CLOSE WINDOW

S329: བདེ་ལེགས་ཀྱི་ཚིགས་སུ་བཅད་པ
Wyliee-texts produced with ocr Programm

ལ་བབ་པ།། རྒྱ་གར་སྐད་དུ། སྭསྟི་གྷཱ་ཐ། བོད་སྐད་དུ། བདེ་ལེགས་ཀྱི་ཚོག་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ་ཞིག་ཏེ་བར་འོངས་ནས་སུ། ། ལྷས་མཆོད་པ་ལ་ཞུས་བྱས་ཏེ།། སངས་རྒྱས་ཆེན་པོ་ཐུབ་པ་ཆེན།། ཅི་ཞིག་སྨྲས་ན་བདེ་ལེགས་འགྱུར།། ལྷ་ཡི་ཚིག་དེ་གསན་གྱུར་ནས།། འཇིག་རྟེན་རྩ་ལག་བཀའ་སྩལ་པ་གང་གིས་རྟག་ཏུ་རྗོད་བྱེད་ལ། ། ང་ཡི་བདེ་ལེགས་འགྱུར་དེ་ཉོན།། འཇིག་རྟེན་འདི་དང་གཞན་དང་མཐོ་རིས་ན།། རིན་ཆེན་རྒྱ་ཆེན་མཆོག་ན་གང་ཡོད་པ།། དེ་ནི་རྫོགས་པའི་སངས་རྒྱས་རིན་ཆེན་ལ།། ཅིས་ཀྱང་གྲངས་དང་བགྲང་དང་ཆར་མི་བོད།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཞི་འགོག་བདུད་རྩི་ཤིན་ཏུ་གྱ་ནོམ་གང་།། ཤཱཀྱ་ཐུབ་པས་མཉམ་གཞག་ཐུགས་ཆུད་པ།། ཆོས་དེ་དང་ནི་མཚུངས་པ་ཡོད་མིན་ཏེ།། དེ་མངོན་བྱས་ན་ཕྱིན་ཆད་མྱ་ངན་མེད། ། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱིས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། རྒྱལ་བས་གང་དག་གང་ཟག་བརྒྱད་གསུངས་པ།། དེ་དག་རྣམས་ནི་སྐྱེས་བུ་ཟུང་བཞི་སྟེ།། སྤྲིན་གནས་དེ་དག་ས་སྟེང་ཤིན་ཏུ་དཀོན།། དེ་དག་རྣམས་ལ་བྱིན་ན་དཔག་མེད་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། ། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། དམ་པ་གཙོ་བོ་མཆོག་སྦྱིན་གྱ་ནོམ་པ། ། འོད་མཆོག་དཔའ་བོ་དམ་པ་མཆོག་གིས་འོས།། ཤེས་རབ་དམ་པ་ཆོས་ཀྱིས་དམ་པ་མཆོག། མཆོག་མིན་མཆོག་མཁྱེན་འདི་ན་བཅོམ་ལྡན་ཅིག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཏིང་འཛིན་དམ་པ་བར་ཆད་མེད་པ་གང་།། མཐའ་ཡས་བློ་ལྡན་དེ་བཞིན་གཤེགས་གསུངས་པ། ། ཏིང་འཛིན་དེ་བརྟན་རྡོ་རྗེ་དཔེར་བྱས་པ།། ཏིང་འཛིན་དེ་དང་མཚུངས་པའི་ཏིང་འཛིན་མེད།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། ཏིང་ངེ་འཛིན་གྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཇི་ལྟར་སྒོ་གཏན་བརྟན་ཞིང་རབ་དམ་སྟེ།། སྟོབས་ཆེན་རླུང་བཞི་དག་གིས་མི་བསྐྱོད་པ། ། དེ་ལྟར་མཁས་པ་གཞི་མཐོང་འདེན་གནས་པའང་།། འཇིག་རྟེན་སྨྲ་བ་རྣམས་ཀྱིས་འདིར་མི་གཡོས།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་ན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཐམས་ཅད་ཟིལ་གནོན་ཀུན་མཁྱེན་ཐམས་ཅད་གཟིགས། ། ཐམས་ཅད་མཁྱེན་པའི་སྟོབས་རྣམས་ཀུན་དང་ལྡན།། ཀུན་གྱི་དམ་པ་འཇིགས་པ་ཀུན་དང་བྲལ།། བསམ་པ་ཀུན་མཁྱེན་འདི་ནི་བཅོམ་ལྡན་ཅིག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། ། རྫོགས་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སྲིད་པ་འགོག་ཅིང་མི་གཡོ་འགྱུར་བ་མེད། ། སྐྱོན་མེད་འཇིགས་པ་ཀུན་ལས་རྣམ་པར་གྲོལ།། ཤིན་ཏུ་དཀོན་ཞིང་གྱ་ནོམ་ངེས་པར་འབྱུང་།། ཤིན་ཏུ་དྲི་མེད་ཞི་བ་བློས་མི་འཕྲོགས།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ཤིན་ཏུ་སྡུག་བསྔལ་སྟོན་ཅིང་བདེ་སྦྱིན་པའི།། འདྲེན་རྣམས་མཐོང་སྟེ་གང་དག་བག་ཡོད་ཅིང་། ། བདེན་པ་རིན་ཆེན་རྣམས་ལ་དོགས་བྲལ་བ།། དེ་དག་སྐྱེ་བ་བརྒྱད་པ་ཕྱིས་མི་ལེན།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། དམ་པ་རྣམས་ཀྱི་དམ་པ་དོན་དམ་མཁྱེན།། མཆོག་དང་མཆོག་མིན་མཁྱེན་ཅིང་དོན་དམ་བརྩེགས། གཞན་གྱིས་མི་འཕྲོགས་དམ་པ་ཐུགས་ཆུད་རྟོགས། ། ཤིན་ཏུ་སྡུག་བསྔལ་རྣམས་ཀྱིས་དཔུང་གཉེན་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོགས་པའི་སངས་རྒྱས་འཇིག་རྟེན་རིན་ཆེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན། ། བདེན་པ་འདིས་ན་ཤིན་ཏུ་བདེ་ལེགས་ཤོག། འདུན་པ་སྐྱེས་ནས་རྣལ་འབྱོར་ལྡན་གྱུར་ཅིང་།། གཽ་ཏ་མ་བསྟན་ལ་རྟག་བརྩོན་རབ་གྲོལ་ཞིང་།། གཞན་གྱིས་མི་དཀྲི་བ་དག་ཞི་དེར་རེག། འདི་ལ་དེར་རེག་གྲངས་སུ་ཕྱིན་མི་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་གང་ཞིང་འཇིག་རྟེན་རིན་ཆེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། བདེན་པ་མཐོང་བ་བརྗེད་པས་བརྒྱ་ལམ་ན།། གལ་ཏེ་སྡིག་པ་འབའ་ཞིག་བྱས་གྱུར་ཅིང་།། དེ་ནི་དེ་ཆབ་པ་ཡི་འོས་མིན་ཏེ།། ཆོས་ཉིད་འདི་ནི་མིག་ཡོ་གནས་ཕྱིར་རོ།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ན།། སངས་རྒྱས་དང་ནི་ལྷག་པའམ་མཚུངས་པ་མེད།། ལྷ་དང་མི་ཡི་སྟོན་པ་བླ་ན་མེད། ། སྟོན་པ་དེད་དཔོན་སྨན་པ་རྣམས་ཀྱི་མཆོག། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། རྫོག་པའི་སངས་རྒྱས་རིན་ཆེན་འཇིག་རྟེན་མཆོག་ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། སོས་ཀའི་ཟླ་བ་དང་པོར་ཐུབ་པ་ཡིས།། ནགས་ཁྲོད་ཆོས་ཀྱི་དམ་པ་གང་གསུངས་པ།། ཆོས་དེ་དང་ནི་མཚུངས་པའམ་ལྷག་པ་མེད།། འདི་ལ་དེར་རེག་གྲངས་སུ་ཕྱིན་མི་འབྲང་། མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ།། དམ་པའི་ཆོས་ཀྱི་རིན་ཆེན་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག་སྡིག་པ་རྙིང་ཟད་གསར་དུ་བྱས་མེད་ན། ། རིམས་ནད་མེད་ཅིང་འཇིག་མེད་མྱ་ངན་བྲལ།། སྲེད་པ་འགགས་པས་རྩ་བ་མི་སྐྱེད་པ།། བརྟེན་པ་མར་མེ་བཞིན་དུ་འབར་བར་འགྱུར།། ངོ་མཚར་ཤིན་ཏུ་རྨད་བྱུང་དཔག་མེད་དེ། ། དགེ་འདུན་རིན་ཆེན་གང་ཞིག་འཇིག་རྟེན་མཆོག། ཇི་ལྟར་ངའི་འདི་དེ་བཞིན་བདེན་མཆོག་ན།། བདེན་པ་འདིས་ནི་ཤིན་ཏུ་བདེ་ལེགས་ཤོག། བདེ་ལེགས་ཀྱི་ཚིགས་སུ་བཅད་པ་རྫོགས། སོ།། རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མང་ག་ལ་གཱ་ཐ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།། དཀོན་མཆོག་གསུམ་ལལ་ཕྱག་འཚལ་ལོ།

CLOSE WINDOW