CLOSE WINDOW

S426: རྡོ་རྗེ་བདེ་ཁྲོས་རྒྱུད་ཀྱི་རྒྱལ་པོ
Wyliee-texts produced with ocr Programm

རྒྱ་གར་སྐད་དུ། བཛྲ་སུཾ་ཁ་ཀྲོ་དྷ་ཏནྟྲ་རཱ་ཛ། བོད་སྐད་དུ། རྡོ་རྗེ་བདེ་ཁྲོས་རྒྱུད་ཀྱི་རྒྱལ་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདུད་ལེས་རྣམ་པར་རྒྱལ་བ་ཞེས་བྱ་བ་འོག་མིན་གྱི་གནས་གཞན་འཕྲུལ་དབང་བྱེད་ཀྱི་ཕོ་བྲང་ན་བཞུགས་སོ།། དེའི་ཚེ་འདུས་པ་རྣམས་ཀྱི་དང་པོ་སེམས་དཔའ་ཆེན་པོ་ཡིད་ཆེར་གཡོས་ཏེ། གུས་པས་བཀུར་སྟི་དང་། རིམ་གྲོ་དང་། ཕུད་དུད་དང་། བསྟི་སྟང་དུ་བྱས་ཏེ། ཨེ་མ་འོ་བྱམས་མགོན་ཐུགས་རྗེ་ཅན།། འགྲོ་བའི་སེམས་ཅན་ཐམས་ཅད་ཀུན།། མེ་ཡིས་ཚིག་ཅིང་མཚོན་གྱིས་ཕོག། མུན་པར་འཁྱམས་ནས་རི་ཡིས་ནོན།། རླུང་གིས་ཁྱེར་བ་སྙིང་རེ་རྗེ།། སྐྱབས་ཀྱི་དམ་པ་བཀའ་སྩལ་འཚལ།། ཞེས་ཞུས་པས། དེར་ནི་མགོན་པོས་སྐུ་བསྟན་ཏེ།། ཞལ་གྱི་པདྨ་རབ་ཕྱེ་ནས།། སྤྱན་གྱི་གཟི་མདངས་ཀུན་ལ་གཟིགས།། ལྗགས་ཀྱི་དཀྱིལ་ནས་བཀའ་སྩལ་པ།། སྐྱོབ་པའི་དམ་པ་འདི་ཡིན་གྱིས།། རྡོ་རྗེ་བདེ་དང་ཁྲོས་པ་ཡིས།། དུམ་བུ་གསུམ་པ་ངས་བཤད་ཀྱིས། ། ལེགས་པར་ཉོན་ལ་ཡིད་ལ་ཟུང་།། ཞེས་གསུངས་སོ།། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། གཏམ་རྒྱུད་ཀྱི་རིམ་པ་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་མངོན་པར་བཤད་བྱ་བ། ། བཀྲ་ཤིས་མཎྜལ་ལེགས་བྱས་ལ།། ཚུལ་དང་འཐུན་པའི་བུམ་པ་དགོད།། དེ་ཡང་ཆུ་གཙང་སྣ་བདུན་བླུགས།། གཞན་ཡང་ཤིང་ཐོག་འབྲས་བུ་དང་།། མངར་གྱི་རྣམ་པ་དང་། དྲིའི་རྣམ་པ་དང་། རིན་པོ་ཆེའི་མཆོག་དང་། འབྲུའི་བྱེ་བྲག་དང་། སྨན་རྣམས་བླུགས་སོ།། བུམ་པ་དེའི་མགྲིན་པ་དང་སྔོན་པོས་བཀྲིས་ཏེ། སྟེང་དུ་བླ་རེ་ཕུབ་ལ་གཞག་གོ།། རྡོ་རྗེ་བདེ་བའི་རྒྱུད་ལས་སྒྲུབ་རྫས་ཀྱི་ལེའུ་སྟེ་གཉིས་པའོ། ། དེ་ནས་མངོན་པར་བཤད་བྱ་བ།། སྒྲུབ་བྱེད་རང་རྒྱུད་དག་པ་ཡིས།། བསྐྱེད་ཚུལ་རྒྱས་སམ་བསྡུས་ཀྱང་རུང་།། ཧཱུཾ་ལས་ཕྱག་ན་རྡོ་རྗེ་ནི།། ང་གསུམ་མཐིང་ནག་ཕྱག་བཞི་མཛེས། ། སྐུ་ནི་ཆེ་ཞིང་མཚུངས་པ་མེད།། ཞབས་ཀྱིས་རྒྱ་མཚོའི་ནང་དུ་ཡང་།། ཆུ་སྲིན་སྦལ་བའི་སྟེང་དུ་བརྫིས།། གཡས་གཡོན་དང་པོའི་ཕྱག་གཉིས་ཀྱིས། ། རྡོ་རྗེ་གསོར་ཞིང་དྲིལ་ཆེན་རྡུང་།། མཐའ་གཉིས་དྲུག་པ་ཞལ་དུ་འདྲེན།། དབུ་གསུམ་གཡས་དཀར་རིགས་ལྔས་བརྒྱན།། དབུ་གཡོན་དམར་པོ་སྦྲུལ་གྱིས་མཛེས།། ཞལ་དབུས་མཐིང་ནག་ལྕགས་མཆུ་ཅན། ། སྟེང་དུ་མཁའ་ལྡིང་ཚངས་པ་སྤྲུལ།། དཔའ་བོ་གདུག་པ་དཔུང་པོའི་བརྒྱན།། རིན་ཆེན་ལྷུན་པོའི་རི་རབ་ལ།། སྟངས་བཅས་ཞུམ་པ་མེད་པར་བཞུགས།། དེ་ལྟར་ལྷ་དང་རབ་སྦྱར་ནས།། དེ་ཉིད་བསྟན་པའི་ཡན་ལག་གིས། ། རང་ལུས་ཚིགས་སུ་གཞུག་པར་གྱིས།། རྡོ་རྗེ་བདེ་བའི་རྒྱུད་ལས། ལྷ་སྒོམ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་མངོན་པར་བཤད་བྱ་བ་། སྒོ་གསུམ་སྦྱོར་བ་ཤེས་པ་ཡིས།། གསང་བའི་སྙིང་པོ་འབུམ་དུ་བཟླས།། ཨོཾ་བཛྲ་ཙཎྜཱ་སརྦ་དུཥྚཱ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། བཅོ་བརྒྱད་སྔགས་ཀྱི་རྒྱལ་པོ་འདི།། མ་འབྱུང་མི་འབྱུང་འབྱུང་མི་འགྱུར།། འདི་བཟླས་སྔོན་དུ་གྲུབ་པར་འགྱུར། ། རྟག་ཏུ་མཚན་མ་བཟང་པོ་འབྱུང་།། གཞན་གྱི་སྦྱོར་བ་འོང་མི་འོང་།། རང་ལ་ངེས་པར་སྟོན་པར་འགྱུར།། བསྙེན་པའི་རིམ་པར་ཐུབ་མི་ཐུབ།། འབད་པས་ལེགས་པར་བརྟག་པར་བྱ་བ་དེ་ནས་གཏོར་མ་སྦྱིན་པ་མི། ། ཨོཾ་ཨཱཿཧཱུཾ་ཞེས་རྒྱུན་དུ་གཏོང་ངོ་།། རྡོ་རྗེ་བདེ་བའི་རྒྱུད་ལས། གསང་བའི་སྙིང་པོ་དང་མཚན་ལྔས་བསྟན་པའི་ལེའུ་སྟེ་བཞི་པའོ།། དེ་ནས་མངོན་པར་བཤད་བྱ་བ། ། རྟེན་ནི་རྡོ་རྗེའི་འོད་དུ་ང།། བརྟེན་པ་འགྲོ་ཆཚང་ཧཱུ~ཾ་དུ་འབར།། འབར་བའི་འོད་བྱེར་ཀུན་ཏུ་འགྲོ།། འཇིག་རྟེན་མ་ལུས་སྦྱངས་ནས་ཀྱང་། སླར་ལཇིག་པ་ཉིད་ལ་འདུས། རྩཝ་དང་རྣས་ག་། འབར།། བརྟན་པར་གྱུར་ན་སྤྲོ་བསྩུ་བྱ།། རྡོ་རྗེ་འདེ་བའི་རྒྱུད་ལས། མེའི་བསམ་གཏན་གྱི་ལེའུ་སྟེ་ལྔ་པའོ།། དེ་ནས་མངོན་པར་བཤང་བྱ་བ།། མཐིང་གི་ཤོག་བུ་སྔོན་པོ་ལ།། གསེར་གྱི་འཁོར་ལོ་བྲིས་པའི་སྣང་། ། བསྲུང་བའི་སྙིང་པོ་ལེགས་བཀོད་དེ།། གང་མིང་རག་ཤ་སྦྱར་བར་གྱིས།། དེ་ཡང་དྲི་ཡིས་ཡོངས་བསྒོས་ཏེ།། སངས་རྒྱས་སེམས་ཅན་ཉིད་ལ་སྟིམ།། དེ་ཉིད་བུམ་པར་ལེགས་བཞུགས་ལ་མཆོད་ཅིང་བཟླས་བརྗོད་གསོལ་བ་གདབ། ། དེ་ནས་ཚེས་པའི་དུས་བཟང་ལ།། རང་ངམ་གཞན་ལ་བཏགས་གྱུར་ན།། བར་ཆད་ཐམས་ཅད་ཉེར་ཞི་ནས།། ཚེ་དཔལ་བསོད་ནམས་རྒྱས་པར་འགྱུར། ། རྡོ་རྗེ་བདེ་བའི་རྒྱུད་ལས། སྲུང་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། འགྲོ་བ་དུག་གིས་གདུངས་པ་ལ།། གདུག་པའི་དབང་ཆེན་ལ་སོགས་པ།། འཚེ་བ་འདི་ལྟར་འབྱུང་བར་འགྱུར།། མི་དགའ་སེམས་འཕྱོ་འགྲོ་སྙིང་འདོད།། ཉམ་ཆུང་འཐིབས་དང་ལྟས་ཀྱང་ངན།། ཡང་ཡང་ན་ཞིང་བསྙམས་སྣོལ་འོང་།། དེ་ནི་ཀླུ་ཡི་གནོད་པ་སྟེ།། ཚོར་ནས་ལེགས་པར་བཅོས་ན་བཟློག། ས་སྲིན་མི་ལ་འདི་ལྟར་གནོད།། ལུས་སྦྲིད་ཤ་འཕྲིག་ཤ་རོ་འབྱུང་།། ཤ་བཀྲ་ཐོར་བུ་ངོ་ཡང་འགྱུར།། དེ་ནས་ཚོར་ནས་བཅོས་ན་བཟློག། ས་བདག་གནོད་ན་འདི་ལྟར་འགྱུར།། གདོང་ཡང་ཤིན་ཏུ་ལྡོག་འགྱུར་ཆེ། ། ན་མའི་ཟུག་རྔུ་དྲག་པོར་འགྱུར།། རེས་འགའ་བདེ་བ་ལྟར་ཡང་བྱེད།། སྐབས་སུ་ཐིག་ལེ་ཁོ་ན་ན།། དེ་ཡང་བཅོས་བཀའ་ཤེས་པས་ཐོག། གཉན་གནོད་པ་འདི་ཡིན་ཏེ། ། ཤིན་ཏུ་ན་ཚའི་ཚབས་ཀྱང་ཆེ།། རྐང་ལག་ན་འཁུམས་དྲི་མ་ལྡོག། ཤ་ཁྲག་ལུས་ནས་མིག་ཀྱང་སྲེང་།། ཁ་སོ་སྣ་ཡོ་ཆུ་སེར་བ།། ཁ་ཡང་མི་ཐུབ་གནོད་པ་ཟ།། ཆུ་བུར་བྱུང་ན་མཚང་ཡང་ཆེ། ། ཚོར་བས་མི་ཆོག་སྒྲིམ་པ་གཅེས།། གདོན་ཚོགས་གཞན་ཡང་ཡུན་མི་རྟག། ཕ་མོ་ཙམ་ལ་སོགས་པ་ཟློག། ཀུན་ལ་བསྒྲིམས་ཏེ་བཙོས་ན་འཚོ།། རྡོ་རྗེ་བདེ་བའི་རྒྱུད་ལས། གཞན་གྱི་། གནོད་པ་བརྟག་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། དབང་ཆེལ་སོགས་ཐམས་ཅད་ལ།། མཆོད་དང་གཏོར་མས་མགུ་བར་བྱ།། ཅི་འདོང་པ་ཡི་རྫས་རྣམས་སྦྱིན། ། རྟེན་ཡོད་གནས་སུ་ལེགས་པར་སྦ།། སྙན་པའི་ཚིག་གིས་བསྒོ་བྱས་ལ།། བུམ་པར་ནོར་བུ་རིན་ཆེན་གཞུག། མཛེས་པའི་དར་སྣ་འབྲུ་ཡི་མཛོད།། གང་གི་རྟེན་ལ་སྦས་གྱུར་ན།། གནོད་པ་རགས་པ་ཞི་བར་འགྱུར།། རྡོ་རྗེ་བདེ་བ་ཁྲོས་པའི་རྒྱུད་ལས། ཞི་བྱེད་མཆོད་ཐབས་ཀྱི་ལེའུ་སྟེ་བརྒྱད་པའོ།། དེ་ནས་མངོན་པར་བཤད་བྱ་བ།། བཙུན་དུག་གུ་གུལ་གཱ་རྩི་དང་། ། ཤུ་དག་ཤིང་ཀུན་མུ་བི་དྲུག། གསང་སྔགས་བཏབ་སྟེ་ལུས་ལ་བྱུག། གུ་གུལ་ཉམ་ཁྲིས་གླ་རྩི་དང་།། སྒོག་པ་ཤུ་དག་དྲི་ཆེན་རྣམས།། བདུག་པ་བྱས་ཏེ་ཡང་ན་བཀྲུ།། གསེརག་ཡུ་བྷུ་རུ་མིག་མ་ཕུག། བཙན་དུག་རྨ་བྱའི་མཁྲིས་པར་བཅས།། བཅངས་ན་བསྲུང་བའི་མཆོག་ཏུ་འགྱུར།། རྡོ་རྗེ་བདེ་བའི་རྒྱུད་ལས། རྟེན་འབྲེལ་རྫས་ཀྱི་ལེའུ་སྟེ་དགུ་པའོ།། རྡོ་རྗེ་བདེ་བའི་རྒྱུད་ལས་དུམ་བུ་དང་པོ་བསྟན་པའོ། ། དེ་ནས་མངོན་པར་བཤད་བྱ་བ།། གདུག་པ་ཐམས་ཅད་འདུལ་བའི་ཕྱིར།། དྲག་སྔགས་འདི་དག་བརྗོད་པར་བྱའོ།། ཨོཾ་མཱ་ར་ཎ་སོང་སོད། མཱ་ར་། བྱིང་བྱིང་། མཱ་ར་ཎ་རྨུགས་རྨུགས། མཱ་ར་ཎ་ཧ་ལ་ཧ་ལ། མཱ་ར་ཎ་དུན་དུན། མཱ་ར་ཎ་མྱོས་མྱོས། མཱ་ར་ཎ་མྱོས་བྱིང་ཐུམ་རི་ལ་ཛཿ། མི་ཚིག་སྤངས་ཏེ་དྲག་སྔགས་འདི།། དབུགས་མ་ཤོར་བར་སྒྲུབ་ནས་དྲང་། བུམ་པར་བསྟིས་ནས་རྟགས་ཐོབ་ནས། ། འཐུངས་སམ་དཀྲུས་ན་དངོས་གྲུབ་ཐོབ།། སྔགས་ལ་གང་མིང་སྦྱར་བྱས་ནས།། ཡུངས་ཀར་གདུག་པའི་ཕུར་པ་ལ།། བརྗོད་དེ་ལས་ལ་སྦྱར་གྱུར་ན།། གང་ལ་བཟླས་པ་བརླག་བར་འགྱུར། ། མ་བསྒྲུབས་ལན་ཅིག་བརྗོད་པས་ཀྱང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། མ་འབྱུང་མི་འབྱུང་འབྱུང་མི་འགྱུར།། རྡོ་རྗེ་བདེ་བའི་རྒྱུད་ལས། དྲག་སྔགས་ཁྲོས་པའི་ལེའུ་སྟེ་བཅུ་པའོ། ། ། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྷ་བསྐྱེད་དྲག་སྔགས་བཟླས།། དགོས་པ་ཚང་བའི་བུམ་པ་སྟེ།། མི་དམིགས་པཾ་ལས་རིན་པོ་ཆེའི།། བུམ་པ་ཚུལ་དང་འཐུན་པར་བསམ།། དེ་ནས་བཾ་དང་ལཾ་ལས་ནི།། ཆུ་དང་ས་ཡི་དཀྱིལ་འཁོར་བས་མ།། ལྷ་བསྒོམས་ཁྱད་པར་བུམ་པ་འཛིན།། མཆུ་ནི་རྡོ་རྗེའི་སྦུ་གུ་སྟེ།། དེ་ནས་སྔགས་ཀྱི་འོད་ཟེར་འཕྲོས། ཕྱིར་འཕྲོས་གདུག་པ་མ་ལུས་སྲེག། འོད་ཟེར་ལྕགས་ཀྱི་སྒྲུབ་མར་དྲང་།། བུམ་པར་ཁྲོ་ཆུ་ཁོལ་མར་གྱུར།། དེ་འཐུངས་བཀྲུས་པས་གང་གནོད་པ།། རྡུལ་དུ་དྲག་སྟེ་དག་པར་བསམ། བརྩམས་པའི་ལས་ལ་ཐེ་ཙོམ་མེད།། རྡོ་རྗེ་ཁྲོས་པའི་རྒྱུད་ལས། བུམ་པ་ཁྲོས་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྷ་བསྒོམས་འཁོར་ལོ་བསྐོར་རོ་རས་བྱི་དུག་བྱ་རོག་སྒྲོས། ། ཁྲུ་གང་ཙམ་གྱི་མཚན་ཉིད་ལ།། འཆི་བར་བྱེད་པའི་སྣག་ཚ་ལ།། ལྟོགས་པའི་སྒྲོ་རྩ་གཡས་པ་ཡིས།། དྲག་སྔགས་མཉམ་པའི་རེ་མིག་བྲི།། དེ་ནས་མཚན་མར་གང་དམིགས་གཟུགས། ། ཁ་དོག་རིགས་བཞི་ཉིད་དུ་བྱ།། དེ་སྙིང་དྲག་སྔགས་རེ་རེ་དགོད།། མཎྜལ་གཙང་མ་དྲིས་བྱུགས་ཏེ།། དཀར་དང་དམར་དང་སེར་དང་ལྡང་།། རྨ་བྱའི་སྒོ་ཡིས་བརྒྱན་བྱས་ཏེ།། ལྷ་སྒོམ་ཁྱད་པར་འཁོར་ལོ་འཛིན། ། འཁོར་ལོ་བསྐོར་བའི་རིམ་པ་ནི།། དྲག་སྔགས་མཉམ་པའི་འཁོར་ལོ་བསྐོར།། སྔགས་ནི། ནཱ་ག་ཙཀྲ་མཱ་ར་ཎ་ཧཱུཾ་ཕཊ། གང་བསམས་འདི་ལ་ཐེ་ཙོམ་མེད།། རྡོ་རྗེ་ཁྲོས་པའི་རྒྱུད་ལས། འཁོར་ལོ་ཁྲོས་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྷ་བསྒོམ་ཕུར་པ་ག་བ།། ལྕགས་སམ་སེང་ལྡེང་དུག་ཤིང་ལ།། སྔགས་གྲངས་མཉམ་པའི་ཕུར་པ་བཤམ། ། འཁོར་ལོའི་མཐའ་མ་བསྐོར་ཏེ་དགོད།། ལྷ་བསྒོམ་ཁྱད་པར་ཕུར་བ་འཛིན།། དྲག་སྔགས་བཟླས་པའི་རིམ་པ་ནི།། ནཱ་ག་བཛྲ་ཀཱི་ལ་ཡ་མཱ་ར་ཎ་ཧཱུཾ་ཕཊ། སྔགས་གྲངས་མའམ་པའི་ཕུར་པ་བཤམ། ། བརྩམས་པའི་ལས་ལ་ཐེ་ཚོམ་མེད།། རྡོ་རྗེ་ཁྲོས་པའི་རྒྱུད་ལས། ཕུར་པ་ཁྲོས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྔ་བསྒོམ་སྦྱིན་སྲེག་བྱ། ། གདུག་པའི་ཤིང་བུ་ཁྲུ་གང་ཚད།། སྔགས་ཀྱི་གྲངས་ཀྱང་མཉམ་པར་བྱ།། སྔོན་དམར་སྐུད་པས་རིམ་གསུམ་དཀྲི།། བར་དེར་འཁོར་ལོའི་སྲོག་རྩ་གཅད།། ལག་ཏུ་གྲི་ཐོགས་དྲག་སྔགས་བརྗོད།། ནཱ་ག་ཏིཀྵྨཱི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། རིམ་པར་བསྒྲངས་ཏེ་གཡང་གཞི་ཁུད།། བྱང་ཤར་མཚམས་སུ་རྣམ་པར་གཞག། དེ་ནས་མཎྜལ་དབུས་ཉིད་དུ།། ཧོམ་ཁུང་བྲུས་ཏེ་དུག་ཁྲག་བྱུག། ནང་དུ་ཧོམ་བུ་གཟུག་པར་བྱས་འཁོར་ལོ་གྲིས་གཏུབས་ཐོགས་ནས་ནི། ། གྲངས་དང་མཉམ་པར་བསྲེག་པར་བྱ།། མེ་དེ་ཡུགས་སའི་ཁྱིམ་ནས་བསླང་།། ལྷ་བསྒོམ་ཁྱད་པར་མ་དཔུང་འཛིན།། གསང་སྔགས་བཟླས་པའི་རིམ་པ་འདི།། ནཱ་ག་ཙིཏྟ་ཛྭ་ལ་རོར་མཱ་ར་ཡ་ཕཊ། བསྲེགས་ནས་ལས་བརྩམས་འགྲུབ་པར་འགྱུར།། རྡོ་རྗེ་བདེ་བ་ཁྲོས་པའི་རྒྱུད་ལས། མེ་དཔུང་ཁྲོས་པའི་ལེའུ་སྟེ་བཅུ་བཞི་པའོ།། དེ་ནས་མངོན་པར་བཤད་བྱ་བ།། རྫས་བསག་ལྔ་བསྒོམ་མན་སྔག་ཟུག་ཆུ་སྲིན་སྲམ་མམབེ་པའི་མགོར། ། བསྲེགས་པའི་ཐལ་བ་བསྡུས་བྱས་ལ།། གང་ཡིན་ཉིད་ཀྱི་སྦྱོར་བ་བཅས།། ལྷ་བསྒོམ་ཁྱད་པར་རི་རབ་འཛིན།། དྲག་སྔག་བཟླས་པའི་རིམ་པ་ནི།། ནཱ་གསུམ་བྷ་ཡ་ནན། ། མནན་བྱས་ཆུ་སྲིམ་པ་རུ་བསྒོམ།། འདི་བྱས་གང་ལ་བཟླས་པ་བརླག། འདི་ལ་ཐེ་ཚོམ་མི་བྱའོ།། རྡོ་རྗེ་ཁྲོས་པའི་རྒྱུད་ལས།། རི་རབ་ཁྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། རྡོ་རྗེ་ཁྲོས་པའི་རྒྱུད་ལས་དུམ་བུ་གཉིས་པའོ། ། ། དེ་ནས་མངོན་པར་བཤད་བྱ་བ།། གླང་པོའི་བགས་པར་འབྲུག་བྲིས་ནས། གང་མིང་བཅུག་སྟེ་དྲག་སྔགས་བཟླས།། གནམ་ལྐུགས་བབ་པ་བཟློག་པར་འགྱུར། ། འབྲུ་ཡི་པདྨ་འདབ་བརྒྱད་ལ།། ཀླུ་ཡི་གཟུགས་རྣམས་བྲིས་པ་ལ།། བསྟིམ་ནས་དྲག་སྔགས་བརྒྱབ་གྱུར་ན།། གནམ་ཆུ་དུས་སུ་ཕེབས་པར་འགྱུར།། ཐོད་པར་ཨེ་བྲིས་སྔགས་ཀྱིས་བསྐོར། ། གང་ཡིན་བཅུག་ལ་བསྟིམ་པ་ལ།། དྲག་སྔགས་གང་ཡིན་བཟླས་བྱས་ན།། མྱུར་དུ་འགྲུབ་པར་གདོན་མི་ཟ།། སྲོག་ཆགས་འཇིགས་པར་གྱུར་པ་ལ།། འཆི་བའི་ཆུ་ཡིས་དྲག་སྔགས་བྲི། འཇིགས་བྱེད་བཀུག་སྟེ་དེ་ལ་མཆོད།། དེ་ཉིད་ཡུངས་ཀར་ཐུམ་པོར་འདེབས།། གང་ལ་བཏགས་པ་སྲུང་བའི་མཆོག། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། ཕྲ་མོའི་ལེའུ་སྟེ་བཅུ་དྲུག་པའོ། ། ། དེ་ནས་དེ་དག་ལ་འཁོར་རྣམས་མངོན་པར་དགའ་སྟེ། བཅོམ་ལྡན་འདས་ལ་མཆོད་ཅིང་བསྟོད་ནས་རྗེས་སུ་ཡི་རང་བ་ཕུལ་ཏེ་མི་སྣང་བར་གྱུར་ཏོ།། མཉམ་པ་ཆེན་པོ་ལ་གཞག་པའོ། ། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ལས། རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་བདུན་པའོ།། རྡོ་ཆོས་ཀྱི་རྒྱུད་ལས་དུས་སུ་གསུམ་པའོ།། རྫོགས་སོ།།

CLOSE WINDOW