CLOSE WINDOW

S462: འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད
Wyliee-texts produced with ocr Programm

སེང་གེས་དཔལ་ན་ལེན་ཛའི་སྒོ་འགྲམ་དུ་བསྒྱུར།། རྒྱ་གར་སྐད་དུ། ཨཱརྱ་བཛྲ་པཱ་ཎི་ནཱི་ལཱཾ་བ་རེ་དྷ་ར་ཏྲི་ལོ་ཀབི་ན་ཡ་ནཱ་མ་ཏཱརྠ་བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་འཇིག་རྟེན་གསུམ་འདུལ་བའི་རྒྱུད། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་བྱང་ཕྱོགས་ན་ལྕང་ལོ་ཅན་གྱི་པོ་བྲང་ན་བཞུགས་ཏེ། བརྗོད་ཀྱིས་མི་ལང་བའི་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པའི་འཇིག། རྟེན་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་པ་འཇིགས་ཤིག། མ་སྐྲག་ཅིག། མ་དངངས་ཤིག་ཅེས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཐུགས་ཀའི་དཔལ་གྱི་བེའུ་ལ་འོད་ཟེར་ཁ་དོག་གསུམ་ལས་གྲུབ་པ། འོད་ཟེར་ཁ་དོག་གསུམ་པའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འཇིག་རྟེན་གསུམ་དུ་བཀྱེ་སྟེ། ཐམས་ཅད་བཀུག་ནས་སླར་ཡང་འོད་ཀྱིས་སྣང་བ་བྱས་ནས། ཨོཾ་བཛྲ་ཙརྞ་པ་ཙ་དུཥྚཱན་ཏ་གཏན་དག་པས་ཆུབ་ཨུ0f7f། ནཱག་བི་དྷ་ད་རྫ་པ། ཙྪ་བ་དར་ཎཱ་ཡ་ཧྲཿ། པྲེ་ཏཱ་ངྐར་ཀྵས་པཿ། ནས་བདྲར་རྫལ་པཊ། ནངག་པའི་དང་རྫ་དེ་བ་བིདྷ་ར་ཎཱ་ཡ་ཕཊ། ཅེས་གསུངས་པས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ལུས་གས་ནས་སེམས་ཤེལ་སྒོང་ལྟ་བུར་གནས་པར་གྱུར་ཏོ།། སེམས་ཡི་གེ་གསུམ་ལྟ་བུར་གནས་ཏེ། ཨོཾ་ན་ཞལ་གསུམ་ཕྱག་དྲུག་སྟེ།། ཨཱཿནི་ཞལ་གཅིག་ཕྱུག་གཉིས་ཏེ།། ཧཱུཾ་ནི་རྒྱན་དང་བྲལ་གྱུར་པ།། རིགས་ནི་གསུམ་དུ་གྱུར་པ་ཡིན།། ཞེས་གསུངས་སོ།། དེ་ནས་རིགས་གསུམ་དུ་ཐ་པས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་ཤིན་ཏུ་རྙེད་དཀའ་བ།། ཞེ་སྡང་ཆེན་པོ་བདག་ཉིད་ཅན།། ཕྱག་ན་རྡོ་རྗེ་རྙེད་དཀའ་བ།། བདག་ཅག་གིས་ནི་ཐོབ་པར་འགྱུར།། དེ་ནས་རྡོ་རྗེ་འཛིན་པའི་རྒྱལ་པོས་འཁོར་གྱི་གཙོ་བོ་རྡོ་རྗེ་འཛིན་པ་ཐུགས་བསྐུལ་བའི་སྔགས་འདི་གསུངས་སོ།། བཛྲ་པཱ་ཎི་ཧྲི་ད་ཡ་ད། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་བསྟོད་པ། ཏདྱ་ཐཱ། བྷོ་གྷོ་པ་ན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དན་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མ་ཐ། མཱ་ཀུ་ལ། ཨུཏ་སཱད་ནཾ་བྷ་བི་ཥྱ་ཏི། བསྟོད་པ་འདིས་བསྟོད་པས་འགྱུར་བ་བཅུ་གཉིས་དང་ལྷས་བཅོ་བརྒྱད་བྱུང་བས། འཇིག་རྟེན་གྱི་ཁམས་གཞན་ནས་འབྱུང་བའི་ལྷ་དང་མི་ལ་སོགས་པ་ཐམས་ཅད་སྐྲག་ནས་དཀོན་ཆོག་གསུམ་ལ་སྐབས་སུ་མཆིའོ་ཞེས་བརྗོད་དོ། ། འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་བཅོམ་ལྡན་འདས་ཀྱིས་རང་རང་གི་གདུལ་བྱ་རྣམས་ས་འཇིགས་ཤིག། མི་མཇེད་ཀྱི་འཇིག་རྟེན་ཁམས་ན་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བཞུགས་པས་འཇིག་རྟེན་མཁྱེན་པ་ལ་བསྟོད་པའི་ལྷས་ཡིན་གྱིས་ཞེས་གསུངས་སོ། ། རང་རང་གི་འཁོར་དད་པ་དང་ལྡན་པ་རྣམས་ཀྱི་རང་རང་གི་འཇིག་རྟེན་མཁྱེན་པ་ལ་གསོལ་པ། འཇིག་རྟེན་མཁྱེན་པ། བྱང་ཆུབ་སེམས་དཔའ་དེ་ལྟ་བར་འཚལ་ན་གནང་བར་མཛད་དུ་གསོལ། དེ་ནས་རང་རང་གི་འཁོར་རྣམས་རང་རང་གི་སྟོན་པའི་འོད་ལ་འཇུས་ནས་རི་རབ་ཀྱི་སྟེང་ན་ལྕང་ལོ་ཅན་གྱི་ཕོ་བྲང་གི་ནང་དུ་རང་རང་གི་འཁོར་དང་བཅས་པ་བྱོན་ནོ། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་བསྟོད་པ་བྱས་ནས་བྱང་ཆུབ་སེམས་དཔའ་བསྟོད་པ་ཡི། ། ངོ་མཚར་ལྟས་ཀྱིས་འདིར་མཆིས་པས།། འཇིག་རྟེན་དུ་འབྱུང་དཀའ་བ་ཡི།། ཚར་གཅང་རྗེས་གཟུང་བཤད་དུ་གསོལ། ། དེ་ནས་བཅོམ་ལྡན་འདས་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དབང་བསྐུར་བ་མཛད་དོ།། ཨ་བྷི་ཥིཉྩ་ཞེས་གསུངས་པས་སྣོད་དང་ལྡན་པར་བྱས་སོ།། འཇིག་རྟེན་གསུམ་འདུལ་བ་ཞེས་བྱ་བའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཆོད་པ་ཐམས་ཅད་ཀྱིས་མཆོད་དེ་ལན་གསུམ་དུ་བསྐོར་བ་བྱས་ནས་ཡང་དང་ཡང་དུ་ཕྱག་བྱས་ནས་གསོལ་བ་བཏབ་པ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། ། སྲུང་བ་རྣམས་ཀྱི་མཆོག་གྱུར་པ།། ཕྱག་ན་རྡོ་རྗེ་སྲུང་བའི་རྒྱུད།། ཞེ་སྡང་གཙོ་བོས་བཤད་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཞེ་སྡང་ཀུན་གྱི་རྒྱ་མཚོ་གཙོ། ། འབར་བ་དྲག་པོ་སྤྱན་ཡངས་པས།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། ཟླ་བའི་དཀྱིལ་འཁོར་ལ་གནས་པའི།། དབུས་སུ་ཕྱག་ན་རྡོ་རྗེ་བྲི།། དེ་མཐའ་མཚན་མ་ཉི་ཤུ་བཞི། ། རང་དབུས་སརྦ་དུཥྚཱཾ་དང་།། སྡེ་ཚན་དང་པོ་བཅཝོ་བརྒྱད་དགོད།། དབུས་མཚན་ལྟེ་བར་མིང་བྲིས་ལ།། དེ་རྣམས་ཕྱག་ན་རྡོ་རྗེའི་དབུས།། དབུས་མའི་ཕྱག་རྡོ་རྗེ་ལ། ། བསྟོད་པའི་སྔགས་ཀྱི་བསྐོར་བར་བྱ།། རྡོ་རྗེ་ཉི་ཤུ་རྩ་བཞི་ལ།། ཀླུ་འདུལ་སྔགས་ཀྱིས་བསྐོར་བར་བྱ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ཀླུ་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པའི་རིག་སྔགས་འདི་བཀའ་སྩལ་ཏོ། ། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུནྟ། མཱ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར་ནཱ་གཱནཱ~ཾ། པྲ་ཧ་ར་ཐ་ཧ་རནཱ་ཧཱནཙྪིནྡ་ཙྪིནྡ་ནཱ་ག་རྦད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨཱཎི། བི་ཤཱིརྱ་ཧུ་ནཱ་ག་ཤྭ་རི་རྀ། བི་སྥོ་ཊ་ཡ་སྔགས་ངེས་ཀླུ་རྣམས་སྐྲག་སྟེ་རང་རང་གྲི་གནས་སུ་འབྲོས་པར་ཆས་པ་ལས། ནཱ་གཱ་ཡ་ནཱ་ནི་ཞེས་གསུངས་པས་ལུས་མི་གཡོ་བར་གྱུར་ཏོ།། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་སྟེ་རང་རང་གི་གནས་སུ་དོང་ངོ་། ། ཕྱི་ཡི་ཕྱག་ན་རྡོ་རྗེ་ལ།། ལྷ་སྲིན་སྔགས་ཀྱིས་བསྐོར་བར་བྱ།། གཉིས་ལ་རིགས་ཀྱི་ནག་པོས་བརྒྱན།། རྒྱན་དང་ཆ་ལུགས་ཚང་བ་ལ།། དབུས་ནས་རིམ་པ་བཞིན་དུ་བྲི།། ཨོཾ་དང་ཧཱུཾ་མཐའ་པཱ་ཎཱིའི་སྔགས།། འཕྲེང་བ་བསྣམས་པ་བྲི་བར་བྱ།། ཨོཾ་གྱིས་རྡོ་རྗེ་ལྟེ་བར་མཚན།། ཧཱུཾ་གིས་ཤེས་རབ་ལྕེ་ལ་མཚན། ཕྱི་ཡི་ལྕགས་རི་དག་ལ་ནི།། ཐབས་དང་ཤེས་རབ་དག་དང་བྲི།། བསྒྲུབ་བྱ་རྡོ་རྗེ་ལྟེ་བར་བཅའ།། གུར་ཀུམ་གྱིས་ནི་བྲི་བར་བྱ།། ཡང་ངོའི་ཚེས་བརྒྱད་ནས་བཟུང་སྟེ།། བྲིས་ནས་དེ་ནུབ་ནས་བཟུང་བ།། བཅུ་བཞིའི་བར་དུ་བསྙེན་པར་བྱ།། བཅོ་ལྔའི་ནུབ་མོ་སྒྲུབ་པ་སྟེ།། དཀྱིལ་འཁོར་ཆ་ལུགས་ལྡན་པ་ལ།། ལྷ་སྣམ་སྟེང་དུ་པུས་བཙུགས་ལ།། ཆོ་ག་བཞིན་དུ་བསྐྱེད་པར་བྱ།། འཁོར་ལོ་དག་ལ་གསང་བྱས་ལ།། འཁོར་ལོ་སྟོང་པ་ཉིད་དུ་བསྒོམ།། སྟོང་པ་ཉིད་ལས་ཧཱུཾ་བྱུང་སྟེ།། དེ་ཞུ་བ་ལས་རྡོ་རྗེ་ནི།། བཛྲ་པཱ་ཎིས་ལྟེ་བར་མཚན། ། དེ་ལས་འཕྲོ་དང་འདུས་པ་ལས།། ཕྱག་ན་རྡོ་རྗེའི་སྐུར་བསྐྱེད་ལ།། དེ་སྙིང་ཟླ་བ་རྡོ་རྗེས་མཚན།། རྡོ་རྗེ་ལྟེ་བར་ཧཱུཾ་མཚན་ལས།། འོད་ཟེར་སྤྲོས་ཏེ་གོས་སྔོན་བསྡུ།། དེ་ལ་མཆོད་པ་སྣ་ཚོགས་མཆོད།། བསྟོད་དང་བདུན་པོས་བྱས་ནས་ཀྱང་།། འོད་ཟེར་དག་གིས་བཀུག་བྱས་ལ།། རང་སྙིང་རྗེ་རྗེ་ཧཱུཾ་ལ་ཐིམ། ། དེ་ལ་མཆོད་བསྟོད་སྣ་ཚོགས་བྱ།། རྡོ་རྗེ་དག་ལས་ཡེ་ཤེས་དམ་པ་ཡིས།། མེ་བྱུང་བས་ནི་རྡོ་རྗེ་ཞུ་གྱུར་ནས།། འཁོར་ལོའི་རྣམ་པར་གྱུར་པར་བསམ།། སྐུ་ནི་སྐུ་ཡི་རྣམ་པ་སྟེ། ། མཚན་མ་མཚན་མའི་རྣམ་པར་རོ།། ས་དེ་བསྡུས་པ་ཀིར་ཏི་དང་།། བསྲེགས་པའི་ནང་དུ་འཁོར་ལོ་གཞུག། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བསྟོད་པ། སེམས་ཅན་རྣམས་ལ་ཕན་གདགས་ཕྱིར།། སྟོན་པ་ཁྱབ་བདག་རྡོ་རྗེ་འཛིན།། གདུལ་དཀའ་ཐམས་ཅད་འདུལ་བ་ཡི།། སྲུང་བའི་འཁོར་ལོ་ངོ་མཚར་ཆེ།། འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས། ། ས་འོག་འདུལ་བ་སྟེ་ལེའུ་གཉིས་པོ།། །། དེ་ནས་མི་མཇེད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་ཕྱག་ན་རྡོ་རྗེ་རྣམས་ཀྱིས།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་ནས་ཕྱག་འཚལ་ཏེ་གསོལ་བ་བཏབ་པ། དེ་ནས་སྔགས་སྙིང་ཀུན་འདུས་པ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སྟོན་པ་དཔལ་ལྡན་རྡོ་རྗེ་འཛིན། ། རིག་སྔགས་གཅོད་བྱེད་བཤད་དུ་གསོལ།། དེ་ནས་སྟོན་པ་རིག་སྔགས་གཅོད།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། དང་པོ་བསྙེན་པ་བྱ་བ་སྟེ།། མཆོད་རྟེན་སྔོན་པོ།། བརྩིག་པ་དང་།། རས་རིས་ལ་སོགས་བྲི་བ་སྟེ།། ལྕེ་ཡི་སྒྲིབ་པ་སྦྱང་བའི་ཕྱིར།། ཡི་གེ་བརྒྱ་པས་བཤགས་པ་བྱ།། དེ་ནས་ཚངས་པའི་གནས་བཞི་བསྒོམ།། སྟོང་པ་ཉིད་ལས་འདི་གསུམ་མཐའ། ། ཡོངས་སུ་གྱུར་པས་རྡོ་རྗེ་སྟེ།། དེ་ལ་བཛྲ་པཱ་ཎིས་མཚན།། ལྟེ་དབུས་སྔགས་ལ་ལྷ་སྤྲོ་བསྡུ།། བྱས་པས་ཕྱག་ན་རྡོ་རྗེར་གྱུར།། ལྷ་ཡི་སྐུ་མདོག་རྒྱན་ལ་སོག། རྩ་བའི་རྒྱུད་ལས་ཤེས་པར་བྱ།། བདག་ཉིད་ཐུགས་ཀའི་དཔལ་བེའུ་ལས།། འོད་ཟེར་འཕྲོས་པས་བཅོམ་ལྡན་བསྡུ།། འོད་ཟེར་གཉིས་པའི་རྩེ་མོ་ལས།། མཆོད་པ་རྣམ་པ་བཅུ་སྤྲོས་ཏེ། ། བཅོམ་ལྡན་ཚེགས་ལ་མཆོད་པ་བྱ།། དེ་ནས་ཡང་དག་བསྟོད་བྱས་ལ།། འོད་ཟེར་གསུམ་པས་སྒྱིང་ཁར་གཞུག། སྙིང་ཁའི་མཚན་མ་ཟླ་དཀྱིལ་ཐིམ།། བཛྲ་འི་ཤུ་གཅིག་དབུས་གནས། ། དེ་ལ་སྔགས་རྒྱལ་བསྐོར་བར་བྱ།། སྔགས་ནི་རྣམ་པ་བཞི་རུ་བཤད།། མིང་དང་དོན་དང་སྤེལ་བ་དང་། བཟླས་པ་དག་དང་རྣམ་པ་བཞི།། བཟླས་པ་རྣམ་པ་བཅུ་དྲུག་ཏུ། ། རྒྱུད་འདི་ལས་ནི་རབ་ཏུ་གྲགས།། རྡོ་རྗེ་ཡི་ནི་བཟླས་པ་དང་།། རིན་ཆེན་པདྨའི་བཟླས་པ་དང་།། ལས་ཀྱི་བཟླས་པ་བཞི་པོ་དག། ལས་བཞི་པོ་ཡི་ནི་རང་བཞིན་རང་བཞིམ་རྡོ་རྗེའི་བཟླས་པ་དང་། ། དྲག་པོའི་ལས་དང་ཟོ་ཆུན་རྒྱུད།། མགལ་མོའི་འཁོར་ལོའི་བཟླས་པ་དང་།། མདའ་དང་སྦྲུལ་གྱི་བཟླས་པ་དང་།། འགོག་པ་ཡི་ནི་བཟླས་པ་སྐུ་བསྲུངས་བཀའ་ཉན་བཟླས་པའོ། ། ཁྱབ་འཇུག་མདུང་དང་ཚངས་པའི་གཞུ།། མར་མེ་ལྟ་བུའི་བཟླས་པའོ།། བཟླས་པའི་མཚན་མའི་རང་བཞིན་ཏེ། རྟག་ཏུ་ལྷ་རྣམས་བུམ་པ་ཡིས།། དབང་བསྐུར་བྱེད་པ་བྱུང་བ་འམ།། ཡང་ན་ལོ་བརྒྱད་ལོན་པར་བྱུང་།། ཡང་ན་མེ་ཏོག་སྔོན་པོ་སྟེ།། མ་བྱུང་དུས་ཀྱི་བསྙེན་པ་བྱ།། དེ་ནས་བསྒྲུབ་པ་བརྩམ་པར་བྱ། ། དཀྱིལ་འཁོར་རྣམ་པ་བཞི་རུ་བཤད།། ཞི་རྒྱས་བསྡུས་དང་དྲག་པོ་སྟེ།། འདིར་ནི་དྲག་པོའི་གཙོ་བོའོ།། དཀྱིལ་འཁོར་ཉམས་སུ་བླང་བའོ།། བླ་མ་ལྔ་རུ་ཤེས་པར་བྱ། བདག་ཉིད་རྒྱན་དང་ལྡན་པ་ལ།། ཤར་གྱི་ཕྱོགས་སུ་བལྟ་བྱས་ཏེ།། ཆོ་ག་གསུམ་གྱིས་དབྱུང་བའོ།། དཔལ་བེའུ་ཞུ་བ་རྡོ་རྗེར་གྱུར།། དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ། བཅོམ་ལྡན་ཆོ་ག་བཞིན་དུ་བསྐྱེད།། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ།། དཔལ་བེའུ་ཞུ་བས་ཡེ་ཤེས་སོ།། མཐའ་མ་སྐར་མ་ལྔ་བུ་ཡི།། རང་བཞིན་དཔལ་བེའུ་ཧཱུཾ་དང་ནི། ཡེ་ཤེས་སེམས་དཔའི་ཐུགས་དཀྱིལ་ལས།། སྔགས་ཀྱི་འཁོར་ལོ་བསྐོར་བར་བྱ།། དེ་ཡི་དབུས་སུ་བསྒྲུབ་བྱ་གཞག། ཧཱུཾ་ལས་བསྐྱེད་པའི་ཕུར་བུ་ནི།། དེ་ཡི་ལྕེ་ལས་བརྟེན་པར་བྱ།། གུ་གུལ་ནག་པོའི་སྤོས་ཀྱིས་ནི།། དེ་ཡི་སྣ་ནས་བདུག་པར་བྱ།། སྔགས་རྒྱལ་ནཱ་ག་བོར་ནས་ནི།། མཱ་ར་ཛཾ་ཧྲི་གཞུག་པར་བྱ།། དེ་ནི་རིགས་ངན་ཐོད་པར་གཞུག། མཆོད་རྟེན་འོག་ཏུ་མནན་པར་བྱ། ། དེ་སྟེང་དུག་གསུམ་མགོ་བོ་ནི།། ཨོཾ་ཨཱཿཧཱུཾ། དར་དཀར་གཅིག་གིས་ཕུར་བྱས་ལ།། རིམ་པ་དང་པོར་གཞུག་པར་བྱ།། དེ་སྟེང་རིམ་པ་ལྔ་པ་ལ།། ཤ་ཆེན་ལ་སོགས་ལྔ་པོ་དག། ཧཱུཾ་ཏྲཱཾ་ཧཱི.ཱ་ཨ། ར་རོག་ཁ་རུ་གཞུག་པར་བྱ།། རིམ་པ་བཞི་པ་དག་ལ་ནི།། འཁོར་ལོ་གཞུག་པར་བྱ་བ་སྟེ།། ཡཾ་ལས་རླུང་དང་རཾ་ལས་མེ།། དེ་ལྟར་འཁོར་ལོ་རྩིབས་བརྒྱད་བྲི། ། དེ་སྟེང་ཉི་མ་ཟླ་བ་སྟེ།། འཁོར་ལོ་དབུས་ཀྱི་ལྟེ་བ་ལ།། དགྲ་བོའི་མགོ་བོ་ཐུར་བསྟན་བྲི།། དེ་ཡི་སྙིང་ཁར་མིང་བྲིའོ།། འཁོར་ལོ་ཡི་ནི་རྩིབས་བརྒྱད་དེ།། རྩིབས་ལ་སྔགས་ཀྱིས་བསྐོར་བར་བྱ།། མིང་ལས་བསྒྲུབ་བྱ་ཧཱུཾ་ལས་སྟོན།། འོག་གི་ལས་ནི་གཉིས་ཀྱང་བྲི།། ཁྲ་དང་སྤྱང་ཀི་ལ་སོགས་པའི།། ཐོད་པར་གཟུགས་བརྙན་བཅུག་ནས་ནི། ཡུངས་ཀར་དག་གིས་བྲབ་བྱས་ལ།། རང་གི་འོག་ཏུ་མནན་པར་བྱ།། གུ་གུལ་ནག་པོའི་སྤོས་དག་གིས།། དེ་ཡི་སྣ་ནས་བདུག་པར་བྱ།། སེང་ལྡེང་ཕུར་བུ་སོར་བཞི་པ།། གདབ་པའི་སྔགས་ཀྱིས་ལྕེ་ལ་གདབ།། རྡོ་རྗེ་རྒྱ་གྲམ་དག་གིས་ནི།། དེ་ཡི་ཐུག་པ་བཀག་པར་བྱ།། ཉ་དང་འབྱུང་པོའི་ཉི་མ་ལ།། ཕུར་བུ་བསྐུལ་ཞིང་ཡུངས་ཀར་བརྡེག་དེན་ཡི་སྔགས་འཆང་དེ་རྣམས་ཀྱིས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། ། ཨེ་མའོ་སྟོན་པ་ཁྱད་པར་འཕགས།། ཨེ་མའོ་ཐབས་ཀྱང་ཁྱད་པར་འཕགས།། ཨེ་མའོ་འཁོར་ཡང་ཁྱད་པར་འཕགས། ། ཁྱད་པར་འཕགས་པ་ངོ་མཚར་ཆེ།། འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས། ས་བླ་འདུལ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་བཅོམ་ལྡན་འདས་འཁོར་དང་བཅས་པས་མཆོད་ཅིང་ཕྱག་འཚལ་ནས་གསོལ་བ་བཏབ་པ། གསད་པ་ལས་ཀྱི་འཁོར་ལོ་འདི། ། ས་སྟེང་འདུལ་བར་བྱ་བའི་ཕྱིར།། རྡོ་རྗེ་ཆེན་པོས་བཤད་དུ་གསོལ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། གསུང་ནི་འདི་སྐད་བཀའ་སྩལ་ཏོ།། རྡོ་རྗེ་སློབ་དཔོན་སྨོད་པ་དང་། ཐེག་པ་ཆེན་པོ་སྤོང་བ་ནི།། བསྡུ་བའི་དངོས་པོར་བསྡུ་བར་བྱ།། དེ་ཡང་དབང་དུ་མ་གྱུར་ན།། ཁམས་གསུམ་སེམས་ཅན་ཐམས་ཅད་ནི།། སངས་རྒྱས་སྐུར་ནི་བསམས་ནས་སུ།། དེ་ཡིས་གསད་སྒོམ་ཉེས་པ་བསྒྲགས།། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་འཛིན།། སྙིང་ཁ་ནས་ནི་སྤྲོས་བྱས་ལ།། དེ་ཡིས་སྲུང་དང་འཇིག་རྟེན་ལྷ།། ཞགས་པ་དག་གིས་དྲངས་ནས་ནི.ོཾ་བཛྲཱ་ཙཎྜ་སརྦ་དུཥྚཱཾ་བ་ཤ་ཛཿམཚོན་ཆ་དག་གི་བཅད་ལ་སོགས། ། ཨོཾ་བཛྲ་ཙརྞ་སརྦ་དུཥྤཱ་ཏཱ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཀྲུ་ཡི་བཟླས་པ་འབུམ་བྱས་ཏེ། དང་འབྱུང་པོའི་ཉི་མ་ལ།། བདག་ཉིད་རྒྱན་དང་ལྡན་བྱས་ལ།། རྫས་དང་སྔགས་ཀྱིས་བསྲུང་བར་བྱ།། བཞི་མདོ་ལྷ་ཁང་དུས་ནམ་བྱེད།། སྔགས་ཀྱི་རྒྱལ་པོ་བཟླས་བྱས་ཏེ།། ནས་འཁོར་ལོ་བྲི་བར་བྱ།། སྟེང་འཁོར་འོག་འཁོར་དུག་ཤིང་གིས།། དགའ་དང་ལེགས་པའི་སེམས་ཀྱིས་བྲི།། རས་མ་ཉམས་ལ་གུར་ཀུམ་མཆོག། དབུས་སུ་ཕྱག་ན་རྡོ་རྗེ་ལ། དཔྲལ་བ་སྙིང་ཁ་ལྐོག་མ་རུ།། ཡི་གེ་གསུམ་བཀོད་སྐུ་གསུམ་སྟེ།། རྒྱན་དང་ཆ་ལུགས་ཚང་བར་བྲི།། ཁོར་ཡུག་ཐམས་ཅད་དུཥྚཱཾ་བྲི།། ཞབས་དང་སྤྱི་བོ་གཡས་དང་གཡོན།། ཟླ་བ་ཉི་མ་དབུས་སུ་ནི། ། རྒྱལ་པོ་བཞི་ཡི་མཚན་མ་བྲི།། མཚམས་བཞིར་རྡོ་རྗེ་གདན་ལ་ཧཱུཾ།། ཁོར་ཡུག་ལ་ནི་ཤེས་རབ་ཐབས།། ཧཱུཾ་ལས་དམ་ཚིག་སེམས་དཔའ་ལ།། ཡེ་ཤེས་སྤྱན་དྲངས་མཆོད་དེ་ཞུ། ། འོག་འཁོར་སྦལ་ནག་ཡན་ལག་ལྔ།། སྙིང་དང་དྲུག་ཏུ་མིང་རུས་གཞུག། ཕྱོགས་བཞིར་རྩིབས་ལ་མཚམས་བཞིར་ཐོད།། རྩིབས་དང་ཐོད་ཀར་མིང་རུས་ཏེ། ། འཁོར་ཡུག་གཉིས་ལ་བསྟོད་པས་བསྐོར།། སྦལ་ཁར་ཧཱི་ལས་འོད་བྱུང་བས།། ས་བདག་ཀླུ་ཆེན་བཀུག་སྟེ་མཆོད།། མཆོད་པའི་རྫས་ནི་འོ་མ་སོགས།། དེ་ནས་བསྒྲལ་བྱ་བདུག་བྱ་སྟེ། ། སྐུ་གསུང་ཐུགས་ལ་ལེགས་གནས་པ།། མིང་དང་རུས་ལ་བསྟིམ་སྟེ་གཞག། ཐོད་པ་ལས་སྲིན་ཧཱུ~ཾ་ལས་བསྐྱེད།། དེ་ལ་སྦྱོར་བ་ལེགས་པར་བྱ།། ཀླུ་ལ་དམ་བདང་མཆོད་པ་བྱ། ། ཕུར་བས་ཕྱོགས་མཚམས་གཅད་པར་བྱ།། འོག་མས་ཕྱོགས་སུ་དྲངས་ན་འགྲུབ།། དེ་ནས་གསལ་བ་འདེབས་པ་རྣམས།། ངོ་མཚར་ནས་ཆེད་དུ་བརྗོད་པ།། མ་བྱུང་ཆེན་པོ་ཆོས་རྣམས་ལ། ། རྣམ་པར་མི་རྟོག་ངོ་བོ་ཉིད།། ཆོས་རྣམས་རང་བཞིན་དག་པ་ལ།། ཀུན་རྫོབ་ཏུ་ཡང་བཤད་པ་མཚར།། དེ་ནས་ཐོག་མར་གྱུར་པའི་འཁོར་རྣམས་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་སྨྱོན་པ་འཁོར་དང་བཅས་པ་ལ་མཐེ་འཚམས་ནས། ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གནོད་བྱེད་ཐམས་ཅད་བཟློག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་བཛྲ་པཱ་ཎི་ཧྲི་ད་ཡ་གསུངས་པས། གཞན་ནས་བྱོན་པའི་སྟོན་པ་འཁོར་དང་བཅས་པའི་ཐུག་བསྐུལ་ནས། ཏདྱ་ཐཱ་ཧཱུཾ་པཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་གོ་ཏ་སཱ་ད་ནཱ་ཡ་པཊ། ནཱི་ལཱཾ་བ་ས་ནཱ་ཡ་པ་ཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲྀ་ཏཱནྟ་ཡ་ཕཊ། ཀྲྀ་ཏཱནྟ་རཱུ་པ་ཡ་ཕཊ། རོ་ཥ་ཎྜ་ཡ་ཕཊ། ཏཱ་ས་ནཱ་ཡ་ཕཊ། ཀུཥྨརྞ་ཨུཏ་སཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤཱ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་བསྨ་ར་བི་ནཱ་ཤ་ཀེ་རཱ་ཡ་ཧཱུཾ་ཕཊ། ཧཱ་ས་ཧ་ས། དྷ་ར་དྷ་ར་། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བི་བྷཱུ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། སརྦ་ཤ་ཧཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། གསུངས་པ་ཙམ་གྱིས་དང་པོའི་འཁོར་རྣམས་སྐྲག་པར་གྱུར་ཏེ་ཆེད་དུ་བརྗོད་པ། ཨེ་མའོ་སྟོན་པ་བྱིན་རླབས་ཆེ།། ཨེ་མ་སྔགས་ཀྱི་ནུས་པ་ཆེ།། ཨེ་མཆེ་བའི་ཉོན་མོངས་ཆེ།། འཁོར་རྣམས་མཉམ་པ་ཉིད་དུ་གནས། ། འཇིག་རྟེན་གསུམ་འདུལ་བའི་རྒྱུད་ལས། ས་སྟེང་འདུལ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་མི་མཇེད་ཀྱི་འཇིག་རྟེན་གསུམ་དང་འཇིག་རྟེན་གྱི་ཁམས་གཞན་ནས་བྱོན་པའི་འཇིག་རྟེན་གསུམ་པོ་རྣམས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་མཆོད་པ་དང་བསྟོད་པ་བྱས་ཏེ་རང་རང་གིས་གནས་སུ་དོང་ངོ་།། དེ་ནས་རྡོ་རྗེ་འཛིན་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་རྒྱུད་འདི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་འདི་ཆོངས་ཤིག། ལྷོགས་ཤིག་ཅེས་གསུངས་སོ།། ཡོངས་སུ་གཏད་པའི་ལེའུ་སྟེ་ལྔ་པའོ། ། །། འཇིག་རྟེན་གསུམ་འདུལ་བའི་རྒྱུད་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།

CLOSE WINDOW