CLOSE WINDOW

S416: གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ
Wyliee-texts produced with ocr Programm

ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །། ། རྒྱ་གར་སྐད་དུ། རུ་དྲ་ཏྲི་ཏནྟ་གུ་ཧྱ་བི་ཝ་ར་ཏི་བཱི་ན་ཡ་ནཱ་མ། བོད་སྐད་དུ། གསང་བའི་རྒྱུད་རྣམས་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ནས་ཕྱག་ན་རྡོ་རྗེ་ཡིས།། གསང་བའི་དོན་འདི་ཡང་དག་ཞུས།། སྒྲུབ་དང་གནས་དང་མཚན་ཉིད་གང་། ། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཤེས་རབ་སྙིང་རྗེ་གསང་དབང་ལྡན།། ལྕགས་འདྲིའི་རི་དང་བྱ་སྐྱིབས་དང་།། ནགས་ཚལ་འཐུག་དང་མཆོད་རྟེན་ནང་།། ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེབ་མཆེ་བ་གཙིགས་པ་ནག་པོ་སྟེ། ། དཀར་པོ་གཡས་ཏེ་ཁྲོས་པའི་མདོག། ཧཱུཾ་སྒྲོགས་མ་ལྕེ་འབར་བའི་དབུགས།། དམར་སེར་གཡོན་ཏེ་བཞད་པའི་ཞལ།། སྤྱན་དམར་མེ་དཔུང་དང་འདྲ་བ།། ཟླ་བ་རྒྱས་པ་ལྟ་བུའི་ཞལ། ། ནོར་རྒྱས་དུང་སྐྱོང་སེར་པོས་དབུ།། དགའ་བོ་ཉེ་དགའ་སྙན་ཆ་དམར།། དཔུང་པ་པདྨ་ཆུ་ལྷ་དཀར།། སེ་རལ་འདབ་བཟང་རིགས་ལྡན་གནག། ཚམ་རྔམ་རྡོ་རྗེ་སྡིགས་མཛུབ་དང་།། ཐལ་མོས་བདུད་འཇོམས་སྦྲུལ་ནག་འཛིན།། ཞལ་གསུམ་པ་སྟེ་འཇིགས་པ་ཆེ།། སྐུ་གསུམ་དག་གིས་རབ་ཏུ་མཚན།། ཕོ་ཉ་གསུམ་གྱིས་གདུག་པ་འདུལ།། ཀླུ་ཡི་གཉེན་པོའི་གནོད་སྦྱིན་བདག། བདུད་འདུལ་ཚངས་པའི་ཕོ་ཉ་ནི། ། ཟླ་དང་ཉི་མ་དག་གི་སྟེང་།། གླང་ཆེན་ཀར་ཀ་གསེར་གྱི་གདན།། བརྒྱ་བྱིན་སེར་པོ་རྡོ་རྗེ་འཛིན།། ཚངས་པ་རལ་གྲི་པདྨ་འཛིན།། ཀླུ་འདུལ་སྦྲུལ་ནག་འཛིན་པའོ།། བདུད་འདུལ་དབང་པོ་ཉི་མའི་སྟེང་། ། གནོད་སྦྱིན་ཟླ་དང་སྟོབས་ཀྱི་སྡེ།། ཀླུ་འདུལ་རི་སྟེང་རྒྱ་མཚོའི་ནང་།། སྦྲུལ་ནག་འཁྱིལ་བ་སྟོབས་ལྡན་ཏེ།། མཁའ་དང་རི་བོས་མནན་པའི་སྟེང་།། གསར་མདོག་སྟོབས་ལྡན་གཉིས་ཀྱི་གདན། ། བརྒྱད་ཁྲིར་ཞབས་བཞག་རི་རབ་མནན།། མེ་དཔུང་སྐུ་ལ་འཁྲུགས་པའི་འོད།། ཁམས་གསུམ་ཁྱབ་མཛད་ཁྲོ་བོ་འཕྲོ།། སངས་རྒྱས་འདུས་པའི་སྐུ་ལ་ཕྱག་འཚལ་ལོ།། དེ་ནས་གསང་བའི་དཀྱིལ་འཁོར་ནིས་རྡོ་རྗེ་མེ་དཔུང་འོད་དང་ལྡན། ། དེ་ཉིད་མཁའ་དང་འབྱུང་བ་ལས།། དུར་ཁྲོད་བརྒྱད་དང་ལྡན་པའི་གནས།། བདག་པོའི་ས་བོན་ལས་བྱུང་བ།། བླ་ཉི་ཐོད་པ་རྡོ་རྗེ་ལས།། དྲུག་པོའི་རྟགས། ལྡན་གཙོ་བོ་ཆེ།། མཛེས་ལྡན་སྐུ་ལ་ཡང་དག་འཁྲིལ།། དྲག་ཆེན་འདུལ་མཛད་དྲི་ཟའི་གཙོ།། མདོག་དཀར་རྩེ་གསུམ་འབར་བ་འཛིན།། འོད་འཕྲོ་དཀར་མོ་སྐུ་ལ་འཁྲིལ།། འཇོམས་མཛད་སྤུ་གྲི་འབར་བ་འཛིན།། མགོན་པོ་གཟི་བརྗིད་གཤིན་རྗེའི་བདག། མདོག་སེར་དབྱུག་ཏོས་གཤིན་རྗེ་འདུལ།། མདངས་ལྡན་སེར་མོ་སྐུ་ལ་འཁྲིལ།། འཇའ་འདྲ་བ་ཡི་ཟངས་གྲི་བསྣམས།། འབྲུག་སྒྲ་སྒྲོག་པའི་ཀླུ་ཡི་གཙོ།། མདོག་དམར་ཀླ་འདུལ་སྦྲུལ་གྱི་ཞགས། ། སྒྲ་ཡི་ལྷ་མོ་སྐུ་ལ་འཁྲིལ།། མདོག་དམར་གཅོད་པའི་སྟེའུ་བསྣམས།། འཕྲིན་ལས་ཁྲོ་བོ་གནོད་སྦྱིན་བདག། ལྗང་ནག་བེ་ཅོན་གནོད་སྦྱིན་འདུལ།། རླུང་འབྱིན་ལྗང་ཁུ་སྐུ་ལ་འཁྲིལ།། འབར་བའི་འཁོར་ལོ་ཕྱག་ན་བསྣམས།། འགུགས་པ་ལྕགས་ཀྱུ་ལྕགས་ཀྱུ་སྟེ།། སྡུད་པ་ཞགས་པ་ཞགས་པའི་བདག། སྡོམ་པ་ལྕགས་སྒྲོག་ལྕགས་སྒྲོག་སྟེ།། ཞི་མཛད་དྲིལ་བུ་དྲིལ་བུ་ཞི།། ཁ་སྦྱོར་བ་དེ་དང་ལོངས་སྤྱོད་དང་། ། ཆོས་དང་སྤྲུལ་པའི་འཁོར་ལོ་ལ།། ས་བོན་རབ་ཏུ་འབང་བ་ཡིས།། ཐབས་དང་ཤེས་རབ་བསྲེག་གསོ་མཛད།། ཉི་མ་ཟླ་བའི་འཕྲོ་འདུ་ལས།། ཐིག་ལེའི་རང་བཞིན་མི་ཤིགས་ལ།། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས་ལེའུ་དང་པོའོ། ། ། དེ་ནས་ཡང་དག་བཤད་བྱ་བ།། གསང་བའི་སྔགས་ནི་ཁྱོད་ཀྱིས་ཟུང་།། ལས་རྣམས་ཐམས་ཅད་འགྲུབ་པ་དང་། ། སྡིག་པ་དག་ནི་ཞི་བའི་ཕྱིར།། ཀླུ་དང་གནོད་སྦྱིན་བསྡིགས་པ་དང་།། བདུད་རྣམས་མ་ལུས་ཞི་བྱེད་པའི།། དུས་གསུམ་སངས་རྒྱས་བྱིན་བརླབས་པའི།། རྡོ་རྗེ་ཅན་གྱི་སྔགས་བཤད་བྱཏདྱ་ཐཱ། བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཱ་ནཱི་ལཱམྦ་ར་དྷ་རཱ་ཤ་རཱི་རཾ། བཛྲེ་པཱ་ཎི་ཧྲྀ་ད་ཡཾ། ཡཿས་མཱ་ཏི་ཀྲ་མཐ། མཱ་ཀུ་ལ་ཨུཏ་སཱ་ད་ནཾ། བྷ་བིཥྱཏྟི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མཱ་ཏཱི་ཀྲ་མ་ཐ། ཧ་ར་ཧ་ར་ནཱ་གཱནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡྲེ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྣ་ནཱ་ག་མརྨཱ་ཎི་བི་ཤཱིརྱཾ་ཏུ་ནཱ་ག་ཤ་རཱི་རཱ་ཎི། བི་སྥོ་ཊ་ཡ། ནཱ་ག་ན་ཡ་ནཱ་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་དྷ་ར་ཎཱ་ཡ་ཧཱུཾ་ཕཊ། ན་གོཏ་སཱ་ད་ནཱ་ཡ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧེ་ཏ་བ་ལ་པ་རཱ་ཀྲ་མཱ་ཡ་ཕཊ། ཀྲི་ཏཱཾ་ཏཱ་ཡ་ཕཊ། ཀྲྀ་ཏཱཾ་ཏ་རཱུ་པཱ་ཡ་ཕཊ། རོ་ཥ་ཎཱ་ཡ་ཕཊ། ཏྲཱ་ས་ནཱ་ཡ་ཕཊ། ཀུསྨྲྀ་ཌོ་ཏ་སཱ་ད་ནཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པ་སྨ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦྦ་བིགྷྣ་ན་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦྦ་ཤ་ཏྲཱྀ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱམྦ་ར་། དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་པ་འཕྲེང་བའི་གསང་བའི་སྔགས་སོ།། སངས་རྒྱས་གངྒཱའི་ཀླུང་གིས་གསུངས་པའི་རིག་སྔག་འདི་ནི། སྡིག་པ་ཐམས་ཅད་འདག་པ་དང་། མ་རུངས་པ་ཐམས་ཅད་འཇོམ་པ། ལས་ཐམས་ཅད་འགྲུབ་པ་ཡིན་ཏེ། དེའང་རིག་པ་འཛིན་པས་སྒྲུབ་སྟེ་དམ་ཚིག་དང་ལྡན་པས་སོ།། དེ་ཡང་བླ་མ་ལ་གུས་ཤིང་།། ཡི་དམ་དཀོན་མཆོག་ལ་དད་ཅིང་།། བྱང་ཆུབ་སེམས་དང་སྡོམ་པ་དང་།། ལྷ་དང་སྔགས་ལ་གུས་པ་དང་། ། རྒྱུན་དུ་རྣལ་འབྱོར་དང་ལྡན་ཏེ།། རྒྱུད་དོན་དོན་ལ་བརྩོན་ལྡན་ན།། ལས་རྣམས་ཐམས་ཅད་འགྲུབ་པའོ།། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་མཛད་དེ། བཅོམ་ལྡན་འདས་ལ་ཞུས་པ། དམ་ཚིག་དག་ལས་འདས་ན་ལས་རྣམས་མི་འགྲུབ། དག་པ་མེད་དོན་མེད་དག་སྟེ་ལས་རྣམས་མི་འགྲུབ། འབྲས་བུ་གང་དུ་སྐྱེ་ཞེས་ཞུས་པས། རྡོ་རྗེ་དམྱལ་བའི་ནང་དུ་མི་བཟད་པའི་འབྲས་བུར་འགྱུར་རོ། ། བཅོམ་ལྡན་འདས་དེའི་ཚེའི་ཚད་ཇི་ཙམ་དུ་སྡུག་བསྔལ་མྱོང་བར་འགྱུར་ཞེས་ཞུས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཁྱོད་ལེགས་སོ། ། སྐྲག་པར་མ་བྱེད་ཅིག། འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བཤིག་སྟེ། ཐུགས་དང་འགལ་བས་རྡོ་རྗེ་གདན་ཞིག་ཙམ་ན་ཐར་པར་འགྱུར་རོ།། བཅོམ་ལྡན་འདས་རྡོ་རྗེའི་གདན་ནམ་འཇིག་པར་འགྱུར་ཞེས་ཞུས་པ་དང་། ནམ་མཁའི་ཁམས་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་པའི་འབྲས་བུ་ཐོབ་སྟེ་རྡོ་རྗེ་གདན་འཇིག་སྟེ་ཐར་པར་འགྱུར་རོ།། བར་མ་དོ་དང་སྐྱེ་གནས་འཇིག་པ་དག་ཡོད་དོ། ། དེའི་གསང་བའི་སྔགས་ནི་ཟླ་བའི་སྟེང་དུ་ཡི་གེ་ཨ་བཀོད་དེ། ཆོས་ཉིད་དག་པའི་སྔགས་བརྗོད་དོ།། ན་མཿས་མ~ཾ་ཏ་བཛྲཱ་ཎཱཾ། སརྦྦ་དྷརྨཱ་མྲི་ཏ་བཛྲ་སཏྭ་ཧཱུཾ། ཞེས་ཕྱོགས་བཅུར་ཁ་བལྟས་ཏེ་རྡོ་རྗེ་ཐལ་མོ་སྦྱར་ལ་ཡེ་ཤེས་ཀྱི་འོད་ཀྱིས་གསོལ་བ་བཏབ་ལ་རྡོ་རྗེ་སེམས་དཔའི་སྐུར་བྱའོ། ། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་པ་འབུམ་བརྗོད་དོ།། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ།། རྡོ་རྗེ་རྡོ་རྗེ་འཇིགས་བྱེད་ཆེ།། མེ་ལོང་མེ་ལོང་གསལ་བའི་སྐུ།། ཞལ་གསུམ་ཕྱག་དྲུག་འཇིགས་པ་ཆེ།། མཚོན་ཆ་འཛིན་ལ་ཕྱག་འཚལ་བསྟོད།། དེ་བཞིན་གཤེགས་པ་དེ་བཞིན་གཤེགས།། ཆོས་དབྱིངས།། ། ཆོས་དབྱིངས་རྣམ་པར་དག། ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན།། དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད།། སོ་སོར་ཀུན་རྟོག་ཀུན་རྟོག་བྲལ།། པདྨ་དྲི་མེད་པདྨའི་བདག། ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན། ། རྒྱ་མཚོ་སྐྱེས་སྐུ་ཕྱག་འཚལ་བསྟོད།། རིན་ཆེན་བཻ་ཌཱུར་གཟི་བརྗིད་འབར།། མཉམ་པ་མཉམ་ཉིད་ཡེ་ཤེས་སྐུ།། ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན།། རིན་ཆེན་རྒྱ་མཚོ་ཕྱག་འཚལ་བསྟོད། ། ལས་ཀྱི་སྐུ་སྟེ་འཕྲིན་ལས་མཛད།། བྱ་བ་བྱ་བ་སྒྲུབ་པའི་བདག། ཞལ་གསུམ་ཕྱག་དྲུག་མཚོན་ཆ་འཛིན།། འཕྲིན་ལས་རྒྱ་མཚོ་ཕྱག་འཚལ་བསྟོད།། ཨོཾ་ཨ་ནནྟ་པ་ར་སྭཱ་ཧཱ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཨཱ་ཀཪྵ་ཡཻ་བཾ་དྷ་ཡ་སྭཱ་ཧཱ། ཧ་ཡ་གྲཱི་བ་བནྡྷ་ཤོ་ཀ་ཡ་སྭཱ་ཧཱ། ཨོཾ་ཨ་པ་རེ་ཨ་པ་རཱ་ཛི་ཏཱ་སྭཱ་ཧཱ། རོ་ཥ་ཎ་ཡེ་བྷྱཿཕཊ། དེ་ནས་ལྷའི་གསང་སྔགས་བརྗོད་པར་བྱའོ།། ཨོཾ་བཛྲ་ཀྲོ་དྷ་ཏྲཻ་། ལོ་ཀྱ་བི་ཛ་ཡ་ཧཱུཾ་ཕཊ། མཱ་ར་ཡ་ཙིཏྟ་རྦང་རྦང་། ཨོཾ་བཛྲ་ཀྲོ་དྷ་མ་ཧཱི་ཀཱ་ལཱ་ཡ་ཧཱུཾ་ཕཊ། ཙིཏྟ་ལ་ཀྲོ་དྷི་དུཉྫ། ཨོཾ་བཛྲ་ཀྲོ་དྷ་ནཱ་ག་ཧཱུཾ་ཕཊ། མཱ་ར་ཡ་རཀྟ་རྔུབས་རྔུབས། ཨོཾ་བཛྲ་ཀྲོ་དྷ་ཨ་མྲི་ཏེ་ཧཱུཾ་ཕཊ། མཱ་ར་ཡ་སོད་སོང་རྦང་། དེ་ནས་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་རིག་པ་ཕུལ་བ། མ་ཧཱ་དེ་བ་མཱ་ར་ཡ་སོང་སོད། མ་ཧཱ་དཀྵ་ཨ་སུ་ར་མཱ་ར་ཡ་ཧ་ན་ཧ་ན། ནཱ་ག་རཱ་ཛ་མཱ་ར་ཡ་ཛཿཛཿམ་ཧཱ་མ་ནི་མཱ་ར་ཡ་ནི་མཱ་ར་ཡ་རྔུབས་རྔུབས་མ་ཧཱ་བྷྱཱཾ་མཱ་ར་ཡ་ཏིཥྛ་ཏིཥྛ། མ་ཧཱ་ཡཀྵ་མཱ་ར་ཡ་བྷིནྣ་བྷིནྡ། ཁརྒ་མཱ་ར་ཡ་ཁོས་ཁོས། མ་ཧཱ་ཏ་བྲཧྨ་དེ་ཡེ་ཕཊ། མཱ་ར་ཎ་སོད་སོད། མཱ་ར་ཎ་བྱིང་བྱིང་། མཱ་ར་ཎ་མུགས་མུགས། མཱ་ར་ཎ་ཧ་ལ་ཧ་ལ། མཱ་ར་ཎ་དྷྱཱ་ན་དྷུ་ན། མཱ་ར་ཎ་མྱོས་མྱོས། མཱ་ར་ཎ་བྱིང་བྱིང་། ཐུམ་རི་ལི་ལི། ཐུམ་རི་ལི་ལི། ཛ་ཛ། བུམ་པ་ལེགས་པར་ལྡན་པ་ཡིས།། སྨན་གསུམ་རྩི་སྨན་སྣ་ཚོགས་དང་།། ཁ་དིར་ཡི་ལོ་འདབ་བཅས། ། ལྕགས་ཀྱི་རྡོ་རྗེའི་ཁོང་སེང་དུ།། གསང་བའི་སྔགས་ནི་བརྗོད་པར་བྱ།། གནས་ལྕགས་མཆུ་ནི་སྟོང་པ་རུ།། སྤྲིན་བྲལ་སེར་བ་གཅད་པའི་ཕྱིར།། གསང་བའི་སྔགས་འདི་བརྗོད་པར་བྱའོ།། ། ཏདྱ་ཐཱ། ཨོཾ་ཊཀྐི་ཙ་ཏི་གུ་ཧྱ་ལི་མི་ཥ་ཤ་གུ་གུ། ཤ་ཏི་བི་ཏི། ཧུ་ཡ་ཧུ་ཡ་པཱུ་ར་ཏ་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བཛྲ་ཌཱ་ཀི་ནཱི་ག་ཧེ་ཧེ། ཧུ་ཡ་ཧུ་ཡ། ཧུ་ལུ་ཧུ་ལུ། པུ་རུ་ཏེ་པུ་རུ་ཏེ་སྭཱ་ཧཱ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀཱ། ། ཨེ་ཀ་ཨ་པ་ར་ཧཱུཾ་ཕཊ། ཨོཾ་མ་ཎི་པདྨེ་བེ་ཤ་པྲ་བེ་ཤ། མཱ་མ་རུ་ལ་བེ་ཤ་ཁ་ཐུན་བྷྱོ། ཨོཾ་བྲཧྨ་སྭ་ཏི། པུཥྚི་སུ་ར་ཀཽ་ཤི་ཀ། རུ་དྲ་ཨཱི་ཤྭ་ར། བིཥྞུ། ཨཱི་ཤ་ནི། ཀུ་མཱ་ར་ཤཾ་ཀ་ར། སྨ་ར་ཥ་ཛྙཱ་སྭཱ་ཧཱ། ཨཽ་ཀརྐོཊ། ཀུ་ལི་ཤ། པདྨ། མ་ཧཱ་པདྨ། ཨ་ནནྟ། ཏཀྵ་ཀ། བཱ་སུ་ཀི། ཤཾ་ཁ་པཱ་ལ། ནཱ་ག་རཱ་ཛ་སྭཱཧཱ། ཨོཾ་ཨཱ་དི་ཏྱ། སོ་མ་ཨཾ་ག་ར་བུ་ཏཿབྲི་ཧིཾ་སཱ་ཏིཿ། ཤུ་ཀྲཿཤ་ནཻ་ཤྭར། ཀཻ་ཏུ་སྭཱ་ཧཱཾ། ཨོཾ་ནཀྵ་ཀརྟི་ཀ། རོ་ཧི་ཎི། མྲི་ག་ཤི་རཿ། ཨརྠཿཔུ་ནརྦ་སུཿ། པུ་ཥྱཿ་ཤྲེ་ཥཿ། མ་གྷཱ། པཱུརྦ་ཕལ་གུ་ཎཱི། ཨུཏ་ཏ་ར་ཕལ་གུ་ཎཱི། ཧསྟཱ་ཙི་ཏཱ་སཱ་ཏི། བི་ཤྭ་ཁཱ། ཨ་ནུ་རཱ་དྷྭ་ཛྱེཥྚ། མཱུ་ལཾ་པཱུརྡྲཥཱིཌྷ། ཨུཏྟ་རཱཥྚ་ཤྲ་བ་ཎཿ་བྷི་ཛི་ད། ཤ་ཏ་བྷི་ཥཱ་དྷ་ནིཥྚ། པཱུརྦ་བྷཱ་དྲ་པཱ་ད། ཨུཏྟ་ར་བྷ་དྲ་པཱ་ད། རཻ་བ་ཏཱི་ཨ་ཤྲཱི་ནཱི་བྷ་ར་ཎཱི་སྭཱ་ཧཱ། ཨོཾ་ཨིནྡྲ་ཡ། ཨོཾ་ཡ་མ་ཡ། བ་རུ་ཎ། ཀུ་བེ་ར། ཨགྣི། རཱཀྵ་ས། བཱ་ཡ་བེ། ཨཱི་ནཱ་སཱུརྱ། ཙནྡྲ་ལོ་ཀ་པཱ་ལཱ་ཡ་སཱ་ཧཱ། བཻ་ཤྲ་བ་ཎ། དྷྲྀ་ཏ་རཱཥྚ། བི་རཱུ་ཌྷ་ཀ། བི་རཱུ་པཱཀྵ་སྭཱ་ཧཱ། ཨོཾ་དང་ནཱ་ག་རཱ་ཛཱི་སུ་ར་གཾ་དྷཱརྦཾ་ཤྩ། ག་རུ་ཌ། ཀིནྡ་ར། མ་ཧོ་ར་ག། ཀུཾ་བྷཱུརྞྞ་སྭཱཧཱ། ཧ་ར་ཧ་ར་ནཱ་ག་ཕུཿཙྪིནྣ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི་ཕུཿ། བྷིནྡ་བྷིནྡ་ནཱ་ག་མརྨཱ་ཎི་ཕུཿབི་ཤཱིརྱེནྟུ་ནཱ་ག་ཤ་རཱི་རཱ་ཎི་པུཿ། བི་སྥོ་ཊ་ཡ་ནཱ་ག་ན་ཡེ་ནཱ་ནི་ཕུཿནཱ་ག་བི་དཱ་ར་ཎཱ་ཡ་ཕུཿ། ནཱ་གོ་ཏཱ་སཱ་ད་ནཱ་ཡ་པུ་སྭཱ་ཧཱ། ཡཀྵ་བི་དཱ་ར་ཎ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོངྒ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནཱི་ལ་བ་ས་ནཱ་ཡེ་ཕཊ་སྭཱ་ཧཱ། ཡཀྵ་ཨ་པྲ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། ཡཀྵ་པ་རཱ་ཀྲ་མཱ་ཡ་ཕཊ། ཡཀྵ་ཀྲི་ཏཱི་ཏཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎཱ་ཡ་ཕཊ། དེ་སྐད་ཅེས་བཀའ་སྩལ་ནས་ཐམས་ཅད་དབང་དུ་འདུས་པར་འགྱུར་རོ། ། གསང་བའི་རྒྱུད་ཀྱི་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས། གསང་བའི་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཆོ་ག་ཡང་དག་བཤད། མཎྜལ་མེ་ཏོག་བཅས་པའི་སྟེང་།། མཆོད་རྟེན་སྐུ་གདུང་ལྡན་པ་དང་།། བུམ་པ་སྔོན་པོ་མགུལ་ཆིངས་བཅས།། མཆོད་པ་རྣམ་ལྔ་དང་ལྡན་པས།། སྒྲུབ་པོ་དག་ནི་བསྙུན་ལྡན་པས།། རྨི་ལྟས་རིམ་པ་གསལ་བ་ཡིས།། ནད་པ་དག་ལ་ཉུང་སྔགས་སོ།། བཅོམ་ལྡན་མགོན་པོ་ཞལ་གསུམ་དམར།། ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན།། དྲག་པོའི་ཐལ་མོས་འཇིགས་པར་བྱེད།། ཐ་མ་སྦྲུལ་གདུག་རི་རབ་མནན། ། འཁོར་དུ་གནོད་སྦྱིན་ཆེན་པོ་སྟེ།། ཤ་ཟ་རབ་འཇིགས་རལ་པ་ཅན།། གདོང་སེར་སེང་གདོང་གནོད་སྦྱིན་མོ།། བོང་བུའི་རྣ་བརྣ་བ་འཕྱང་།། རལ་པ་གྱེན་འགྲེང་རལ་གྲི་སོ།། གནོད་སྦྱིན་འཁོར་དེ་ལྔ་བརྒྱར་བཅས། ། ཡཀྵ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ཡཀྵ་ཀྲོ་དྷ་སཱ་དྷ་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་ནཱི་ལ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཡཀྵ་པྲ་ཏི་ཧ་ཏ་པཱ་ལཱ་ཡ་ཧཱུཾ་ཕཊ། ཡཀྵ་པ་རཱ་ཀྲ་མཱ་ཡ་ཕཊ། ཡཀྵ་ཀྲྀ་ཏཱན་ཏ་རཱུ་པཱ་ཡ་ཕཊ། ཡཀྵ་རོ་ཥ་ཎཱ་ཡ་ཕཊ། ཅེས་བརྗོད་དོ།། ཆུ་ལ་བསྔགས་ཤིང་གཏོར་ན་གནོད་གྱི་གདོན་ལས་ཐར་རོ།། མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་།། ཚོན་སྣ་ལྔ་དང་ལྡན་པ་ཡི།། མཆོད་པ་ལྔ་དང་ལྡན་པས་མཆོད།། སྒྲུབ་པོ་དག་ནི་བསྟན་ལྡན་པས། ། རྨི་ལྟས་རིམ་པ་གསལ་བ་ཡིས།། ནད་པ་དག་ལ་ཚོན་སྣས་བཅིང་།། བཅོམ་ལྡན་འདས་མགོན་ཞལ་གསུམ་ལྡན།། ཕྱག་དྲུག་རྡོ་རྗེ་བསྡིགས་པ་གཡོན།། དྲག་པོ་ཐལ་མོས་འཇིགས་པར་བྱེད།། ཐ་མེ་སྦྲུལ་གདུག་རི་རབ་མནན།། མཁའ་ལ་རྫུ་འཕྲུལ་དང་ལྡན་བདུད།། དགའ་རབ་དབང་ཕྱུག་ཐོད་འཕྲེང་ཅན།། བུམ་སྨ་སེན་དགུ་ཤ་ཟ་བདུད།། བཙུན་མོ་མེ་ཏོག་མཛེས་པ་དང་།། འོད་ཟེར་འཕྲོག་དང་མདངས་འཕྲོག་མ།། ། གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་འཁོར།། མ་ལུས་བཅས་པའི་སྔགས་འདི་ནི།། གནད་ལ་བོར་བའི་སྲོག་སྔགས་སོ།། པྲ་ཏ་པི་ཤཱ་ཙ་ཀ་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཀྲོ་དྷ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ནཱི་བ་ས་ནཱ་ཡ་ཧཱུཾ་ཕཊ། པྲེ་ཏ་པི་ཤཱ་ཙ་ཨ་པ་ཏི་ཧ་ཏ་བ་ལཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་པ་ར་ཀྲ་མཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་ཀྲྀ་ཏཱན་ཏཱ་ས་ཕཊ། པྲེ་ཏ་པི་ཤཱ་ཙ་ཀྲྀ་ཏཱན་ཏ་རཱུ་པཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་རོ་ཥ་ཎཱ་ཡ་ཕཊ། ཉི་མ་ཟླ་བ་དག་གི་བར་དུ་རླུང་ལ་བསྐྱོན་ཏེ་ཚོན་སྣ་ལྔས་བཅིངས་ཏེ་བསྐྲད་པར་བྱའོ། ། མཆོད་རྟེན་སྐུ་གདུང་ལྡན་པའི་དྲུང་།། མཎྜལ་མེ་ཏོག་བཅས་པའི་སྟེང་།། སྨྱུང་བས་ཁྱི་ཡི་ཤ་ལ་སྒྲུབ།། རྨི་ལྷས་རིམ་པ་ལྡན་པས་བརྟག། བརྒྱད་ཁྲི་ཞབས་ནུབ་འཇིགས་པའི་མེ། ། གད་རྒྱངས་བཞད་མཛད་ཞལ་གསུམ་པ།། ནག་པོ་ཞབས་གདུབ་གདུག་པ་འཛིན།། སྟོབས་ཆེན་རབ་ཏུ་གཽ་ནོན་པ་པོ།། ཀླུ་ཆེན་མ་རུངས་གདུག་པ་ཅན།། ནོར་རྒྱས་དང་ནི་དུང་སྐྱོང་དང་དགའ་བོ་དང་ནི་འཇོག་པོ་དང་། ། པདྨ་པདྨ་ཆེན་པོའོ།། སྟོབས་ཀྱི་རྒྱུ་དང་རིགས་ལྡན་རྣམས།། རྒྱ་མཚོ་དག་ལ་གནས་པ་ཡི།། ཀླུ་དང་གཉེན་དང་ས་བདག་གསུམ།། སྤྲུལ་པ་ལས་ལ་གྲུབ་པ་ཡི།། ། གླེན་པ་ང་རྒྱལ་རྫུ་འཕྲུལ་ཅན།། སྤྲུལ་པ་འབུམ་སྡེ་འཁོར་བཅས་པའི།། མ་ལུས་པ་ཡི་སྔགས་འདི་ནི།། གནད་ལ་བོར་བའི་རྩ་སྔགས་སོ།། ཧ་ར་ཧ་ར་ནཱ་ག་ཕུ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ཕུ། ཙྪིནྡ་ཙྪིནྡ་ནཱ་ག་ཕུ། བྷིནྡ་བྷིནྡ་ནཱ་ག་ཕུ། བི་ཤཱིཪྵནྡྷ་ནཱ་ག་ཤ་རཱི་རཱ་ཎི་ཕུ། བི་སྥོ་ཊ་ཡ་ནཱ་ག་ན་ཡ་ནཱ་ནི་ཕུ། ནཱ་ག་བི་དཱ་ར་ཎཱ་ཡ་ཕུ། ནཱ་ག་ཀྲོ་དྷ་སཱ་ད་ནཱ་ཡ་ཕུ། བལ་པོ་སེའུ་དག་དང་ནི།། སྨྱུག་ཤད་དག་གི་ལྕུག་མས་བྱ་བ།། དེ་ནི་ཀླུ་བཟློག་པའི་ཆོ་གའོ། ། ནཱ་ག་དུ་ན་དུས། ནཱ་ག་ཤོན་དུས། ཧི་ལི་ཧཱི་ལི་ནཱ་ག་དུས་དུས། ཀླུ་ཆེན་ནཱ་གིའི་སྲོག་སྙིང་སྟེ། གནད་ལ་བོར་བའི་སྲོག་སྙིང་ངོ་།། ལྟོ་འཕྱེ་དག་གི་ཁ་ནས་ཁར།། བཅོམ་ལྡན་སྐུ་ནི་གསལ་བས་བཟླས་དེ་ནས་རྡོ་རྗེ་འཛིན་ལ་བཀའ་སྩལ་པ། ལས་རྣམས་བཞི་ཡིས་ལས་རྣམས་འགྲུབ།། ས་གཞི་དག་ནི་སོ་སོར་བརྟག། ཞི་བ་དཀར་ཟླུམ་པདྨ་ཅན།། རྒྱས་སེར་གྲུ་བཞིའི་འཁོར་ལོ་ཡི།། དབང་དམར་ཟླ་གམ་ལྕག་ཀྱུ་སྟེ་དྲག་པོ་མཐིང་ནག་རྩེ་གསུམ་པའོ། ། ཞི་བ་རྒྱུས་པ་སོར་བཞི་དང་།། ཁྲུ་དང་ཁྲུ་དོ་མཉམ་པའོ།། དབང་དང་དྲག་པོ་སོར་གསུམ་སྟེ།། ཁྲུ་དོ་ཁྲུ་གང་ཁྲུ་གསུམ་ཁྲུ།། འོ་མ་ཅན་དང་དྲི་ཞིམ་ཞིང་འབྲས་བུ་དང་བཅས་ཞི་རྒྱས་ཤིང་། ། ཚེར་མ་དུར་ཁྲོད་ཤིང་དག་ནི།། ཁ་དོག་དམར་ནག་དབང་དྲག་ལ།། ཀུ་ཤ་དག་ཀྱང་དགྲམ་བྱས་ཏེ།། ལས་ཀྱི་བུམ་པས་བསང་བར་བྱའོ།། ཞི་བ་ཞོ་དང་མར་དང་ནི།། འོ་མ་དྲི་ཞིམ་མེ་ཏོག་དཀར། ། འབྲས་དང་ནས་དང་གྲོ་དང་ནི།། ཞོ་ཡི་ཆ་དང་བསྲེས་པ་དབུལ།། རྒྱས་པ་ཞོ་སྦགས་དཀར་གསུམ་སྟེ།། མངར་གསུམ་འབྲས་བུ་གསུམ་དག་སྟེ།། ཡམ་ཤིང་འོ་མ་ལོ་འདབ་བཅས།། ཏིལ་ནི་དཀར་པོ་ཤིས་པའོ། ། ཁྭ་དང་འུག་པ་བྱ་རོག་བྲུན།། སྐེ་ཚེ་ནིམ་པ་ཉུངས་ཀར་དང་།། ཁྲག་གིས་སྦགས་པའི་རྫས་ཀུན་ཏེ།། ཡམ་ཤིང་ཚེར་མ་མར་དག་དང་། ཤ་དང་ཚིལ་དང་གཟུགས་བཅས་པ།། ཏིལ་ནི་ནག་པོ་ཤིས་པའོ། ། ཤར་དུ་བལྟས་ན་ཞི་བ་སྟེ།། བྱང་དུ་བལྟས་ན་རྒྱས་པའོ།། ནུབ་ཏུ་བལྟས་ན་དབང་དུ་སྡུད།། ལྷོ་རུ་བལྟས་ཏེ་གསད་པར་བྱའོ།། སྦྱིན་སྲེག་བྱས་པས་ལས་ཀུན་འགྲུབ།། གཡས་བརྐྱང་གར་གྱིས་གདུག་པ་སྟེ། ། གཡོན་བརྐྱང་བས་ནི་གསད་པའོ།། བུམ་པ་ཁ་དོག་སྔོན་པོ་སྟེ།། གནམ་ལྕགས་སོར་ནི་བཅུ་དྲུག་ཚད།། སྨན་ལྔ་འབྲུ་ལྔ་རིན་པོ་ཆེ།། འབྲས་གསུམ་འབྲུ་གསུམ་བཅས་པ་སྟེ།། དྲི་ཞིམ་ལོ་འདབ་བཅས་པའི་ཤིང་། ། བ་ཡི་རྣམ་ལྔ་ཁྲུ་དོ་ཚད།། གྲུ་བཞི་ཁྲུ་གང་ཟླུམ་པོ་སྟེ།། སེང་ལྡེང་བཞི་ལ་བྱས་པ་ཡི།། ཕུར་པ་ཚོན་སྣ་དང་བཅས་པའི།། དཀར་གསུམ་མངར་གསུམ་བཅས་པ་ཡི།། གདེངས་ཀ་ཅན་ལ་དབུལ་བར་བྱའོ།། གྲུབ་པ་ཁྲུས་བྱ་བསྲུང་བར་བྱའོ།། འབྲས་ཆེན་བུ་རམ་ཧྭགས་དང་ནི།། འབྲུ་ཡི་ཆན་དང་དྲི་ཞིམ་དང་།། དཀར་གསུམ་མདུར་གསུམ་ཆུ་དག་དང་།། མདུན་དུ་བྱས་ཏེ་ཕྱོགས་རྣམས་སུ།། ཤ་དང་ཁྲག་དང་རུས་། པ་དང་།། ནས་དང་འབྲས་དང་གྲོ་ལ་སོགས།། ལ་ཕུག་སྒོག་པ་འབྲུ་ལ་སོགས།། ཆང་དང་བཅས་པ་མདུན་དུ་དབུལ།། ཨོཾ་བྲཧྨ། ཨོཾ་བིཥྚི། ཨོཾ་རུ་དྲཱ་ཡ། ཨོཾ་ཀརྟི་ཀ། ཨོཾ་ག་ན་པ་ཏི། ཨོཾ་ཨིནྡྲ་ཡ་ཨོཾ་མ་ཧཱ་ཀཱ་ལ། ཨོཾ་མ་ཧཱ་བྲཧྨ་ཡེ། བ་ལི་ཏ་ཏ་ལེ། བ་ལི་ཏ་ཏ་ལ་སྭཱ་ཧཱ། སྟག་དང་ཁབ་ལེན་ཏི་ཚ་དང་།། མཎྜལ་གྲུ་གསུམ་སྟང་དུ་གཞག། ནག་པོའི་ཐོད་པ་གྲི་གུག་ཅན།། སྲུང་དང་ལྡན་པས་གསང་། སྔགས་སྒྲུབ།། མ་ཧཱ་ཀཱ་ལ་ནི་རཱུ་པ་ཎཱ། ཨོཾ་ཤྲི་གྲི་བོ་བེད་ཛ་ཛ་ཛ་ཧ་ཧ། ས་མ་ཡ་གགས་སོལ། ལྕགས་ཀྱི་སྙིང་ཕྱུང་། ཞེས་པས་ལྕགས་བྱའོ།། ནད་ཀྱི་སྲུང་བ་དག་ལ་ནི།། བྱང་ཆུབ་སེམས་དཔའི་སྐུ་གསལ་ལ། ། སྙིང་ཁའི་ས་བོན་མེ་འབར་བས།། ནད་ཀུན་མ་ལུས་བསྲེག་པར་བྱའོ།། ཨོཾ་བི་དུག་ལུ་མ་པྲ་ཏི་བཻ་རོ་སྭཱ་ཧཱ། འབྲུ་དང་སྨན་དང་ཁུ་བ་དང་།། རིན་པོ་ཆེ་དང་ཆང་དང་ཤ།། རྐང་དང་ལ་དུ་དཀར་གསུམ་དང་། ། མངར་གསུམ་བཅས་པའི་གཏོར་མ་དང་།། ཆུ་ཡི་འགྲམ་མམ་རྒྱ་མཚོར་དབུལ།། མེ་ཏོག་བདུག་པ་བཅས་པ་དབུལ།། ན་མཿསརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སམྦྷ་ར་སམྦྷ་ར་ཧཱུཾ། གསང་བའི་རྒྱུད་རྣམ་པར་འབྱེད་པ་དྲག་པོ་གསུམ་འདུལ་ཞེས་བྱ་བ་ལས། ལས་བསྟན་པའི་ལེའུ་གསུམ་པ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་དེ་བ་པུ་ཎྱ་མ་ཏི་དང་། ལོ་ཙ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།

CLOSE WINDOW