CLOSE WINDOW

S502: འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས
Wyliee-texts produced with ocr Programm

། །། རྒྱ་གར་སྐད་དུ། ཨཱརྱ་བེ་ཤ་བ་ཏི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སྦྲུལ་གྱི་ལོའི་དགུན་ཟླ་ར་བ་ཚེས་ཉི་ཤུ་ལ་ཡུལ་ཕུག་རོན་ཅན་ན། གྲོང་ཁྱེར་སིན་ཙོ་ཞེས་བྱ་བའི་གཙུག་ལག་ཁང་ན་བཞུགས་ཏེ། དེའི་ཚེ་དགེ་སློང་ཚེ་བརྗོད་ཅེས་བྱ་བ་དོན་གཅིག་གི་ཕྱིར། གྲོང་ཁྱེར་གན་སོ་ཞེས་བྱ་བར་སོང་སྟེ། དགེ་སློང་དེ་མི་ཡུལ་གྱི་གྲོང་ཁྱེར་ནས་དཔག་ཚད་བརྒྱའི་ལམ་དུ་ཕྱིན་པ་དང་། དགེ་སློང་དེས་པར་དེར་མི་ལུས་ཆེན་པོ་ཁྲུན་དུ་འདོམ་སུམ་ཅུ་ཡོད་པ། བཞིན་འདོམ་བཞི་པ་ཞིག་རྒྱང་རིང་པོ་ནས་མཐོང་ངོ་།། མཐོང་ནས་ཀྱང་དགེ་སློང་ཚེ་བརྗོད་དེས་མི་དེ་ལྟ་བུ་དེ་ལ་འདི་སྙམ་དུ་བསམས་ཏེ། ཀྱེ་མ་མི་འདི་ནི་ལུས་ཆེ་སྟེ། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་དུ་ངེས་སོ་སྙམ་ནས། དེས་པུས་མོ་གཉིས་ཀའི་ལྷ་ང་ས་ལ་བཙུགས་ཏེ། མི་ལུས་ཆེན་པོ་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། མི་ལུས་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་སྟེ། འདིར་འཁོད་ངམ། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དེ་དེ་བཞིན་ནོ།། དགེ་སློང་དེས་སྨྲས་པ། འཇམ་དཔལ་ཁྱོད་ཅིའི་སླད་དུ་འདི་ན་གདའ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། དགེ་སློང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས་ལ་ནང་རྣམ་པ་སྣ་ཚོགས་པ་འབྱུང་སྟེ། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་རྣམས་རིའི་རྒྱལ་པོ་རི་རབ་ཀྱི་ངོས་གཅིག་ལ་གནས་སོ།། དེས་ཉི་ཟླའི་འོད་ཀྱང་མི་མངོན། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་རྣམས་ཀྱང་ནམ་མཁར་བར་སྐབས་ན་མི་སྣང་ངོ་།། དེའི་ཚེ་ལྷ་དང་ལྷ་མ་ཡིན་ཀྱང་གཡུལ་འགྱེད་དེ། གཡུལ་བཀྱེ་བ་དང་། ལྷ་རྣམས་ནི་འཕམ། ལྷ་མ་ཡིན་རྣམས་ནི་རྒྱལ་ཏེ། དེའི་ཚེ་འབྱུང་པོ་དང་ཡི་དགས་རྣམས་བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས་ལ་ནང་གཏོང་སྟེ། འདི་ལྟ་སྟེ། ལྐོག་མའི་ལྷ་གོར་དང་། འབྲུམ་ཕྲན་དང་། མེ་དཔལ་དང་། ལྟོ་བ་ན་བ་དང་། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ཀླད་པ་ན་བ་དང་། ཕོལ་མིག་དང་། གཡན་པ་དང་། ཚད་པ་དང་། མིག་ནད་ལ་སོགས་པ་ཉེ་བར་སྒྲུབས་པོ།། འདི་ལྟ་སྟེ། ཆར་ཆེས་པ་དང་། ཐན་པ་དང་། དུས་མ་ཡིན་པའི་ཆར་གྱིས་ལོ་ཏོག་ཕུན་སུམ་ཚོགས་པའི་འོངས་འཕྲོག། སེམས་ཅན་རྣམས་ཀྱི་མདངས་འཕྲོག། ཚེ་དང་། སྟོབས་དང་། མདོག་དང་། གཟུགས་འཕྲོག་སྟེ། དེའི་ཚེ་འཛམ་བུའི་གླིང་ན་སེམས་ཅན་ཐམས་ཅད་ནད་སྣ་ཚོགས་ཀྱིས་ཡོངས་སུ་ཉེན་ཏོ། ། གཏུམ་པོ་སེང་གེ་དང་། སྤྱང་ཀི་དང་། སྟག་དང་། སྦྲུལ་ལ་སོགས་པའི་གཟུགས་ཀྱིས་སེམས་ཅན་རྣམས་ཀྱི་མདངས་འཕྲོག་སྟེ། འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་དུས་མ་ཡིན་པར་ཆུད་ཟ་བ་ཉེ་བར་གནས་པས། སེམས་ཅན་རྣམས་ནད་ལས་ཐར་པར་བྱའང་དཀའ་སྟེ། འཛམ་བུའི་གླིང་འདིར་སེམས་རྒན་པ་དང་། བར་མ་དང་། གཞོན་པ་དག་ལས་དཀྲིགས་ཕྲག་སུམ་ཅུ་འཆི་བར་འགྱུར་རོ། ། དེའི་ཕྱིར་ང་དགེ་སློང་ཁྱོད་ཀྱི་གམ་དུ་ཡོངས་ཀྱིས། ཁྱོད་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་རྣམ་གྲངས་འདི་སྒྲོགས་ཤིག། དེ་ཅིའི་ཕྱིར་ཞེ་ན། འཛམ་བུའི་གླིང་པའི་སེམས་ཅན་ཐམས་ཅད་ནི་འདི་སྙམ་དུ། བདག་ཅག་ཇི་ལྟར་སྡུག་བསྔལ་གྱིས་བཅིངས་པ་ཐམས་ཅད་ལས་ཐར་པར་འགྱུར་སྙམ་དུ་རེ་བའི་ཕྱིར་རོ།། དེ་ལྟ་བས་ན་དགེ་སློང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་མདོ་འདི་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་ནན་ཏན་གྱིས་ཤིག། དཀོན་མཆོག་གསུམ་ལ་རྟག་ཏུ་རྒྱུན་དུ་དད་པར་གྱིས་ཤིག། ལྷ་རྗོད་ཅིག། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་སམ། སྐུ་གཟུགས་རྣམས་ལ་སྤོས་དང་། མེ་ཏོག་དང་། བདུག་པ་རྣམས་ཀྱིས་མཆོད་པར་གྱིས་ཤིག། ཁྱད་པར་ཅན་གྱི་གཟུངས་ཀྱང་ལྷོགས་ཤིག། @ཉི་མ་བདུན་ཡན་ལག་བརྒྱད་པ་དང་ལྡན་པའི་གསོ་སྦྱིན་ལ་ཉེ་བར་གནས་པར་གྱིས་ཤིག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲོ་ཡངས་ཟབ་མོ་འབྲུག་བ་སྒྲགས་རྒྱལ་པོ་ལ་ཕྱ་འཚལ་ལོ། ། ཏདྱཥྚ། བི་བུ་ལ་ག་རྫི་ཏེ། བི་སྥུ་ལ་སཱ་རེ། བི་པུ་ལ་ཡོ་ནཽ་ཤེ། ཨ་ན་ས་ལེ། ཨ་ན་ལ་སཾ་བྷཱ་བེ། ཨ་ན་ལ་ཏེ། ཤ་ཏ་ཀ་ར། བྷེ་ཛ་ལི་ནི་སྭཱ་ཧཱ། ཛ་མ་བྷ་ནི། སྟམྦྷ་ནེ། མོ་ཧ་ནེ་སྭཱ་ཧཱ། བོན་ཏ་རི་ཀ་ཡང་སྭཱ་ཧཱ། ཧོ་མེ་དྷརྨེ། དྷརྨཱ་ཙ་ཏི་ཡེ་སྭཱ་ཧཱ། དྷ་རེ་བྷི་དྷ་རེ་སྭཱ་ཧཱ། ཀ་ལ་བིཾ་ཀ་རུ་ཏ་ཡེ་སྭཱ་ཧཱ། ཤྲི་ཏེ་ཕན་ནེ་ནིརྦ་པ་ནྱ་སྭཱ་ཧཱ། དྷུ་རུ་དྷུ་རུ། བི་དུ་རུ་དྷི་ཡེ་སྭཱ་ཧཱ། བི་ལ་མ་པ་ཙུན་དྷ་ཡེ་སྭཱ་ཧཱ། ཨ་བ་ལོ་ཀི་ཏ་བི་ལོ་ཀི་ཏཱ་ཡེ་སྭཱ་ཧཱ། ཨ་ཛྙཱ་ན་བི་དྷ་མ་ནྱེ་སྭཱ་ཧཱ། པདྨ་སཱ་རེ། པདྨ་སཾ་བྷ་རེ། ཀིང་ཀ་རེ། ཧི་ཏཾ་ཀ་རི་ཡེ་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཙན་དྲ་པྲ་བྷེ། ཙན་དྲ་ན་གརྦྷེ། ཙ་ན་དྲ་ཙུརྞེ། ཀི་ལ་ས་པ་ཏཱི། སརྦ་བུད་དྷ། ཨ་དེཥྛི་ཏ་ཨ་ནུ་མོ་དེ་ཏི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཏདྱ་ཐཱ། ཛ་ཡེ་ཛ་ཡེ། ཛ་ཡ་ལ་བ་དྷེ། ཛ་ཡ་མ་ཧཱ་མ་ཧེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཏདྱ་ཐཱ། ག་ག་ན་ཨརྱེ། ག་ག་ན་ས་མུང་གཏེར་ག་གན་བི་ཀྲཱན་ཏ། བི་ཀཱན་ཏེ། ཨོཾ་ཛོ་མ་ཛཱི་པདྨེ་ཛི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཏདྱ་ཐཱ། ཧོ་བྷི་ཏྲེ། མ་ཧཱ་བྷ་དྲེ། ཨ་ཏི་བྷ་ཛེ། ས་མནྟ་བྷ་ཏྲ། བི་ག་ཏ་རཱ་ཛ་མེ། མ་ཧཱ་བི་ག་ཏ་རཱ་ཛ་སེ། ས་ག་ཏིང་ག་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཧེ་མ་ཧེ་མ་ཧ་མ་ཧ་མ་སྭཱ་ཧཱ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མི་ཏ་བི་ཀྲཱནྟེ་ག་རེ། ཨ་མི་ཏ་ག་ག་ནི་ཀཱརྟི་ཀ་རེ་སཱ་ཧཱ། དེ་བཞིན་གཤེགས་པ་ཡོན་ཏན་འབྱུང་གནས་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ག་ག་ན་ཨ་ཀ་རེ། ག་ག་ན་སཾ་བྷ་བེ། ག་ག་ནི་ཀཱིརྟ་ཀ་རེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ཀུན་ནས་སྤོས་མཆོག་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ས་མ་ས་མེ་སྭཱ་ཧཱ། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་རྩལ་གྱིས་འབྲུག་བསྒྲགས་གཤེགས་པ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཨ་ས་མ་ཨ་ས་མེ་སྭཱ་ཧཱ། དེ་བཞིན་གཤེགས་པ་ང་རྒྱལ་གནོན་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། མཱ་ནཱ་བྷི་ཤུད་དྷེ། པདྨེ་ཤྭ་རེ། པདྨ་སཾ་བྷ་རེ། ཀིང་ཀ་རེ། ཧི་ཏང་ཀ་རེ་ཡེ་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། མ་ཏི་བི་ག་ར་ཛ་སཾ། ཧེ་མ་ག་ཏི། ཀརྨ་མ་ཧཱ་ར་ཛ་ཛ། བི་ཤོ་དྷ་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། མཻ་ཏྲི་མ་ནི་སཾ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ།། འདི་ལྟ་@#སྟེ། གརྦྷེ་གཎྜཱི། གརྦྷ་བི་ཤོ་དྷ་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཨཀྵ་ཡེ་ནུ། ཨཀྵཱ་ཡེ་ཕུ་ཨཀྵ་ཡ་ཀརྨྨ་བི་ཤོ་དྷ་ནི་ཕུ་སཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་དྲི་མ་མེད་པར་གྲགས་པ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། ཀཱིརྟི་ཏཱ། སརྦྦ་ཛ་ནཾ། ཨ་བྷི་ཀཱིརྟི་ཏཱ། བཛྲ་སརྦྦ་ཛི་ནཾ། བཛྲ་ཨ་ཀ་རེ། བཛྲ་བེ་དཱ་ཀ་རེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། འདི་ལྟ་སྟེ། སརྦ་ཨཱ་བ་ར་ཎ་བི་སྐམ་བིཎྱེ་སྭཱ་ཧཱ། དྷཱ་ཏུ་བི་ཀ་ར་ཎྱེ་སྭཱ་ཧཱ། མེ་གྷ་མི་སྤོཊ་མི་སྭཱཧཱ། ཨ་པཱ་ར་ཛི་ཏི་ཀཱ་ཡི་སྭཱ་ཧཱ། བ་ལ་ད་ཎྱཻ་སྭཱ་ཧཱ། ད་ཀརྞ་དཔ་མེ་སྭཱ་ཧཱ། ཀཱརྨ་ནིདྦྷ་བིཏ་ཀཱ་ཡེ་སྭཱཧཱ། ཨེ་ཀ་ཨ་ར་མ་ཡ་སྭཱ་ཧཱ། ཡོ་གཱ་ཙ་རཱ་ཡེ་སྭཱ་ཧཱ། སརྦྦ་བུདྡྷ་ཨ་བྷི་ཥི་ཀ་ཏཱ་ཡེ་སྭཱཧཱ། བཀུ་ཏི་ཡེ་སྭཱ་ཧཱ། སརྦྦ་དྷརྨྨ་ཨ་བྷི་ཥི་ཀཱ་ཏ་ཡེ་སྭཱ་ཧཱ་མེཀ་མྲྀ་ནཱི་མེ་སྭཱརྠ་ས་ཤྭག་ལེ་སྭཱཿ། བྷུ་ཏ་ཡེ་སྭཱ་ཧཱུ~ཾ། ཨ་ས~ཾ་བྷུ་ཏ་ཡེ་སྭཱ་ཧཱ། སརྦྦ་དུཿཁོ་པྲ་ཤ་མ་ཎྱེ་སྭཱ་ཧཱ། ཟླ་འོང་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། འདི་ལྟ་སྟེ། ཙིད་པྲ་བྷེ། སུ་པྲ་བྷེ། པྲ་བྷ་ཨ་ཀ་རེ། པྲ་བྷོ་ཀ་རེ། པྲ་བྷ་བ་ཏི། དྷརྨཱ་བི་ཤུད་དྷཾ། ཀརྨ་བི་ཤུ་དྷིར། བྷ་བ་ཏུ་མཾ་སྭཱ་ཧཱ། ཚེ་བརྗོད་གང་ལ་ལ་ཞིག་རིག་སྔགས་འཇ་ཉིན་ཞག་བདུན་དུ་ཉིན་ལན་བདུན་མཚན་ལན་བདུན་དུ་བྱ་བ་བྱས་ན། དེའི་ལས་ཀྱི་སྒྲིང་པ་མ་ལུས་པ་རྣམ་པར་དག་པར་འགྱུར་རོ།། དགེ་སློང་བདུན་ལ་ཟས་སྦྱིན་ནོ།། མེ་ལས་མེ་སྤེལ་བར་བྱའོ།། སརྦ་བུདྡྷ་ཨ་བྷི་ཥི་ཏ་ཡེ་སྭཱ་ཧཱ། མཚན་མོ་མར་མེ་ཐོགས་ཏེ་མཆོད་རྟེན་ལ་བསྟི་སྟང་བྱས་ལ་བསྐོར་བ་བྱའོ།། དམ་པའི་ཆོས་བྲི་བ་དང་བཀླག་པ་ལ་བརྩོན་པར་བྱའོ།། གལ་ཏེ་ཡམས་ཀྱི་ནང་ཆེར་བྱུང་ན། ཁྱིམ་ནས་ཁྱིམ་དང་། གྲོང་ནས་གྲོང་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དུ། ཁུ་བ་དང་། བདུག་པ་དང་། གཏོར་མ་དང་། ལྷ་བཤོས་ཀྱིས་མཆོད་པ་བྱའོ།། ནང་པ་གང་ཡིན་པ་དེས་ཀྱང་ཆོ་ག་འདི་བཞིན་དུ་བྱས་ན། དེ་མྱུར་དུ་ནང་ལས་ཐར་པར་འགྱུར་རོ། ། དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ།། དགེ་སློང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། ཀློག་གམ། ཡི་གེར་འདྲི་འམ། ཡི་གེར་འདྲིར་འཇུག་གམ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་སྟོན་ན། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སྐྱེ་བོ་ཐམས་ཅད་ཀྱི་རྣ་ལམ་དུ་གྲགས་པར་འགྱུར་བར་ཡུལ་ནས་ཡུལ་དང་། གྲོང་ཁྱེར་ནས་གྲོང་ཁྱེར་དང་། གྲོང་ནས་གྲོང་དུ་བསྐུར་བར་བྱའོ།། ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་བརྗོད་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ལན་ཅིག་བཀླགས་ན་དེ་བདག་ཉིད་ཐར་པར་འགྱུར་རོ།། སས་ལན་གཉིས་བཀླགས་ན་དེ་བུ་དང་ཆུང་མ་དང་ལྷན་ཅིག་ཐར་པར་འགྱུར་རོ།། @སུས་ལན་གསུམ་བཀླགས་ན་དེ་ཙ་ལག་གི་ཚོགས་ཀྱི་སྐྱེ་བོ་དང་བཅས་ཏེ་ཐར་པར་འགྱུར་རོ།། སུས་ལན་བཞི་བཀླགས་ན་དེ་ཡུལ་འཁོར་ཐམས་ཅད་ཐར་པར་འགྱུར་རོ།། སུས་ལན་ལྔ་བཀླགས་ན་དེ་ཉེན་ཀོར་གྱི་རྒྱལ་པོ་དང་ཐར་པར་འགྱུར་རོ། ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་མྱུར་དུ་ཡུལ་གཞན་ངག་ཏུ་བསྐུར་བར་བྱ་སྟེ། དེར་ཡང་ཡོན་ཏན་འདི་དག་འབྱུང་བར་འགྱུར་རོ།། ཚེ་བརྗོད་གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ལ་མི་འཛིན་ཏམ། མི་ཀློག་གམ། ཡི་གེར་མི་འབྲིར་མ། ཡི་གེར་འདྲིར་མི་འཇུག་གམ། ཀུན་ཆུབ་པར་མི་བྱེད་དམ། གཞན་དག་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་མི་སྟོན་ནམ། ཡུལ་གཞན་དུ་མི་འབྱིན་ཏམ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་མི་ཉན་ཏམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་མི་སྔོ་ན། མཚམས་མེད་པ་ལྔ་བྱེད་པ་རྣམས་ཀྱི་འགྲོ་བ་ཅི་འདྲ་བ་དེ་འདྲ་བར་མངོན་པར་འགྲུབ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤང་བའོ། ། ཡང་འཇམ་དཔལ་གཞོན་ནུར་གྱུར་པས། དགེ་སློང་ཚེ་བརྗོད་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་བརྗོད་སུ་ཞིག་འདི་ཚད་མར་བྱེད་པ་དེ་ནི་ངས་ཐོག་མ་ཉིད་དུ་ངང་པར་བྱ་བ་ཡིན་ནོ། ། ཇི་ལྟར་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བདེ་བར་འགྱུར་བར་བྱ་བའི་ཕྱིར། ང་རིའི་རྒྱལ་པོ་རི་རབ་ལ་སོང་སྟེ། ལྷ་དང་དྲི་ཟ་རྣམས་ལ་རྗེས་སུ་བསྟན་པ་དང་མཐུན་པར་བྱ་ར་བྱ་བའི་ཏ་བྱའོ། ། དེ་སྐད་ཅེས་སྨྲས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་མི་སྡང་བར་གྱུར་ཏོ།། དགེ་སློང་ཚེ་བརྗོད་ཀྱིས་ཀྱང་འཇམ་དཔལ་གནོན་དུར་གྱུར་པས་སྨྲས་པ་ལ་མངོན་པར་བསྟོང་དེ་བཟུང་ནས་སོང་ངོ་། ། འཕགས་པ་ཁྱད་པར་ཅན་ཞེས་བྱ་བའི་གཟུངས་རྫོགས་སོ།། །། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲི་མཱུ་ལ་ཏནྟ། བོད་སྐད་དུ་འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད།

CLOSE WINDOW