ་ཐག་ཏུ་བཙུན་མོའི་སྙིང་འདར་ཞིང་མིག་དང་གདོང་མཆི་མས་གང་སྟེ། རྒྱལ་པོའི་གན་དུ་སོང་ནས་སྨྲས་པ། ལྷ་བདག་གི་བུ་སྡུག་པ་སྟོར་ཅེས་ཐོས་སོ།། རྒྱལ་པོའང་སྙིང་འདར་ཞིང་ཤིན་ཏུ་མྱོས་ཏེ། ཀྱི་ཧུད་བདག་གི་བུ་སྡུག་པ་དང་བྲལ་བ་ལྟ་ཞེས་སྨྲའོ།། དེ་ནས་རྒྱལ་པོས་བཙུན་མོ་དབུགས་དབྱུང་བའི་ཕྱིར་ང་གཞོན་ནུ་བཙལ་བ་ལ་ནན་ཏན་དུ་བྱེད་ཀྱིས། བཟང་མོ་མྱ་ངན་མ་བྱེད་ཅིག། དེར་གཞོན་ནུ་འཆོལ་བ་ལ་ཞུགས་པ་ན། སྐྱེ་བོའི་ཚོགས་དག་རོ་རོད་པོར་གྱུར་ཏོ།། དེ་ནས་རིང་པོར་མ་ལོན་པར་རྒྱལ་པོས་རྒྱལ་བུ་གཞོན་ནུ་གཉིས་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་།། མཐོང་ནས་ཀྱང་སྨྲས་པ་གཞོན་ནུ་དེ་དག་ནི་འོང་ན་ཐམས་ཅད་ནི་མ་ཡིན་ཏེ། ཀྱི་ཧུད་བུ་དང་བྲལ་བ་ཞེས་བྱ་བ་ནི་སྡུག་བསྔལ་བའོ།། ཇི་ལྟར་བུ་དང་བྲལ་བར་གྱུར་ན་ཡིད་ནི་མི་བདེ་བ།། མི་རྣམས་བུ་རྙེད་པ་ནི་དགའ་བ་མ་ཡིན་ནོ། ། འཇིག་རྟེན་ན་ནི་གང་དག་བུ་མེད་པ་དང་ཤི་བའམ།། མི་རྣམས་གང་དག་བུ་གསོན་དེ་དག་བདེ་བ་ཡིན་ནམ་ཅི།། དེ་ནས་བཙུན་མོ་ཤིན་ཏུ་མྱ་ངན་གྱིས་ནོན་ནས། རྔ་མོ་གནད་དུ་བསྣུན་པ་བཞིན་དུ་ཤིན་ཏུ་མི་བཟད་པའི་སྒྲ་ཕྱུང་ངོ་། ། དེ་ལྟར་བུ་དག་གསུམ་ནི་གཡོག་གི་ཚོགས་བཅས་ཏེ།། མེ་ཏོག་རྣམས་ཀྱིས་གང་བའི་ནགས་ཁྲོད་ཞུགས་པ་ལས།། བདག་གི་བུ་དགེ་ཐ་ཆུང་འོངས་པར་མ་གྱུར་ན། ། བདག་གི་སྙིང་དང་འདྲ་བའི་ཐ་ཆུང་དེ་ག་རེ།། དེ་ནས་དེ་གཞིས་ལྷགས་པ་དང་། རྒྱལ་པོས་བུ་ལ་དྲིས་པ། ཁྱེའུ་ཐ་ཆུང་ག་རེ་ཞེས་གཞོན་ནུ་གཉིས་ལ་དྲིས་པ་དང་དེ་ནས་མྱ་ངན་གྱིས་འམ་ཐག་ཅིང་མིག་མཆི་མས་གང་སྟེ། རྐན་དང་། མཆུ་དང་། ཁ་དང་། སོ་བསྐམས་ནས་ཅང་མི་ཟེར་རོ།། བཙུན་མོས་སྤྲས་པ། ཁོ་མོའི་བུ་སྡུག་ཐ་ཆུང་དག་རེ།། ཁོ་མོའི་སྙིང་འདི་གསལ་ཐུག་གྱུར་ཅིང་།། ལུས་ནི་མི་བཟད་རབ་ཏུ་གཟིར་གྱུར་ཏེ།། ཁོ་མོའི་དྲན་པ་ཉམས་འགྱུར་མྱུར་དུ་སྨོས། དེ་ནས་གཞོན་ནུ་དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་དེ་བཞིན་དུ་སྨྲས་སོ། ། དེ་ཐོས་མ་ཐག་ཏུ་རྒྱལ་པོ་དང་བཙུན་མོ་མྱོས་པར་གྱུར་ཏེ། མྱོས་པ་སངས་ནས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཕྱོགས་དེར་སོང་སྟེ། དེ་ནས་རྒྱལ་པོ་དང་བཙུན་མོས་རུས་པ་དེ་དག་ཤ་དང་། ཁྲག་དང་། རྒྱས་པ་མེད་ཅིང་། སྐྲ་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་མཐོང་ནས། ཤིང་རླུང་གིས་བཏབ་པ་བཞིན་དུ་འགྱེལ་ཏོ།། དེ་ནས་ཉེ་ཕན་དང་བློན་པོ་དག་གིས་དེ་ལྟར་གྱུར་པ་དེ་མཐོང་ནས། ཆུ་དང་རི་མ་ལ་ཡའི་ཙན་དན་གྱི་ལྡེ་གུས་རྒྱལ་པོ་དང་བཙུན་མོའི་ལུས་བསིལ་བར་བྱས་སོ།། དེ་ནས་རིང་ཞིག་ལོན་པ་དང་འདུ་ཤེས་རྙེད་དེ་རྒྱལ་པོ་ལངས་ཏེ་སྙིང་རྗེ་རྗེ་སྐད་དུ་འདོད་པ། ཀྱེ་མ་བུ་སྡུག་ཡིད་འོང་མཐོང་དགའ་བ།། འཆི་བདག་དབང་དུ་ཅི་ཕྱིར་མྱུར་དུ་སོང་།། འཆི་བདག་ཅི་ཕྱིར་ང་ལ་སྔར་མ་འོངས།། ང་ལ་སྡུག་བསྔལ་འདི་ལས་གཞན་མི་འབྱུང་། ། བཙུན་མོའང་མྱོས་པ་ལས་སངས་ནས། སྐྲ་གཞིག་ཅིང་ལག་པ་གཉིས་ཀྱིས་དྲང་བརྡུངས་ཏེ། ཉ་ཐང་ལ་ཕྱུང་བ་བཞིན་སའི་སྟེང་དུ་འགྲེ་ལྡོག་ཅིང་མ་ཧེ་བེའུ་སྟོར་བ་དང་། རྔ་མོ་རྔེའུ་སྟོར་བ་བཞིན་དུ་སྙིང་རྗེ་རྗེ་སྐད་དུ་དུའོ།། ཀྱེ་མ་སྡུག་ཅིང་གཅེས་པའི་བུ་ནི་པདྨ་འདི།། སུ་ཡིས་ས་ཡི་སྟེང་དུ་བཤིག་ནས་རབ་ཏུ་གཏོར།། ཡིད་བོང་མིག་ལྡན་ཟླ་འདྲའི་བཞིན་ཅན་བདག་གི་བུ། ། བདག་གི་དགྲ་བོ་གང་གིས་དེ་རིང་ས་འདིར་བཅོམ།། ཀྱེ་མ་ས་འདིར་བུ་མཆོག་བསད་མཐོང་ན།། ལུས་འདི་ཅི་ཕྱིར་དེ་རིང་ཞིག་མ་གྱུར།། སྡུག་བསྔལ་འདི་འདྲ་མཐོང་ཡང་མ་གས་པས། ། བདག་གི་སྙིང་འདི་ལྕགས་ནི་ཡིན་ཡང་དག། དེ་རིང་རྨི་ལམ་དུ་ནི་བདག་གི་ནུ་མ་འགའ་ཞིག་གིས་ནི་རལ་གྲིས་བཅད།། སོ་ཡང་ཕྱུང་བས་དེ་རིང་བདག་གི་བུ་སྡུག་དེ་ནི་མྱུར་དུ་མ་རུངས་གྱུར། ། བདག་གིས་ཐིབ་ཕྲུག་གུ་གསུམ་ཞིག་རྙེད་པ་གཅིག་འདིར་ཇི་ལྟར་ཁྲས་ཁྱེར་བཞིན།། བདག་གི་བུ་གསུམ་དག་གིས་བསྐོར་བ་ལས་ཀྱང་གཅིག་ནི་དེ་རིང་བཆི་བདག་ཁྱེར།། ཀྱེ་མ་སྡིག་པ་ཅན་གྱི་རྨི་ལམ་དེ་ཡི་འབྲས་བུ་གྲུབ་པ་འདི་ཡིན་ནོ།། དེ་ནས་རྒྱལ་པོ་དང་བཙུན་མོ་སྙིང་རྗེ་རྗེ་སྐད་དུ་རྣམ་པ་མང་པོར་སྨྲ་ཞིང་རྒྱན་ཐམས་ཅད་བཀྲོལ་ནས། སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། གཞོན་ནུའི་རུས་པ་རྣམས་ཕྱོགས་འདིར་བཞག་གོ།། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སེམས་ཅན་ཆེན་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སེམས་ཅན་ཆེན་པོ་ཞེས་བྱ་བར་གྱུར་ཏོ།། ཀུན་དགའ་བོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་ཡོངས་སུ་མ་གྲོལ་བ་དེའི་ཚེ་ཡང་། སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལ་སངས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་ན། སྐྱོན་ཐམས་ཅད་དང་བྲལ་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་ད་ལྟར་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སེམས་ཅན་རེ་རེའི་ཕྱིར་ཡང་སེམས་ཅན་དམྱལ་བ་རྣམས་སུ་བསྐལ་པར་གནས་པར་སྤྲོ་ཞིང་། སྐྱེ་བའི་འཁོར་བ་ལས་རྣམ་པར་བསྒྲལ་ལོ།། སེམས་ཅན་གྱི་སྙིང་པོས་ཤིན་ཏུ་བྱ་དཀའ་བ་རྣམ་པ་སྣ་ཚོགས་དུ་མས་འགྲོ་བ་མཐའ་དག་ལ་ཕན་བཏགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། ། བྱང་ཆུབ་མཆོག་འདི་ཡོངས་སུ་འཚལ་བ་ན།། བསྐལ་པ་མང་པོར་ངས་ནི་ལུས་བཏང་སྟེ།། ཇི་ལྟར་རྒྱལ་པོ་དང་ནི་རྒྱལ་བུར་གྱུར། ། དེ་ལྟར་དེས་ནི་ལུས་རྣམས་ཡོངསུ་བཏང་།། སྔོན་གྱི་སྐྱེ་བ་རྣམས་ནི་རྗེས་དྲན་ཏེ།། ཤིང་རྟ་ཆེན་པོ་ཞེས་བྱའི་རྒྱལ་པོ་བྱུང་།། དེ་ལ་བུ་ནི་གཏོང་བ་ཆེ་ལྡན་ལ།། སེམས་ཅན་ཆེན་པོ་ཞེས་བྱ་དམ་པ་ཡོད།། དེ་ལ་ཕུ་བོ་དག་ནི་གཉིས་ཡོད་དོ།། མིང་ནི་སྒྲ་ཆེན་པོ་དང་ལྷ་ཆེན་པོ།། དཔུང་ཚོགས་དེ་དག་ནགས་ཚལ་སྟུག་པོར་དོང་།། དེ་དག་སྟག་མོ་བཀྲེས་པས་གཟིར་བ་མཐོང་། ། དེ་ལ་སེམས་ཅན་མཆོག་འདི་སྙིང་རྗེ་སྐྱེས།། སྟག་མོ་འདི་ནི་བཀྲེས་སྐོམ་གརི་རབས་ན།། སྟག་ཕྲུག་དེ་དག་ཟ་བར་འགྱུར་འོང་གིས།། དེ་ལྟར་བདག་ལུས་དག་ནི་གཏང་བར་བྱའོ། ། ཤིང་རྟ་ཆེ་བུ་སེམས་ཅན་ཆེས།། སྟུག་མོ་བཀྲེས་མཐོང་སྟག་དྲུག་རྣམས།། ཐར་བར་བྱ་ཕྱིར་སྙིང་རྗེ་ཡིས།། རི་ངོས་གཟར་ནས་མཆོངས་པ་དང་ས་ནི་རི་དང་བཅས་སུ་གཡོས། ། བྱ་ཚོགས་རྣམ་མང་རྣམ་པར་འཐོར།། རི་དགས་ཚོགས་སྐྲག་འཇིག་རྟེན་འདི།། མུན་པས་འཐིབས་པོར་གནས་པར་གྱུར།། དེ་ཡི་ཕུའོ་སྒྲ་ཆེན་དང་། ། དེ་བཞིན་ལྷ་ཆེན་དེ་གཉིས་ཀྱིས།། ནགས་མཆོག་ཆེན་པོ་དེར་བལྟས་ན།། སེམས་ཅན་ཆེན་པོ་མ་རྙེད་ནས།། ཤིན་ཏུ་མྱ་ངན་ཟུག་རྔུའི་སྙིང་།། དྲན་མེད་ནགས་ཀྱི་ནང་ན་རྒྱུ། ། ནུ་བོ་དེ་ནི་ཡོངས་འཚོལ་ཞིང་།། གདོང་ལ་མཆི་ཟག་ནགས་ཁྲོད་རྒྱུ།། སྒྲ་ཆེན་དེ་བཞིན་ལྷ་ཆེན་པོ།། རྒྱལ་བུ་གཞོན་ནུ་དེ་དག་གཉིས།། སྟག་མོ་ཉམ་ཆུང་གར་ཉལ་བ། ། དེར་ནི་ཉེ་བར་སྤོང་བ་དང་།། སྟག་མོ་དང་ནི་སྟག་ཕྲུག་གི། སྟག་གི་མཚུལ་ཁྲག་ཆགས་མཐོང་།། སྐྲ་དང་རུས་པ་ཅུང་ཟད་ཅིག། ས་ལ་རྣམ་པར་འཐོར་བ་མཐོང་། ། དེ་ཡི་ཁྲག་གི་ཐིགས་པ་ནི།། ཉུང་ཞིག་ས་ལ་ཡོད་པར་གྱུར།། རྒྱལ་པོའི་བུ་ནི་དེ་གཉིས་ཀྱིས།། ཁྲག་ཆགས་པ་ཡིས་དེ་མཐོང་།། རབ་ཏུ་བརྒྱལ་ཏེ་ས་དེ་ལ། ། འགྱེལ་ནས་ཡིད་ནི་ཉམས་པར་གྱུར།། ལུས་རྣམས་ལ་ནི་རྡུལ་གྱིས་གོས།། དྲན་དབང་ཉམས་ཤིང་སེམས་ཀྱང་མྱོས།། དེ་དག་གི་ནི་འཁོར་རྣམས་ཀྱང་། ། སྙིང་རྔུར་ངུ་ཞིང་མྱ་ངན་ནོན།། དེ་དག་ཆུས་ནི་རབ་འཐོར་ཞིང་།། ལག་པ་བསྒྲེང་སྟེ་ངུ་ཞིང་གནས།། དེ་ནི་འགྱེལ་མ་ཐག་ཏུ་ཡང་།། བཙུན་མོ་གཅེས་མཆོག་སྐྱེད་པའི་མ། ། བུད་མེད་དག་ནི་ལྔ་བརྒྱ་དང་།། ཕོ་བྲང་ནང་ན་བདེ་འདུག་པ།། ནུ་སོར་གཉིས་ཀའི་རྩེ་མོ་ནས།། འོ་མ་ཟག་ཏུ་འབྱུང་ཞིང་འཛག། དེ་ཡི་ལུས་དང་ཡན་ལག་ཀུན། ། ཁབ་ཀྱིས་གཙགས་པ་བཞིན་དུ་ཚ།། སྙིང་ནི་རབ་ཏུ་མྱ་ངན་གང་།། བུ་བྲལ་མྱ་ངན་དྲག་མདས་ཕོག། རྒྱལ་པོའི་གན་དུ་ཉེར་སོང་སྟེ།། མྱ་ངན་རབ་གདུངས་ཡིད་མི་དགའ། ། སྙིང་རྗེའི་སྒྲ་ཡིས་རབ་ངུ་ཞིང་།། རྒྱལ་པོ་ཤིང་རྟ་ཆ་ལ་སྨྲས།། མི་དབང་རྒྱལ་པོ་བདག་ལ་གསོན།། བདག་ལུས་མྱ་ངན་མེ་ཡིས་འཚིག། བདག་གི་ནུ་སོར་རྩེ་གཉིས་ནས། འོ་མ་ཁྲག་ཏུ་རབ་ཏུ་འབྱུང་།། བདག་ལུས་ཁབ་ཀྱིས་གཙིགས་བཞིན་ཚ།། བདག་གི་སྙིང་ཡང་གསལ་ཐུག། ཇི་ལྟར་སྡུག་པའི་བུ་རྣམས་ནི།། ཕྱིན་ཆད་མི་མཐོང་འདི་འདྲའི་ལྟས། ། བདག་གིས་བུ་རྣམས་དེ་ལྟར་འཚལ།། ཐུགས་རྗེས་མཛོད་དེ་བདག་སྲོག་སྩོལ།། དེ་རིང་བདག་གི་རྨི་ལམ་ན།། ཐི་བའི་ཕྲུག་གུ་གསུམ་རྙེད་ན།། བདག་གི་ཐི་བ་ཕྲག་གུ་ནི། ། སྡུག་ཅིང་ཡིད་འོང་གང་ལགས་པ།། དེར་ནི་ཁྲ་མཆིས་བདག་གི་ནི།། ཐིབ་ཕྲུག་གུ་དེ་ཁྲས་འཚལ།། བདག་གི་རྨི་ལམ་དེ་འདྲ་ཡི།། མྱ་ངན་སྙིང་འདི་རབ་ཏུ་ཞུགས། ། སེམས་ནི་མྱ་ངན་རབ་གདུངས་པས།། བདག་ནི་རིང་པོར་མི་ཐོགས་འགུམ།། བདག་གི་བུ་རྣམས་དེ་ལྟར་འཚལ།། ཐུགས་རྗེ་ལྡན་པ་བདག་སྲོག་སྒྲོལ།། དེ་སྐད་སྨྲས་ནས་བཙུན་མོ་མཆོག། བརྒྱལ་ནས་ས་དེར་འགྱེལ་བར་གྱུར།། དྲན་པའི་དབང་པོ་རྣམ་པར་ཉམས།། སེམས་ཀྱང་སྟོར་ཅིང་དྲན་པ་མེད།། བཙུན་མོའི་འཁོར་ཚེགས་ཐམས་ཅད་ཀྱང་། ། སྙིང་རྗེའི་སྐད་ཀྱིས་རབ་ཏུ་ངུ།། བཙུན་མོ་དམ་པ་བརྒྱལ་གྱུར་ཏེ།། ས་ལ་འགྱེལ་བ་མཐོང་ནས་ནི།། ད་མ་ཐག་ཏུ་རྒྱལ་དབང་དེ།། བུ་དང་བྲལ་བའི་མྱ་ངན་ནོན།། བློན་པོ་དང་ནི་འཁོར་རྣམས་ཀྱང་།། གཞོན་ནུ་རྣམས་ནི་བཙལ་ཕྱིར་དོང་།། གྲོང་ཁྱེར་ཀུན་གྱི་སྐྱེ་བོ་དག། ཐ་དད་ཁྱིམ་ན་བྱུང་ཞིང་འཁོད།། ངུ་ཞིང་གདོང་ནས་མཆི་མ་ཟག། ལམ་ཀར་སྤྲིང་སྟོབས་ཆེ་དེ་འདྲི། ། གསོན་ནམ་འོན་ཏེ་ཤི་འམ་ཅི།། སེམས་ཅན་ཆེན་པོ་དེ་གར་སོང་།། བདག་ཅག་དེ་རིང་མཐོང་ཞིག་གམ།། ཡིད་འོང་སེམས་ཅན་མཐོང་རེ་དགའ།། དེ་རིང་མི་སྙན་ཐོས་གྱུར་ཅིང་། ། ཡུལ་འདིར་མྱ་ངན་མི་བཟད་རླུང་།། སྒྲ་མི་ཕྱིན་ཅིང་སྒྱུ་མཐའ་ཡས།། དྲག་པོའི་སྒྲ་བཅས་ལྡན་ཞིག་གམ།། རྒྱལ་པོ་ཤིང་རྟ་ཆེ་ལངས་ཏེ།། མྱ་ངན་ནོན་ཅིང་ངུ་བཞིན་དུ། ། བཙུན་མོ་དམ་པ་སར་འགྱེལ་ལ།། བདག་ཉིད་ཆུ་ལ་རྒྱུན་ཡང་འཐོར།། ཇི་སྲིད་དྲན་རྙེད་ལྡན་གྱུར་པ།། དེ་སྲིད་དུ་ནི་ཆུ་ཡིས་གཏོར།། བདག་བུ་གུམ་མ་མ་གསོན་ཞིག་ཅེས། ། ཞུམ་པའི་ཡིད་ཀྱིས་འདྲི་བར་བྱེད།། རྒྱལ་པོ་ཤིང་རྟ་ཆེན་པོ་མིས།། བཙུན་མོ་མཆོག་ལ་འདི་སྐད་སྨྲས།། རྣོན་པོ་དག་དང་འཁོར་རྣམས་ཀྱང་། གཞོན་ནུ་རྣམས་ནི་འཚོལ་ཕྱིར་དོང་།། ཁྱོད་ནི་རབ་ཏུ་ཡིད་ཞུམ་ཞིང་།། རྟག་ཏུ་མྱ་ངན་སྙིང་མ་བྱེད།། དེ་ལྟར་ཤིང་རྟ་ཆེན་པོ་ཡིས།། བཙུན་མོ་དམ་པ་སྤྲོ་བསྲིངས་ཏེ།། རྒྱལ་པོ་ཕོ་བྲང་ནས་བྱུང་ནས།། མྱ་ངན་ནོན་ཅིང་ངུ་བཞིན་དུ།། བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ།། ཡིད་ནི་རབ་ཞུམ་ལུས་ཀྱང་ཞན།། སྲོག་ཆགས་བརྒྱ་ཕྲག་མང་པོ་ཡང་།། ངུ་ཞིང་མཆི་མ་ཟག་བཞིན་རྒྱུག། རྒྱལ་བུ་རྣམས་ནི་བཙལ་བའི་ཕྱིར།། གྲོང་ཁྱེར་གྱི་ནི་མཆོག་ནས་བྱུང་།། རྒྱལ་པོ་བྱུང་བ་མཐོང་ནས་ནི།། རྒྱལ་པོའི་ཕྱི་བཞིན་ཀུན་ཏུ་འབྲང་།། རྒྱལ་པོ་ཤིང་རྟ་ཆེན་པོ་ནི།། གྲོང་ཁྱེར་ནས་བྱུང་དེ་མ་ཐག། སྡུག་པའི་བུ་ནི་བལྟ་བའི་ཕྱིར།། རྒོད་པའི་མིག་གིས་ཕྱོགས་སུ་བལྟས།། མགོ་བྲེགས་ཡན་ལག་ཁྲག་སྦགས་ཤིང་། ལུས་ལ་རྡུལ་གྱིས་གོས་གྱུར་ལ།། གདོང་ལ་མཆི་ཟག་དུ་བཞིན་དུ།། འོང་བའི་མི་ཞིག་མཐོང་ནས་ནི།། ཤིང་རྟ་ཆེན་པོའི་སྙིང་ལ་ཡང་།། རབ་ཏུ་མི་བཟད་མྱ་ངན་གནས། ། ངུ་ཞིང་གདོང་ལ་མཆི་མ་ཟག། ལག་པ་བསྒྲེངས་ཏེ་ངུ་ཞིང་འདུག། དེ་ནས་བློན་པོ་གཞན་ཞིག་གིས།། རྒྱང་རིང་མྱུར་དུ་རིངས་པར་འོངས།། འོངས་ནས་མི་དབང་རྒྱལ་པོ་ནི། ། ཤིང་རྟ་ཆེ་ལ་འདི་སྐད་སྨྲས།། མི་དབང་ཐུགས་ངན་མ་མཛད་ཅིག། ཁྱོད་སྲས་ཡིད་དུ་འོང་བ་མཆིས།། རིང་པོར་མི་ཐོགས་ཁྱོད་ཀྱི་གན་འདིར་ནི།། སྲས་མཆོག་ཡིད་འོང་མཆི་བ་ཁྱོད་ཀྱིས་གཟིགས། ། རྒྱལ་པོ་ཡུད་ཙམ་ལམ་དུ་ཞུགས་པ་དང་།། དེ་ནས་བློན་པོ་ཆེན་པོ་གཉིས་པ་འོངས།། རྡུལ་ཆགས་དྲི་མ་ཅན་གྱི་གོས་གྱོན་ཅིང་།། མཆི་མའི་གདོང་གིས་རྒྱལ་ལ་འདི་སྐད་སྨྲས། ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་གཉིས་ནི།། མྱ་ངན་མ་ཡིས་རབ་ཏུ་གདུངས་ཤིང་གནས།། རྒྱལ་པོ་ཁྱོད་ཀྱི་སྲས་མཆོག་གཅིག་མི་གདབ།། སེམས་ཅན་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན།། སྟག་མོ་བུ་བྱུང་རིང་པོར་མ་ལོན་པ།། རང་གི་བུ་རྣམས་ཟ་བར་འདོད་པ་མཐོང་།། དེ་དག་ལ་ནི་གཞོན་ནུ་སེམས་ཅན་ཆེས།། སྙིང་རྗེ་ཆེན་པོ་ལྡན་པས་སེམས་བསྐྱེད་ནས། ། བྱང་ཆུབ་ཏུ་ནི་སྨོན་ལམ་ཆེ་བཏབ་པ།། སེམས་ཅན་ཐམས་ཅད་བདག་གིས་སྒྲོལ་བར་བྱ།། བྱང་ཆུབ་ཟབ་མོ་རྒྱ་ཆེན་འདོད་པ་ལ།། མ་འོངས་དུས་ན་བདག་གིས་རེག་པར་བྱ། ། སེམས་ཅན་ཆེན་པོ་རི་ངོས་གཟར་ནས་མཆོངས།། སྟག་མོ་བཀྲེས་པས་ནོན་པ་དེ་ལངས་ཏེ།། ཡུད་ཙམ་གྱིས་ནི་ལུས་ལ་ཤ་མེད་བྱས།། རྒྱལ་པོའི་བུ་ནི་རུས་པ་ཉི་ཚེ་ལུས། ། མ་རུངས་པ་ཡི་ཚིག་ནི་དེ་ཐོས་ནས།། རྒྱལ་པོ་ཤིང་རྟ་ཆེན་པོ་བརྒྱལ་གྱུར་ཏེ།། ས་ལ་འགྱེལ་ནས་སེམས་ཀྱང་སྟོར་བར་གྱུར།། མྱ་ངན་མེ་ནི་ཤིན་ཏུ་མི་བཟོད་འབར། ། འཁོར་དང་བློན་པོ་སྙིང་རྗེའི་སྐད་ཀྱིས་ནི།། དུ་ཞིང་མྱ་ངན་ནོན་བཞིན་དེ་དག་ཀྱང་།། ཆུར་འཐོར་ལག་པ་བསྒྲེངས་ཏེ་རབ་ཏུ་ངུ།། བློན་པོ་གསུམ་པས་རྒྱལ་ལ་སྨྲས་པ་ནི། ། བདག་གིས་དེ་རིང་གཞོན་ནུ་གཉིས་པོ་དག། ནགས་ཆེན་དེ་ན་རབ་ཏུ་བརྒྱལ་གྱུར་ཅིང་།། ས་ལ་འགྱེལ་ཏེ་སེམས་ཀྱང་སྟོར་མཐོང་ནས།། དྲན་པ། རྙེད་དེ་ལངས་ཀྱི་བར་དུ་ནི།། བདག་ཅག་རྣམས་ཀྱིས་ཆབ་ཀྱིས་རབ་ཏུ་གཏོར།། ཕྱོགས་བཞི་དག་ནི་ཀུན་ནས་འབར་བ་མཐོང་།། ཡུད་ཙམ་འགྲེང་སྟེ་སླར་ཡངས་ལ་འགྱེལ།། སྙིང་རྗེའི་སྐད་ཀྱིས་སྨྲེ་སྔགས་རབ་ཏུ་འདོན།། རྟག་པར་ལག་པ་བསྒྲེངས་ཏེ་གནས་ནས་ནི།། ནུ་བོ་དེ་ཡི་བསྔགས་པ་རབ་ཏུ་བརྗོད།། རྒྱལ་པོ་དེ་ནི་རབ་ཏུ་སེམས་ཞུམ་ཞིང་།། དུ་དང་དྲལ་བས་ནོན་ནས་སེམས་ཀྱང་འཁྲུགས། ། མྱ་ངན་རབ་ཏུ་གདུང་ཞིང་སྨྲེ་སྔགས་འདོན།། རྒྱལ་པོ་དེ་ནི་འདི་སྙམ་ཡོངས་སུ་སེམས།། བདག་བུ་སྡུག་ཅིང་ཡིད་བང་གཅིག་པུ་ནི།། སེམས་ཅན་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན། ། བདག་གི་བུ་ནི་གཉིས་པོ་དེ་དག་ཀྱང་།། མྱ་ངན་མེ་ཡིས་སྲོག་ནི་ཟད་འོང་གིས།། འདི་ལྟར་བདག་ནི་མྱུར་དུ་དེང་སོང་ལ།། མཐོང་ན་དགའ་བའི་དུ་དག་བལྟ་བར་བྱས། ། བཞོན་པ་མགྱོགས་པས་རྒྱལ་པོའི་ཕོ་བྲང་གི། རྒྱལ་པོའི་ཁབ་ཏུ་མྱུར་དུ་དཀྲི་བར་བྱ།། དེ་དག་རྣམས་ནི་སྐྱེད་པའི་མ་ཡི་སྙིང་།། མྱ་ངན་མེ་ཡིས་གས་པར་འགྱུར་དུ་འོང་། ། བུ་གཉིས་མཐོང་ནས་ཞི་བ་འཐོབ་འགྱུར་ཏེ།། སྲོག་དང་བྲལ་བར་གྱུར་པ་མ་ཡིན་ནོ།། རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནས།། གླང་ཆེན་ཞོན་ཏེ་བུ་རྣམས་བལྟ་ཕྱིར་སོང་། ། བུ་གཉིས་སྙིང་རྗེའི་སྐད་ཀྱིས་རབ་ངུ་ཞིང་།། ནུ་བོའི་མིང་འདོད་ལམ་ནས་འོངས་པ་མཐོང་།། རྒྱལ་པོས་བུ་དེ་གཉིས་ནི་ཁྲིད་ནས་སུ།། རབ་ཏུ་ངུ་ཞིང་ཁྱིམ་དུ་སོང་ནས་ནི། ། དེ་ཡིས་སྐྱེན་པར་ལ་གོར་མྱུར་དུ་ཡང་།། བཙུན་མོ་ལ་ནི་རང་གི་བུ་རྣམས་བསྟན།། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ང་།། སྔོན་གྱི་རྒྱལ་པོ་ཤིང་རྟ་ཆེན་པོ་ཡི། ། བུ་སྟེ་སེམས་ཅན་ཆེན་པོ་མཆོག་གྱུར་ཅིང་།། གང་གིས་སྟག་མོ་བདེ་བར་བྱས་པ་ཡིན།། རྒྱལ་པོའི་དབང་པོའི་དམ་པ་ཟས་གཙང་ནི།། ཤིང་རྟ་ཆ་ཞེས་བྱ་བའི་རྒྱལ་པོར་གྱུར།། ། བཙུན་མོའང་བཙུན་མོ་དམ་པ་སྒྱུ་མར་གྱུར།། སྒྲ་ཆེན་པོ་ནི་བྱམས་པར་གྱུར་པ་ཡིན།། རྒྱལ་བུ་ལྷ་ཆེན་པོ་ཡང་དེ་བཞིན་དུ།། དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན།། སྟག་མོར་གྱུར་པ་སྐྱེ་དགུའི་བདག་མེ་ཆེ། ། སྟག་ཕྲུག་རྣམས་ནི་དགེ་སློང་ལྔ་པོར་གྱུར།། དེ་ནས་རྒྱལ་པོ་ཤིང་རྟ་ཆེན་པོ་དང་བཙུན་མོས་སྙིང་རྗེ་བར་སྨྲེ་སྔགས་རྣམ་པ་མང་པོ་བཏོན་ནས་རྒྱན་ཐམས་ཅད་བཀྲོལ་ཏེ། སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། སེམས་ཅན་ཆེན་པོའི་རུས་པ་འདི་དག་ས་ཕྱོགས་འདི་ཉིད་དུ་བཞག་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འདི་བྱས་སོ། ། སེམས་ཅན་ཆེན་པོ་འདིས་སྟག་མོ་ལ་ལུས་ཡོངས་སུ་བཏང་ནས། ལུས་ཡོངས་སུ་བཏང་བ་འདིས་ཕྱིས་མ་འོངས་པའི་དུས་བསྐལ་པ་བགྲང་བ་ལས་ཤིན་ཏུ་འདས་པ་རྣམས་སུའང་སེམས་ཅན་ལ་སངས་རྒྱས་ཀྱི་མཛད་པ་བྱའོ་ཞེས་སྨོན་ལམ་དེ་སྐད་བཏབ་བོ། ། བསྟན་པ་འདི་བཤད་པ་ན་ལྷ་དང་མིར་བཅས་པའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། ། མཆོད་རྟེན་འདི་འདིར་བསྟན་པའི་རྒྱུ་ནི་འདི་ཡིན་ནོ།། རྐྱེན་ནི་འདི་ཡིན་ནོ། ། མཆོད་རྟེན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ས་དེ་ཉིད་ཀྱི་ནང་དུ་ཞུགས་སོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས།། སྟག་མོ་ལ་ལུས་ཡོངས་སུ་བཏང་བའི་ལེའུ་ཞེས་བྱ་བ་སྟེ་བཅོ་བརྒྱད་པའོ། ། ། དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ་དེ་དག་དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ཀྱི་ཞབས་ལ་མགོ་བོས་ཕྱགས་འཚལ་ཏེཕྱོགས་གཅིག་ཏུ་འཁོད་དོ། ། ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེས་ས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། ། རྒྱལ་བའི་སྐུ་མདོག་བཅོ་མའི་གསེར་འདྲ་སྟེ།། སྐུ་ལུས་གསེར་གྱི་མདོག་ཏུ་རྣམ་པར་གདའ། ། གསེར་གྱི་རི་དབང་ལྟ་བུ་གསེར་གྱི་མདོག། ཐུབ་པ་པདྨ་དཀར་པོ་གསེར་མདོག་ཅན།། བཟང་པོའི་མཚན་གྱི་མཚན་གྱིས་སྐུ་ལུས་བརྒྱན།། དཔེ་བྱད་སྣ་ཚོགས་བཟང་པོས་སྐུ་ལུས་སྤྲས། ། གསེ་གྱི་འོད་ལྟར་མཛེས་པ་རྣམ་པར་འབར།། ཤིན་ཏུ་དྲི་མེད་ཞི་བ་རི་དབང་འདྲ།། ཚངས་པའི་སྒྲ་དང་སྒྲ་སྙན་ཚངས་པའི་དབྱངས།། སེང་གེའི་སྒྲ་དང་འབྲུག་སྒྲོ་བསྒྲགས་པའི་དབྱངས། ། ཡན་ལག་དྲུག་ཅུ་བསྒྲགས་སྒྲ་དྲི་མེད་སྒྲ།། རྒྱལ་དབྱངས་རྨ་བྱཱ་ཀ་ལ་བིང་ཀའི་སྒྲ།། ཤིན་ཏུ་དྲི་མེད་དྲི་བྲལ་གཟི་འོད་མཛེས།། རྒྱལ་བ་བསོད་ནམས་བརྒྱ་ཡི་མཚན་གྱིས་བརྒྱན། ། མཁྱེན་པའི་རྒྱ་མཚོ་དྲི་མེད་དྲི་བྲལ་མཆོག། རྒྱལ་བ་ཡོན་ཏན་ཀུན་ལྡན་རི་རབ་འདྲ།། སེམས་ཅན་རྣམས་ལ་ཕན་པར་ཐུགས་བརྩེ་མཆོག་འཇིག་རྟེན་དག་ན་བདེ་བསྦྱིན་པོའི་མཆོག། རྒྱལ་བ་དམ་པའི་དོན་རྣམས་སྟོན་པ་སྟེ།། མྱ་ངན་འདས་པའི་དདི་ལ་འཛུད་པ་ལགས།། འཆིབ་མེད་པའི་འདོབ་སྩལ་བས། རྒྱལ་བ་བདུད་རྩིའི་ཆོས་ནི་རབ་ཏུ་སྟོན།། འཆིང་བ་མེད་པའི་གྲོང་ཁྱེར་འཛུད་པ་སྟེ།། བདེ་བ་ཀུན་གྱི་འབྱུང་གནས་བདེ་བའི་གནས།། རྒྱལ་བ་འགྲོ་བ་སྡུག་བསྔལ་ཐར་པར་མཛོད། སྡུག་བསྔལ་རྒྱ་མཚོ་ལས་ནི་སྐྱེ་དགུ་སྒྲོལ།། ཞི་བའི་ལམ་ལ་སྐྱེ་དགུ་རབ་ཏུ་འཛུད།། སྐྱེ་དགུ་རྣམས་ལ་བདེ་བ་ཀུན་སྩོལ་བ།། ཁྱོད་ལ་དཔེ་ནི་བགྱི་བར་མི་ནུས་ཏེ།། ཇི་སྙེད་འདྲེན་པའི་ཡོན་ཏན་ཡེ་ཤེས་མཚོ།། སྲོག་ཆགས་ཀུན་ལ་ཁྱོད་ཀྱི་ཐུགས་རྗེ་དང་།། བྱམས་པའི་སྟོབས་དང་ཐབས་དང་བརྩོན་འགྲུས་དང་།། ཁྱོད་ཀྱི་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལས། བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ཡང་།། ཡོན་ཏན་ཐིགས་པ་གཅིག་ཙམ་རབ་བསྟན་པར།། ལྷར་བཅས་འགྲོ་བའི་ནང་ན་ནུས་མ་མཆིས།། ཡོན་ཏན་མཚོ་ལས་ཡོན་ཏན་ཐིགས་བླངས་ཏེ།། དེ་ལྟར་བདག་གིས་མདོར་བསྡུས་ཅུང་ཟད་བཤད།། བདག་གི་བསོད་ནམས་གང་བསགས་དེ་ཡིས་ནི།། སེམས་ཅན་དེ་དག་བྱང་ཆུབ་མཆོག་རེག་ཤོག། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟོད་པའི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། ། ཐུབ་དབང་ཁྱོད་ནི་བསོད་ནམས་བརྒྱ་ཡི་མཚན།། དཔལ་སྟོང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན།། ཁ་དོག་ཏུ་ཆེན་མཆོག་ཏུ་ཞི་སྟོན། ། ཉི་མ་སྟོང་ལྟར་འོད་ནི་རྣམ་པར་འཕྲོ།། འོད་ཟེར་དུ་མ་འབར་བས་འོད་ཀྱིས་ཁྱད་།། ཁ་དོག་སྣ་ཚོགས་དང་བས་རིན་ཆེན་འདྲ།། སྔོན་པོ་དཀར་པོ་གསེར་དང་དེ་ཌཱུརྨ། ། ཟངས་དང་སྐྱ་རེངས་ཤེལ་གྱི་འོད་ལྟ་བུས།། རྡོ་རྗེ་རི་དབང་རི་རབ་ཐལ་མཛད་ཅིང་།། ཞིང་རྣམས་བྱེ་བ་དུ་མར་སྣང་མཛད་དེ།། སྡུག་བསྔལ་མི་བཟད་དྲག་པོ་ཞི་བར་མཛད།། བདེ་བ་མཆོག་གིས་སེམས་ཅན་ཚིམ་པར་མཛད། ། མདོག་དང་དབང་པོ་གསལ་བག་བལྟ་ན་མཛེས།། གཟུགས་བལྟས་མི་ངོམས་སྐྱེ་བོ་བལྟ་ན་དགའ།། རྨ་བྱའི་མདོག་འདྲའི་དབུ་སྐྲ་རྣམ་པར་མཛེས། ། བུང་བ་མང་པོས་གང་བའི་འོད་དང་འདྲ།། ཐུགས་རྗེ་རྣམ་དག་ཡོན་ཏན་རྣམས་ཀྱིས་བརྒྱན།། ཏིང་འཛིན་བྱམས་པ་བསོད་ནམས་དམ་པ་བསགས།། དཔེ་བྱད་བཟང་དང་ཁ་དོག་སྣ་ཚོགས་ལྡན། ། ཏིང་འཛིན་བྱང་ཆུབ་ཡན་ལག་ཡོན་ཏན་བརྒྱན།། ཁྱོད་ནི་རབ་ཏུ་ཚིམ་མཛད་ཕན་པ་མཛད།། བདེ་མཛད་བདེ་བ་ཀུན་གྱི་འབྱུང་གནས་འབྱུང་།། ཡོན་ཏན་ཟབ་མོ་སྣ་ཚོགས་རྣམས་ཀྱིས་བརྒྱན། ། ཞིང་རྣམས་བྱེ་བ་དག་ཏུ་ལྷུང་ངེ་སྟེ།། མེ་ཡི་འོད་ལྟར་འོད་ཟེར་རྣམས་ཀྱིས་མཛེས།། ཇི་ལྟར་ནམ་མཁར་ཉི་དཀྱིལ་རྫོགས་པ་བཞིན།། རི་རབ་ལྟ་བུར་ཡོན་ཏན་ཀུན་ལྡན་པར། ། འཇིག་རྟེན་ཁམས་རྣམས་ཀུན་ཏུ་རབ་ཏུ་གདའ།། བཞོ་ཀུ་མུ་དུང་ཟླ་འདྲ་ཞིང་།། ཁ་བའི་མདོག་དང་དཀར་པོ་བཟང་འདྲ་བའི།། ཚེམས་ཀྱི་འཕྲེང་བས་ཁྱོད་ཀྱི་ཞལ་@#མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས། ། དེ་ཉིད་ཀྱི་ནི་བུ་གཉིས་པ།། སྐྱེད་པ་པོ་ཞེས་རྣམ་གྲགས་པ།། དེ་ཡི་དྲུང་ན་འཁོད་པ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་དག་བཅིང་བ་རྣམ་པ་ལྔས་བསྡམས་ནས། ། མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས།། དེ་ཉིད་ཀྱི་ནི་བུ་གསུམ་པ།། དེ་ཡི་མིང་ནི་གདོན་པོ་ཆེ།། དེ་ཡི་དྲུང་ན་འཁོད་པ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། ། བཅིང་བ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས།། དེ་ཉིད་ཀྱི་ནི་བུ་བཞི་པ།། དེ་ཡི་མིང་ནི་བུམ་པའི་ལྟོ།། དེ་ཡི་དྲུང་ན་འཁོད་པ་ཡི།། གནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས། ། བཅིང་བ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས།། དབང་ཕྱུག་ཆེན་པོ་ལྷ་ཆེན་པོ།། ལག་བཞི་པ་ལ་སྟོབས་པོ་ཆེ།། དེ་ཡི་དྲུང་ན་འཁོད་པ་ཡི། རྔགནོད་སྦྱིན་བྱེ་བ་དྲུག་ཅུ་རྣམས།། བཅིང་བ་རྣམ་པ་ལྔས་བསྡམས་ནས།། མདོ་སྡེའི་ཞགས་པས་ཀུན་ཏུ་དྲངས།། འབྱུང་པོ་འཇོམས་པའི་རི་ལ་ནི།། འབྱུང་པོ་ཐམས་ཅད་ལྷགས་ནས་སུ། ། རིག་སྔགས་ཐམས་ཅད་འབྱུང་བའི་གནས།། རིག་སྔགས་འདི་ནི་ཀུན་ཏུ་བསམས།། ཆད་པ་མི་བཟང་དྲག་པོ་སྟེ།། གང་ཕྱིར་སངས་རྒྱས་ཀུན་གྱིས་གསུངས།། གོའུ་ཏ་མ་ལ་གུས་པར་ནི། ། ཐམས་ཅད་དེ་ལ་སྐྱབས་སུ་སོང་།། གཡོ་མེད་པར་ནི་རྗེས་ཞུགས་ཤིག། ཐམས་ཅད་མེད་པར་གྱུར་ཏ་རེ།། དེ་ནས་ཐང་ཅིག་ཙམ་གྱིས་ནི།། འབྱུང་པོ་མང་པོ་ཐམས་ཅད་ལྷགས། ཞུགས།། ཏིང་འཛིན་ཟབ་ཅིང་རྡུལ་དང་བྲལ་བ་ནི།། རྒྱལ་བ་སངས་རྒྱས་སྤྱོད་ཡུལ་དེར་ཡང་རབ་ཏུ་ཞུགས།། དེ་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་སྟེ།། རྐང་གཉིས་དམ་པ་རྣམས་ཀྱི་གནས་པའང་སྟོང་པ་ལགས། ། ཆོས་རྣམས་དེ་དག་ཐམས་ཅད་རང་བཞིན་སྟོང་ལགས་ན།། སེམས་ཅན་རྣམས་ནི་སྟོང་པའི་བདག་ཉིད་མ་འཚལ་ཏོ།། རྟག་པར་ཁོར་ཟུག་ཏུ་ནི་རྒྱལ་བ་དྲན་པར་བགྱིད། ། རྒྱལ་བ་མཐོང་བར་ཡང་ནི་རྟག་ཏུ་མྱ་ངན་བགྱིད།། རྫོགས་པའི་སངས་རྒྱས་ཉི་མ་མཐོང་བར་བགྱི་སླད་དུ།། རྟག་པར་ཡང་ནི་སྨོན་ལམ་རབ་ཏུ་འདེབས་པར་བགྱིད།། བདག་ནི་རྟག་ཏུ་དོགས་སར་པུས་མོ་བཙུགས་ནས་སུ། ། རྒྱལ་བའི་གཟུགས་ཀྱིས་སྐོམ་པའི་མྱ་ངན་སེམས།། འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་བར་བགྱིད།། བདག་ནི་བདེ་བར་གཤེགས་པ་མཐོང་བ་རབ་ཏུ་སྐོམ། ། མྱ་ངན་མེ་ཡིས་ཀུན་ཏུ་རབ་ཏུ་འབར་བར་གྱུར།། མཐོང་བའི་ཆུ་བསིལ་བདག་ལ་རྟག་པར་སྩལ་དུ་གསོལ།། བདག་ནི་ཁྱོད་ཀྱི་གཟུགས་ལ་བལྟ་བས་རབ་ཏུ་སྐོམ།། ཐུགས་རྗེའི་ཆར་གྱིས་བདག་ལ་རབ་ཏུ་སིམ་པར་མཛོད། ། འདྲེན་པ་ཁྱོད་ནི་བདག་ལ་ཐུགས་རྗེ་མཛད་དུ་གསོལ།། ཞི་བའི་གཟུགས་མཐོང་བ་ནི་བདག་ལ་སྩལ་དུ་གསོལ།། ཁྱོད་ནི་ལྷ་དང་བཅས་པའི་འགྲོ་བ་སྐྱོབ་པ་སྟེ། ། འདི་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་ལགས།། སེམས་ཅན་ཐམས་ཅད་དག་ནི་རྨི་ལམ་རང་བཞིན་ཏེ།། ནམ་མཁའ་འདྲ་ཞིང་ནམ་མཁའི་ངོ་བོ་ཉིད་ཀྱང་ལགས། ། སྒྱུམ་སྨྲིག་རྒྱུ་དང་ནི་རྒྱུ་ཡི་ཟླ་བ་འདྲ།། འདྲེན་པ་ཁྱོད་ནི་སྤྱོང་པ་ཆེ་དང་ལྡན་པ་ལགས།། དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ཚངས་པའི་སྒྲ་དབྱངས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ལེགས་སོ།། ཁྱོད་ཡང་ལེགས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་ལ་སོགས་པ་ལྷ་མོ་དེ་དག་ཐམས་ཅད་དང་། ལྷ་མོ་དཔལ་ལ་སོགས་པ་ལྷ་མོའི་ཚོགས་དེ་དག་ཐམས་ཅད་དང་རྣམ་ཐོས་ཀྱི་བུ་ལ་སོགས་པ་ལྷའི་དབང་པོ་དེ་དག་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བསྡུས་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་རྩ་གཅིག་པའོ།། ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབྱུང་བའི་རྒྱལ་བ་ཞེས་བྱ་བཐེག་པ་ཆེན་པོའི་མདོ་རྫོགས་སོ།། རྒྱུ་གར་སྐད་དུ།

CLOSE WINDOW