CLOSE WINDOW

S306: ཟླ་བའི་མདོ
Wyliee-texts produced with ocr Programm

། དགྲ་བཅོམ་དེ་བཞིན་གཤེགས་པ་ལ།། ཉི་མ་སྐྱབས་སུ་སོང་བས་ན།། སྒྲ་གཅན་འཛིན་གྱིས་ཉི་མ་མཐོང་།། གང་ཞིག་མུན་པ་སྣང་བས་གསལ་བར་བྱེད། ། རྣམ་སྣང་དག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན།། ནམ་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད།། ཉི་མ་འདི་ནི་སྒྲ་ག་ཅན་གྱིས་ཐོང་ཞིག། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཉི་མ་གྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐག་བཟང་རིས་ཀྱི་དྲུང་དུ་སོང་ཞིང་སོང་ནས་སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་བྱས་ཚིགས་སུ་བཅད་པ་ས། བྱོར་མིད་ནི་སྐྲག་པར་འགྱུར།། !། ཅན་ཡོཛིན་གྱིམ་ཉས་ཟང་།། གཟུགས་སྟོངས་པཐ་ས་།། ཀྱི་འཇིགས་པས་འདིས་མ། དེས་སྨྲས་པ། སངས་རྒྱས་ཚིགས་བཅད་ཐོས་ནས་ནི།། བདག་གིས་ཉི་མ་མ་བཏང་ན།། མགོ་བོ་ཚལ་པ་བདུན་འགས་ཤིང་།། འཚོ་བ་ལ་ནི་བདེ་བ་མེད།། ཉི་མའི་མདོ་རྫོགས་སོ།། པཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤྲིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། སའི་སྟེང་དུཉི་མ་དང་ཟླ་བ་ལྟར་གྱུར་ཅིག།། རྒྱ་གར་སྐད་དུ། ཙནྡ་སཱུ་ཏྲ། བོད་སྐད་དུ། ཟླ་བའི་མདོ། འཕགས་པ་དཀོན་མཆོག་གསུམ་ལ་གུས་པས་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོདན་རྒྱལ་བྱེད་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བ་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་བཟུང་ནས། དེ་ནས་ལྷའི་བུ་ཟླ་བས་བཅོམ་ལྡན་འདས་རྗེས་སུ་དྲན་པ་ཡིད་ལ་བྱས་ཏེ་དེའི་དུས་སུ་ཚིགས་སུ་བཅད་པ་འདི་གསོལ་ཏོ། ། སངས་རྒྱས་དཔའ་བོ་དེ་ལ་འདུད།། ཐམས་ཅད་མྱུར་དུ་གྲོལ་བར་གྱིས།། བདག་འདིའི་ཁ་རུ་བཅུག་པས་ན། བདག་ནི་ཁྱོད་ལ་སྐྱབས་སུ་འགྲོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བའི་ཆེད་དུ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིགས་སུ་བཅད་པ་བཀའ་སྩལ་པ། སངས་རྒྱུརྒྱས་འཇིག་རྟེན་ལ་བརྩེ་བས། ། དགྲ་བཅོམ་དེ་བཞིན་གཤེགས་པ་ལ།། ཟླ་བ་སྐྱབས་སུ་སོང་བས་ན།། སྒྲ་གཅན་འཛིན་གྱིས་ཟླ་བཐོང་།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་གྱིས་ལྷའི་བུ་ཟླ་བགྲོལ་བར་བྱས་ནས། སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲང་དུ་སོང་ཞིང་སོང་ནས། སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་པས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་ཡང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱིས་ཚིགསསུ་བཅད་པ་སྨྲས་པ། ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར།། སྒྲ་ག་ཅན་འཛིན་གྱིས་ཟླ་བ་ཐོང་།། གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན།། ཅི་ཕྱིར་འཇིགས་པས་འདི་རུ་ལྷགས། སྒྲ་གཅན་འཛིན་གྱིས་ཚིག་སྨྲས་པ།། སངས་རྒྱས་ཚིགས་བཅད་ཐོས་ནས་ནི།། ཟླ་བ་བདག་གིས་མ་བཏང་ན།། མགོ་བོ་ཚོལ་པ་བདུན་འགས་ཤིང་།། འཚོ་བ་ལ་ནི་བདེ་བ་མེད།། ཟླ་བའི་མདོ་རྫོགས་སོ། ། ། པཎྜི་ཏ་ཆེན་པོ་ཨཱ་ནནྡ་ཤྲིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཉིན་རྒྱལ་མཚན་དཔལ་བཟང་པོས་སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།

CLOSE WINDOW