Wylie | e-texts produced with ocr Programm |
། ། རྒྱ་གར་སྐད་དུ། ཨཱརྱ་པྲ་ཏི་ཏྱ་ས་མུཏྤཱ་ད་བ་རི་ཧྲྀ་ད་ཡ་དྷཱ་ར་ཎི། བོད་སྐད་དུ་འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཆོས་གང་རྒྱུས་བྱུང་དེ་དག་ནི།། རྒྱུ་ལ་འགོག་པ་གང་ཡིན་པ། ། དེ་བཞིན་གཤེགས་པས་བཀའ་སྩལ་ཏོ།། དེ་སྐད་གསུང་བ་དགེ་སྦྱོང་ཆེ།། ཚིག་འདི་སྒྲུབ་པའི་ཆོ་ག་ནི།། སེམས་ཅན་རྣམས་ལ་ཕན་བྱེད་པ།། ལས་ཀུན་གྲུབ་པར་བྱེད་པའི་ཕྱིར། ། དེ་བཞིན་གཤེགས་པས་རབ་ཏུ་གསུངས།། རིགས་ཀྱི་བུ་དག་གང་གི་ཕྱིར།། དང་པོར་སངས་རྒྱས་བཅོམ་ལྡན་ལ།། གུས་ཤིང་དང་བའི་སེམས་བསྐྱེད་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། རྟེན་འབྲེལ་ཟབ་མོ་ཆོ་ག་བཤད།། ཐམས་ཅད་ལས་དང་མཐུན་པར་གསུངས།། དང་པོ་འཇུག་པའི་ཚིག་གསུངས་པ།། འདི་ལྟར་ལས་དང་ཉོན་མོངས་ཡོད་གྱུར་ན། ། སེམས་ཅན་རྣམས་ནི་འཁོར་བར་འགྲོ་འགྱུར་ལ།། ལས་དང་ཉོན་མོངས་མེད་ན་འཁོར་བ་ལས་ཀྱང་ལྡོག། བདེན་པ་འདི་ཡིས་བདག་གི་བསམ་པ་གྲུབ་གྱུར་ཅིག། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བཞུགས་པ་ལ་ཕྱག་འཚལ་ལོ།། རང་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། ། དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ།། རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། ། བརྟུལ་ཞུགས་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ།། སེམས་ཅན་རྣམས་ཀྱི་སྨན་པ་རྣམས་ལ་ཕྱག་འཚལ་ལོ།། ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ།། ། འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡཾ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ལས་རྣམས་ཀུན་གྱི་ཆོ་ག་ལ།། ཚིགས་སུ་བཅད་པ་འདི་དག་བརྗོད། ། བསམ་རྒྱུ་རང་གི་ལག་མཐིལ་ལ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ།། སྐྱེས་བུ་ཆེན་པོའི་མཚན་གྱིས་བརྒྱན།། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས།། མེ་ཡི་ཁམས་ལ་ཞུགས་པ་བསྒོམས། ། དེ་ནི་ལྷ་དག་རྗེས་སུ་དྲན།། དེ་ནི་སྦྱོར་བའི་ལས་བཤད་དེ།། རིམ་པོ་བཞིན་དུ་སོ་སོར་བསྟན།། རིམས་ཀྱིས་བཏབ་ནས་ན་བ་དང་། ཀླང་པ་ན་དང་མིག་ནང་དང་།། ཁོང་ནང་ལ་སོགས་ནད་རྣམས་ལ། ། ཚིགས་བཅད་འདི་དང་སྙིང་པོ་འདི།། མང་པོར་བཟླས་ཤིང་ལངས་ནས་ནི།། ལག་པ་གཡས་པའི་ཁུ་ཚུར་གྱིས།། དབྱུང་བའི་ཐབས་སུ་བྱབ་པར་བྱ།། ནད་རྣམས་ཐམས་ཅད་སོས་པར་འགྱུར།། ཉིན་གཅིག་ཉིན་གཉིས་ཉིན་གསུམ་དང་།། ཉིན་བཞི་རྟག་པའི་རིམས་རྣམས་ལ།། བུ་མོ་གཞོན་ནུས་བཀལ་བ་ཡི།། སྐུད་པ་དཀར་པོ་སུམ་བསྒྲིལ་ལ། ། བཟླས་བརྗོད་ཉི་ཤུ་བརྒྱད་བཟླས་ནས།། མགུལ་དུ་བཏགས་ན་བདེ་བར་འཚོ།། ནད་ལ་ཕན་པའི་སྨན་རྣམས་ལ།། གཟུངས་སྔགས་འདི་དག་བཟླས་ཤིང་གཏང་།། སྙིང་ནང་རྩིབ་ལོགས་ན་བ་དང་། ། ཁོང་ན་ནད་རྣམས་ཅི་ཡོད་ལ།། ཆུ་ལ་སྔགས་འདི་མང་བཟླས་ནས།། བླུང་ན་ཕན་ཞིང་བདེ་བར་འགྱུར།། ནད་ལ་ཕན་པའི་སྨན་རྣམས་ལ།། བཟླས་ཤིང་བཏང་ན་འཚོ་བར་འགྱུར། ། གཡན་པ་དང་ནི་འབྲུམ་བུ་དང་།། ཕོལ་མིག་དང་ནི་རྨ་རེངས་ལ།། གྲོག་ཚང་ས་ལ་སྙིང་པོ་འདི།། མང་དུ་བཟླས་ཏེ་བཏབ་ན་འཚེ།། གཞང་འབྲུམ་གཞང་ནད་ཟ་གུ་དང་། ། ཕོ་མཚན་སྐྲངས་ཤིང་ན་བ་ལ།། སྐྱེར་བའི་ཁ་དྷའི་རིལ་བུ་འམ།། བྱང་ཆུབ་སེམས་དཔའི་རིལ་བུ་ལ།། ཉི་ཤུ་བཟླས་ཤིང་བསྐུས་ན་ཕན།། ནད་ཀྱི་རྣམ་པ་གང་ན་ཡང་། ནད་ཚབས་ཆེ་ཆུང་ཚོད་བརྟགས་ནས།། ཚིགས་སུ་བཅད་པའི་བཟླས་བརྗོད་ལ།། མང་ཉུང་ནད་དང་སྦྱར་ནས་སུ།། ལུས་ལ་བྱབ་ཅིང་བཟླས་ན་ཕན།། འཁྲུ་བ་ག་ནད་ཀྱིས་བཏབ་པ་ལ།། སྨན་ནམ་རིལ་བུ་ཁ་ཟས་ལ།། བདུན་ནམ་ཉི་ཤུ་བཟླས་ནས་ཀྱང་།། ཁོང་དུ་བཏང་ན་ཕན་པར་འགྱུར།། དེ་ཡི་བཟླས་བརྗོད་སྔ་མ་སྟེ།། འདི་དག་རབ་ཏུ་བཟླས་པར་བྱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དེ་དག་བཟླས་ན་ནང་རྣམས་འཚོ།། དེ་ནི་ནང་རྣམས་འཚེ་བའོ། ། དེ་ནས་ལང་ནི་བཀའ་སྩལ་པ།། ནས་དང་གྲོ་དང་སྲན་མ་དང་།། འབྲས་དང་སྲན་ཆུང་མོན་སྲན་དང་།། ཤིང་ཐོག་རྐུན་འབྲུམ་ཨ་རུ་ར།། དེ་དག་ཀུན་ལ་ཟ་བ་ཡི།། སྲིན་བུ་སྔུར་བུ་ཕྱེ་མ་ལེབ། ། བྱེའུ་དང་བྱི་བ་ནེ་ཙེ་དང་།། ལོ་ཏོག་ཟ་བ་ཁ་བཅིང་ན།། ཞིང་གི་ཁྱོན་དང་སྦྱར་ནས་ཀྱང་།། བྱེ་མ་ས་དང་ཐལ་བ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས།། ཞིང་དང་ཤིང་ཐོག་གཏོར་བྱས་ན། ། དེ་དག་ཀུན་ཀྱང་ཁ་བཅིངས་འགྱུར།། ཧ་ཅང་ཆར་པ་ཆེས་པ་ན།། བཅོམ་ལྡན་འདས་ལ་ཕུལ་བ་ཡི།། མེ་ཏོག་དམན་མ་རེ་རེ་ལ།། བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱ།། གཙང་ཞིང་བདེ་བའི་གནས་དག་ཏུ།། དཀྱིལ་འཁོར་ཆེན་པོའི་དབུས་དག་ཏུ།། བུམ་པ་གང་བའི་སྟེང་དག་ཏུ།། ཁམ་ཕོར་གཙང་མའི་ནང་དུ་ཡང་།། མེ་ཏོག་གཙང་མ་བཟླས་པ་དེ།། བསྲེགས་ན་ཆར་པ་ཆད་པར་འགྱུར། ། སེར་བ་དྲག་པོ་འོང་བ་ན།། སེ་བ་ཉིད་ཕྲག་ལྕུག་མ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས།། གསེར་བ་གང་ནས་གཡོ་ངོས་སུ།། ཀླང་ལ་བསྐོར་ཞིང་བྱབས་ན་འཆང།། ཡང་ན་ཐལ་ཆེན་ཡུངས་ཀར་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ།། ཐུམ་པོ་བྱས་ཏེ་ལྕུག་མ་ལ། བཏགས་ཏེ་བཙུགས་ན་སེར་བ་འཆད།། འབྱུང་པོ་ཤ་ཟ་ཡི་དགས་དང་།། བརྗེད་བྱེད་གདོན་གྱིས་ཟིན་པ་ལ། ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ།། བུམ་པ་གཙང་མ་ལྔ་བཞག་སྟེ།། གུ་གུལ་དུད་པས་བདུགས་ནས་ཀྱང་།། ཡུངས་ཀར་ག་པུར་ཙན་དན་དང་།། གླ་རྩི་ལ་སོགས་སྨན་སྦྱར་ཏེ། ། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བཟླས།། གོས་དང་ཟས་ནི་དཀར་པོ་སྦྱར།། དཀྱིལ་འཁོར་དེ་ཡི་ནང་དུ་བཞུག། བུམ་པའི་ཆུ་ཡིས་བཀྲུ་བར་བྱ།། སངས་རྒྱས་སྐུ་བསིལ་བྱས་པའི་ཆུས། ། བཀྲུ་ཞིང་བྲུང་ན་རབ་ཏུ་ཕན།། ནང་དང་གནོད་པ་ཀུན་ལས་ཐར།། འབྱུང་པོ་བརྗེད་བྱེད་ཤ་ཟ་ཡིས།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། བུས་པ་གདོན་གྱིས་འཇིགས་པ་ལ། གིའུ་ཝང་ལ་ནི་སྔགས་བཟླས་ནས།། སྙིང་པོ་སྟོབས་ཆེན་འདི་བྲིས་གདགས།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ།། ཧ་ན་ད་ཧ་པ་ཙ་བི་དྷ་ན་ས་ཡ་ཛ་ཊི། ལཾ་པོ་ད་ར། ཨུཙྪཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། གཙང་སྦྲ་བྱས་ཏེ་མགུལ་པར་གདགས།། དེ་བཞིན་ཡུངས་ཀར་དག་ལ་ཡང་།། བཟླས་བརྗོད་བྱས་ཏེ་གཏུམས་ལ་གདགས།། མཁའ་འགྲོའི་གདོན་གྱིས་ཟིན་པ་ན།། ཡུངས་ཀར་དང་ནི་གུ་གུལ་ལ། ། སྔགས་གཉིས་ལན་ནི་བདུན་བདུན་བཟླས།། དུད་པས་བདུགས་ན་འཚེ་བར་འགྱུར།། དེ་ལ་ཐེ་ཙོམ་མི་ཟའོ།། བུས་པ་གདོན་དང་ནང་ལས་ཐར།། བུད་མེད་བུ་ནི་ཐོགས་གྱུར་ན། ། ཆུ་ལ་བཟླས་བརྗོད་ལྔ་བདུན་བྱས།། བླུད་ན་ལེགས་པར་བཙའ་བར་འགྱུར། བུད་མེད་མོ་གཤམ་བུ་མེད་ལ།། སངས་རྒྱས་སྐུ་བསིལ་བྱས་པའི་ཆུ།། ལ་བཟླས་བརྗོད་ཉི་ཤུ་བྱ།། ཁྲུས་བྱས་ལུས་ནི་གཙང་མ་ལ།། ཆུ་དེ་བྲུད་ན་བུ་ཚ་འཕན།། རིགས་བརྒྱད་དག་ནི་འཕེལ་བར་འགྱུར།། ལམ་དུ་ཞུགས་ཏེ་འགྲོ་བ་ན།། སྐུད་པ་དང་ནི་གོས་ཀྱི་གཱ་ར། བཟླས་བརྗོད་བདུན་བཟླས་མདུད་པ་བདུན།། མདུད་ཅིང་བཟླས་ཏེ་སོང་བ་ན།། བདེ་བར་འགྲོ་ཞིང་དོན་ཡང་འགྲུབ།། དགྲ་དང་ཉེ་ཞེ་མེད་པར་འགྱུར།། ཡིད་ནི་གཞུངས་པར་འདོད་པ་ན། ། ཤུ་དག་ཚོན་གང་ཙམ་པ་ལ།། མར་སྲང་སུམ་བརྒྱ་དྲུག་ཅུ་ལ།། བཟླས་བརྗོད་བྱས་ཏེ་བསྲེས་ནས་ཀྱང་།། བུམ་པ་གཅིག་ཏུ་བླུགས་ལ་དཀྲུག། ཉི་མ་རེ་རེ་ལོ་གཅིག་ཏུ། ཤུ་དག་གི་ནི་དུམ་རེ་དང་། ། མར་སྲང་དག་ནི་རེ་རེ་ལ།། བཟླས་བརྗོད་རེ་རེ་བྱ་ཞིང་བཟའ།། དེ་ནི་ཡིད་གཞུངས་བློ་ལྡན་འགྱུར།། དེ་བཞིན་པ་ནི་སེར་སྐྱ་མའི།། མར་དང་འོ་མ་དག་ལ་ཡང་།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་དུ། ། བཟླས་ཏེ་འོ་ཐུག་དཀྲུག་ཅིང་བཟའ།། ཡིད་གཞུངས་པ་ཡི་མཆོག་ཏུ་འགྱུར།། མི་དང་འགྲོགས་ཤིང་མཛའ་འདོད་ན།། གང་དག་ཡིད་དང་འཐད་པ་ལ།། མེ་ཏོག་དང་ནི་རྩཝ་ཤིང་ངམ། ། འབྲས་བུ་འམ་ནི་འཇི་བ་དག། ལག་པ་གཡས་པའི་ཆང་པར་བཅུག། བཟླས་བརྗོད་བརྒྱ་ནི་རྩ་གཅིག་གདབ།། གང་གི་ལག་ཏུ་བྱིན་པ་ན།། དེ་དང་རྟག་ཏུ་མཛའ་བར་འགྱུར། ། རྟ་ལ་སོགས་པའི་ཕྲུགས་རྣམས་ཀུན།། འཆི་བར་ཉེ་བར་གནས་པ་ན།། ཆུ་དང་ཡུངས་ཀར་བཅས་པ་ལ།། བཟླས་བརྗོད་བརྒྱ་ནི་རྩ་བརྒྱད་བྱ།། དེ་ལ་གཏོར་ན་སོས་པར་འགྱུར། ། ཡང་ན་ཡུངས་ཀར་བརྒྱ་བརྒྱད་ལ།། བཟླས་པའི་ཐུམ་པོ་མགུལ་དུ་གདགས།། དེ་ནི་ནད་མེད་བདེ་བར་འགྱུར།། མི་རྣམས་འཆི་བས་འཇིགས་གྱུར་ན།། ཡུངས་ཀར་ལ་ནི་བཟླས་བརྗོད་བྱ། ། ཐུམ་པོ་བྱས་ཏེ་མགོ་ལ་གདགས།། བཟླས་བརྗོད་པརྒྱུ་སྟོང་འབུམ་ཡང་བཟླས།། མི་ནད་དང་ནི་ཕྱུགས་ནང་ཀུན།། མིང་ཡང་མེད་ཅིང་བདེ་བར་འགྱུར།། དེ་དག་ཀུན་གྱི་བཟླས་བརྗོད་ནི།། འདི་དག་ཀུན་ཏུ་རྒྱ་ཆེར་གསུངས།། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་དྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱཧཱ། རྟག་ཏུ་བཟླས་བརྗོད་བྱས་ན་ནི། ། བསམ་པ་ཡོངས་སུ་རྫོགས་པར་འགྱུར།། གནོད་པས་ཅིས་ཀྱང་ཚུགས་མི་འགྱུར།། དམ་ཆོས་ཡོངས་སུ་གཟུང་བར་འགྱུར།། ཚིགས་སུ་བཅད་འདི་དག་ནི།། མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། ། ཆོ་ག་འདི་དག་ཐམས་ཅད་ནི།། གང་ལ་དད་པས་ཡིད་ཆེས་ན།། འགྲུབ་པར་ཐེ་ཚོམ་མེད་པར་འགྱུར།། བཟླས་བརྗོད་འབུམ་ནི་བྱས་གྱུར་ན།། དགོས་པ་ཐམས་ཅད་འགྲུབ་པར་འགྱུར། ། སྟོན་པ་ཤཱཀྱའི་ཐུགས་རྗེ་འདི།། དགེ་སློང་ནེར་བ་ན་རཀྵི་ཏས།། ཐོ་གར་ཡུལ་ནས་རྙེད་པ་སྟེ།། འགྲོ་བ་ཀུན་གྱི་དཔལ་དུ་ཤར།། འཕགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་གའི་གཟུངས་རྫོགས་སོ། ། རྒྱ་གར་སྐད་དུ། ཨཱརྱ་པྲ་ཏཱིཏྱ་ས་མུཏྤཱད་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ།
CLOSE WINDOW