CLOSE WINDOW

S367: དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ
Wyliee-texts produced with ocr Programm

ཤྲཱི་རཱ་ག་རཱ་ཛ་ཏནྟྲ་རཱ་ཛ། བོད་སྐད་དུ། དཔལ་ཆགས་པའི་རྒྱལ་པོ་རྒྱུད་ཀྱི་རྒྱལ་པོ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ནས། ཧེ་ཧེ་དཔའ་བོ་འཇིགས་པ་ཆེ།། སེམས་ཅན་སངས་རྒྱས་རང་བཞིན་ན།། མཚན་དང་དཔེ་བྱད་གང་དང་གང་།། སྟོང་དང་དེ་བཞིན་རྣམ་ཐར་དང་།། རྫུས་སྐྱེས་མངལ་སྐྱེས་སྒོང་སྐྱེས་དང་། ། དྲོད་གཤེར་གཉིས་གསུམ་བཞི་ཆར་ཅི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཨ་ནི་དབུ་ཡི་གཙུག་ཏོར་ཏེ།། ཨཱ་ནི་དབུ་སྐྲ་གཡས་སུ་འཁྱིལ། ཨི་ནི་དཔྲལ་བའི་དབྱེས་མཉམ་པ།། ཨཱི་ནི་སྨིན་མཚམས་མཛོད་སྤུ་སྟེ།། ཨུ་ནི་སྤྱན་མིག་མཐོན་མཐིང་ལ།། བ་ཡི་རྫི་མ་ལྟ་བུའོ།། ཨཱུ་ཚེམས་བཞི་བཅུ་མངའ་བ་སྟེ།། རྀ་རཱྀ་ཚིམས་མཉམ་ཚེམས་ཐགས་བཟང་། ། ལྀ་ལཱྀ་ཚེམས་དཀར་རོ་བྲོ་མཆོག། ཨེ་ནི་འགྲམ་པ་སེང་གེ་འདྲ།། ཨོཾ་ལྗགས་ཤིན་ཏུ་སྲབ་པ་སྟེ།། ཨོཾ་ནི་ཚངས་པའི་དབྱངས་དང་ལྡན། ཨོཾ་ནི་དཔུང་མགོ་ཤིན་ཏུ་ཟླུམ།། ཨ་ནི་བདུན་མཐོ་བ་རུ་གསུངས།། ཨཿནི་ཐལ་གོང་རྒྱས་པ་སྟེ།། འདི་དག་བཅུ་དྲུག་གཡས་བསྐོར་རོ།། དེ་ནས་གཡོན་བསྐོར་མཚམས་ནས་ཀྱང་།། ཨ་པགས་སྲབ་མདོག་གསེར་འདྲ། ། ཨཱ་ནི་བཞེངས་བཞིན་མ་བཏུད་པར།། ཕྱག་གཉིས་པུས་མོར་སླེབ་པའོ།། ཨི་ནི་རོ་སྟོད་སེང་གེ་འདྲ།། ཨཱི་ནི་ཤིང་ནྱ་གྲོ་ལྟ་བུར།། ཆུ་དང་ཞེང་ནི་གབ་པའོ།། ཨུ་ནི་མཛོད་སྤུ་གཡས་སུ་འཁྱིལ།། ཨཱུ་ནི་སྤུ་རྣམས་གྱེན་དུ་ཕྱོགས།། རྀ་མདོམས་སྦ་བ་སྦུབས་སུ་ནུབ།། རཱྀ་བཪྻ་ལེགས་པར་ཟླུམ་པའོ།། ལྀ་ནི་ཞབས་ལོང་ཚོགས་མ་མངོན།། ལཱྀ་ནི་ཕྱག་ཞབས་འཇམ་ཞིང་གཞོན། ། ལཱྀ་ནི་ཕྱག་མཐིལ་ཞབས་ཀྱི་མཐིལ།། འཇམ་ཞིང་གཞོན་ཤ་རྒྱས་པའོ།། ཨེ་ནི་ཕྱག་ཞབས་དྲ་བས་འབྲེལ།། ཨཻ་ནི་སེན་མོ་རིང་བ་སྟེ།། ཨོཾ་ནི་ཕྱག་དང་ཞབས་མཐིལ་ལ། ། འཁོར་ལོ་དང་ནི་ལྡན་པ་ཡིན།། ཨོཾ་ནི་ཞབས་ནི་ཤིན་ཏུ་གནས།། ཨཾ་ཞབས་རྟིང་པ་ཡངས་པ་སྟེ།། ཨཿནི་བྱིན་པ་རི་དགས་ནི།། ཨེ་ནྱ་ཡ་ཡི་ལྟ་བུ་སྟེ།། སྤྱི་བོའི་མི་ཤིགས་སྙིང་པོ་ཧཾ། ། སྟོན་པ་སུམ་ཅུ་རྩ་གཉིས་མཚན།། ཀ་ནི་སེན་མོ་ཟངས་མདོག་འདྲ།། ཁ་ནི་སེན་མོ་དོག་སྣུམ་པ།། ག་ནི་སེན་མོ་མཐོ་བ་སྟེ།། གྷ་ནི་སོར་མོ་རྣམས་ཟླུམ་པ།། ང་ནི་སོར་མོ་རྣམས་རྒྱས་པ། ། ཙ་ནི་སོར་རྣམས་བྱིན་གྱིས་ཕྲ།། ཆ་ནི་རྩ་རྣམས་མི་མངོན་པ།། ཛ་ནི་རྩཝ་མདུད་མེད་པ་ཡིན།། ཛཱ་ནི་ལོང་བུ་མི་མངོན་པ།། ཉ་ནི་ཞབས་མི་མཉམ་པ་མེད།། ཊ་ནི་སེང་གེའི་སྟབས་སུ། གཤེགས།། ཋ་ནི་གླང་པོའི་སྟབས་སུ་གཤེགས།། ཌ་ནི་ངང་པའི་སྟབས་སུ་གཤེགས།། ཌྷ་ནི་ཁྱུ་མཆོག་སྟབས་སུ་གཤེགས།། ཎ་ནི་གཡས་ཕྱོགས་ལྡོག་ཅིང་གཤེགས།། ཏ་ནི་མཛེས་པར་གཤེགས་པ་སྟེ། ། ཐ་ནི་མི་གཡོ་བར་གཤེགས་པ།། ད་ནི་སྐུ་ལ་འཁྲིལ་བག་ཆགས།། དྷ་སཱུ་བྱི་དོར་བྱས་པ་འདྲ།། ན་སྐུ་རིམ་པར་འཚམ་པའོ།། པ་ནི་སྐུ་གཙང་བ་སྐུ་མཆོག། པབ་སྐུ་རྣམ་པར་དག་པའོ།། བྷ་ནི་མཚན་རྫོགས་ངོ་བོ་ཉིད།། མ་སྐུ་ཁོ་ལག་ཡངས་ཤིང་བཟང་།། ཡ་ནི་གོམ་པ་སྙོམས་པའོ།། ར་སྐུ་ཤིན་ཏུ་གཞོན་མདོག་ཅན།། ལ་ནི་སྐུ་ལ་འཁྲུལ་པ་མེད།། ཝ་ནི་སྐུ་ལུས་རྒྱས་པ་སྟེ།། ཤ་ནི་ཤིན་ཏུ་གྲིམས་པའོ།། ཥ་ནི་ཡན་ལག་ཐམས་ཅད་མཛེས།། ས་གཟིགས་རབ་རིབ་མེད་ཅིང་དག། ཧ་དཀུ་ཟླུམ་པ་ཉིད་ཡིན་ཏེ།། ཀྵ་ནི་དཀུ་སྐབས་ཕྱེད་པའོ། ། ཡ་དཀུ་མ་རྙོངས་པ་ཡིན་ཏེ།། ར་ནི་ཕྱལ་ཕྱ་མ་མེད་པ་ཡིན།། ལ་ནི་ལྟེ་བ་ཟབ་པ་སྟེ།། ཝ་ནི་ལྟེ་བ་གཡས་སུ་འཁྱིལ།། ཌ་ནི་ཀུན་ནས་མཛེས་པ་སྟེ།། ཌྷ་ནི་ཀུན་སྤྱོད་གཙང་མ་ཡིན། ། འདི་དག་ཐབས་ཀྱི་རང་བཞིན་གྱིས།། གཡས་ནས་བསྐོར་བ་བཞི་བཅུ་ཡིན།། དེ་ནས་གཡོན་གྱི་བཞི་བཅུ་ནི།། ཀ་ནི་སྐུ་སྨེ་གནག་བག་མེད།། ཁ་ནི་ཤིང་བལ་ལྟར་འཇམ་ཕྱག། ག་ཕྱག་རི་མོ་མདངས་ཡོད་པ། ། གཱ་ཕྱག་རི་མོ་ཟབ་པ་དང་།། ང་ཕྱག་རི་མོ་རིང་བའོ།། ཙ་ཞལ་ཧ་ཅང་མི་རིང་བ།། ཚ་ཞལ་གཟུགས་ཀྱི་གཟུགས་བརྙན་སྣང་།། ཛ་ཛཱ་ལྕུག་མཉེན་ལྗགས་སྲབ་པ། ། ཉ་ནི་ལྗགས་དམར་ངོ་བོ་སྟེ།། གླང་པོའི་ང་རོ་འབྲུག་སྒྲ་ཊ།། ཥ་ནི་གསུང་སྙན་མཉེན་འཇམ་པ།། ཌ་ཌྷ་མཆེ་བ་ཟླུམ་དང་རྣོ།། ཎ་ནི་མཆེ་དཀར་ཏ་ཚེམས་མཉམ།། ཐ་ནི་མཆེ་བ་བྱིན་གྱིས་ཕྲ། ། ད་ཤངས་ཤིན་ཏུ་མཐོ་བ་དང་།། དཱ་ཤངས་ཤིན་ཏུ་གཙང་བའོ།། ན་ནི་སྤྱན་འོད་རྣམ་པར་དག། པ་ཕ་སྤྱན་བཟང་རྫི་མ་ལྕུག། བ་ནི་དཀར་ནག་ཕྱེ་པདྨའི།། འདབ་མའི་མདངས་འདྲ་པདྨའི་སྤྱན། ། བྷ་ནི་དེ་བཞིན་སྨིན་མཚམས་རིང་།། མ་ལ་སྨིན་མཚམས་སྨིན་སྤུ་མཉམ།། ར་ནི་དེ་བཞིན་སྨིན་མོ་སྣུམ།། ལ་ནི་སྙན་ཤལ་སྟུག་ཅིང་རིང་།། དེ་བཞིན་ཝ་ནི་སྙན་ཤལ་མཉམ། ། སྔོན་གྱི་དབང་པོ་མ་ཉམས་ཤ།། དཔྲལ་བ་ལེགས་པར་འབྱེས་པ་ཥ།། ས་ནི་དཔྲལ་བའི་དབྱེས་ཆེ་བ།། ཧཱ་ནི་དབུ་དག་ཤིན་ཏུ་རྒྱས།། དབུ་སྐྲ་བུང་བ་ལྟར་གནག་ཀྵ།། དབུ་སྒྲ་སྡུག་པ་ཡ་ཡིན་ཏེ། ། དེ་བཞིན་དབུ་སྐྲ་འཇམ་པར།། དབུ་སྐྲ་མི་འཛིང་བ་ནི་ལ།། དབུ་སྐྲ་མིག་ཤོར་བ་ནི་ཝ།། དབུ་སྐྲ་དྲི་ཞིམ་ཌ་ཡིན་ཏེ།། ཕྱག་ལ་དཔལ་གྱི་བེའུ་དང་ནི།། བཀྲ་ཤིས་གཡུང་དྲུང་འཁྱིལ་བས་བརྒྱན། ། སྡོང་རིས་ལྟ་བུ་དྷ་ཡིན་ཏེ།། ལྟེ་བ་སྤྲུལ་པའི་སྙིང་པོ་ཨཾ།། གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན།། ཨ་ནི་ཕྱི་ནང་སྟོང་པ་ཉིད།། ཨཱ་ནི་སྟོང་པ་ཉིད་སྟོང་པ། ཨི་ནི་ཆེན་པོ་སྟོང་པ་ཉིད།། ཨཱི་ནི་དོན་དམ་སྟོང་པ་ཉིད།། ཨུ་ནི་འདུས་བྱས་སྟོང་པ་ཉིད།། ཨཱུ་ནི་འདུས་མ་བྱས་སྟོང་པ།། རྀ་ནི་མཐའ་ལས་འདས་སྟོང་པ།། རཱྀ་ནི་ཐོག་མཐའ་སྟོང་པ་ཉིད། ལྀ་ནི་དོར་བ་མེད་པ་སྟོང་།། ལཱྀ་ནི་རང་བཞིན་སྟོང་པ་ཉིད།། ཨེ་ནི་ཆོས་རྣམས་ཐམས་ཅད་སྟོང་།། ཨཾ་ནི་རང་གི་མཚན་ཉིད་སྟོང་།། ཨོཾ་ནི་མི་དམིགས་སྟོང་པ་ཉིད།། ཨོཾ་ནི་དངོས་པོ་མེད་སྟོང་ཉིད།། ཨཾ་ནི་ངོ་བོ་སྟོང་པ་ཉིད།། དངོས་མེད་ངོ་བོ་སྡོང་ཉིད་ཨཿ། མགྲིན་པ་ལོངས་སྤྱོད་སྙིང་པོ་ཨཽ།། ཤེས་རབ་སྟོང་པ་བཅུ་དྲུག་རྩ།། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ།། རྣམ་པར་ཐར་པ་དང་པོ་ཨ། ། ནང་གཟུགས་མེད་པར་འདུ་ཤེས་པས།། ཕྱི་རོལ་གཟུགས་རྣམས་ལ་ལྟ་བ།། རྣམ་ཐར་གཉིས་པ་ཀ་ཡིན་ནོ།། སྡུག་པ་རྣམ་པར་ཐར་པའི་ལུས།། མངོན་སུམ་བྱས་ནས་རྫོགས་པ་ནི། ། དེ་དག་རྣམ་ཐར་གསུམ་པ་ཙ།། གཟུགས་ཀྱི་འདུ་ཤེས་ལ་འདས་པ།། སྣ་ཚོགས་འདུ་ཤེས་ཡིད་མི་བྱེད།། ནམ་མཁའ་མཐའ་ཡས་ལ་གནས་ཊ།། ནམ་མཁའ་མཐའ་ཡས་ལས་འདས་ཏེ། རྣམ་ཤེས་མཐའ་ཡས་ལ་གནས་ཤིང་།། རྣམ་ཤེས་མཐའ་ཡས་རྫོགས་པ་ཏེ།། རྣམ་ཤེས་མཐའ་ཡས་ལས་འདས་ན།། ཅི་ཡང་མེད་པ་ལ་གནས་ཏེ།། དེ་ཉིད་རྫོགས་པ་པ་ཡིན་ནོ།། ཅི་ཡང་མེད་པ་ལས་འདས་ཏེ།། འདུ་ཤེས་མེད་མིན་ལ་གནས་ཏེ།། འདུ་ཤེས་མེད་མིན་རྫོགས་པ་ཡང་།། འདུ་ཤེས་མེད་མིན་ལས་འདས་ཏེ།། འདུ་ཤེས་ཚོར་བ་འགོག་པའི་ལུས།། མངོན་སུམ་བྱས་ནས་རྫོགས་པ་ནི།། རྣམ་པར་ཐར་པ་བརྒྱད་པ་ཤ། སྙིང་བ་ཆོས་ཀྱི་འཁོར་ལོ་ཧཱུཾ།། གཙོ་བོ་རྣམ་ཐར་བརྒྱད་དང་ལྡན།། འདི་དག་རྦྷ་ཡི་རྣམ་པར་གནས། འཁོར་ལོའི་རྒྱ་ནི་སོར་གསུམ་སྟེ།། སེམས་ཅན་ཀུན་ལ་རང་བཞིན་གནས།། དེ་ཕྱིར་སེམས་ཅན་སངས་རྒྱས་ཡིན།། སྣ་ཚོགས་སྡུད་པའི་མཚན་ཉིད་ཀྱང་།། རིང་དུ་འབྱུང་ཞིང་ཐུང་ངུ་གནས། སྨིན་མཚམས་ཀྱི་ནི་མཛོད་སྤུ་བཞིན།། ཆོས་ཀྱི་འབྱུང་གནས་ལྟེ་བ་ལ།། གཡས་གཡོན་བུ་ག་ལྔ་ལྔ་སྟེ།། སྟེང་འོག་ཁ་ཡི་བར་ནས་འབྱུང་།། རོ་མ་ཤར་དུ་མངོན་དུ་ཕྱོགས།། བརྐྱང་མ་ནུབ་སྟེ། འོག་གི་ཆར།། རོ་མས་བརྐྱང་མ་ལ་འཁྱུད་ཅིང་།། གཡས་པའི་ཆ་རུ་ཟུང་འཇུག་ཉིད།། བརྐྱང་མས་རོ་མ་ལ་འཁྱུད་ཅིང་།། གཡོན་གྱི་ཆ་རུ་ཟུང་འཇུག་ཉིད།། གཡས་གཡོན་རྩེ་མོ་སྐུ་གསུང་ཐུགས། ། དེ་སྒྲ་སྔགས་སུ་རབ་ཏུ་གྲགས།། སྔགས་དང་རྒྱུད་དང་དངོས་གྲུབ་སོགས།། དེ་ཉིད་ལས་ནི་བྱུང་བས་ན།། སེམས་ཅན་སངས་རྒྱས་རང་བཞིན་ནོ།། སྐྱེ་བ་བཞི་ཡི་རིམ་པ་ཡང་། སྣོད་བཅུད་ཡབ་ཡུམ་ལ་ཐིམ་སྟེ།། ཡབ་ཡུམ་ཉི་མ་ཟླ་བར་འགྱུར།། སྣང་བའི་ཐིག་ལེ་ཡང་དག་བཅས།། འདི་དག་ནང་གི་མངལ་སྐྱེས་ཚུལ།། ཨཱ་ལི་ཀཱ་ལྀ་ཉི་ཟླ་སྟེ།། སེམས་ནི་ཐིག་ལེའི་ངོ་བོར་གནས། ། ནང་གི་སྒོང་སྐྱེས་ཡིན་པར་འདོད།། ཀ་དང་ཨ་ལས་ཉི་ཟླ་སྟེ།། རང་བྱུང་ཐིག་ལེ་དྲོད་གཤེར་ཡིན།། དེ་དག་སྐད་ཅིག་རྐྱེན་མེད་ལས།། རང་བཞིན་འབྱུང་བ་རྫུས་སྐྱེས་སོ། ། རྐྱེན་མེད་སྦྱོར་བ་སྒོང་སོགས་ལས།། བདེ་བ་སྐྱེ་དང་བདེ་བའི་རྒྱུ།། ཐམས་ཅད་དྲན་པ་གསང་བ་ཡི།། མངལ་ན་སྐྱེས་པའི་ཚུལ་ཡིན་ཏེ།། ཡར་ལ་བསྲེག་དང་མར་ལ་གསོ།། གནས་གསུམ་ཉི་ཤུ་བཞིར་འཕོ་ཡིན།། ཕྱི་ནང་འདོད་པའི་མཚན་མ་ཡིས།། རྩ་རྒྱས་བདེ་བ་སྟེར་བ་དང་།། རིན་པོ་ཆེ་ཡི་ཕོ་བྲང་དུ།། སེམས་འཛིན་གསང་བའི་སྒོང་སྐྱེས་ཡིན།། ནང་གི་འདོད་པའི་མཚོན་ཆ་ཡིས། ། བདེ་བ་སྐྱེ་བ་དྲོད་གཤེར་སྐྱེས།། གང་གི་རྐྱེན་གྱིས་མ་སྐྱེས་པར།། གདོང་ནས་བདེ་བའི་རྒྱུར་སྐྱེས་ལ།། བདེ་བ་སྐྱེས་པ་རྫུས་སྐྱེས་སོ།། གཏུམ་མོ་གོ་བཟློག་རྐྱེན་གྱིས་སྦར། ། གཏུམ་མོ་རྐྱེན་གྱིས་སྦར་བ་དང་།། གཏུམ་མོ་གོ་བཟློག་སྦར་བ་དང་།། གཏུམ་མོ་རང་བཞིན་སྦར་བ་ནི།། མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་སྐྱེས།། རྫུས་སྐྱེས་རིམ་པར་སྦྱར་བར་བྱ། ། དུ་མའི་གཞི་བཅས་གཞི་བཅས་དང་།། གཞི་མེད་ཤིན་ཏུ་གཞི་མེད་དེ།། མངལ་སྐྱེས་སྐྱོང་སྐྱེས་དྲོད་གཤེར་སྐྱེས།། རྫུས་སྐྱེས་བཞི་ཆར་རིམ་པར་སྦྱར།། རྒྱུ་དང་ལམ་སྟེ་འབྲས་བུ་ཀུན། ། སྐྱེ་བ་བཞི་ཡི་ངོ་བོར་གཅིག། དེ་ཕྱིར་སངས་རྒྱས་སེམས་ཅན་གཉིས།། དངོས་པོ་རོ་མཉམ་གྱུར་པ་ལ།། ལོག་རྟོག་སྒྱུ་མས་གཉིས་སུ་འཁྲུལ།། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། ། ནང་དང་གསང་བའི་དཀྱིལ་འཁོར་ཡང་།། ང་ཡིས་བཤད་ཀྱིས་ལེགས་པར་ཉོན།། སྐུ་ཡི་དཀྱིལ་འཁོར་སྤྱི་བོར་སྒོམ།། གསུང་ནི་མགྲིན་པ་ཐུགས་ནི་སྙིང་།། ཡོན་ཏན་ལྟེ་བ་འཕྲིན་ལས་ནི། ། སྣ་རྩེ་དག་ཏུ་བསམ་པར་བྱ།། འབར་བ་བཞི་ཡི་ཨ་ལ་ཡང་།། རྡོ་རྗེ་ཕག་མོ་རབ་ཏུ་གྲགས།། ཧ་ནི་བདེ་མཆོག་ཧེ་རུ་ཀ། དཔའ་བོ་གཅིག་པ་ཡིན་པར་འདོད། ། བདུན་པ་དང་ནི་དགུ་པ་དག། གསུམ་པ་ཧཱུཾ་ལས་རབ་ཏུ་གྲགས།། བཅུ་གསུམ་པ་དང་བཅོ་ལྔ་པ།། བཅུ་དགུ་ཨོཾ་ལས་རབ་ཏུ་གྲགས།། ཉི་ཤུ་རྩ་ལྔ་ཉི་ཤུ་དགུ།། ཧཾ་གི་ངོ་བོར་ཡང་དག་གནས། ། སུམ་ཅུ་བདུན་དང་དྲུག་ཅུ་བཞི།། ཨ་ཡི་དཀྱིལ་འཁོར་ཡིན་པར་ངེས།། རྩ་ནི་རྡོ་རྗེ་ཕག་མོ་སྟེ།། གཡས་གཡོན་ཕྱག་ལ་དབུ་མ་ཞལ།། དཔའ་བོ་བྱང་ཆུབ་སེམས་ཡིན་ཏེ། སྐྱེ་མཆེད་བཅུ་གཉིས་དངས་མ་ཡང་།། བཅུ་གཉིས་ཕྱག་ཏུ་རབ་ཏུ་གྲགས།། འབྱུང་བཞིའི་དངས་མ་ཞལ་བཞིར་ངེས།། མཛེས་པའི་ཕྱིར་ན་རྒྱན་དུ་བཤད།། གསུང་མཆོག་བླ་མའི་ཞལ་ནས་བླང་། ། གཡས་གཡོན་སྟེང་འོག་སྒོ་བཞི་སྟེ།། འདོམ་གང་མཉམ་པ་གྲུ་བཞི་ཡིན།། བདུད་རྩི་ལྔ་ནི་ཚོན་རྩི་ལྔ།། རྩ་ནི་ཐིག་གི་རང་བཞིན་ཏེ།། ཀ་བ་བརྒྱད་ནི་རྐང་བརྒྱད་དོ།། སོ་སེན་པ་སཱུ་ཏཱ་ར་སོགས།། མཁས་པས་བརྟག་ཅིང་ཤེས་པར་བྱ།། འདི་དག་རང་བཞིན་དཀྱིལ་འཁོར་ཏེ།། དཔེར་ན་རང་བྱུང་གསེར་དང་འདྲ།། འདི་ནི་བཅོས་མ་མ་ཡིན་ཏེ།། རང་རིག་ཡེ་ཤེས་གཟུགས་བརྙན་ནི། ། གཟུགས་བརྙན་དཀྱིལ་འཁོར་སྒོམ་པ་མིན།། རྡུལ་ཚོན་ལ་སོགས་བྲི་བ་མིན།། སྤོས་ལ་སོགས་པས་མཆོད་པ་མིན།། རྡོ་ཤིང་ལྷ་ལ་ཕྱག་མི་བྱ། རང་བཞིན་གནས་པའི་སངས་རྒྱས་ལ།། རང་བཞིན་མཆོད་པས་རྟག་ཏུ་མཆོད།། སྐུ་ནི་དགུན་དུས་རང་བཞིན་ཏེ།། འབྱུང་བའི་སྐུ་གསུམ་ཟླ་བ་གསུམ།། གསུང་ནི་དཔྱིད་དུས་ངོ་བོ་སྟེ།། འཇུག་པའི་སྐུ་གསུམ་ཟླ་བ་གསུམ། ། ཐུགས་ནི་དབྱར་དུས་ངོ་བོ་སྟེ།། གནས་པ་སྐུ་གསུམ་ཟླ་བ་གསུམ།། ཡེ་ཤེས་སྟོན་གྱི་དུས་ཡིན་ཏེ།། སྐུ་གསུང་ཐུགས་ནི་ཟླ་བ་གསུམ།། དང་པོ་རྒྱུ་ཡིས་པ་ཡིན། འཁོར་ལོ་ཆགས་པ་དམར་པོ་ལ།། ཡི་གེ་རྣམས་ནི་དཀར་པོས་གནས།། ལམ་གྱི་ས་པ་རྣམ་པ་གཉིས།། རིང་བ་དང་ནི་ཉེ་བའོ།། དེ་ནི་འབྲས་བུའི་ས་པ་ཡིན།། འཁོར་ལོ་ཡང་དག་གནས་པ་སྟེ། འཁོར་ལོ་དེ་རྣམས་ལྷ་རྣམས་ཀྱང་།། སྐུ་མདོག་ཕྱག་མཚན་ཀུན་དང་བྲལ།། རང་བཞིན་གསལ་བ་དྲི་མ་མེད།། ཤེལ་ལྟར་གསལ་བ་དྲི་མ་མེད།། མི་མཐོང་མཐོང་བའི་ངོ་བོ་ཅན།། ཟབ་ཅིང་ཕྲ་བའི་རང་བཞིན་ཅན།། ཕྱི་རུ་སྐུ་མདོག་ཕྱག་མཚན་ལྷ།། ནང་གི་ཤིན་ཏུ་ཕྲ་བའི་གཟུགས།། གསང་བའི་བདེ་བ་ལྷ་རུ་ངེས།། དེ་ལས་བཟློག་པ་བཞི་པའི་ལྷ།། ལུས་ལས་བྱུང་ཕྱིར་ལྔ་ཞེ་འམ། ། རྒྱུད་རྣམས་དག་བྱེད་ཕྱིར་ན་ལྷ།། ཆགས་པའི་ཕྱིར་ན་ལྷ་ཡིན་ཏེ།། རྒྱལ་པོ་ཤེས་རབ་རང་བཞིན་ཏེ།། ཐབས་དང་ཤེས་རབ་རང་བཞིན་གྱི།། ཆགས་པ་ཆེན་པོའི་རྒྱུད་གསུངས་སོ། ། དེ་ནས་ས་ཆེན་པོའང་ཆེར་གཡོས་པར་གྱུར་ཏེ། མཆོད་པའི་སྤྲིན་གྱི་ཆར་ཆེན་པོ་བབས་པར་གྱུར་ཏོ།། དེ་ནས་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱང་རྒྱུད་ཀྱི་དོན་ལ་དགའ་ཞིང་མགུ་སྡེ་རྗེས་སུ་ལི་རང་ནས་མི་སྡང་བར་གྱུར་ཏོ། ། དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། རྣལ་འབྱོར་མ་ཙནྡ་མཱ་ལ་དང་། ལོ་ཙ་བ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།

CLOSE WINDOW