CLOSE WINDOW

S499:
Wyliee-texts produced with ocr Programm

། མཆོད་པའི་སྤྲིན་ཅེས་བྱ་བའི་གཟུངས་རྫོགས་སོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྤྱན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། ། ཏདྱ་ཛྙཱ། ཨོཾ་ཏ་ར་ཏ་ར། ཏཱི་ཏི་རི། ཙ་རུ་ཥྚ་རུ། ཀཱ་ལ་ཀ་ལ། ཀཻ་ལི་ཀི་སཱི། ཀུ་ལུ་ཀུ་ལུ། བྷ་ར་བྷ་ར། བྷི་རི་བྷཱི་རི། བྷུ་རུ་དྷུ་རུ། དྷཱ་ཡ་བྷཱུ་ཡ། ཀུ་རུ་སརྦ་ཀརྨྨ་ཨཱ་བ་ར་ཎ་ཛ་ནི་མེ་ཤ་པྲ་བྷ་ཡ་སྭཱ་ཧཱ། ཛ་ལ་ནེ་བི་དྷ་ནི་བཻ་སྭཱ་ཧཱ། ཀུ་རུ་པཉྩ་ལི་སྭཱ་ཧཱ། སཱ་ག་ར་སཾ་བི་རོ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛི་ཏེ་སྭཱ་ཧཱ། གཟུངས་འདིའི་ཆོ་ག་འདི་ཡིན་ཏེ། ནང་པར་ལངས་ནས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་ཞག་ཉི་ཤུ་རྩ་གཅིག་ལོན་པའི་ཚེ། ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་རོ།། སྤྱན་ལྔའང་རྣམ་པར་དག་པར་འགྱུར་རོ། ། དེ་ལ་མིག་ནང་འབྱུང་བར་མི་འགྱུར་རོ།། ལུས་ལ་ནད་འབྱུང་བར་མི་འགྱུར་རོ།། ཡིད་ཀྱི་ཉེས་པ་འབྱུང་བར་མི་འགྱུར་རོ།། སྤྱན་ལྔའང་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་ཡིད་རྣམ་པ་ལྔའང་ཐོབ་པར་འགྱུར་རོ།། ཚེ་རབས་ཐམས་ཅད་དུ་སངས་རྒྱས་འབྱུང་བ་དང་ཕྲད་པར་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་སངས་རྒྱས་མཐོང་བ་དང་། ཆོས་ཐོས་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་འབྲལ་བར་མི་འགྱུར་རོ།། ལུས་མཛེས་པར་འགྱུར་རོ།། སེམས་དང་བར་འགྱུར་རོ།། འཕགས་པ་པདྨའི་སྤྱན་ཞེས་བྱ་བའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། སུ་རཱུ་པ་ན་མ་དྷཱ་ར་ཎི། བོད་སྐད་དུ། སུ་རུ་བ་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།

CLOSE WINDOW