CLOSE WINDOW

S276: དྲི་མ་མེད་པའི་འོད་ཀྱིས་ཞུས་པ
Wyliee-texts produced with ocr Programm

། །། རྒྱ་གར་སྐད་དུ། བི་མ་ལ་པྲ་བྷ་པ་རི་བྲྀཙྪ། བོད་སྐད་དུ། དྲི་མ་མེད་པའི་འོད་ཀྱིས་ནུས་པ། བམ་པོ་དང་པོ།། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟླ་བའི་སྙིང་པོ་ཞེས་བྱ་བའི་མདོ་བཤད་པའི་ཚེ། འཛམ་བུའི་གླིང་གི་ཡུལ་ཐམས་ཅད་སྲུངས་མ་རྣམས་ཀྱི་ལག་ཏུ་སོ་སོར་གཏད་པ་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ནས། ལྷ་ཐམས་ཅད་བསྡུ་བའི་ཕྱིར་འོད་ཟེར་བཏང་ངོ་། ། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་མ་ཐག་ཏུ། ལྷའི་རྒྱལ་པོ་ཐམས་ཅད་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་གྱི་དབང་པོ་ཀུན་ཏུ་རྒྱལ་ལ་བོས་ཏེ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་དེའི་བཀའ་ཆོས་དང་ལྡན་པ་བཞིན་གྱིས་ལ་རིམ་གྲོ་བྱོས་ཤིག། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ལི་ཡུལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེ་ཡོངས་སུ་བསྐྱང་བའི་ཕྱིར། ངས་ཁྱེད་ཀྱི་ལག་ཏུ་གཏད་དོ།། རྒྱལ་པོ་རྣམ་ཐོས་བུ་ཁྱོད་དང་།། རྫུ་འཕྲུལ་ཆེན་པོ་ཀུན་ཏུ་རྒྱལ།། ཀླུའི་དབང་པོ་མ་དྲོས་དང་།། བློ་རབ་བརྟན་པའི་ལྷ་ཡི་བུ།། ང་ཡི་ཚིག་ནི་མཉན་པར་གྱིས།། ཡུལ་འདི་རྒྱལ་བའི་དབང་པོ་ཡིས། ། འདུལ་བ་ཡིན་ཏེ་གཞན་གྱིས་མིན།། གང་དག་པས་ནི་མ་བཏུལ་བའི།། སེམས་ཅན་དེ་དག་ལི་ཡུལ་འཁོར།། སངས་རྒྱས་ལུང་བསྟན་གྲོང་ཁྱེར་དུ།། སོ་སོར་སྐྱེ་བོ་ལེན་པར་འགྱུར།། ང་ཡི་སངས་རྒྱས་བྱང་ཆུབ་ཕྱིར།། སྡུག་བསྔལ་ཆེན་པོ་མྱོང་བ་དང་།། སྨོན་ལམ་ཆེན་པོ་རབ་མང་བ།། བཏབ་པར་གྱུར་པ་གང་ཡིན་པའི།། བསོད་ནམས་ཀྱི་ནི་ཚིགས་དེ་ཡིས།། ཡུལ་འ། ང་ཡི་ཕྱག་མཚན་གྱུར།། ཞི་བར་མྱ་ངན་ང་འདས་ན།། ཁྱེད་རྣམས་ལ་ནི་གཏད་པར་བྱ།། གང་ཚེ་ང་ཡི་བྱམས་པའི་ས།། ལི་ཡུལ་འདི་ནི་བྱུང་བ་ན།། འགུམ་ཏིར་གནས་མཛེས་དེར།། ཆོས་རྒྱལ་པོའི་མཆོད་རྟེན་དུ། ། བསྐལ་པ་བཟང་པོའི་སངས་རྒྱས་རྣམས།། དེ་ཆེ་དེར་ནི་འདུལ་བར་འགྱུར།། ཡུལ་འདི་ཡོངས་སུ་བསྐྱང་བའི་ཕྱིར།། ང་ཡིས་ཁྱེད་ལ་བྱིན་པ་ཡིན། ། དེ་ནས་རྒྱལ་པོ་རྣམ་ཐོས་བུས།། བཅོམ་ལྡན་འདས་ལ་གསོལ་བ་ཡི།། འདྲེན་པ་སངས་རྒྱས་རྣམས་ཀྱི་བཀའ།། གཅོག་ཏུ་རུང་བ་མ་ལགས་ཏེ།། རབ་མཆོག་རྒྱལ་བས་བཀའ་སྩལ་པའི། ། ལས་འདི་ཤིན་ཏུ་དཀའ་བ་ལགས།། སྟོན་པ་བཅོམ་ལྡན་བཞུགས་བཞིན་དུ།། ཡུལ་དང་ལྗོངས་རྣམས་འཁྲུག་མ་མཆིས།། ཁྱོད་ཀྱིས་དམ་ཆོས་བཤད་ན་ཡང་།། ཡོངས་སུ་བསྲུང་བར་དཀོན་ལགས་ན། ། སྟོན་པ་མྱ་ངན་འདས་པའི་ཚེ།། ལྷ་ཡིས་བོར་བའི་ཡུལ་དག་ཏུ།། ལྷ་ལ་སོགས་པ་བསྲུང་བ་རྣམས།། བཀའ་བཞིན་མི་ཉན་ཅི་ཞིག་སྨོས།། བདག་ཅག་རྣམས་ལ་ཐུགས་རྗེ་མཛོད། ། གང་ཞིག་ཐོས་ན་ལྷ་རྣམས་ཀུན།། ཁྱོད་ཀྱི་བཀའ་བཞིན་བགྱིད་འགྱུར་བ།། དེ་འདྲའི་ཆོས་ནི་བཤད་པར་གསོལ།། སངས་རྒྱས་དཔའ་བོ་རྣམས་ཀྱི་བཀའ།། དེ་ནི་ས་སྟེངས་གཅོག་ཏུ་མེད། ། སྐྱེ་བོ་གང་དུ་མབྱུང་བའི།། ལས་ནི་ཤིན་ཏུ་དགའ་ལགས་ན།། བཅོམ་ལྡན་དེར་ནི་བདག་ཅག་གིས།། ཇི་ལྟར་ཡོངས་སུ་བསྲུང་བར་བགྱི།། སངས་རྒྱས་རྣམས་ནི་དུས་གསུམ་གཟིགས།། ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན།། རྒྱལ་བ་སྐྱེས་མཆོག་དེ་ཡི་ཕྱིར།། ལས་འདི་བདག་ཅག་མཆིད་ཀྱིས་འཚལ།། དེ་ཕྱིར་གཏད་པ་ནོད་པར་བགྱི།། རྒྱལ་བས་སྔར་ནི་བཀའ་སྩལ་པའི།། ལས་ནི་ཇི་ལྟར་བགྱིད་འགྱུར་བ། ། དེ་ལྟར་བྱིན་གྱིས་བརླབ་པར་གསོལ།། རྒྱལ་བས་ལུང་བསྟན་གྲོང་ཁྱེར་དུ།། རྒྱལ་བས་སྔོན་ནི་ལུང་བསྟན་པའི།། བྱང་ཆུབ་སེམས་དཔའ་རྣམས་དང་ནི།། གཟུགས་བཟང་སྡོམ་པ་འཛིན་པ་ཡི། ། དགེ་སློང་བརྒྱ་ཕྲག་གསུམ་དག་དང་།། དགེ་སློང་མ་ནི་ཉེས་བརྒྱ་འབྱུང་།། སྡིག་པའི་ལས་རྣམས་གང་དག་གིས།། སྔོན་ནི་སྨོན་ལམ་བཏབ་གྱུར་ཅིང་།། སྡིག་བྱེད་ཕྱོགས་ནི་ལྔ་བརྒྱ་པོ། ། དེ་དག་རྣམས་ཀྱང་འབྱུང་གྱུར་ཏེ།། དགེ་བྱེད་ལ་ནི་གེགས་བྱའི་ཕྱིར།། ཡུལ་འདི་དག་ཏུ་སྐྱེ་བར་འགྱུར།། དགེ་བྱེད་མཛའ་བོ་དེ་དག་ཀྱང་།། ལི་ཡུལ་དག་ཏུ་སྐྱེ་བ་ལེན།། རྒྱལ་བས་ལུང་བསྟན་ཡུལ་དག་ཏུ། ། ལེགས་པ་རྣམས་ནི་བྱེད་པར་འགྱུར།། ཇི་ལྟར་ཡུལ་འདིར་བདག་ཅག་རྣམས།། ལེགས་པར་འགྱུར་དེང་བདག་ཅག་གིས།། ཅི་ནས་བཟུང་བའི་ཐབས་བཙལ་བར།། བཅོམ་ལྡན་བདག་ཅག་དམ་པ་གསོལ། ། དེ་ལ་བཅོམ་ལྡན་གསུངས་པ་ནི།། དམ་པའི་མཆོག་ནི་སྦྱིན་པར་བྱས།། གནོད་སྦྱིན་དབང་པོ་དུས་ཀུན་ཏུ།། ཡུལ་ནི་ཡོངས་སུ་བསྲུང་བའི་ཕྱིར།། བྱང་ཆུབ་སེམས་དཔ་གནས་བཟང་འདི། ། ང་ཡི་ཚིག་གིས་གཟུང་བར་གྱིས།། ཡུལ་དེ་འབྱུང་བར་འགྱུར་བ་ནི།། ལྷ་ཡི་སྐྱེད་མོས་ཚལ་མཆོག་བཞིན།། དགེ་འདུན་ཀུན་དགའ་ར་བས་རྒྱས།། དྲི་གཙང་ཁང་གིས་མཛེས་པར་བྱས། ། དེར་ནི་དགོན་པའི་གནས་རྣམས་ཀྱང་།། བདེ་བ་ཅན་དང་འདྲ་བར་འགྱུར།། དགེ་སློང་དགེ་སློང་མ་ཡིས་གང་།། དེ་དག་ཐེག་པ་མཆོག་ཀྱང་སྟོད།། བྱང་ཆུབ་སེམས་དཔའི་གནས་བཟང་དེར།། རྣམས་སྐྱེས་པ་གང་ཡིན་པ།། དགེ་བ་ཡི་ནི་ལས་བྱེད་ཅིང་།། བྱང་ཆུབ་ཕྱིར་ནི་སྔོ་བ་བྱེད།། ཇི་སྲིད་ཐུབ་པའི་དབང་པོ་ཡིས།། བསྟན་པ་ཡུལ་དེར་གནས་པ་དང་།། མཆོད་པར་བྱེད་པ་དེ་སྲིད་དུ། ། ཡུན་དག་ཀྱང་ནི་གནས་པར་འགྱུར།། བསྟན་པ་དག་ལ་མ་མཆོད་ན།། སྲུངས་མ་རྣམས་ནི་འཁྲུག་པར་འགྱུར།། ཡུལ་ཡང་ཡལ་བར་འདོར་བ་དང་།། འཁྲུག་པའི་སེམས་ཀྱིས་འགྲོ་བར་འགྱུར། ། སྲུངས་མ་དག་ནི་སོང་བ་དང་།། ཡུལ་ནི་ལྷ་ཡིས་བོར་བདེར།། ནད་དང་མུགས་ཉེན་པ་དང་།། རྒྱལ་པོ་དག་ཀྱང་ཚེ་ཐུང་འགྱུར།། སྲུངས་མ་ཀུན་ཏུ་ཁྲོས་པ་ཡིས།། དབུང་རྣམས་ཀྱང་ནི་མེད་པར་བྱེད། ། རྒྱལ་བ་དམ་པ་ལྷ་མཆོག་གིས་ལྷ་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས། དེའི་འོག་ཏུ་བཅོམ་ལྡན་འདས་དཔལ་འོད་ཟེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྨིན་མཚམས་ཀྱི་གསེབ་ནས། དེ་བཞིན་གཤེགས་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་རྣམས་བྱུང་ངོ་།། འོད་ཟེར་དེ་དག་ཀྱང་འོད་ཟེར་ཚད་མེད། གྲངས་མེད་པར་བྱུང་། བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་ན། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེར། ཚིག་ཏུ་བརྗོད་པ་འདི་སྐད་ཅེས་འབྱུང་སྟེ། ལྷའི་ལྷ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། གནོད་པ་ཉུང་ངམ། བསྐྱོད་པ་ཡང་ངམ། ཞེས་བྱ་བའི་བར་དུ་འདྲིའོ།། འདི་སྐད་ཅེས་ཀྱང་སྨྲས་ཏེ། སངས་རྒྱས་ཉིད་ཀྱི་ཕྱིར་ངས་བསྐལ་པ་མང་པོར་དཀའ་བྱས་སོ། ། དམ་པའི་ཆོས་བསྡུ་བའི་ཕྱིར་ལུས་གྲངས་མེད་པ་ཡོངས་སུ་བཏང་བྱས་ཏེ། སྦྱིན་པ་མང་པོ་བྱིན་ནོ།། སྡུག་བསྔལ་ཤིན་ཏུ་མང་པོ་བྱང་ཆུབ་སེམས་དཔའ་གཞན་དག་གིས་མ་མྱོང་བ་དག་ཉམས་སུ་མྱོང་སྟེ། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་གྱུར་ཏོ།། དེའི་ང་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དང་། སྐབས་སུ་བབ་ནས་འཛམ་བུ་གླིང་ཐམས་ཅད་ཀྱི་ཡུལ་རྣམས་ཡོངས་སུ་བསྐྱང་བའི་ཕྱིར། སྲུངས་མ་རྣམས་ཀྱི་ལག་ཏུ་བྱིན་ནོ།། ལྷ་རྣམས་མྱ་ངནང་འདུས་ནས།། ལོ་བརྒྱ་ལོན་པ་དེའི་ཚེ།། མིང་ནི་ལི་ཡུལ་ཞེས་བྱག། རབ་ཏུ་འབྱོར་པར་འབྱུང་བར་འགྱུར།། བསྐལ་པ་བཟང་པོའི་སངས་རྒྱས་དང་།། བྱང་ཆུབ་སེམས་དཔའ་སྐྱོ་བ་རྣམས་ཀྱི།། འདུལ་བའི་ཕྱིར་ནི་ཆད་ཀྱུ་སྟེ།། རྟོག་གེ་བ་དང་བྲལ་བ་ཡིན།། བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། ། ལི་ཡུལ་འཁོར་གྱི་གྲོང་ཁྱེར་དེར།། སྐྱེ་བ་དག་ཀྱང་ལེན་འགྱུར་ཞིང་།། མི་དང་འདྲ་བར་སྣང་བར་འགྱུར།། སེམས་ཅན་རྣམས་ནི་སྨིན་བྱ་དང་།། ཆོས་ཀྱང་མཉན་པར་བྱབས་ཕྱིར། ། བྱང་ཆུབ་སྤྱོད་པ་བཟང་པོ་དག། དེ་ཆེ་དེ་ཀུན་སྤྱོད་པར་འགྱུར།། སངས་རྒྱས་རྣམས་ཀྱིས་བདག་ལ་དགོངས།། ཀཽ་མའི་སྙིང་པོ་མདོ་སྡེ་ཆེ།། མདོ་སྡེ་མཆོག་ནི་བཤད་པ་ན།། སྙིང་རྗེས་ནོད་པའི་སེམས་ཀྱིས་སུ། ། ཡུལ་དེ་བསྲུང་བར་བྱ་བའི་ཕྱིར།། གཟུངས་སྔགས་རྣམས་དང་འོད་ཟེར་དག། ཇི་ལྟར་སྔོན་ནི་བསྐུར་བ་བཞིན།། སངས་རྒྱས་ཞིང་ནི་ཐམས་ཅད་ནས།། ཡུལ་འཁོར་འདིར་ནི་སྐྱེས་@ཀྱི་རྣམས། ། རྒྱལ་མཆོག་རྣམས་ཀྱིས་བསྐུལ་བར་མཛོད།། བསྟན་པ་བསྲུང་བར་བྱ་བའི་ཕྱིར།། བདག་ལ་དབྱེད་པས་བསྐུར་བར་མཛོད།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། འོད་ཟེར་དེ་དག་བཏང་བ་ན། ། སངས་རྒྱས་ཞིང་རྣམས་སོང་ནས་ནི།། དེ་ཉིད་དུ་ནི་སླར་ཡང་འོངས།། དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནི་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལི་ཡུལ་ཡོངས་སུ་བསྐྱང་བར་བཞེད་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། སྐྱེས་སུ་འོད་ཟེར་དག་ཀྱང་བཏང་།། གཟུངས་སྔགས་དག་ཀྱང་བསྐུར་ཏེ། འདི་སྐད་ཅེས་ཀྱང་གསུངས་སོ། ། སངས་རྒྱས་བཅོམ་ལྡན་འདས་གང་དག་གོས་འོད་ཟེར་དག་ཀྱང་བཏང་། གཟུངས་སྔགས་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ཏུ་བསྐུར་བ་དེ་དག་གི་མཚན་ནི་འདི་ཞེས་བྱ། བྱང་ཆུབ་སེམས་དཔའ་དེ་དག་གི་མིང་ཡང་འདི་ཞེས་བྱའོ།། དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་འཛུད་པ་ལ་དཔའ་བ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཚིག་གསང་བ་ལ་ཕྱག་འཚལ་ལོ། ། གཟུངས་སྔགས་ནི་འདི་ཡིན་ཏེ། ཏདྱཱཥྚཱ། བ་ར་བར། ཀཱ་ཤ་ཨ་ར། ཙཀྲ་གཥ། གུ་ཧྱ་ཀ་བ་རེ་སྭཱཧཱ། གཟུངས་སྔགས་འདི་ལ་ཡུལ་གྱི་ལྷ་དང་མི་རྣམས་ལ། ལྷ་རྣམས་དམ་པ་སྦྱིན་པར་འགྱུར་རོ། ། དེ་བཞིན་གཤེགས་པ་དགའ་བའི་ཆོས་ལ་དཔའ་བ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། བ་ར་ཏི། ཀི་བུ་ལི་ཤ་སི་རི་པ་ཧཱ་རེ་བཱ་རེ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་ཚེ་རབས་དྲན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཆོས་ལ་ཞུགས་པ་ཤིན་ཏུ་འཕགས་པའི་ཏོག་གི་གསུང་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་རང་གི་ཡིད་ལ་གསལ་བའི་ཚིག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ནམ་མཁའི་ཚིག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཧཱ་ཀྱ་ར་ཏེ། ཧོ་ཧོ་ཧཽ་ཧོ། པཱ་རུ་ར་ར། ཨ་བི་བ་ར། མ་བི་བ་ར། ཎ་རུ་ཧེ་བྱ་སྭཱ་ཧཱ། གཟུངས་སྔགས་འདི་སུ་འཛིན་པ་ངན་སོང་ངན་འགྲོར་འགྲོ་བར་མི་འགྱུར་ལ། སེམས་ཅན་རྣམས་ཀྱི་འགྲོ་བ་སྔོན་གྱི་ཚེ་རབས་སུ་ཇི་ལྟ་བུར་གྱུར་པ་དང་། ཚེ་རབས་ཕྱི་མ་ལ་ཅིར་འགྱུར་བ་ཡང་ཤེས་པར་འགྱུར། དེ་བཞིན་གཤེགས་པ་བུ་སྡུག་རྒྱལ་བའི་ཆོས་འཕེལ་བ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་ལྷ་དང་མིའི་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། དྷ་ར་སྠི་ཏ། ཏ་ཐ་ཏཱ། བཛྲི་བི་ས་རེ་ཏཐ་ཏཱ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་གཟུངས་ཐོབ་པར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་དྲིའི་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨ་བ་ཧི། སརྦ་ཏ་ཐཱ་ག་ཏ་བྷཱུ་ཏ་ཀོ་ཌེ། བཏིབ་ཏི། བ་ཊི་ར་ཊི་སྭཱ་ཧཱ། གཟུངས་སྔགས་འདིས་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཐོབ་པར་འགྱུར་རོ།། དེ་བན་གཤེགས་པརྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་དཔལ་རྒྱན་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཏརྦ་ཏཱ་པུ་ཊེ་དྲ་བྲནེ། སརྦཾ་ས་རཱ་ཊེ། གུ་ཧྱ་མན་ཏྲ་ཏ་ཐ་ཏཱ་དྷ་ན་སྭཱ་ཧཱ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔའ་དཀའ་བ་ཆེན་པོ་མཛད་པར་འགྱུར་ཞིང། སེམས་ཅན་རྣམས་ཀྱང་སྡུག་བསྔལ་དང་། ནད་རྣམས་ལས་ཡོངས་སུ་ཐར་པར་འགྱུར་། རོ།། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སྣང་གསལ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། རད་ན་ཀ་ཏེ། བ་གྲི་བ་ཏི་ཏ་ཊི་བྷ་ཏི་ཙན་ཏྲ་སཱ་ཧྨ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱིས་ཞིང་རྣམས་ཡོངས་སུ་སྦྱོང་བར་བྱེད་དེ། སུ་འདི་འཛིན་པའི་ལུས་དང་། སེམས་ཀྱི་སྡུག་བསྔལ་རྣམས་ཟད་པར་འགྱུར་རོ།། དེ་བཞིན་གཤེག་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། བྷིན་དེ་རི་བི་སམ་སེམ་ཅག་པ། དཪྴ་ན་ར་ཤཱི། ས་མནྟ་དཪྴ་ར་ཎེ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔའ་བྱ་བ་ཐམས་ཅད་ཤེས་པར་གྱུར་ཏོ།། འདིས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་རྒྱུནན་བོ་རྣམས་མཛད་དོ། ། སངས་རྒྱས་བཅོམ་ལྡན་འདས་འདི་དག་གིས། གཟུངས་སྔགས་འདི་དག་ཡུལ་ཀུན་ཏུ་བསྲུང་བའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྐྱེས་སུ་བསྐུར་རོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དང་པོ་ཐུགས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། ཆོས་ལ་གུས་པར་ཡང་དག་པར་རྗེས་སུ་དགོངས་སོ།། དེ་ནས་རང་གི་དོན་དང་། ལྷ་ལ་སོགས་པའི་དོན་གྱི་ཕྱིར། དེ་དག་ལ་ཡུལ་གཏམས་ཤིང་གཏད་དོ།། ཚངས་པ་ལ་སོགས་པའི་ལྷ་རྣམས་དང་། ལྷ་ཐམས་ཅད་ཀྱི་གཟུངས་སྔགས་འདི་ཡང་བརྗོད་པར་བྱའོ།། ན་མོ་བྲཧྨ་ཎེ། ན་མོ་རྫ་སརྦ་དེ་བནཱན། ཏདྱ་ཐཱ། བྲཧྨ་ན་ཨིན་དྲཱ། དེ་བ་ཏ་པྲ་ཏིཥྛ་ཏེ། ཨ་ཤྭཱ་ས་ནེ། བར་ཨིན་ཏྲེ། སྭ་པར་པར། ཧར་ཀྵི་མ་པ་ཨིན་དྲེ། སན་ཏ་ཐ་སྨ་ར་པ་ཧ་རེ། ཨམ་བྷེ་ཀུ་བྷ་ཀ་ཀྲཱི་གྲི་ཤྲཱི། ཨ་ལང་ཀར། སརྦ་དེ། བགྲཱ་མ་སྭཱ་ཧཱ། གཟུངས་སྔགས་འདིས་ལྷ་དང་མི་རྣམས་རྒྱལ་བ་ཐོབ་པར་འགྱུར་ཞིང་དགྲས་ཀྱང་དེ་ལ་གནོད་པར་མི་བྱེད་ལ། དབང་ཕྱུག་ཐམས་ཅད་ཀྱི་བདག་པོར་འགྱུར་རོ།། ལི་ཡུལ་དུ་གང་ལ་ལ་རྒྱལ་པོར་འགྱུར་བ་དེ་འདི་སྙམ་དུ་ལི་ཡུལ་འདི་ནི་སྐྱེ་བོ་དང་མི་མང་པོས་གང་ཞིང་། ནོར་དང་འབྲུ་མང་པོས་རྒྱས་པ་ཡིན་ཏེ། ཡུལ་ཐམས་ཅད་ཀྱི་མཆོག་དམ་པ་ཡིན་པས། གཞན་གྱི་དམག་ཚོགས་འོང་བར་མི་ནུས་སོ་སྙམ་དུ་སེམས་པར་འགྱུར་རོ།། དེའི་ཚེ་རྒྱལ་པོ་དེས་དགོན་པ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་འཁོར་ཐམས་ཅད་དུ། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། ཡུལ་གྱི་མི་ཐམས་ཅད་སྔར་བཤད་པའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ཀྱི་ཚིག་རྣམས་ཀློག་ཏུ་གཞུག་པར་བྱའོ། ། འཛིན་དུ་གཞུག་པར་བྱའོ།། ཀུན་ཆུབ་པར་བྱེད་དུ་གཞུག་གོ།། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ཡུལ་ན་གནས་པའི་མི་དེ་དག་ལ་ཡང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དྲན་རྣམས་དང་། ཁ་ཟས་དང་། བཏུང་བ་སྣ་ཚོགས་དང་། མཆོད་པའི་ལས་སྣ་ཚོགས་དང་། ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱའོ།། བཙུན་པར་བྱའོ།། བསྟི་སྟང་དུ་བྱའོ།། མཆོད་པར་བྱའོ།། དེ་ལྟར་བྱས་ན་ལི་ཡུལ་དེ་གནོད་པ་ཐམས་ཅད་མེད་པ་དང་། ཕྱིར་རྒོལ་བའི་རྒྱལ་པོ་ཐམས་ཅད་ཀྱི་དཔུང་གིས་རྒྱལ་པོ་དེའི་ཡུལ་གཞིག་པར་མི་ནུས་སོ།། དེ་ནས་ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་རང་གི་མཚན་དང་། འོད་ཟེར་དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་བསྐུར་རོ།། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷའི་བུ་ཀུན་ཏུ་རྒྱལ་བ་ལ་སོགས་པ་གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་འོད་དེ་དང་། གོམས་ལ་གན་དའི་མཆོད་རྟེན་མཆོད་པའི་བྱང་ཆུབ་སེམས་དཔའ་ཉི་ཁྲི་བོ་དེ་དག་དང་། ཀླུའི་རྒྱལ་པོ་གདོན་ལག་ཉམས་པ་ལ་སོགས་པ་ཁྲི་བརྒྱད་སྟོང་པོ་གང་ཡིན་པ་དེ་དག་གི་ལག་ཏུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཕྱག་མཚན་དུ་གྱུར་པ། ཡུལ་དང་ཐུབ་པ་དྲང་སྲོང་ཆེན་པོའི་གནས་སུ་གྱུར་པ། གོམས་ལ་གན་དའི་མཆོད་རྟེན་དེ་དང་། དགེ་སློང་དང་། དགེ་སློང་མའི་དགེ་འདུན་དེ་དག་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། འཚེ་མེད་པར་བྱ་བ་དང་། བབྱེ་བར་མི་འགྱུར་བ་དང་། སངས་རྒྱས་ཀྱི་བསྟན་པ་ལི་ཡུལ་ན་གནས་པ་དེ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཏད་དོ།། སངས་རྒྱས་ཀྱི་མཚན་འདི་དག་དང་། འོད་ཟེར་འདི་དག། དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྙིང་རྗེས་ནོན་པའི་ཐུགས་དང་ལྡན་པ་དང་། གསོལ་བ་ཆེན་པོ་བཏབ་པས་སྐྱེས་སུ་བསྐུར་ནས། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བཀའ་མཉན་ཏེ། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། གནོད་སྦྱིན་གྱི་སྡེའི་བདག་པོ་དེ་དག་དང་། ཀླུའི་རྒྱལ་པོ་དེ་དག་དང་། དྲི་མ་མེད་པའི་འོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། ལི་ཡུལ་དེ་དང་། ཐུབ་པ་དྲང་སྲོང་ཆེན་པོའི་གནས་གོམ་ས་ལ་གན་དའི་མཆོད་རྟེན་དེ་དང་། སངས་རྒྱས་ཀྱི་བསྟན་པ་དེ་དག་བསྲུང་བའི་ཕྱིར་མནོས་སོ།། སངས་རྒྱས་ཀྱི་མཚན་དེ་དག་དང་། འོད་ཟེར་དེ་དག་དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དེ་དག་ཀྱང་ཡུལ་བསྲུང་བའི་ཕྱིར་མནོས་སོ། ། འོད་ཟེར་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་དྲི་མ་མེད་པའི་འོད་ཀྱི་ལུས་ལ་གནས་པར་གྱུར་ཏོ།། དེ་བཞིན་གཤེགས་པ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཞི་བས་རོལ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཞི་བའི་བླ་མ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ནམ་མཁའ་ལ་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་མཚོན་ཆ་རབ་ཏུ་འཇིལ་བ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤྱན་བརྒྱ་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་འོད་བཟང་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དབང་པོའི་རྣམ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་མའི་རྣམ་པ་ལ་ཕྱག་འཚལ་ལོ། ། དབང་པོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། བདུད་རྩིའི་ལོ་མ་ཞེས་བྱ་བའི་འོད་ཟེར་དང་། ཞི་བར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དང་། ལོ་མ་དང་བྲལ་བ་ཞེས་བྱ་བའི་འོད་ཟེར་དང་ཀ་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། གནས་པ་ཞེས་བྱ་བའི་འོད་ཟེར་དང་། མི་གཡོ་བ་ཞེས་བྱ་བའི་འོད་ཟེར་དང་། གཡོ་བ་དང་མི་གཡོ་བའི་འོད་ཟེར་དང་། ཐོགས་མེད་སྦྱིན་ཞེས་བྱ་བའི་འོད་ཟེར་དང་། ཡིད་དང་འཐད་པ་ཞེས་བྱ་བའི་འོད་ཟེར་དང་། བར་ཆད་མེད་པ་ཞེས་བྱ་བའི་འོད་ཟེར་དང་། རིམས་མེད་རྒྱལ་མཚན་བྱེ་བ་ཞེས་བྱ་བའི་འོད་ཟེར་དང་། འཁྲུག་མེད་གནས་ཞེས་བྱ་བའི་འོད་ཟེར་དང་། ཏོག་གི་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། གྲོང་ཁྱེར་དུ་འབབ་པ་ཞེས་བྱ་བའི་འོད་ཟེར་དང་། འཁོར་ལོ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོའི་ཏོག། ཅེས་བྱ་བའི་འོད་ཟེར་དང་། རྡོ་རྗེའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། བསོད་ནམས་ཀྱི་ཏོག་ཅེས་བྱ་བའི་འོད་ཟེར་དང་། བསམ་གཏན་གྱི་ཏོག་ཅེས་བྱ་བའི་འོད་ཟེར་དང་། མེ་ལྕེ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་འོད་ཟེར་དང་། ཞི་གནས་ཀྱི་འོད་ཅེས་བྱ་བའི་འོད་ཟེར་དང་། མཐའ་ཡས་པ་ཞེས་བྱ་བའི་འོད་ཟེར་དང་། ནོར་བུ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོའི་རིན་ཆེན་ཅེས་བྱ་བའི་འོད་ཟེར་དང་། ཟླ་བ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཉི་མ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཡེ་ཤེས་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། སྣང་བའི་རིན་པོ་ཆེ་ཞེས་བྱ་བའི་འོད་ཟེར་དང་། དབང་པོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། སྙིང་རྗེའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་བ་དམ་པ་ཞེས་བྱ་བའི་འོད་ཟེར་དང་། ཤེས་རབ་ཀྱི་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་བའི་འོད་ཟེར་དང་། རབ་རིབ་ཀྱི་རྣམ་པ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་མཆོག་ཅེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་གྱི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འོད་ཆེན་པོ་ཞེས་བྱ། བའི་འོད་ཟེར་དང་། ཀོ་ཀ་ར་ཞེས་བྱ་བའི་འོད་ཟེར་དང་། ཨའི་ཚུལ་དུ་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། ཛད་ཆར་ཡ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོ་བྱེད་པའི་དང་ངོ་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། འོད་ཅན་ཞེས་བྱ་བའི་འོད་ཟེར་དང་། འོད་མཐའ་ཡས་པ་ཞེས་བྱ་བའི་འོད་ཟེར་དང་། མི་བསྐྱོད་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་མཚན་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། འབད་པ་མཐོ་བ་ཞེས་བྱ་བའི་འོད་ཟེར་དང་། བདེན་པ་ཅན་ཞེས་བྱ་བའི་འོད་བར་དང་། མགུ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རབ་སྒྲོགས་ཞེས་བྱ་བའི་འོད་ཟེར་དང་། འོད་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། སྟོང་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འཛིན་པ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བའི་རྒྱལ་མོ་ཞེས་བྱ་བའི་འོད་ཟེར་དང་། གཡོ་བ་ཞེས་བྱ་བའི་འོད་ཟེར་དང་། མཐོ་རིས་སུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། ཞི་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། ཞི་བའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། བསམ་གཏན་གྱི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། དགའ་བའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། འདམ་བུ་ལྟ་བུའི་འོད་ཅེས་བྱ་བའི་འོད་ཟེར་དང་། མིག་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཀླུ་འབྱུང་བ་ཞེས་བྱ་བའི་འོད་ཟེར་དང་། ཀླུང་གི་འོད་ཅེས་བྱ་བའི་འོད་ཟེར་དང་། སྐྱེས་བུའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། པདྨའི་འོད་ཅེས་བྱ་བའི་འོད་ཟེར་དང་། དབང་པོའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འདྲི་བའི་ཚུལ་ཞེས་བྱ་བའི་འོད་ཟེར་དང་། སྤྱོད་པ་ཞེས་བྱ་བའི་འོད་ཟེར་དང་། དབང་པོ་ལ་གནས་པ་ཞེས་བྱ་བའི། འོད་ཟེར་དང་། འཁྲུག་པ་ཞེས་བྱ་བའི་འོད་ཟེར་དང་། སའི་རྒྱལ་མཚན་སྟོན་པ་ཞེས་བྱ་བའི་འོད་ཟེར་དང་། བདེན་པའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་དེངར་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། དབང་པོ་ལ་རྟེན་པ་ཞེས་བྱ་བའི་འོད་ཟེར་དང་། ཡིད་ལ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། རབ་ཏུ་འགྲོ་མཛེས་ཞེས་བྱ་བའི་འོད་ཟེར་དང་། འཕྲལ་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། ལེགས་འབར་ཞེས་བྱ་བའི་འོད་ཟེར་དང་། འདྲི་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། ཉི་མ་འཁོར་བ་ཞེས་བྱ་བའི་འོད་ཟེར་དང་། ཉེ་བར་གནས་པ་ཞེས་བྱ་བའི་འོད་ཟེར་དང་། ཡེ་ཤེས་ཀྱི་ཆུ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་བའི་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། རྣམ་པར་བསྒྱིངས་པ་ཞེས་བྱ་བའི་འོད་ཟེར་དང་། དབེན་པ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། སངས་རྒྱས་ཀྱི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། གཙུག་ཏོར་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་ལ་གནས་པ་ཞེས་བྱ་བའི་འོད་ཟེར་དང་། བསོད་ནམས་ཀྱི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། སྐྱེར་ཏོག་ཅེས་བྱ་བའི་འོད་ཟེར་དང་། ཡིད་དང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། འདི་དག་ནི་སངས་རྒྱས་ཀྱི་འོད་ཟེར་ཡིན། ཏདྱ་ཐཱ། ལོ་ཀ་ཧཱ་ར། ཤུད་དྷ་ཀ་རུ་སྟྲི་ཏི་པུ་ཥྱ་ལི་བ། ཀ་རུ་ལེ་སྭཱ་ཧཱ། སྡིག་པ་གཅོད་པར་བྱེད་པ་ཞེས་བྱའོ།། ཏདྱ་ཐཱ། ཤུད་དྷ་མ་ཏི། ཨད་ཛམ་བྷེ་བུ་ལོ་ཙ་རེ། ཨ་གྲ་མ་ཏྲི། ཙུ་ར་ཀཱ་རེ་པུ་སྱཱ་ཧཱ། དགའ་བྱེད་སྙིང་རྗེ་ཞེས་བྱའོ།། ཏདྱ་ཐཱ། ཨིན་དྲ། ཨིན་དྲ། བཱན་དྲེ། བཱ་དེ་བི་སཱུ་རེ་སཱ་ཧཱ། རྡོ་རྗེ་བློ་གྲོས་ཞེས་བྱའོ།། ཏདྱ་ཐཱ། ཏྲ་ཀེ་བ་ཀེ། ཛ་ཛ་མ་བྷེ། བྷ་མ་ཛཱ་རེ་སྭཱ་ཧཱ། པདྨ་འདུལ་ཞེས་བྱའོ། ། ཏདྱ་ཐཱ། ཤུ་ར། རེ་བ་ཨ་ལོ་ཀ། ཀོ་ཥ་ཀ་རེ་སྭཱཧཱ། འབྱེད་པར་བྱེད་པ་ཞེས་བྱའོ།། ཏདྱ་ཐཱ། ཙ་ལེ་བེ་ཏ་ཐཱ། ཨནྱོ་ན། པྲ་དཱ་ཀ་རེ་སྭཱ་ཧཱ། སྦྱོར་བ་མེད་པ་ཞེས་བྱའོ།། ཏདྱ་ཐཱ། ཛ་ཛི་ར། ཧཱ་ར་ཧཱ་ལེ། ལེ་ལེ་པྲ་ཛཱ་ཀ་རེ་སྭཱ་ཧཱ། འགོག་པ་མེད་པ་ཞེས་བྱའོ།། ཏདྱ་ཐཱ། བཛྲེ་ཤྲཱི་ཀཻ་རེ། ས་ར་ས་ར། ཨ་ཛཱ་མཱ་ཛཱ། ན་རི་རེ་ཀཱི། ན་རི། སད་དེ་ཛཱི་ཀཱ་རེ་པུ་སཱཏྨ། གཞན་གྱིས་མི་ཚུགས་པ་ཞེས་བྱའོ།། ཏིཏདྱ་ཐ། ཨ་པུ་རེ་བཱི་བི་ར། ས་ད་རེ། མ་ཁ་ཀ་རེ་སཱ་ཧཱ། བདེན་པ་ལ་གནས་པ་ཞེས་བྱའོ།། ཏདྱཱ་ཐཱ། ཛྱེ་ཏཱི་ཛཱ་ཏི། བཛྲེ་ཨ། ཨཀྵ་མན་དྲ་བེ། བྲག་ཨ་བེ། བཛྲི་མཱ་བྷྲ། སུ་ཁ་ཀ་རེ་སཱ་ཧཱ། གཟུངས་སྔགས་ཀྱི་དབང་ཕྱུག་གི་རྒྱལ་མོ་ཞེས་བྱ་སྟེ། གཟུངས་སྔགས་འདི་ནི་ཕ་རོལ་གྱི་དམག་ཚོགས་ཞི་བར་བྱེད་པ་དང་། དགེ་བའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ།། ཏདྱ་ཐ། དི་ཤ་ཀརན་དྲ་བ་ཏེ། བ་པྲ་ཏོའུ་ས་པྲ་ཏི་ཨུ་སྥུ་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་མུ་གེ་མེད་པར་བྱེད་པ་དང་། དབུལ་བ་མེད་པར་བྱེད་པའོ།། དམ་པ་གང་འདོད་པ་ཐམས་ཅད་ཀྱང་ཐོབ་པར་འགྱུར་ཏེ། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་ལན་བཞི། མཚན་ལན་བཞི་སྟེ། དུས་བརྒྱད་དུ་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བྱས་ན། གཏེར་རམ། ཡང་ན་ནོར་གང་སའི་འོག་ཏུ་སྦས་པ་གཞན་ཐོབ་པར་འགྱུར་རོ།། ཐཱ། ཨོ་ཧེ་མོ་ཧེ་ཛམ་བྷ་ཡ། མ་ཤ་མ་མན་ཏྲ་ཀ། ད་མ་ཀ་རེ་ལ་བྷ་ཀ་རེ། བི་ཀཱ་རེ་ས་དི་ཛཱ་ཀཱ་རེ་དག་དི་ཨ་དྷ་ཀ། པྲ་ཤ་མ། ནེ་པུ་ཨ་ཀ་ན་པྲ་ཤ་མ་ནེ་ཕུཿསྭཱ་ཧཱ། ནད་ཐམས་ཅད་ཞི་བར་བྱེད་པ་དང་། བུད་མེད་དུ་སྐྱེ་བ་ལས་ཐར་པར་བྱེད་པ་དང་། བུད་མེད་རྣམས་ཀྱི་བུད་མེད་ཀྱི་ནད་རབ་ཏུ་ཞི་བར་བྱེད་པ་སྟེ། བརྟུལ་ཞུགས་བྱ་མི་དགོས་པར་ཇི་ལྟར་འདོད་པ་དེ་བཞིན་དུ་དུས་གསུམ་དུ་བཟླས་བརྗོད་བྱའོ། ། བུད་མེད་གང་ལ་ལ་མོ་མཚན་གྱི་ནད་ཡོད་པ་དེ་ལ་ནི་ཉིན་གཅིག་བཞིན་དུ་ལན་བདུན་བདུན་བཟླས་བརྗོད་བྱའོ།། ཏདྱ་ཐཱ། ཀ་ཀ། ཀོ་ཤ་ཕུཿམ་མ། ར་ར་ར་ར། སྟ་རེ་ཕུ། ས་ཀ་རེ་པུཿ་སྭཱ་ཧཱ། གཟུངས་སྔགས་འདི་ནི་གནོད་པ་བྱུང་བ་དང་། སྡུག་བསྔལ་ཐམས་ཅད་མེད་པར་བྱེད་པར་བཤད་དེ། བརྟུལ་ཞུགས་བྱ་མི་དགོས་སོ།། སངས་རྒྱས་བཅོམ་ལྡན་འདས་གང་དག་གི་མཚན་སྔར་སྨོས་པ་དང་། གང་དག་གིས་གཟུངས་སྔགས་བཤད་པ་དེ་དག་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གྲོགས་སུ་གྱུར་པ་ཤ་སྟག་གོ།། སངས་རྒྱས་དེ་དག་གིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན།། ལི་ཡུལ་འདིར་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམ་ཀྱིས་སྐྱེ་བ་བླངས་ཏེ། སྔར་སྨོས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ལི་ཡུལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གཟུངས་སྔག་དེ་དག་དང་། སངས་རྒྱས་ཀྱི་འོད་ཟེར་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་སྐྱེས་སུ་བསྐུར་ཏེ། སངས་རྒྱས་ཀྱི་སྲས་རྣམས་ཀྱིས་ཞུས་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ལི་ཡུལ་ཡོངས་སུ་བསྐྱང་བ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སྐྱེས་དེ་དག་བླངས་ནས་འདིར་ཁྱེར་ཏེ་འོངས་སོ། ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་གནས་པའི་བྱང་ཆུབ་སེམས་དཔའ་མང་པོ་དག་ཀྱང་། སངས་རྒྱས་ཀྱིས་ལུང་བསྟན་པའི་ཡུལ་འདི་ཅི་ནས་འཇིག་པར་མི། འགྱུར་བ་དང་། བསྟན་པ་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་འདིར་ལྷགས་ནས་སྐྱེ་བ་བླངས་སོ།། གང་གི་ཚེ་ཡུལ་དེར་གནོད་པ་བྱུང་ན། དེའི་ཚེ་སངས་རྒྱས་ཀྱི་མཚན་དེ་དག་དང་། གཟུངས་སྔགས།། དེ་དག་དང་། འོད་ཟེར་སྔར་བཤད་པ་དེ་དག་བྲིས་ཏེ། གྲོང་ཁྱེར་གྱི་སྒོ་རྣམས་སུ་བཙུགས་ལ། དམག་གི་རུ་མཚོན་ལ་ཡང་བྲིས་ཏེ་བཞ་གནས། མི་རྣམས་ཀྱང་གློག་ཏུ་བཅུག་ཅིང་འཆད་དུ་བཅུག་ན། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། མུ་གེས་འཇིགས་པ་དང་། ལས་འབྱང་བར་བྱ་བ་དང་། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་རྣམས་ཀྱིས་ཇི་ལྟ་བུར་བསམས་པ་བཞིན་དུ་ཕན་དུ་དོགས་པར་འགྱུར་རོ། ། སེམས་ཅན་ནད་པ་རྣམས་ལ་ཡང་སྐྱབས་བྱེད་པར་འགྱུར་རོ།། གང་ལ་སྡིག་པའི་ལས་ཤིན་ཏུ་ལྕི་བ་དག་ཡོད་ན་ཡང་། དེས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་དང་། གཟུངས་སྔགས་དང་། འོད་ཟེར་རྣམས་བཟླས་བརྗོད་བྱ་ཞིང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དྲན་པར་བྱའོ།། གང་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་དེའི་སྤྱན་སྔར་དུས་གསུམ་དུ་བཟླས་བརྗོད་བྱས་ནས། དགེ་བའི་ཕྱོགས་ལས་གང་འདོད་པ་དེ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་ཏེ། འོད་ཟེར་དེ་དག་ཀྱང་དེའི་སྟེང་དུ་གནས་པར་འགྱུར། ཕ་རོལ་གི་དམག་ཚོགས་འོང་ནའང་བཟླས་བརྗོད་བྱའོ།། ཡང་ན་ཞག་བདུན་གྱི་བར་དུ་བཀླག་པར་བྱའོ།། སུ་ཡང་རུང་སྟེ། གནོད་པ་བྱུང་བའམ། ནད་པ་འམ། ཇི་ལྟ་བུ་འདོད་པ་ལས། བཟླས་བརྗོད་བྱའམ། ཡང་ན་བཀླག་པར་བྱའོ།། ཅི་སྟེ་ཀློག་མི་ནུས་ན། དེའི་ཚེ་སྐུད་པ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། མདུད་པ་བྱས་ནས་བཏགས་ནགནོད་པ་ཐམས་ཅད་ལས་ཐར་པར་འགྱུར་རོ། ། གྲོང་ཁྱེར་གང་གི་སྒོ་དག་ཏུ། སངས་རྒྱས་ཀྱི་མཚན་དང་། གཟུངས་སྔགས་དང་། འོད་ཟེར་རྣམས་བྲིས་ཏེ་བཞག་ན། གྲོང་ཁྱེར་དེ་གཞན་གྱི་དམག་ཚོགས་ཀྱིས་གཞོམ་པར་མི་ནུས་སོ། ། རྟག་ཏུ་བཟླས་བརྗོད་བྱེད་པ་ལ་ནི་ཤ་སྤང་མི་དགོས་སོ།། དངོས་པོ་གཞན་ཡང་སྤང་མི་དགོས་སོ།། དེ་ནས་རིགས་ཀྱི་བུ་གང་དག་སངས་རྒྱས་ཀྱི་རྗེས་སུ་བྱུང་བ་དེ་དག་ཤིན་ཏུ་དགོངས་ཤིང་བག་ཆ་བར་གྱུར་པ་དེ་དག་ལ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། ། བུ་དག་བག་ཚ་བར་གྱུར་པ་དེ་མ་བྱེད་ཅིག། ཁྱོད་ཀྱི་དོན་གྱི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བ་མང་པོ་དང་། ཆོས་ཀྱི་རྒྱལ་པོས་བྱས་པའི་དྲི་གཙང་ཁང་ལ་སོགས་པ་སྐུ་གདུང་དང་ལྡན་པའི་མཆོད། རྟེན་ཡུལ་དེར་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་ཡུལ་དེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་གནས་ཀྱི་བར་དུ་ཡུལ་དེ་མ་ལུས་པར་གཞིག་ནུས་པའི་རྒྱལ་པོ་འབྱུང་བར་མི་འགྱུར་རོ།། འདི་སྒྲ་སྟེ། དངར་ལྡན་ཞེས་བྱ་བ་ཡིད་དུ་འོང་བ་དང་། ཕག་གིས་མཚོན་པའི་གྲོང་ཁྱེར་དང་། གྲོང་ཁྱེར་རྙིང་པ་དེ་དག་གསུམ་ཡང་། ཇི་སྲིད་དུ་སངས་རྒྱས་ཀྱི་བསྟན་མི་གནས་ཤིང་། དགེ་འདུན་རྣམས་ལ་མཆོད་པ་དང་། སངས་རྒྱས་ཀྱི་མཆོད་རྟེན་དཀའ་བི་ལན་ཡོད་ཀྱི་བར་དུ་དེ་དག་འཇིག་པར་མི་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། རྒྱལ་བའི་སྲས་ཐམས་ཅད་ལ་བོས་ཏེ་བསྐྱོབ། ཀྱེ་གྲོགས་པོ་དག། བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་ལ་སོགས་པ་ཡོངས་སུ་སྐྱོང་བ་གང་ཡིན་པ་དོག་གིས་ཆོས་དྲང་མི་ལྡན་པའི་རྒྱལ་པོས་ཡུལ་དེ་གཞིག་པ་ན། ཡལ་བར་མདོར་ཅིག།། ས་ལ་ཞིག་གིས་སངས་རྒྱས་ཀྱི་བཀའ་མ་མཉན་ཏེ། འཇིག་པའི་ཚེ་ཡུལ་བཏང་བར་གྱུར་ན། བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ལས་བསྐལ་པ་མང་པོར་བར་ཆད་དུ་འགྱུར་རོ། ། དེ་ནས་གཟུངས་སྔགས་བཤད་དོ།། ཏདྱ་ཐ། ཀ་ལེ། ཨ་ཀཱ་ལེ། ནི་ཤྲཱ་མེ་པྲ་བེ་ཤ། ཨ་ཀ་ལེ་ཀྲ་མེ། ཨ་ནི་ཤྭ་མེ། ཨ་པྲ་བེ་ཤ། པ་རི་ས་མེ་པ་རི་ས་མ་ཏི། སས་སེ། ཨ་སས་སེ། ས་ཀུ་ཏེ། པ་རུ་རེ། པ་རུ་རེ། ཨ་ག་མེ། ཨ་སམ་མོ་ཧེ། སིད་དྷེ་སིད་དྷཱ་ཡ། ན་མོ་བཻ་རོ་ཙ་ནཱ་ཡ་སཱ་ཧཱ། ཕཊ་ཊེ་ན་ས་ཏེ་ཨཱ་ས་ཏེ་སུ་སན་ནེ་སཱ་རུ་སྟེ། སིད་དྷེ། སིད་དྷཱ་ཡ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ལི་ཡུལ་གྱི་རྒྱལ་པོར་གྱུར་པ་ལ་དྲིས་ནས། འདི་ནི་ཁྱེད་ཀྱི་སྐྱེས་ཡིན་ནོ།། ཇི་ལྟར་ཁྱོད་ཀྱིས་བྱས་པ་དང་། ཁྱེད་ཀྱིས་དཀོན་མཆོག་གསུམ་གྱི་ཕྱིར་ལུས་དང་སྲོག་བཏང་བར་བྱས་པ་གང་ཡིན་པ་ནི། སངས་རྒྱས་ཀྱི་སྲས་རྣམ་ཀྱིས་ལས་དེ་ལྟ་བུ་ཡིན་ཏེ། ཁྱོད་ཀྱིས་ལེགས་པར་བྱས་པ་ཡིན་ནོ། ། གང་གི་ཚེ་ཡུལ་དུ་དགྲ་ཆེན་པོའི་འཇིག་པ་འབྱུང་བར་འགྱུར་ན། དེའི་ཚེ་མདོ་སྡེ་འདི་བཀླག་པར་བྱའོ།། བཅང་བར་བྱའོ།། མཆོད་པར་བྱའོ།། འོད་ཀྱང་འཇིགས་པར་ཐམས་ཅད་ཞི་བར་གྱུར་ཏེ། ས་ཧ་བ་ཏི་ཡང་གྲོགས་བྱེད་པར་འགྱུར་རོ།། ཡུལ་བསྲུང་བའི་ཕྱིར་མདོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། རྒྱལ་པོའི་ཕོ་བྲང་དུ་བཅང་བར་བྱའོ།། རྒྱལ་པོའི་ཕོ་བྲང་ཕྱི་རོལ་དང་། གྲོང་ཁྱེར་གྱི་སྒོ་རྣམས་སུ་ཡང་དེ་བཞིན་དུ་བྲིས་ཏེ་གཞག་པར་བྱའོ།། ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་དང་། ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་ཡང་གཞག་པར་བྱ།། གང་གི་ཚེ་མང་དུ་བཀླགས་སམ། བསླབས་སམ། བཅངས་ན། དེའི་ཚེ་ཡུལ་དེར་ཡམས་ཀྱི་ནད་དང་། གནོད་པ་རྣམས་ལས་ཐར་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྤྲས་ནས། བར་སྣང་ལ་གནས་པའི་ལྷ་རྣམས་ཀྱིས། ལྷའི་མེ་ཏོག་གི་ཆར་ནི་ཕབ། ལྷའི་སིལ་སྙན་རྣམས་ནི་དཀྲོལ། ལྷའི་རྔ་བོ་ཆེ་རྣམས་ནི་བརྡུངས་ཏེ། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་ཚིག་འདི་སྐད་ཅེས་བརྗོད་དོ།། གང་གི་ཚེ་ཡུལ་དེར་གཟུངས་སྔགས་དེ་དག་དང་། འོད་ཟེར་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་འོང་བར་འགྱུར་པ་དེའི་ཚེ། བདག་ཅག་ཀྱང་ཇི་ལྟར་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་འོངས་པ་བཞིན་དུ་ཕྱི་བཞིན་འོང་བར་བྱའོ།། རྒྱལ་པོ་དེ་ལ་ཡང་ཡུལ་བསྲུང་བའི་ཕྱིར་བདག་ཅག་གིས་གཟུངས་སྔགས་སྦྱིན་པར་བྱས་ཏེ། དམ་པའི་ཅི་སློང་བ་དེ་བཞིན་དུ་སྦྱིན་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཞིག་བུད་མེད་ཀྱི་གཟུགས་ཀྱིས།། འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པ་ཞེས་བྱ་བ་ན་འདུག་པས།། དེ་བཞིན་གཤེགས་པ་པདྨའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་མངོན་སུམ་དུ་སྨོན་ལམ་གདབ་སྟེ། ཅི་ནས་ཀྱང་བདག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་དུ་མཆིས་ལ། དེར་བཅོམ་ལྡན་འདས་དེ་ལས་དམ་པའི་ཆོས་པདྨ་དཀར་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཐོས་པར་གྱུར་ཅིག། དེར་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ནད་ལས་ཐར་པར་བགྱིད་པར་གྱུར་ཅིག་ཅེས་དེ་སྐད་དུ་སྨོན་ལམ་བཏབ་ནས། བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོ་མ་སྐྱེས་དགྲའི་ཕོ་བྲང་དུ། བཙུན་མོ་དམ་པའི་བུ་མོར་སྐྱེས་ཏེ། དྲི་མ་མེད་པའི་འོད་ཅེས་བྱ་བར་གྱུར་ཏོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་བུ་མོར་གྱུར་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་འཁོར་དེའི་ནང་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ལགས་པ་ན། ལི་ཡུལ་ཡོངས་སུ་བསྐྱང་བའི་སླད་དུ། བདག་གིས་ཀྱང་བཀས་གཏད་པ་ནོད་པར་འཚལ་ལོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པའི་འོད་ཟེར་བཏང་བ་རྣམས་གང་གི་ཚེ་བདག་གི་སྟེང་དུ་གནས་པར་འགྱུར་ན། གཟུངས་གང་གིས་གཟུངས་ཐམས་ཅད་རྟོགས་པར་འགྱུར་གཟུངས་དེ་ཡང་། བདག་གིས་བུད་མེད་ཀྱི་གཟུགས་ཀྱིས་ཐོས་པར་གྱུར་ཅིག། གང་གི་ཚེ་ལི་ཡུལ་དུ་འཇིགས་པ་ཆེན་པོ་བྱུང་བར་གྱུར་པ་ན། དེའི་ཚེ་ཡུལ་ཡོངས་སུ་བསྲུང་བ་དང་། བསྟན་པ་ཡང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། བདག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་གྱུར་ཅིག། ཐབས་ཀྱང་སྟོན་པར་གྱུར་ཅིག། ལྷ་རྣམས་ཀྱང་དམ་པ་སྩོལ་བར་གྱུར་ཅིག། དེ་བཞིན་དུ་བདག་དེར་མིའི་བུད་མེད་གཞན་འདྲ་བར་བུད་མེད་ཐ་མལ་པའི་གཟུགས་སུ་སྣང་བར་གྱུར་ཅིག། སངས་རྒྱས་ཀྱི་འོད་ཟེར་དེ་དག་གི་སྟེང་དུ་གནས་པ་ཡང་ཐོབ་པར་གྱུར་ཅིག། སེམས་ཅན་གནོད་པས་ཉེན་པ་རྣམས་དང་། ནད་ཀྱིས་ཐེབས་པ་རྣམས་དང་། སྡུག་བསྔལ་བར་གྱུར་པ་དེ་དག་ཐམས་ཅད་ལས་ཐར་པར་བགྱི་བའི་སླད་དུ། གཟུངས་སྔགས་དེ་དག་ཀྱང་བདག་གིས་ཐོས་པར་གྱུར་ཅིག། གང་གི་ཚེ་རྒྱལ་པོ་ཆེན་པོ་དེ་དག་ཕན་ཚུན་འཐབ་པ་དང་། གང་གི་ཚེ་གདོང་དམར་གྱིས་ལི་ཡུལ་གྱི་ཡུལ་འཁོར་ཁྱེད་པ་ན་ཡང་། དེར་བདག་བུད་མེད་ཀྱི་སྐྱེ་བ་ལེན་པར་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོ་གསུངས་པ་གང་ལགས་པ་དེ་ཡང་བདག་འཛིན་པར་གྱུར་ཅིག། མདོ་སྡེ་འདི་ལས་གཟུངས་སྔགས་འབྱུང་བ་རྣམས་ཀྱང་རྟོགས་པར་གྱུར་ཅིག། སེམས་ཅན་འདུལ་བའི་སླད་དུ། སྒྲ་ཐམས་ཅད་ལ་རྟོགས་པའི་ཏིང་ངེ་འཛིན་ཡང་རྟོགས་པར་གྱུར་ཅིག། དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་གྱུར་ཅིག། ལྀ་ཡུལ་གྱི་སྲུངས་མ་གང་ལགས་བལྷ་རྣམ་ལ་ཡང་ཆོས་ཀྱི་སྦྱིན་པ་དང་། མཆོད་པའི་ལས་བགྱིད་པར་གྱུར་ཅིག། ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོ་འདི་དང་། ལྷ་གང་དག་གིས་མདོ་སྡེ་འདི་བསྟེན་ཅིང་མནོས་པ་དེ་དག་ཏུ་བདག་གི་དབང་དུ་གྱུར་ཅིག། དེ་ནས་སྲུངས་མ་རྣམ་ཐོས་ཀྱི་བུ་དང་། སྲིན་མོ་ལམ་བཀོན་ཏི་སྲིན་མོ་ཐམས་ཅད་དང་། གྲོགས་པོ་དང་བཅས་པ་དང་། འཕྲོག་མ་བུ་དང་འཁོར་དུ་བཅས་པ་དེ་དག་གིས། བཅོམ་ལྡན་འདས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ཚིག་ཐོས་ནས། སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། གང་གི་ཚེ་ལྷ་མོ་འདི་ལི་ཡུལ་དུ་སྐྱེ་བ་ལེན་པར་འགྱུར་བ་དེའི་ཚེ། བདག་ཅག་ཀྱང་གྲོགས་བགྱིད་པའི་སླད་དུ། སྲུངས་མ་བགྱིད་ཅིང་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པདྨ་དཀར་པོ་དང་། ལི་ཡུལ་གྱི་ཡུལ་འཁོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཏད་པ་ཁྱོད་ཀྱིས་མནོས་སོ་ཞེས་དྲན་པར་བགྱིའོ། ། དེའི་ཚེ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་ཀྱིས། ལྷ་མོ་དེའི་དམ་པ་བཅས་པ་འདི་ཐོས་ནས་འདི་སྐད་ཅེས་གསོལ་ཏོ།། གང་གི་ཚེ་ལྷ་མོ་འདི་ལི་ཡུལ་བསྲུང་བའི་སླད་དུ་སྐྱེ་བ་ལེན་པར་འགྱུར་བ་དེའི་ཚེ། བདག་ཅག་འཁོར་དང་བཅས་པས་ཀྱང་ཡུལ་བསྲུང་བ་དང་། བསམ་པ་བཞིན་དུ་འབྱོར་པར་བགྱི་བའི་སླད་དུ་གྲོགས་བགྱིའོ། ། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྒང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་དམ་པ་གསོལ་ཞིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སེམས་པར་གྱུར་ཅིག། བརྩོན་འགྲུས་གང་ཅི་རློམ་པ་དེ་ཐམས་ཅད་གྲུབ་པར་གྱུར་ཅིག། ལུས་བསྟན་པ་དང་། སེམས་བསྟན་པ་དང་། སེམས་ཅན་གྱི་དོན་བགྱིད་པ་དང་། བསམ་པ་ཡོངས་སུ་རྫོགས་པར་པ་དང་། ཡུལ་གྱི་སླད་དུ་སེམས་མངོན་པར་བརྩོན་པར་གྱུར་ཅིག། དམ་པའི་ཆོས་པདྨ་དཀར་པོའི་མདོ་སྡེ་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། ཏིང་ངེ་འཛིན་ཡང་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། ། ལྷ་མོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་སྐད་ཅེས་སྨྲས་པ་དེའི་ཚེ། བཅོམ་ལྡན་འདས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་སྟེང་དུ་ལྷའི་མེ་ཏོག་གི་ཆར་བབ་བོ།། དེའི་ཚེ་ལྷ་མོ་དྲི་མེད་འོད། ། བྱང་ཆུབ་སེམས་དཔའི་གནས་མཛེས་པ།། ལི་ཡུལ་དུ་ནི་སྐྱེས་ཤིག་ཅེས།། རྒྱལ་བའི་སྤྱན་སྔར་སྨོན་ལམ་བཏབ།། སྐྱོབ་པ་ཤཱཀྱ་སེང་གེ་ཡི།། བསྟན་པ་ཇི་སྲིད་གནས་པའི་བར། ། དེ་སྲིད་བར་དུ་བདག་ཀྱང་དེར།། རྟག་ཏུ་སྐྱེ་བ་འཛིན་གྱུར་ཅིག། རྒྱལ་བའི་སྤྱན་སྔར་གང་གི་ཚེ།། ལྷ་མོས་སྨོན་ལམ་བཏབ་པ་ནི།། སངས་རྒྱས་ཞིང་བཞུགས་རྒྱལ་རྣམས་ཀྱིས། ། དེ་ཚེ་ལེགས་ཞེས་བྱ་བ་བྱིན།། ལྷ་མོ་ཡུལ་གྱི་སྲུངས་མ་ལ།། རྒྱལ་བ་རྣམས་ཀྱིས་ལེགས་བྱིན་པ།། རྣམ་ཐོས་བུ་དང་གནོད་སྦྱིན་དབང་།། ཀུན་ཏུ་རྒྱལ་གྱིས་དེ་བཞིན་ཐོས།། དེ་ཚེ་རྣམ་ཐོས་བུ་ལ་སོགས། ། ལྷ་རྣམས་གང་དག་དེར་འདུས་པས།། བཅོམ་ལྡན་འདས་ལ་ཚིག་གིས་གསོལ།། ལི་ཡུལ་ཡོངས་སུ་བསྲུང་བའི་ཕྱིར།། ལྷ་རབ་དམ་པ་འཐུན་གྱུར་པ།། བདག་ཅག་གིས་ནི་ཡུལ་ཡང་བཟུང་། ། གང་ཚེ་གསེར་གྱི་རིགས་དག་དང་།། སྐར་རྡོའི་ཡུལ་ནི་མཛེས་གྱུར་པ།། ལི་ནི་དབང་བར་གྱུར་པ་ན།། གསེར་གྱི་དཔྱ་ནི་འཇལ་བར་འགྱུར།། དེ་ཚེ་ལྷ་མོས་གསོལ་བ་ནི།། སྐར་རྡོ་དང་ནི་གསེར་གྱི་རིགས།། ལྷ་རྣམས་ཀྱིས་ནི་བསྲུང་བའི་ཕྱིར།། རྒྱལ་བ་སྐྱེས་མཆོག་སྩལ་བར་མཛོད།། ས་འདི་སྔོན་གྱི་ཚེ་རབས་སུ།། གང་ཚེ་བདག་ནི་དགེ་བསྙེན་མ།། མིང་ནི་ཧུ་གྱུར་པ་ན། ། ཡུལ་འདི་གཉིས་ནི་བདག་གི་ལགས།། དེ་ཡི་འཁོར་དུ་རྒྱལ་བྱུང་བ།། ཨུ་རྒྱན་བདག་པོ་དབང་ཕྱུག་པོ།། རྒྱལ་པོ་སྟན་ལས་ལངས་ནས་ཀྱང་།། པུས་མོ་གཉིས་ནི་ས་ལ་བཙུགས།། བཅོམ་ལྡན་འདས་ལ་གསོལ་བ་ནི། ། གང་གི་ཆེནའི་ཡུལ་ཞེས།། བྱ་བ་དེ་ནི་འབྱུང་འགྱུར་ཞིང་།། ཡོངས་སུ་རྒྱས་ཤིང་སྐྱེ་བོས་གང་།། དེ་ཚེ་སྐར་རྡོའི་ཡུལ་དག་ཏུ།། སྟོབས་ཆེན་རྒྱལ་པོར་བདག་གྱུར་ནས།། དེར་ནི་ལི་ཡི་བདག་པོ་དང་།། རྟག་ཏུ་གཉིས་ནི་བགྱིད་པ་དང་།། བདག་གིས་ཡུལ་དེ་བསྲུང་བའི་ཕྱིར།། བདག་ཉིད་ཀྱང་ནི་དབུལ་བར་བགྱིད།། དེ་ཡི་ཚེ་དྲི་མེད་འོད།། ལྷ་མེས་སྨོན་ལམ་འདི་སྐད་བཏབ། ། གང་ཚེ་ཡུལ་གྱི་དང་པོ་འདིར།། སུམ་པ་མང་པོ་འོང་བ་དང་།། གང་ཚེ་ཡུལ་འདིར་རྒྱ་དང་ནི།། ལན་དང་ནི་སུམ་པ་རྣམས།། འཕགས་སྐྱེས་པོ་ཡི་དམག་བཞིན་དུ།། ཡུལ་དེར་འོང་བར་གྱུར་པ་ན། དེ་ཚེ་ཡུལ་འདིར་སྐྱེ་བོའི་ཕྱིར།། བདག་གིས་སྐྱེ་བ་བླང་བར་བགྱི།། བདག་གིས་སྐྱེ་བ་དེར་བླངས་པས།། སུམ་པ་ལ་སོགས་ལྡོག་ཀྱར་རིག། ལི་ཡལ་ར་རིག་རས་རྣམས་ཀྱིས།། སྔོན་ནི་གང་དུ་ལ་བགྱིས་པ། ། དེར་ནི་བདག་ཀྱང་དགའ་བཞིན་དུ།། བདག་གིས་སུ་ནི་ལས་རྣམས་བགྱིས།། དེར་ནི་སྔོན་གྱི་རྒྱལ་པོ་གང་།། བློན་པོ་ཁྱིམ་བདག་ཡུལ་མི་དང་།། བདག་སྡུག་པར་གྱུར་པ་དང་། ། དེ་དག་དང་ནི་བྲལ་བར་གྱུར།། དེ་ཚེ་བདག་ནི་གཅིག་པུ་སྡུག། མཽ་གཙང་ཏིང་འཛིན་ཐོབ་གྱུར་ནས།། དེར་ནི་སྐྱོ་བར་གྱུར་པ་ན།། སྔོན་གྱི་སྨོན་ལམ་དྲན་གྱུར་ཅིག་ཚེ་དེ་ཡི་འཁོར་དུ་ནི། ། ཀ་སྥ་ར་ཡི་བདག་པོ་རྒྱལ།། དེས་ནི་ལྷ་མོ་དྲི་མེད་འོད།། སྨྲས་པ་ཐོབ་པར་གྱུར་ནས་ཀྱང་།། རྒྱལ་པོ་སྟན་ལས་ལངས་ནས་ནི།། འདི་སྐད་ཀྱི་ནི་ཚིག་ཀྱང་སྨྲས།། བདག་གིས་ཚེ་རབས་སྔ་མར་ནི།། མི་བཟད་ལས་བྱས་གང་ཡིན་པས།། ཤཱཀྱ་རྣམས་ནི་བརླག་པའི་ཕྱིར།། བདག་ནི་རྒྱལ་པོ་འཕགས་སྐྱེས་དང་།། མཛེས་པའི་ཡུལ་དུ་ལྷན་ཅིག་དོང་།། ལས་དེ་རྣམ་སྨིན་མི་བཟོད་པ།། ཚེ་འདི་ལ་ནི་མི་མྱོང་བར།། བདག་ནི་འདི་སྐད་སྨོན་ལམ་འདེབས།། གང་གི་ཚེ་ན་སུམ་པ་དང་།། འ་ཞ་དག་དེར་དོང་བ་དང་།། བདག་སྔོན་ཤཱཀྱའི་ཡུལ་དུ་འཕགས་སྐྱེས་པོའི་གཡུལ་ངོར་ལས་བྱས་པ་གང་ཡིན་པ་དེ། གང་གི་ཚེ་ལྷ་མོ་འདི་སྐྱོ་བ་ཆེན་པོར་གྱུར་པ་ན། དེའི་ཚེ་བདག་འདིའི་བར་གྱུར་ལ། བདག་གི་ཕྱིར་འདི་སྐྱོ་བར་གྱུར་ཅིག། དྲང་གཟུངས་ཐོབ་པར་གྱུར་པ་བཞིན་དུ། དེས་བདག་ཀྱང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག་ཅེས་བྱས་སོ།། རྒྱལ་པོ་དེའི་བཙུན་མོ་དམ་པ་འཁོར་དེ་ཉིད་ཀྱི་ནང་དུ་འདུག་པ་དེས་སྨོན་ལམ་བཏབ་པ་དེའི་ཚེ། བདག་ཀྱང་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མར་གྱུར་ལ། བདག་གིས་འཕགས་སྐྱེས་པོའི་དམག་སླར་ལྡོག་ལ། སྡིག་པའི་ལས་ཆེན་པོ་འདི་ལྟ་བུ་བྱ་སྟེ། ཅི་བྱ་ཞེས་གྱོད་བཏབ་པའི་དགེ་བའི་སེམས་བསྐྱེད་པ་གང་ཡིན་པ་དེས་ན། ལི་ཡུལ་དེར་བདག་འདྲི་བའི་དུས་ལ་མ་བབ་ཀྱི་བར་དུ། བདག་གིས་ལི་ཡུལ་དེ་ཉིད་དུ་མི་རྟག་པ་ཉིད་མཐོང་ནས། གང་གི་ཚེ་དེར་འཞ་དང་སུམ་པ་འོང་བ་དེའི་ཚེ། བདག་འཆི་བའི་དུས་བྱས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་བྱས་སོ།། ལྷ་མོ་དྲི་མ་མེད་པའི་འོད་དེའི་མིང་པོ་རྒྱལ་པོ་མ་སྐྱེས་དགྲའི་བུ་གང་ཡིན་པ་དེ་ཡང་ཤིན་ཏུ་ང་རྒྱལ་ཆེ་ཞིང་རྒྱགས་པས། གཡུལ་འགྱེད་པ་བལྟ་བའི་ཕྱིར། ཤཱཀྱའི་ཡུལ་དེར་རྒྱལ་པོ་འཕགས་སྐྱེས་པོའི་དམག་གི་ཟླ་ལ་འོངས་ནས། དེས་ཀྱང་གཡུལ་དེར་མི་བསད་པ་ལ་སོགས་པའི་སྡིག་བྱས་ཏེ། གང་གི་ཚེ་དེར་སེམས་ཅན་མང་པོ་ཤི་བ་མཐོང་བ་དེའི་ཚེ། དེས་སངས་རྒྱས་མཐོང་ནས། འགྱོད་པ་ཆེན་པོ་དང་། སྐྱོ་བར་གྱུར་ཏེ། དེའི་ཚེ་དེས་ལྷ་མོ་དྲི་མ་མེད་པའི་འོད་ལ་སྨྲས་པ། ང་ནི་ཁྱོད་ཀྱི་མིང་པོ་ཤིན་ཏུ་སྡུག་པ་ཡིན་པས། ངས་དམག་དེའི་ནང་སྡིག་པའི་ལས་བྱས། ཁྱོད་ཀྱིས་ཐོས་ནས་རྗེས་སུ་ཡི་རང་བར་གྱུར་ཏེ། ཁྱོད་ཀྱི་ཡིད་ཀྱིས་མི་དགེ་བ་ཐོབ་པར་གྱུར་པ་གང་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་དེས། ཁྱོད་ཀྱི་ཡུལ་དུ་སུམ་པའི་དམག་འོང་བར་གྱུར་ཏེ། དེའི་ཚེད་ལྟར་ཇི་ལྟ་བ་བཞིན་དུ། དེ་རང་ཁྱེད་ཀྱི་སྡུག་པའི་མིང་པོ་གྱུར་ལ། ཁྱོད་ཀྱིས་གཅིག་པུ་ལུང་མེད་པར་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་པ་དང་། ཁྱོད་ཀྱིས་ཐོག་མ་ཁོནར་གཟུགས་ཐོབ་པར་འགྱུར་བཞིན་དུ། དེའི་ཚེང་ཁྱོད་ཀྱི། མཐུས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྡུག་བསྔལ་རྣམས་ལས་ཐར་པར་གྱུར་ནས། གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་ཀྱི་བུའི་གཡོག་བྱེད་པའི་གནོད་སྦྱིན་ཨ་ཛྭ་ལ་ཞེས་བྱ་བར་གྱུར་ལ།། ངས་རྟག་ཏུ་ཁྱོད་བསྲུང་ཞིང་། ངས་རྣམ་ཐོས་ཀྱི་བུ་ལ་སོགས་པ་དེ་དག་དང་། གནོད་སྦྱིན་གཞན་དེ་དག་དང་། ལྷའི་ཕོ་བྲང་སུམ་ཅུ་རྩ་གཉིས་དག་ཏུ་ལྷའི་རྒྱལ་པོ་དེ་དག་ལ་དྲན་པར་བསྐུལ་ཏེ། གང་གི་ཚེ་ཁྱོད་ལ་དགོས་པ་དེའི་ཚེ་འོངས་ནས་ཅི་འདོད་པ་གྲུབ་པར་གྱུར་ཅིག་ཅེས་སྨྲས་སོ། ། དེར་ལྷ་མོ་དེ་ཉིད་ཀྱི་ནུ་མོ་ཐ་ཆུང་། རྒྱལ་པོ་མ་སྐྱེས་དགྲའི་བུ་མོར་གྱུར་པ་དེས་སྨོན་ལམ་བཏབ་པ། བདག་གི་མིང་པོ་འཕགས་སྐྱེས་པོའི་དམག་གི་ཟླ་ལ་སྡིག་པའི་ལས་བྱས་པ་བདག་གིས་ཐོས་ནས་དགའ་བར་གྱུར་པའི་ལས་དེས་ན། དེར་ཡང་ཁྱོད་ཀྱི་ནུ་མོར་གྱུར་ལ། གང་གི་ཚེ་ལས་དེའི་རྣམ་པར་སྨིན་པས་བདག་མྱ་ངན་གྱིས་འཆི་བའི་ཆུས་བྱེད་པར་འགྱུར་བ་དེའི་ཚེ། ཁྱོད་དེ་ལྟ་བུར་སྐྱོ་བར་གྱུར་པ་ན། བདག་གིས་དགེ་བའི་བཤེས་གཉེན་རྙེད་ནས། ཆོས་གང་གིས་འབྲས་བུ་དང་པོ་ཐོབ་སྟེ། སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་ཆོས་ཐོས་ནས། དེའི་ཚེ་སྔོན་དང་ཕྱི་མའི་ལས་རྣམས་དྲན་པར་གྱུར་ཅིག་ཅེས་བྱས་སོ།། དེར་ལྷ་མོ་དེའི་མིང་པོ་ཐ་ཆུང་ངུ་གྱུར་ཅིང་། དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་པ་ཕྱིན་ཆད་དེའི་མིང་པོར་གྱུར་པ། དེའི་སྔོན་གྱི་ལས་ཀྱིས་སེམས་ཅན་རྣམས་སྐྲག་པར་བྱས། དེས་སྲིང་མོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་འདེབས་པ་ཡང་མཐོང་བ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་ནས། ལི་ཡུལ་གྱི་ཡུལ་འཁོར་ཡོངས་སུ་བསྐྱབ་པའི་ཕྱིར་མནོས་པ་ཡང་མཐོང་ངོ་།། དེ་ནས་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་ཐ་ཆུང་། རྒྱལ་པོ་མ་སྐྱེས་དགྲའི་བུས། གཅོམ་ལྡན་འདས་གང་ན་བདེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། སྔོན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་མང་པོ་ལ་བསྙེན་བཀུར་བྱས་ཏེ། དུས་ཐམས་ཅད་དུ་སྐྱེས་པར་གྱུར་ནས། རྒྱལ་སྲིད་ཀྱི་བགྱི་བ་མང་པོ་ཡང་བགྱིས་སོ།། བདག་གི་སྲིང་མོ་འདི་ཡང་བུད་མེད་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས་ཏེ། འདིས་ལི་ཡུལ་ཡོངས་སུ་བསྐྱང་བའི་སླད་དུ། སུམ་པར་བླངས་པ་དེ་ནི་ལས་ཆེན་པོ་མཆིད་ཀྱིས་འཚལ་བ་ལགས་ཏེ། བུད་མེད་ཀྱི་བསམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པར་བྱས་སོ།། བཅོམ་ལྡན་འདས་ཅི་ནས་ཀྱང་བདག་གི་སྟེང་དུ་འོད་ཟེར་རྣམས་བཏང་བ་དེ་ལྟ་བུར་བདག་ལ་བྱིན་གྱིས་བརླབ་པར་གསོལ། ཅི་ནས་ཀྱང་ཡུལ་བསྲུང་བའི་སླད་དུ་གྲོགས་བགྱིད་པར་འགྱུར་བ་དང་། བདག་གི་རིགས་ཀྱིས་ཡུན་རིང་པོར་ལི་ཡུལ་དུ་ཡུལ་འཛིན་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱང་སྩལ་བར་སྩོལ། ། སྐྱེ་བ་བླངས་ཏེ་འབྲས་བུ་ཐོབ་ནས་གུམ་པའི་འོག་ཏུ་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་གྱུར་ཅིག། གང་གི་ཚེ་ལི་ཡུལ་དུ་སུམ་པ་འམ། གདོང་དམར་རྣམས་འོང་བར་འགྱུར་བ་དེའི་ཚེ། བདག་སྐར་རྡོའི་ཡུལ་གྱི་རྒྱལ་པོར་གྱུར་ཏེ། ལྷ་མོ་དྲི་མ་མེད་པའི་འོད་འདིའི་མིང་པོར་གྱུར་ལ། ལི་ཡུལ་དར་བར་བགྱི་བའི་སླད་དུ་བདག་དེའི་གྲོགས་བགྱིད་པར་གྱུར་ཅིག་ཅེས་བྱས་སོ།། གང་གི་ཚེ་གཞོན་ནུ་དེ་སྐད་ཅེས་གསོལ་ནས། སྨོན་ལམ་ཡང་བཏབ་པ་དེའི་ཚེ། བཅོམ་ལྡན་འདས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྒོམས་པར་ཞུགས་སོ།། ལྷ་རྣམས་ཀྱིས་ཀྱང་ལྷའི་མེ་ཏོག་གི་ཆར་ཕབ་སྟེ། ལྷའི་སིལ་སྙན་རྣམས་དཀྲོལ་ལོ།། བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་བཀའ་སྩལ་པ། ངས་ཐོག་མ་སེམས་བསྐྱེས་པ་ནས། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བསོད་ནམས་དང་། དགེ་བའི་རྩ་བ་བསགས་པ་དེ་དག་དང་།། དེ་བཞིན་གཤེགས་པ་མང་པོ་གཞན་དག་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་འཕྲིན་ལས་མང་པོ་མཛད་མཛད་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དེ་དག་དང་། ཆོ་འཕྲུལ་དེ་ངས་གཅིག་ཏུ་བསྡུས་ཏེ་གཅིག་ཏུ་བརྟུལ་བས། མ་འོངས་པའི་དུས་སུ་ལྷ་མོ་དྲི་མ་མེད་པའི་འོད་འདིས་ཡོངས་སུ་བསྐྱང་བའི་ཕྱིར། ལག་ཏུ་བླངས་པའི་ལི་ཡུལ་འཁོར་རབ་ཏུ་གནས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ཏེ། ཕྱོགས་གང་དུ་ལི་ཡུལ་དང་། ཐུབ་པའི་དྲང་སྲོང་ཆེན་པོའི་གནས་གོ་མ་སཱ་ལ་གན་དའི་མཆོད་རྟེན་འབྱུང་བར་གྱུར་པའི་ཕྱོག་དེར་བཞུགས་སོ།། བཅོམ་ལྡན་། འདས་དེ་ན་བཟུགས་བཞིན་དུ། དཔལ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་འོད་ཟེར་བཏང་ངོ་།། བྱ་རྒོད་ཕུང་པོའི་རྭ་ལ་གནས་པའི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་གནས་གཅིག་ནས་འཁོད་བཞིན་དུ། བཅོམ་ལྡན་འདས་གང་དུ་ལི་ཡུལ་འབྱུང་བར་འགྱུར་བའི་ཕྱོགས་དེ་ན་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་མཐོག། ཐུབ་པའི་དྲང་སྲོང་ཆེན་པོའི་གནས། རི་གླང་རུ་ཞེས་བྱ་བ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྐྱེད་པ་ན། གྲོགས་སུ་གྱུར་པ་གང་ཡིན་པ་དེ་དག་གིས་ཀྱང་འོད་ཟེར་དེ་དག་བཏང་སྟེ། བཅོམ་ལྡན་འདས་ཉིད་ནི་གང་དུ་གོམས་ལ་ག་ན་དའི་མཆོད་རྟེན་གྱི་ཆོས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་དེའི་བར་སྣང་ལ་བཞུགས་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་གང་དང་གང་དག་ཏུ་དགེ་འདུན་གྱི་ཀུན་དགའ་ར་བ་དང་། དགོན་པའི་གནས་དང་། དྲི་གཙང་ཁང་དང་། མཆོད་རྟེན་ཆེན་པོ་རྣམས་འབྱུང་བར་འགྱུར་བའི་ཆུའི་ནང་གི་པདྨའི་སྟེང་དེ་དག་དེ་དག་ལ་འཁོད་དོ། ། དེ་ནས་དེར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ཅད་ཐུགས་སུ་ཆུད་པར་འགྱུར་བའི་གཟུངས་སྔགས་ཀྱི་ཆོས་ཀྱི་སྤྱི་བོ་ཞེས་བྱ་བ་འདི་བཤད་དོ། ། ཏདྱ་ཐཱ། ཨཱ་བ་པར། པྲ་ཏྱབ་པར། པྲ་ཛྙཱ་བ་པར། བུད་དྷ་བ་པ་ར། སད་དྷརྨ་བ་པར། ཤུར་བ་པར། སརྦ་དྷརྨ་སན་དྷ་བར། པྲ་བཛྲ་པཱ་ཎི་བ་པར། ཏིཥྛི་ཏེ་པྲ་བར་སྭཱ་ཧཱ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བཤད་པ་དེའི་ཚེ། བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་པའི་འཁོར། ཐམས་ཅད་ཀྱིས་ཐོས་སོ།། རི་གྲང་རུའི་ཐོམ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པ་ཡང་མཐོང་ངོ་།། བཅོམ་ལྡན་འདས་ཀྱིས། ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་བཀའ་སྩལ་པ། ཁྱེད་ཀྱིས་གཟུངས་སྔགས་འདིས་ངའི་ལས་གྱིས་ལ། ལི་ཡུལ་གྱི་ཡུལ་འཁོར་ཁྱེད་ལ་གཏད་པ་ཡོངས་སུ་བསྲུང་བ་གྱིས་ཤིག། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལི་ཡུལ་གཏད་པ་འདི་བདག་ཅག་གིས་ནོད་པར་འཚལ་ལོ།། དྲི་མ་མེད་པའི་འོད་ཀྱིས་ཞུས་པ་བམ་པོ་གཉིས་པ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེའི་དོན་གྱི་ཕྱིར་གཟུངས་སྔགས་གཞན་བཤད། ཏདྱ་ཐཱ། ནཻ་རྫི་ཏེ། བཛྲི་ཏེ། བརྫི་ཏེ། བྷ་ཥི་ཏེ། དྷརྨ་སྐད་དྷུ། ཨ་པ་ར་ཛི་ཏེ། ཨིན་དྲི་བརྫི་ཏེ། ཕུཿསྭཱཧཱ། དེའི་ནི་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་ལ་སོགས་པ་གང་དག་ལ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སྔོན་སངས་རྒྱས་ཉིད་དུ་ཐོག་མ་སེམས་སྐྱེས་པ་དེ་དག་ཀྱང་དེར་གཤེགས་སོ།། གཞོན་ནུ་རྡོ་རྗེ་སྡེས་ཀྱང་ཡོན་ཕུལ་ལོ།། སངས་རྒྱས་བཅོམ་ལྡན་འདས་། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་དེ་ལས་སྔོན་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་བོ།། དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེར་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ཤིན་ཏུ་འཕགས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ།། གནས་པ་ཞེས་བྱ་བའི་བསྐལ་པ་ལ། འཇིག་རྟེན་གྱི་ཁམས་བུད་མེད་དུ་གྲགས་པ་ཞེས་བྱ་བར།། དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲ་སྒྲོགས་ཕྱག་ན་རིན་ཆེན་མཛོད་བསྣམས་ཞེས་བྱ་བར་འགྱུར་རོ།། གང་གི་ཚེ་ལྷ་མོ་དེ་དག་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དེའི་ཚེ། དེ་ལུང་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འོད་ཟེར་བཏང་སྟེ། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ལུང་བསྟན་པ་དེ་ཐོབ་པ་དེའི་ཚེ། དེར་བྱང་ཆུབ་སེམས་དཔའི་སེམས་ཀྱི་ཚིག་ཅེས་བྱ་བ་གྱུར་ཏེ། དེ་ཕྱིན་ཆད་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ལུང་བསྟན་ཏོ།། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ་གང་ལ་ཁྱོད་གནས་པ་དེ་ནི་ཤིན་ཏུ་དཀོན་པ་ཡིན་ནོ་ཞེས་སྨྲས་སོ། ། སངས་རྒྱས་བཅོམ་ལྡན་འདས་གང་དག་སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་འོད་ཟེར་གཏོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་གསུང་གཅིག་ཏུ་འཐུན་པར་གཟུངས་སྔགས་བཤད་པ། ཏདྱ་ཐཱ། ཏརྦ་ཏཱ། ལོ་ཀཱ་གྲ། ཏ་ཐཱཏྤ། ཀ་བཟི་འི། ཀར་ཛ~ཾ། བྷུ་ཏི་ཀོ་ཊི། བི་བིདྲ་དྲལ་ཤར། ས་ས་ས་སས་སས་ས། དྷ་དྲ་པྲབྷ། བབ་ད་ཀར་ན་ས། བར་ཎབ་བབཔ། ཨ་ས་ཙ་རུ་ནན། ཙ་བ་བ་ར་ཎན། ཀཀ་ཀོ་ཏི་རཱ་ཛ་ན། བྱ་ཀར་ཎ་སུ་བྷཱ་ཏྲ། ཀརཿ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལུང་སྟོན་པ་ཞེས་བྱ་སྟེ། གཟུངས་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། མཚན་ལན་གསུམ་ཉིན་ལན་གསུམ་དུ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ།། གང་གི་ཚེ་ལྷ་མོ་དྲི་མ་མེད་པར་གྲགས་པས། སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པ་དེའི་ཚེ། དེས་བཟོད་པ་ཆེན་པོ་ཐོབ་པར་གྱུར་ཏེ། དེའི་ཚེ་དེས་སྨོན་ལམ་བཏབ་པ། ཇི་སྲིད་དུ་ལི་ཡུལ་དུ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་བ་དེ་སྲིད་དུ་བདག་བུད་མེད་ཀྱི་གཟུགས་སུ་སྣང་བར་གྱུར་ཏེ། སྨོན་ལམ་བཏབ་པ་དེས་ན། དེའི་ཚེ་བདག་སྐར་རྡོའི་རྒྱལ་པོའི་བུ་མོར་སྐྱེ་བ་ལེན་པར་གྱུར་ཅིག་ཅེས་བྱས་སོ།། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ཤིན་ཏུ་འཕགས་པའི་འོད་ཟེར་གྱི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲ་སྒྲོགས་ཕྱག་ན་རིན་ཆེན་མཛོད་བསྣམས་པ་ལ་ཕྱག་འཚལ་ལོ། ། ཞེས་སངས་རྒྱས་ཀྱི་མཚན་འདི་གཉིས་སུ་བརྗོད་པ་ནི་བུད་མེད་དུ་སྐྱེ་བ་ལས་ཐར་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་འགྱུར་རོ།། ཆོས་དང་ལྡན་པའི་དམ་པ་ཇི་ལྟ་བུ་འདོད་པ་དེ་བཞིན་དུ་འགྲུབ་པར་འགྱུར་ཏོ། ། སེམས་ཅན་དམྱལ་བར་སྐྱེ་བའི་ལས་རྣམས་ཀྱང་བཤགས་པར་འགྱུར་རོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། ། ས་དྱ་ཐེ་དན། ད་ད་ད་དཱ། པྲ་ཛཱ་ཀེ་ས་པྲ་ཛྙཱ་ཀ་རེ། བ་ར་པྲཛྙཱ། པྲ་ཏི་ཧ་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཅེས་བྱ་སྟེ། ཆོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་རོ། ། བདུད་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སངས་རྒྱས་སུ་སྒྲུབ་པ་ལ་བར་ཆད་བྱེད་མི་ནུས་ཤིང་། གླགས་རྙེད་པར་མི་འགྱུར་རོ།། དྲན་པ་དང་ཡང་ལྡན་པར་འགྱུར་རོ། ། སེམས་ཀྱང་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བཤད་པ་དེའི་ཚེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སྨོན་ལམ་བཏ་པ། བདག་གིས་དེར་སྐྱེ་བ་བླངས་ཏེ། སྐར་རྡོའི་རྒྱལ་པོའི་བུ་མོར་གྱུར་ནས། གསེར་གྱི་ཡུལ་གང་དུ་བདག་གི་ཕ་གུམ་པའི་སྡུག་བསྔལ་གྱིས་བདག་སྐྱོ་བར་འགྱུར་བ་དེར་བདག་འགྲོ་བར་གྱུར་ཅིག་ཅེས་བྱསོ། ། དེའི་ཚེ་འཁོར་དེའི་ནང་ན་རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བའི་རིགས་ཀྱི་བུ་གཞན་ཞིག་འདུག་པ་དེས་འདི་སྐད་ཅེས་སྨྲས་སོ།། བདག་ཁྱོད་ཀྱི་ཁྱིམ་ཐབ་ཏུ་གྱུར་ལ། བདག་གི་ཁྱིམ་ན་ཁྱོད་བུད་མེད་ཀྱི་ལུས་ཀྱིས་ལས་དེ་དག་བྱེད་ཅིང་། བདག་གིས་ཀྱང་དེ་ལ་བར་ཆད་བྱེད་པར་མི་འགྱུར་བ་དང་། ཁྱོད་ཀྱི་ཡུལ་གྱི་ཕྱི་རི་དང་། སངས་རྒྱས་ཉིད་སྒྲུབ་པའི་བར་གྱིས་ལས་ཅི་བྱེད་པ་དེ་དག་ཐམས་ཅད་བདག་གི་ཁྱིམ་དུ་བྱེད་ཅིང་། དཀའ་བའི་ལས་དེ་དག་ཐམས་ཅད་ཀྱང་དྲན་པར་གྱུར་ཅིག་ཅེས་བྱས་སོ།། དེ་ནས་གྲོང་ཁྱེར་སྐྱོང་བ་དེའི་བུར་གྱུར་པ་ཞིག་ཡོད་པ་དེས་སྨྲས་པ། ། གང་གི་ཚེ་སྔོན་ཁྱོད་དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་པ་དེའི་ཚེ། བདག་ཁྱོད་ཀྱི་བུར་གྱུར་ཅིག་ཅེས་བདག་གིས་སྨོན་ལམ་བཏབ་ནས། དེ་ཕྱིན་ཆད་ཚེ་རབས་ཐམས་ཅད་དུ་ཁྱོད་ནི་བདག་གི་མར་གྱུར་ལ། བདག་ནི་ཁྱོད་ཀྱི་བུར་གྱུར་ཏོ།། གང་གི་ཚེ་ཁྱོད་གསེར་གྱི་ཡུལ་དུ་སྨོན་ལམ་ཆེན་པོའི་དབང་གི་ལས་བྱེད་པར་འགྱུར་བ་དང་། གང་གི་ཚེ་ཡུལ་དེར་གནོད་པ་ཆེན་པོ་འབྱུང་བ་དེའི་ཚེ། ཡང་ཅི་ནས་ཀྱང་བདག་དེར་སེམས་ཅན་ཐམས་ཅད་གནོད་པ་ལས་ཐར་པར་བྱ་བའི་ཕྱིར་གྲོགས་སུ་འགྱུར་བ་དང་། ཡུལ་དེ་ན་རྒྱལ་པོ་མེད་པར་ཡང་བདག་གིས་ཆོས་བཞིན་དུ་སྐྱོང་བ་དང་། བདག་གཞན་གྱིས་བཀོལ་བར་མི་འགྱུར་བ་དང་། སངས་རྒྱས་ཉིད་དུ་འགྱུར་གྱི་བར་དུ་བདག་ཁྱོད་ཀྱི་བུར་གྱུར་ཅིག། ཁྱོད་ཀྱང་བདག་གི་མར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་འཁོར་དེའི་ནང་ན་ཨ་ལྷ་མོ་དྲི་མ་མེད་པའི་འོད་དེའི་ཕྱི་བཞིན་འབྲང་བའི་རིགས་དང་ལྡན་པའི་བུད་མེད་གཅིག་འདུག་པ་ང་རྒྱལ་གྱིས་ཤིན་ཏུ་ཁེངས་ཤིང་རྒྱགས་ལ་འདོད་ཆགས་ཀྱི་སེམས་དང་ཤིན་ཏུ་ལྡན་པ་དེས་སྨོན་ལམ་བ་པ། བདག་ཀྱང་ཁྱོ་ཁྱོད་ཀྱི་ནུ་མོར་གྱུར་ཏེ། གཞོན་ནུའི་ཚེ་བདག་གིས་སྐྱེས་བུ་མང་པོ་དག་དང་འདོད་པའི་འདོད་ཆགས་ཀྱི་ཕྱིར་བགད་པ་དང་། རྩེས་པ་གང་ཡིན་པ་བདག་གི་ལས་དེ་དག་ཐམས་ཅད་བྱང་། བར་གྱུར་ཅིག་ཅེས་བྱས་སོ།། འཁོར་དེའི་ནང་ན་སྐྱེས་པ་གཞན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་དེས། རིགས་དང་ལྡན་པའི་བུད་མེད་དེ་ལ་སྨྲས་པ། གང་ཁྱོད་ཀྱིས་ངའི་ཕྱིར་གསང་བའི་དོན་གྱི་དམ་བཅས་པ་དེ་ནི་ངས་མི་བཏང་ཞེས་བྱས་ནས། དེའི་ཚེ་མི་དེས་སྨོན་ལམ་བཏབ་པ། གང་གི་ཚེ་མ་འོངས་པ་ན་རིགས་དང་ལྡན་པའི་བུད་མེད་འདྲི་ལྷ་མོ་དྲི་མ་མེད་པའི་འོད་དང་ལྷན་ཅིག་ཏུ་ལི་ཡུལ་ན་གནས་ཤིང་། ལས་ཆེན་པོ་བྱེད་པ་འགྱུར་བ་དེའི་ཚེ། བདག་གིས་ལས་འདི་བཤགས་ཏེ། འཁོར་བ་ནས་འབྱུང་བ་ཐོབ་པར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་མིང་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་བདག་གསེར་གྱི་རིགས་སུ་ཆོས་དང་ལྡན་པའི་རྒྱལ་པོར་གྱུར་ཏེ། ཡུལ་རྟས་པར་བགྱི་བའི་སླད་དུ། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་གྲོགས་སུ་གྱུར་ལ། ལི་ཡུལ་འཁོར་རྟས་པར་བགྱི་བའི་སླད་དུ། གསེར་གྱི་ཡུལ་གང་དུ་དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བ་གནས་པར་གྱུར་པ་དེར། ནོར་སའི་འོག་ཏུ་གཞག་པ་དང་། མི་ཤི་བ་རྣམས་ཀྱི་དུར་ཁྲོད་ན་ཡོད་པ་གང་ཡིན་པ་དང་། དགེ་བསྙེན་མ་གུ་ཤའི་ནོར་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་བདག་གིས་བཙལ་ཏེ། གསེར་ལ་སོགས་པ་ནོར་མང་པོ་རྣམས་སྩལ་བར་བགྱིའོ།། ལྷ་མོ་དྲི་མ་མེད་པའི་འོད་འདི་ཡང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལི་ཡུལ་གྱི་སླད་དུ་ནོར་རྣམས་དབུལ་བར་བགྱིད་དོ། ། གང་གི་ཚེ་ཡུལ་དེར་གནོད་པ་འབྱུང་བ་དེའི་ཚེ་ཡང་། ལྷ་འམ། ཀླུའམ། གནོད་སྦྱིན་ནམ། འབྱུང་པོ་གང་སུ་ཡང་ནོར་དེ་ལ་དགེས་བྱེད་པར་མི་འགྱུར་རོ།། ཡུལ་དེའི་དྲུང་མར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་། ཅི་ནས་ནོར་དེ་རྙེད་པར་འགྱུར་བར་རང་ཉིད་གྲོགས་བྱེད་པར་འགྱུར་རོ།། སྔོན་གསར་གྱི་རི་གང་དུ་དགེ་བསྙེན་མ་ཧུ་ཤ་འབྱུང་བར་འགྱུར་བ་དེར་བུད་མེད་གཞན་ཞིག་བྱུང་སྟེ། དེས་སྦྱིན་པ་མང་པོ་བྱིན་ལ། ཚུལ་ཁྲིམས་ནི་དེས་མ་བསྲུངས་ཏེ། དེས་འདི་སྐད་དུ་བདག་གིས་སྦྱིན་པ་དག་བྱིན་པའི་བསོད་ནམས་བསགས་པ་གང་ཡིན་པ་དེས་ན། བདག་གསེར་གི་རིགས་ཀྱི་རྒྱལ་པོའི་བཙུན་མོ་དམ་པར་གྱུར་ལ། ཅི་ནས་ཀྱང་ལི་ཡུལ་དེ་ལྟས་པར་བྱ་བའི་ཕྱིར་ནོར་སྦྱིན་པར་བྱེད་པ་དེ་ལྟ་བུར་ང་དགྲ་གྲོགས་སུ་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མང་པོ་གཞོན་ནུ་རྡོ་རྗེས་སྡེས་འདི་སྐད་ཅེས་གསོལ་ཏོ། ། གང་གི་ཚེ་དམག་གི་དཔུང་ཆེན་པོ་དེ་དག་ཕན་ཚུན་འགྱེད་པའི་འགྱུར་བ་དེའི་ཚེ། བདག་སྐར་རྡོའི་རྒྱལ་པོར་གྱུར་ནས། གང་གི་ཚེ་གདོང་དམར་དག་དམག་འདྲེན་པ་དེའི་ཚེ། བ་དག་གྲིས་གསེར་གྱི་རིགས་ཀྱི་རྒྱལ་པོ་ལས་ནོར་བླངས་ཏེ། ལྀ་ཡུལ་རྟས་པཱ་བགྱི་བའི་སླད་དུ། ཆོས་བཞིན་དུ་སྩོལ་བར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་ན་རིགས་དང་ལྡན་པའི་བུད་མེད་གཞན་ཞིག་ལྷ་མོ་དེའི་གྲོགས་མོར་གྱུར་པས་དང་པོ་ཐོབ་པ་གང་ཡིན་པ་དེ་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་སྨོན་ལམ་བཏབ་པ། བདག་ལི་ཡུལ་དུ་རེ་རབས་བདུན་གྱི་བར་དུ་རྒྱལ་པོའི་བཙུན་མོ་དམ་པར་གྱུར་ཅིག། གང་གི་ཚེ་དམག་གི་དཔུང་ཆེན་པོ་གང་ཡིན་པ་དེ་དག་ལི་ཡུལ་དུ་གཡུལ་འགྱེད་པའི་དུས་ལ་བབ་པ་དེའི་ཚེ། བདག་རྒྱ་ཡུལ་དུ་སྐྱེ་བ་ལེན་པར་གྱུར་ཅིག་གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་འདི་ལིའི་རྒྱལ་པོར་གྱུར་པ་དེའི་ཚེ་ན། བདག་ནི་དེའི་བཙུན་མོ་དམ་པར་གྱུར་ནས། བདག་ཅག་གཉིས་ཀས་ལི་ཡུལ་སླར་རྟས་པར་བགྱི་བ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་དང་། དགོན་པའི་གནས་རྣམས་དང་། མཆོད་རྟེན་ཆེན་པོ་དང་། དྲི་གཙང་ཁང་དང་། གདོང་དམར་རྣམས་ཀྱིས་བསྲེགས་པ་གང་ཡིན་པ་དེ་དག་ཀྱང་། བདག་ཅག་གཉིས་ཀྱིས་སླར་གསར་དུ་བགྱིད་པར་གྱུར་ཅིག་ཅེས་བྱས་སོ། ། གང་གི་ཚེ་དེ་དག་གིས་འཁོར་གྱི་ནང་དུ་སྨོན་ལམ་བཏབ་པ་དེའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ལྷའི་བུ་བློ་གྲོས་རབ་ཏུ་བརྟན་པ་དང་། ལྷ་མོ་འཕྲོག་མ་བུ་དང་བཅས་པ་དང་། ལྷ་མོ་དྲི་མ་མེད་པའི་འོད་རྣམས་ཀྱང་། དེའི་ཚེ་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷང་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གིས་མ་འོངས་པའི་དུས་སུ་ལི་ཡུལ་དེ་བསྲུང་བའི་སླད་དུ་ནོད་པར་འཚལ་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་སུག་ལས་ཐམས་ཅད་འཚལ་ལོ། ། དེ་ནས་འཁོར་དེར་འདུས་པ་གང་ཡིན་པའི་སྒྲ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ། ལྡིང་དང་། མི་འམ་ཅི་དང་། ལྷོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཀྱི་སྟེང་དུ་མེ་ཏོག་གི་ཆར་ཕབ་ནས། རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཇི་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་འོས་པ་རྣམས་ཀྱང་བསྒྲགས་སོ། ། དེའི་ཚེ་འཁོར་དེའི་ནང་ན་རྣམ་ཐོས་ཀྱི་བུ་དང་། ཀུན་ཏུ་རྒྱལ་ལ་སོགས་པ་གང་དག་གི་ལག་ཏུ་ཡུལ་དེ་བསྲུང་བའི་ཕྱིར་གཏད་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཡུལ་བསྲུང་བའི་ཕྱིར་ཁྱོད་ཀྱི་ལག་ཏུ་ཡང་དང་ཡང་དུ་གཏད་དོ།། གང་གི་ཚེ་གདོང་དམར་དག་གིས་ཡུལ་བཟུང་སྟེ། དགེ་འདུན་གྱི་ཀུན་དགའ་རབ་དང་། དྲི་གཙང་ཁང་དང་། མཆོད་རྟེན་ཆེན་པོ་རྣམས་འཇིག་པར་བྱེད་ཅིང་སྲེག་པར་བྱེད་དེ། དེ་དག་གིས་ཅི་ནས་ཀྱང་ངའི་བསྟན་པ་གཞིག་པར་བྱ་བའི་ཕྱིར་སྨོན་ལམ་ལོག་པར་བཏབ་པས་རིང་པོ་མི་ཐོགས་པར་དེ་དག་དམག་སྡེ་གཉིས་པོ་དེ་དག་ཕན་ཚུན་འགྱེད་པར་འགྱུར། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་གཞོན་ནུ་རྡོ་རྗེ་སྡེ་ཉིད་གསེར་གྱི་རིགས་ཀྱི་ཡུལ་དེར་སོང་ནས། གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་ཏེ། དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་བ་ཡོད་དེ། ལི་ཡུལ་ནས་འོངས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་། ལྷ་རྣམས་ཀྱིས་གསུངས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱི་བཀའ་ནི་གཅོག་ཏུ་རུང་བ་མ་ཡིན་ནོ།། གདོང་དམར་གྱི་ལི་ཡུལ་གྱི་ཡུལ་འཁོར་ཁྱེར་བའི་དུས་ལ་ནི་དབབ་སྟེ། རྒྱ་ནི་གསེར་གྱི་རིགས་ཀྱི་ཡུལ་དུ་འོང་བར་འདོད་དོ།། གང་གི་ཚེ་ཕན་ཚུན་གཡུལ་འགྱེད་པར་བྱེད་པ་དེ་ནི་འཇིགས་པ་ཆེན་པོ་ཡིན་ཏེ། གང་གི་ཚེ་གདེང་དམར་རྣམས་སྐྲག་པར་གྱུར་པ་དེའི་ཚེ། གསེར་གྱི་རིགས་ཀྱི་ཡུལ་དུ་འགྲོ་བར་ཆས་སོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་འདི་ཡིན་ཏེ། གང་གི་ཚེ་གསེར་གྱི་རིགས་ཀྱི་ཡུལ་གདོང་དམར་མི་གཏོང་ལ།། རྒྱ་ཡང་གནོད་པ་བྱེད་དུ་མི་འོང་བ་དེའི་ཚེ། གསེར་གྱི་རིགས་པ་ཡུལ་དུ་མདོ་འདི་འཕྲིན་ཡིག་ཏུ་ཁྱེར་ལ། གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་འདི་སྐད་དུ། འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་། ལྷ་རྣམས་ཀྱིས་བཀའ་སྩལ་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱིས་འགལ་བར་བྱར་མི་རུང་བ་ཡིན་གྱིས།། བདག་གིས་ལི་ཡུལ་གྱི་གླུང་སྦྱིན་པ་དང་། སྐར་རྡོའི་དོན་གྱི་ཕྱིར་ང་ལ་ནོར་མང་པོ་བྱིན་ཅེས་སྨོས་ལ། གང་གི་ཚེ་ནོར་ཐོབ་པར་གྱུར་པ་དེའི་ཚེ་ཐོག་མར་ལི་ཡུལ་དུ་ནོར་རྫོངས་ལ་གདོང་དམར་ལ་བསྐུར་ཅིག། ལི་ཡུལ་པ་རྣམས་ལ་ཡང་དེར་སྦྱིན་པར་བྱ་སྟེ། གང་གི་ཚེ་ལི་ཡུལ་དུ་སྐྱེས་བསྐུར་བ་ན། དེར་ཐོག་མར་སྐར་ནོར་ཡང་བསྐུར་བར་བྱ་སྟེ། མིའི་ཡུལ་ཆོས་བཞིན་དུ་བྱའོ།། དེའི་ཚེ་འདི་སྐད་དུ་ང་ནི་གདོང་དམར་རྣམས་ཀྱི་བྲན་མི་བྱེད་དེ། ངས་ལི་ཡུལ་གཟུང་གིས། ང་ལ་ནོར་བྱིན་ཅིག་དང་། དེ་དག་གི་དམག་གི་དཔུང་ཆེན་པོ་ཡང་དེར་འོང་བར་མི་ནུས་སོ་ཞེས་སྨོས་ཤིག། གང་གི་ཚེ་དེའི་དམག་ལི་ཡུལ་དུ་འོང་བ་ནཱ་དེར་མ་འོངས་ཤིག་དང་། ཡུལ་དྭེ་ཙི་རི་བའི་རིན་ངས་སྦྱིན་ནོ།། ཅི་སྟེ་ཡུལ་བྲུ་བའི་ཕྱིར་འདྲི། ཡིག་འདི་བཞིན་དུ་བྱེད་པར་གྱུར་ན། བདག་ཅག་གིསི་ལི་ཡུལ་ཐམས་ཅད་བསྡུས་ཏེ་འདུམ་པར་བྱའོ་ཞེས་བྱས་ན་བརྫི་བར་མི་ནུས་ཏེ། འདི་ལ་ཐེ་ཙོམ་མི་བྱའོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ་ལ་དེ་སྐད་ཅེས་བསྟན་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ཟེར་རྣམས་གཏོང་ཞིང་།། བྱང་ཆུབ་སེམས་དཔའ་རྣམས་གཏོང་བ་གང་ཡིན་པ་དེ་དག་དང་། ལྷ་ལ་སོགས་པ་འཁོར་དེར་འདུས་པ་གང་ཡིན་པ་དེ་དག་གིས་འདི་སྐད་ཅེས་གསུངས་སོ།། བདག་ཅག་གིས་ཀྱང་ལྷ་མོ་དྲི་མ་མེད་པའི་འོད་དེ་ལ་གང་གི་ཚེ་ཡུལ་དེར་གནོད་པ་འབྱུང་བ་དེའི་ཚེ་དྲན་པར་འགྱུར་བའི་གཟུངས་སྔགས་དང་། གཟུངས་སྔགས་གང་ཡིད་ལ་བྱས་ན། གཟུངས་སྔགས་ཆེན་པོ་གཞན་རྣམས་རྟོགས་པར་འགྱུར་བ་དེ་སྦྱིན་པར་བྱའོ།། འོན་ཀྱང་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། དེ་ལ་གནས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་རྣམས་མཐོང་ཞིང་།། དེ་དག་གིས་ཆོས་བཤད་པ་ཡང་ཐོས་པར་འགྱུར་ལ། ལྷ་རྣམས་ཀྱང་དམ་པ་སྦྱིན་པར་འགྱུར་རོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་སྔོན་འོད་ཟེར་གཏོང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་གསུངས་སོ།། ཁྱོད་ཀྱིས་ཡོངས་སུ་བསྐྱང་བའི་ཕྱིར།། ལི་ཡུལ་མནོས་པ་གང་ཡིན་པ།། རྒྱལ་མཆོག་གིས་ནི་བཀའ་སྩལ་བཞིན།། ཤེས་རབ་ཆེན་པོས་དེ་བཞིན་བྱོས།། ས་སྟེང། གཞན་གྱིས་མི་ཚུགས་པའི།། གསང་སྔགས་ཀྱང་ནི་སྦྱིན་པར་བྱ།། གང་གི་ཚེ་ན་ལི་ཡུལ་དེར།། གནོད་འགྱུར་དུས་ལ་བབ་པ་ན།། དེ་ཚེ་ངེད་ཀྱིས་དགོངས་པར་བྱ།། དེ་འདྲའི་ཤེས་རབ་དག་ཀྱང་སྦྱིན།། དེ་ཚེ་ཚངས་པ་ལ་སོགས་ལྷ།། ས་སྟེངས་དབང་ཕྱུག་སུམ་ཅུ་གཉིས།། མགྲིན་གཅིག་འཐུན་པར་སྨྲས་པ་ནི།། ཀླུ་རྣམས་དང་ནི་གནོད་སྦྱིན་དང་།། དེ་བཞིན་འབྱུང་པོ་ལྷ་མ་ཡིན།། མི་མ་ཡིན་དང་མི་རྣམ། ཀྱིས།། འཚེ་བར་མི་འགྱུར་གང་ཡིན་པའི།། གཟུངས་སྔགས་ངེད་ཀྱིས་སྦྱིན་པར་བྱ།། ཏདྱ་ཐཱ། ཨིནྡྲ་དང་ཏ་ཏྲི་ཤུ་ལེ་ཧ་སེ་སརྦ་པཱ་ཤ་བན་དྷ་ནེ། ནི་ཙིན་ཏ་ནེ། དྲ་དྲ་དྲ་དྲ། ཛ་ཛ་ཛ་ཛ། བུད་དྷི་རེ། ནི་ཙིན་ཏེ།། ཏ་ལེ་ཧཱ་ལེ། ཨ་ཤྭ་སྥ་ན། ནི་ནི་ནི་ནི། པུ་པུ་པུ་པུ། ཨིན་ཏྲ་ཡུལ་གི་ན། བི་ཤ་བི་ཤ་བི་ཤ་བི་ཤ་སྭཱ་ཧཱ། འདི་ནི་རྟ་གནས་ཞེས་བྱ་བའི་གཟུངས་སྔགས་ཡིན་ཏེ། གཟུངས་སྔགས་འདིས་ནི་རངས་བྱེད་ཀྱི་སྲིན་པོ་རྣམས་ཐུབ་ལ། སྲིད་སྒྲུབ་ཀྱིས་ཀྱང་སྒྲ་མི་སྙན་རྣམས་ཐུབ་པར་གྱུར་ཏོ།། དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་དང་། འཁོར་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ།། རིག་སྔགས་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་སམ། རྟའི་མགོ་ལ་བཏགས་སམ། རང་གི་མགུལ་དུ་བཏགས་ཀྱང་རུང་སྟེ། གང་དང་གང་དུ་གཡུལ་འགྱེད་དུ་འགྲོ་བ་དེ་གཞན་གྱིས་མི་ཐུབ་པར་འགྱུར་ཞིང་། ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། ལྷལ་བྱ་བ་བཞིན་དུ་གཙང་མས་བཅང་བར་བྱའོ།། ལི་ཡུལ་གྱི་བདག་པོ་རྒྱལ་པོ་དེས་ཀྱང་རས་ལ་འདུས་པ་ཆེན་པོའི་རི་མོ་བྲིས་ཏེ། རྒྱལ་པོའི་ཕོ་བྲང་གཙང་མར་བྱས་ཏེ། ཐམས་ཅད་དུ་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བརྒྱན་ནས། བདུག་པ་སྣ་ཚོགས་ཀྱི་སྣོད་ཀྱིས་བདུག་སྟེ། མེ་ཏོག་སྣ་ཚོགས་བཀྲམ་ཞིང་། མེ་ཏོག་གི་འཕྲེང་བ་སྣ་ཚོགས་ཀྱིས་མཛེས་པར་བྱས་ལ། དེར་གཡོག་གི་བྱ་བ་བྱེད་པ་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟར་རྒྱལ་པོ་བཙུན་མོ་འཁོར་དང་བཅས་པ་སྤང་བ་བཞིན་དུ་སྤང་བར་བྱ་ཞིང་། གཙང་མས་གོས་དང་ཟས་སྐོམ་གཙང་མར་བྱས་ཏེ། འདུས་པ་ཆེན་པོའི་རི་མོའི་གཟུགས་རྒྱལ་པོའི་གདན་ལ་བཞུགས་ནས། དེའི་མདུན་དུ་ས་གཞི་སྐྱང་ནུལ་གྱིས་ལེགས་པར་བྱུགས་པ་ལ་དཀྱིལ་འཁོར་བྱའོ།། བདག་ཉིད་ཀྱང་ཁྲུས་ལེགས་པར་བྱས། གོས་གཙང་མ་བགོས་ལ། གཡོག་དེ་རྣམས་ཀྱང་དེ་བཞིན་དུ་བྱེད་དུ་གཞུག་གོ།། གང་གི་ཚེ་ས་གཞི་དོག་པར་བྱེད་པ་དེའི་ཚེ། ཐེག་མར་བའི་རྣམ་ལྔས་རྒྱལ་པོའི་ཕོ་བྲང་ཐམས་ཅད་ཆག་ཆག་གདབ་བོ། ། ཡང་ན་སྤོས་ཐམས་ཅད་ཀྱི་ཆུས་གདབ་བོ།། དེ་ནས་དཀྱིལ་འཁོར་ཁྲུ་བཅུ་དྲུག་པ་གྲུ་བཞི་ལྷམ་པར་བྱས་ལ། དེར་ཁ་ཟས་རོ་སུམ་བརྒྱ་དང་། འབྲུ་མར་དྲི་ཞིམ་པོས་བསྒོས་པའི་མར་མེ་སུ་བརྒྱ་དྲུག་ཅུ་དང་། གདུགས་སྟོང་ཉིས་བརྒྱ་སུམ་ཅུ་དང་། བདན་སྟོང་ཉིས་བརྒྱ་སུམ་ཅུ་དང་། བུམ་པ་སུམ་ཅུ་རྩ་གཉིས་དང་། བུམ་པ་ཆེན་པོ་བཞི་དང་། རྔ་བོ་ཆེ་བཞི་གཞག་པར་བྱའོ།། གཟུངས་སྭ། འདི་ཡང་དཀྱིལ་འཁོར་དེའི་དབུས་སུ་གཞག་པར་བྱའོ།། སིལ་སྙན་མང་པོ་དཀྲོལ་ཞིང་། རོལ་མོ་བླ་མང་པོས་བསྒྲགས་པར་བྱའོ།། དེ་ནས་སྒྲུབ་པ་པོས་ཚངས་པ་ལ་སོགས་པ་ལྷ་རྣམས་ལ་བསྟོད་པ་གདོན་ཅིང་། གཟུངས་སྔགས་འདི་ཡང་བཟླས་བརྗོད་བྱས་ཏེ། སྒྲུབ་པ་པོ་དེས་སྒྲུབ་པའི་ཟླ་གང་ལྷ་ཐམས་ཅད་ཀྱི་བསྟན་པ་སྣ་ཚོགས་ཤེས་པ་གཞག་པར་བྱའོ།། ལས་འདི་ཞག་བདུན་གྱི་བར་དུ་བྱས་ནས་མཇུག་བཏུལ་ཏེ། ཞག་བདུན་པའི་ཉིན་པར་ཁྲུས་བྱའོ།། ལས་འདི་ནི་ཇི་ལྟར་སྔར་སྨོས་པ་དེ་བཞིན་དུ་ཚེས་ལྔ་ལ་བྱའོ།། སྒྲུབ་པ་པོ་ཉིད་དཀྱིལ་འཁོར་གྱི་དྲུང་དུ་འདུག་པར་བྱའོ།། མེའི་ཐབ་ཁུང་ནི་གཉིས་ཏེ། གཅིག་ནི་སྒྲུབ་པ་པོའི་ཕྱིར་བྱའོ།། གཅིག་ནི་སྒྲུབ་པའི་ཟླའི་ཕྱིར་བྱས་ལ། དེར་ལས་ཀྱི་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱའོ།། རྟ་གནས་ཀྱི་གཟུངས་སྔགས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། ། རྩཝ་དུར་བའི་སྦྱིན་སྲེག་ཀྱང་ལན་བརྒྱ་རྩ་བརྒྱད་བྱའོ།། གུར་ཀུམ་གྱི་ཆུས་དཀྱིལ་འཁོར་གསེར་གྱི་ཁ་དོག་བཞིན་དུ་གྱུར་ཀྱི་བར་དུ་ཆག་ཆག་མང་དུ་གདབ་པར་བྱའོ།། སྦྱིན་སྲེག་གི་མར་ནི་དྲི་ཞིམ་པོས་བསྒོས་པས་སྦྱིན་སྲེག་བྱའོ། ། དཀྱིལ་འཁོར་སྐྱང་ནུལ་གྱིས་མཛེས་པར་བྱུགས་པ། གང་གི་ཚེ་བཟླས་བརྗོད་རྩོམ་པན། རྔ་བོ་ཆེ་བརྡུང་ཞིང་རོལ་མོའི་སྒྲ་རྣམས་བསྒྲགས་ཏེ།། དཀོན་མཆོག་གསུམ་ལ་མཆོད་དབྱས་ལ། ཐོག་མ་ཚེས་ལྔའི་ཉི་མ་ནུབ་ཀའི་དུས་སྐབས་སུ་ལས་འདི་བརྩམ་ཞིང་གསང་སྔགས་བཟླས་བརྗོད་བྱའོ།། ཡང་ན་ཚེས་དྲུག་གམ་བདུན་ལ་བརྩམ་པར་བྱའོ།། ནང་པར་གྱི་དུས་སྐབས་སུ་ཐོག་མ་མེ་ལྷ་སྤྱན་དྲངས་ལ། ཇི་ལྟར་སྔར་བསྟན་པ་བཞིན་དུ། རྩཝ་དུར་བའི་སྦྱིན་སྲེག་བྱའོ།། རེའི་ཁ་ཟས་དེ་དག་ཀྱང་བྱིས་བྱུང་ལ་གསར་པ་གཞན་བཞག་པར་བྱ་སྟེ། ཞག་གསུམ་མམ། ཞག་བདུན་གྱི་བར་དུ་སྦྱིན་སྲེག་ཟིན་པའི་རྗེས་ལ། རོའི་ཁ་ཟས་གསར་པ་རྣམས་བཞག་པར་བྱའོ།། དཀྱིལ་འཁོར་དེའི་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་། དམ་པའི་ཆོས་དང་། སྐུ་གདུང་ཡང་གན་པར་བྱའོ། ། དཀྱིལ་འཁོར་དེར་གདུགས་བཅུ་དང་། རྒྱལ་མཚན་བཅུ་དང་། བ་དན་བཅུ་དང་། རྔ་བོ་ཆེ་བཅུ་དང་། དྲིལ་བུ་བཅུ་དང་། མེ་ཏོག་གི་འཕྲེང་བ་སུམ་བརྒྱ་དྲུག་ཅུ་དང་། མར་མེ་སུམ་བརྒྱ་དྲུག་ཅུ་རྣམས་གཞག་པར་བྱའོ། ། ལས་དེ་ལྟར་བྱས་པའི་རྗེས་ལ། དཀྱིལ་འཁོར་དེ་ཉིད་དུ་ཆེས་བརྒྱད་ལས་བརྩམས་ཏེ། ཚེས་བཅོ་ལྔའི་བར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྒྱས་པར་བརྩམན་བཟླས་བརྗོད་བྱའོ། ། གང་གི་ཚེ་རྟ་གནས་ཀྱི་གཟུངས་སྔགས་ཀྱི་ལས་དེ་དག་གིས་ལས་ཆེན་པོ་རྩོམ་མམ། ཡང་ན་གཡུལ་ཆེན་པོའི་ནང་དུ་འགྲོ་བར་འདོད་དམ། ཡང་ན་རྒྱལ་པོ་ཆེན་པོའི་དབང་ཕྱུག་གི་བདག་པོ་ཐོབ་པར་འདོད་ན། རྟ་གནས་ཀྱི་གཟུངས་སྔགས་འདི་ཇི་ལྟར་འདི་ལས་ཆོ་ག་རྒྱས་པ་སྔར་སྨོས་པ་དེ་བཞིན་དུ་བཟླས་བརྗོད་བྱས་ནས། དེའི་ཚེ་ལྷ་རྣམས་དམ་པ་དང་། དབང་བསྐུར་བ་སྦྱིན་པར་བྱེད་དོ།། གང་གི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྒྱས་པ་བཟླས་བརྗོད་བྱ་བར་རྩོམ་པ་ན། དཀྱིལ་འཁོར་དེ་ཉིད་དུ་སྔ་མའི་ལུགས་བཞིན་དུ་བྱས་ན། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་སྔོན་འོད་ཟེར་གཏོང་ཞིང་གཟུངས་སྔགས་བསྐུར་བ་གང་ཡིན་པ་དེ་དག་གི་ཐུགས་ལས་སྐྱེས་པའི་སྐུ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མང་པོ་དག་ཐབས་ཅིག་ཏུ་དེར་གཤེགས་ནས། དམ་བ་ཡང་སྩོལ་བར་མཛད་དེ། ལས་འདི་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་པ་ཡིན་ནོ།། གཟུངས་སྔགས་འདིའི་ལས་འདི་དག་ཆོ་ག་རྒྱས་པ་འདིའི་ལས་རྣམས་ནི། གང་གི་ཚེ་ལས་ཆེན་པོ་རྩོམ་མམ། ཡང་ན་ད། མཐོང་ནས་གཡུལ་དུ་འགྲོ་བ་དེའི་ཚེ་བཟླས་བརྗོད་བྱས་ཏེ། ཡ་ལ་དེ་ལ་བཟླས་བརྗོད་བྱས་ན། བདག་ཉིད་བསྲུངས་པར་འགྱུར་རོ།། དགྲ་སྟ་ལ་བཟླས་བརྗོད་བྱས་སམ། གཞུ་ལ་བཟླས་བརྗོད་བྱས་སམ། མདའ་ལ་བཟླས་བརྗོད་བྱ་སྟེ། དཀྱིལ་འཁོར་དེར་གུར་ཀུམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། དམག་མི་ཐམས་ཅད་དང་། རྟ་ཐམས་ཅད་ཀྱི་དཔྲལ་བར་ཐིག་ལེ་བྱས་ལ། གྲོང་ཁྱེར་གྱི་སྒོ་རྣམས་སམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་པོའི་ཁབ་ཀྱི་སྒོ་རྣམས་སུ་གུར་ཀུམ་དེས་བསྐུས་ན་ཐམས་ཅད་དུ་རྒྱས་པར་འགྱུར་ཏེ། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། དེ་ནས་ཡང་ལྷ་རྣམས་ཀྱིས་གཟུངས་སྔགས་གཞན་བྱིན་ཏེ། ན་མོ་བྲཧྨ་ཎེ། ན་མཿསརྦ་དེ་བ་ནཱན། ཏདྱ་ཐཱ། བྲཧྨ་ན་ཨཱན་དྲེ་དེ་བཱ་ནཱནྡ། པྲ་ཏིཥྛི་ཏེ། ཨ་ཤྭསྠཱ་ནཱ། བ་ར་ཨིན་དྲེ་སྭ་བ་རི་པ་རི། ཧ་ར་ཤྲཱིམ་ཨིན་དྲེ། སན་ཏསྨ་ར་བ་ར་ཧ་ར། ཨཱམ་བྷ་ཀུ་བྷ་ཀ་ཀྲྀ་གྲྀ་ཤྲཱི་ཨ་ལང་ཀཱ་ར། སརྦ་དེ་བ་གྲཱ་མ་སྭཱ་ཧཱ། འདི་ནི་ཚོལ་བའི་གཟུངས་སྔགས་ཡིན་ཏ། ཇི་ལྟར་འདོད་པ་བཞིན་དུ་དཀྱིལ་འཁོར་དེར་བཟླས་བརྗོད་བྱའོ།། གུར་ཀུམ་ལ་ལན་བདུན་བཟླས་བརྗོད་བྱས་ན། རྟ་གནས་ཀྱི་གཟུངས་སྔགས་ཀྱི་སྐབས་སུ་སྔར་བཤད་པའི་ལས་དེ་དག་ཐམས་ཅད་ཀྱང་བྱེད་པར་འགྱུར་ཏེ། ལན་བདུན་བཟླས་བརྗོད་བྱེད་པའི་མཆོད་པའི་ཆོ་ག་ནི་སྔར་བཤད་པ་ཡིན་ནོ། ། གང་གི་ཚེ་དམག་གི་ནང་དུ་འགྲོ་བ་ན། དེའི་ཚེ་གསང་སྔགས་འདི་དང་། རྟ་གནས་ཀྱི་གསང་སྔགས་ལན་བདུན་བདུན་བཟླས་བརྗོད་བྱས་ན། སྔར་བཤད་པའི་འོད་ཟེར་དང་། གཟུངས་སྔགས་རྣམས་དང་བཅས་པར་དམག་དཔོན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་ཤིང་ལུས་ལ་ཡང་བཅང་བར་བྱའོ། ། གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་ཀྱི་བཟླས་བརྗོད་རྩོམ་པ་དེའི་ཚེ། ཞག་བདུན་གྱི་བར་དུ་ལྷའི་གནས་སུ་འགྲོ་བ་བཞིན་དུ་གཙང་སྦྲ་བྱས་ཏེ། སྤང་བ་རྣམས་འདི་ལྟར་བྱའོ།། ཚེས་བཅུ་གསུམ་ལ་རྩོམ་ན་ནི་ཀུན་སྤང་བར་བྱའོ།། ཚེས་བཞི་ལ་རྩོམ་ན་ནི་ཤ་བཟའ་བར་མི་བྱའོ།། ཚེས་བཅོ་ལྔ་ལ་རྩོམ་ན་ནི་འབྲས་ཆེན་འོ་མ་དང་སྦྱར་བ་འམ། འབྲས་ཀྱི་འོ་ཐུག་གམ། འབྲས་ཆན་དང་། མར་བཟའ་བར་བྱས་ཏེ་ཆུ་བཏུང་བར་མི་བྱའོ།། དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བྱིན་ནོ། ། ན་མཿཤྲཱི་སུ་བརྗོད་ཏ་མ་པྲ་བྷཱ་ས་སྱ་ཏ་ཐག་སྱ་ཏདྱ་ཐཱ། བུད་དྷདྷརྨེ། ཨཱ་སང་གྷ་པྲ་ཏི། བཱ་སེ། བོ་དྷི་བོ་དྷི། དྲ་བེ་ཤྲཱི་ས་རེ་ས་རེ། བི་སརྦེ་དུཿཁ་ཤྲཱི་ཨ་ལང་ཀཱ་ར་སརྦ་དུར་པྲ་བྷ་སེ་བ་ར་པྲ་ཏིཥྛི་ཏེ་སཱཏྨ། གཟུངས་སྔགས་གང་དུ་རྟ་གནས་ཀྱི་རིག་སྔགས་བཟླས་བརྗོད་བྱེད་པ་དེར་བརྗོད་པར་བྱ་སྟེ། དངོས་གྲུབ་གང་འདོད་པ་དང་། ལས་གཞན་གང་བྱེད་ཀྱང་རུང་། ཡང་ན་གཏེར་འདོད་ན་ཡང་གཟུངས་སྔག་འདིས་ལན་སུམ་ཅུ་རྩ་གསུམ་བཟླས་བརྗོད་བྱའོ། ། དེ་ནས་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པརྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ།། གནོད་སྦྱིན་ནམ་འབྱུང་པོ་ཇི་སྙེད་མཆིས་པ་དེ་དག་བཟློག་པའི་སླད་དུ་བདག་ཅག་གིས་གཟུངས་སྔགས་འདི་བཤད་པར་འཚལ་ཏེ། འབྱུང་པོ་དང་། རིམས་དང་། ནད་ཐམས་ཅད་ཞི་བར་བགྱི་བ་དང་། གཞན་ཡང་སྐྱེས་པའམ། བྱིས་རྣམས་ཀྱི་ནད་གང་ཅི་ཡང་རུང་བ་དག་ལ་ལན་གསུམ་བསྲུང་བར་བགྱིའོ།། ཡང་ན་མདུད་པ་གསུམ་བགྱིས་ཏེ་བཏགས་ན། འབྱུང་པོས་བཏང་བའི་ནད་རྣམས་ཞི་བར་འགྱུར་རོ།། གང་གི་བུ་བཙས་ནས་མི་འཚོ་བ་དེས་ནི་བདག་ཉིད་ཀྱིས་བསྒྲུབ་པར་བྱ་སྟེ། བུ་རྣམས་ཀྱང་བསྲུང་བར་བྱའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཀྱང་གྲུབ་པ་སྩོལ་བར་གསོལ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་མཚན་གྱིས་གཟུངས་སྔགས་འདི་གསུངས་སོ།། ཏདྱ་ཐ། བང་ཀུ་དྲེ། བིཛྲ་ལ་ཕུཿསྭཱ་ཧཱ། གཟུངས་སྔགས་འདི་རྩམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རྡོ་རྗེ་རྒྱལ་མཚན་གྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་བྱ་བའི་ཕྱིར་གསུངས་ཏེ། གང་གི་སྣ་ནས་ཁྲག་འབྱུང་བ་དང་། གང་གི་ལུས་ལས་རྨ་འབྱུང་བ་དང་།། ཡང་ན་གཞི་གཞན་ལས་གྱུར་ཏེ། བུད་མེད་རྣམས་ཀྱི་ལུས་ལས་ཁྲག་འཛག་ཅིང་འབྱུང་བ་ལ་སྐུད་པ་མར་པོ་ལ་བསྔགས་ལ་སྤྱི་བོར་བཏགས་པར་བྱས་ཏེ།། རྨ་ལ་ནི་ཐུག་པར་ཡང་བྱའོ།། ཅི་སྟེ་རིམས་སམ། འབྱུང་པོས་བཏང་བའི་ནད་དམ། སྤང་བར་གྱུར་ན།། དེ་ལ་སྐུད་པ་ལ་བསྔགས་ནས་མདུད་པ་བཅུ་བྱས་ཏེ་མགུལ་དུ་བཏགས་སོ།། གང་ལ་འཁྲུའམ། མཁྲིས་པ་ལས་གྱུར་པའི་འཁྲུ་བ་ཡོད་པ་དེ་ལ་ནི། སྐུད་པ་སེར་པོ་ལ་མདུད་པ་བཅུ་བྱས་ཏེ་རྐེད་པར་གདགས་སོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུང་། སྔགས་འད་བཤད་དོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀཱི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐ། ས་རེ་ས་རེ། བི་ས་རེ་སརྦ་བི་ཤ་ན་ཤ་ནི་ཡཻ་སྭཱ་ཧཱ། འབྱུང་པོས་བཏང་བའི་ནད་ཐམ་ཅད་དང་། རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་དེ། གང་གི་ཚེ་ནད་པ་ཤི་ལ་ཐུག་པར་གྱུར་ཏེ། མདངས་འཕྲོག་པས་སྲོག་གི་ཕྱེད་ཕྲོགས་པ་དེ་ལ། གཟུངས་སྔགས་འདི་བརྗོད་པར་བྱའོ།། ཏདྱ་ཐཱ། བོ་དྷི་བོ་དྷི། ན་མཿཨཱརྱ་བ་ལོ་ཀི་ཏེ་ཤྭ་ར། རཤྨི་པྲ་བྷཱ་སེ་བྷཱུ་ཏ་ཛ་མ་བྷེ། ཕུ་ཕུ་ཕུ་ཕུ། ཀ་རུ་ལེ་ཕུཿསྭཱ་ཧཱ། གཟུངས་སྔགས་འདི་རིམས་ནད་ཐམས་ཅད་དང་། འབྱུང་པོའི་གདོན་ཐམས་ཅད་ཞི་བར་བྱ་བ་ལ། ལན་གསུམ་བརྗོད་ལ། སྐུད་པ་ལ་མདུད་པ་གསུམ་བོར་ཏེ་གདགས་སོ།། བཟླས་བརྗོད་ནི་ཟན་ཟོས་པའི་འོག་ཏུ་བྱའོ།། གཟུངས་འདི་ནི་སངས་རྒྱས་ཐམས་ཅད་དང་། སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། ། ན་མོ་ཨ་སྟི་ཀ་ར་ཛ་ར་ཀ་རི་བུདྡྷ་སྱ་ཏ་ཐཱ་ག་ཏ་སྱ་དྱཿ། ཨང་ག་རེ། མང་ག་རེ། པུ་ཙག་རེ། བུ་ཕད་ཛྲ། ཕུ་བུདྡྷ་ར་ཛེ་གུ་ཧྱ་ར་ཏེ་ཕུ་དྲི་བ་རེ་པུཿསྭཱ་ཧཱ། དུག་གི་གསང་སྔགས་ཡིན་ཏེ། གང་གིས་དུག་འཐུངས་སམ། ཕོལ་མིག་བྱུང་ངམ། རྨ་རེད་པ་ལ་ཁ་ཟས་སམ། ཡང་ན་ཆུའམ། སྨན་ནམ། ས་ལ་ལན་བདུན་བཟླས་བརྗོད་བྱས་ན། ཐམས་ཅད་ཞི་བར་འགྱུར་རོ།། དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་རྣམས་ཀྱིས་གཟུངས་སྔགས་བཤད་དེ། སྔར་གང་གི་ཡོན་ཏན་གསུངས་པ་དེ་དག་གི་མཚན་མས་བཅད་པའི་གཟུངས་སྔགས་བདག་ཅག་གིས་སྩལ་བར་བགྱིའོ།། ཏདྱ་ཐཱ། ཤན་ཏ་མུ་ཁེ་བི་མུ་ཁེ་བི་མ་ལེ། བི་མུ་ཁེ། དྲྀ་རྣ་མུ་ཁེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་འབྱུང་པོའི་རིམས་ཐམས་ཅད་དང་། ནད་བཞིའི་རིམས་རྣམས་དང་། ནད་འགྲོ་བཞི་པར་བགྱིད་པ་སྟེ། གཟུངས་སྔགས་འདི་ནི་འབྱུང་པོ་རྣམ་ཀྱིས་འགལ་བར་བགྱིར་མི་རུང་བ་ལགས་སོ། ། གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་བཟླས་བརྗོད་བགྱིད་པ་ན།། ཐོག་མར་གསང་སྔགས་འདི་དག་གིས་སྐུད་པ་གདགས་པར་བགྱིའོ།། དཀྱིལ་འཁོར་གྱི་ནང་དུ་མཆི་བའི་ཚེ་ཡང་དེར་མཚམས་འཛིན་པ་འདི་དག་གཞག་པར་བགྱི་སྟེ། གཟུངས་སྔགས་རེ་རེ་ཡང་ལན་གསུམ་གསུམ་བརྗོད་ལ། མདུད་པ་གསུམ་བོར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་བདུག་པ་ཐམས་ཅད་ཀྱིས་བདུག་པར་བྱའོ། ། དཀྱིལ་འཁོར་གྱི་མདུན་དེར་བྱང་ཆུབ་སེམས་དཔའ་སྤུནུ་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་བྲིས་པ་བཞག་ལ། དུ་རུ་ཀ་འམ། ཨ་ཀ་རུ་ནག་པོའི་བདུག་པ་བསྲེག་པར་བགྱིའོ། ། ལྷ་རྣམས་ལ་ནི་སྲ་རྩི་པོག་དང་། གུ་གུལ་གྱི་བདུག་པ་བསྲེག་པར་བྱ་སྟེ། དེའི་ཚེ་འདི་སྐད་དུ་སྨོན་ལམ་གདབ་པར་བགྱིའོ།། ཇི་ལྟར་བདག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། ལི་ཡུལ་གྱི་ཡུལ་འཁོར་ཀུན་ཏུ་བསྲུང་བའི་ཕྱིར་ལས་སུ་བཀའ་སྩལ་བ་དང་། ཇི་ལྟར་ལྷ་རྣམས་ཀྱིས་བདག་གི་གྲོགས་བགྱིའོ་ཞེས་དམ་བཅས་པ་དེ། སངས་རྒྱས་རྣམས་ཀྱིས་བཀའ་སྩ་པ་དག། ལྷ་རྣམས་ཀྱིས་དམ་བཅས་པ་བཞིན་དུ། བདག་གི་ལས་འདི་དེ་བཞིན་དུ་ངེས་པར་འགྲུབ་ཅིང་མཐར་ཕྱིན་པར་གྱུར་ཅེས་བགྱིའོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་འདི་བཤད་དོ། ། དེ་བཞིན་གཤེགས་པ་གསེར་མཆོག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རབ་ཏུ་འཇིགས་ཤིང་བག་ཚ་དང་བྲལ་བ་དྲང་སྲོང་ཆེན་པོར་གྲགས་པ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཀ་ར་བཱ་ར། ཨཱི་རི་བི་རི། ས་སུ་ར་མ་མ་ར། བ་པ་ར། བུདྡྷ་ཨ་དྷཱིཪྵཱི་ཏེ། དྷརྨ་ཨ་དྷིཥྞཱི་ཏེ། སང་གྷ་ཨ་དྷིཥྞཱིཏ། བྲཧྨ་ཨ་དྷིཥྛི་ཏེ། ཤཀྱ་ཨ་དྷིཥྛི་ཏེ། བཛྲ་པཱ་ཎི་གུ་ཧྱ་ཀ་ཨ་དྷིཥྞཱི་ཏེ། བིགྷྣཱ་སབྷྲྀནྣ་ཏེ། སརྦ་དེ་བེ་ཨ་དྷིཥྛི་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལག་ན་རྡོ་རྗེའི་གསང་བའི་ཡེ་ཤེས་ཆེན་པོའི་མདོ་ལས་གསུངས་ཏེ། ནད་ཐམས་ཅད་དང་། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ།། དེ་བཞིན་གཤེགས་པ་གནོད་པ་ཐམས་ཅད་གཅོད་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། བཛྲ་ཀ་ར། དར་མ་ར། སར་པ་ཏརྱ། ཨ་ཥ་ཥ། བི་བི་སུ་ཁ་ཀར་སྭཱ་ཧཱ། གཟུངས་སྔགས་འདི་ནི་དབང་བསྐུར་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་སོ།། སྱཱད་ཡ་ཐེད་ན། དེ་བ་ཙ་ར་པ་དེ་མཱ་ར། མཎ་ཌ་ལ་ས་མ་སི་དེ་བ་ནཱན། བུདྡྷ་དེ་བནཱན། པུཎྱེ་ཀ་ར། སརྦ་པཪྵ་ཀརྱ་པྲཛྙཱ་ཛཱ་ནཱ། ཨཱ་ཧཱ་ར་མི་ཀ་ར་སིདྡྷ་ན་སཱ་ཧཱ། དབང་བསྐུར་བའི་ཕྱིར་འཁོར་ཐམས་ཅད། ཀྱིས་སྨྲས་སོ།། ཏདྱ་ཐཱ། ཚད་ཙ་ར་ཙ་ར་ཙ་ར། ཀ་ར་ཧུ་རཀྵ་ཧོ་ར། ད་ད་དང་། ཀ་ར་ཀྵ་སྭཱ་ཧཱ། འདི་ལྟར་བདུད་ཀྱི་དཔུང་གིས་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་ལས་སྤྱོད་མ་ནུས་པ་དེ་བཞིན་དུ། གསང་སྔགས་འདིས་གཞོན་ནུ་རྡོ་རྗེ་སྡེ་ཉིད་ཀྱིས་དམ་བཅས་པ་ལས་སུས་ཀྱང་སྐྱོད་པའམ། བཟློག་པར་མི་ནུས་སོ།། དེ་ནས་འཁོར་དེའི་ནང་ནས་དམོད་པས་ཕོག་པ་ལྷ་མོ་དང་། བུད་མེད་འཁོར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས། ལྷ་མོ་དྲི་མ་མེད་པའི་འོད་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཀྱིས་བུད་མེད་དུ་སྐྱེ་བ་ལས་ཐར་པར་འགྱུར་བའི་གཟུངས་སྔགས་བཅོམ་ལྡན་འདས་ལས་ནོས་ལ་བདག་ཅག་ལ་བྱིན་ཅིག་དང་། བདག་ཅག་གིས་ཁྱོད་ལས་གཟུངས་སྔགས་གཟུང་བར་བྱའོ།། དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ལ་གཟུངས་སྔགས་གསོལ་ནས་བྱིན་ནོ།། ཏདྱ་ཐཱ། ཛ་ལོ་ཀ་མན་ཏ་པ། སརྦ་བྷུ་ཡ་སྲ་ཀ་ར་སྭཱ་ཧཱ། གཟུངས་སྔགས་འདི་སུས་བརྗོད་པ་ནི་བུད་མེད་དུ་སྐྱེ་བ་ལས་ཐར་པར་འགྱུར་རོ།། ཏདྱ་ཐཱ། སརྦ་བུདྡྷཱ་ནཱན། ས་དེ་ག་མ་ར། ག་ཎ་པཱ་ཤ་ར་ར་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་གཟུངས་སྔགས་འདི་བཤད་དེ། འདིས་ནི་བར་ཆད་བྱེད་པར་མི་ནུས་སོ།། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ལ་འདི་སྐད་ཅེས་གསོལ་ཏོ།། གཟུངས་སྔགས་གང་གིས་ཤེས་རབ་འཐོབ་པར་འགྱུར་བ་དང་། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་སྩལ་པ་བཞིན་དུ་སུག་ལས་དེ་དག་བགྱིད་ནུས་པར་འགྱུར་བ་དང་། བདག་ཅག་ལ་བར་ཆད་བགྱིད་མི་ནུས་པ་དང་། བདག་གི་བར་ཆད་བགྱི་བར་སྨོན་ལམ་འདེབས་པ་དེ་དག་གིས་ཀྱང་བདག་ལ་གཙེ་བར་མི་ནུས་པ་དང་། བདག་གིས་རིམས་ཀྱིས་སངས་རྒྱས་ཀྱི་འཕྲིན་ལས་བགྱིད་པར་འགྱུར་བ།། སེམས་ཅན་ཐམས་ཅད་ཀྱི་ཆོས་དང་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་བའི་གཟུངས་སྔགས་དེ་བདག་ལ་སྩལ་དུ་གསོལ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་འདི་སྐད་ཅེས་གསུངས་སོ།། སུས་ཀྱང་སེམས་འཁྲུགས་པར་བྱེད་མི་ནུས་པར་ངེད་ཀྱིས་གྲོགས་བྱའོ།། དེ་བཞིན་གཤེགས་པ་ཆོས་མངོན་པའི་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཨ་བྷི་ཥི་ཀ། དྷི་ད་བྷི། ཨ་ར་བྷརྱ་ཛ་བ་ར། ཀུ་མ་ས་སརྦ་ཨ་བ་པྲཱི་ཡ་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་ཐམས་ཅད་ཀྱིས་དྲི་མ་མེད་པའི་འོད་ཀྱི་ཕྱིར་གསུངས་སོ།། ཏདྱ་ཐཱ། བྲཧྨ་ཤཀྲ་ཙ་ས་བ་ཧི། བེ་ར་མ་ཀག་མ་ན་ཀུན་ས་མན་ཛ་ནུ་དཱ་རུ། པར་མཛིན་ཛྭ་ར་ཛ་ཛ་ནི། ཛི་ན་པི་བན་ཀ་ར། ཀདྷཱ་ད་ར་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དྲི་མ་མེད་པའི་འོད་ལ་སྣང་བ་རྣམས་ཀྱིས་ནས་ཀྱང་སྡིག་པའི་ལས་བྱེད་མི་ནུས་པར་བྱ་བའི་ཕྱིར་གསུངས་ཏེ། སྐུད་པ་ལ་མདུད་པ་བདུན་བོར་ལ། མགུལ་དུ་བཏགས་ན་བར་ཆད་བྱེད་པའམ། ཕམ་པར་བྱེད་མི་ནུས་སོ།། ཏདྱ་ཐཱ། ཧ་ཏེ་བི་ཧ་ཏེ། ཡ་ཀུན་ཎ་མ་སྭཱ་ཧཱ། འགགས་སྤྱན་རས་གཟིགས་དབང་ཕྱུག་ལྷ་མོ་དྲི་མ་མེད་པའི་འོད་སྡིག་བསལ་བའི་ཕྱིར་བཤད་དེ། བསྲུང་བའི་ཕྱིར་སྐུད་པ་ལ་མདུད་པ་བདུན་བོར་ནས་མགུལ་དུ་བཏགས་ཏེ། ཟན་ཟོས་པའི་འོག་ཏུ་བརྗོད་པར་བྱའོ། ། དེ་ཆེ་ལྷ་མོ་དྲི་མ་མེད་པ་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། གཟུངས་གང་གིས་མིག་ནད་ཞི་བར་འགྱུར་བ་དེ་ཡང་བདག་ལ་སྩལ་དུ་གསོལ།། དེ་བཞིན་གཤེགས་པ་མིག་རྣམ་པར་སྤྱོད་བ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མིག་གི་རབ་རིབ་ཀྱི་མུན་པ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྤྱན་ལ་གནས་པ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཏ་ཏ་ཙཀྵུ་ར་མ་ལཱ་བཱ། མི་བྷ་ས་ར། མ་མ་ཙཀྵུརྠཤྲོ་ཏྲ། པྲ་བྷ་ས་ཀར་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། ཉིན་གཅིག་བཞིན་དུ་ཆུལ་ལན་བདུན་བཟླས་བརྗོད་བྱས་ཏེ་མིག་ལ་ཕྱི་བར་བྱའོ། ། མིག་སྨན་ལ་ལན་ལྔ་བཟླས་བརྗོད་བྱས་ཏེ་བྱུག་པར་བྱའོ།། ན་མོ་བཛྲ་དྷྭ་ཛ་སྱ་ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཨིན་ཊི་ནི་བི་ཊི་ནི། ན་ཤ་རེ་ཨཱ་ག་རེ། བ་ཁ་རེ་པུ་ཀ་ལ་ཁཱ་རེ་ཕུཿསྭཱ་ཧཱ། གཟུངས་སྔགས་འདི་ནི་འཇིགས་པ་ཐམས་ཅད་བསལ་བ་དང་། གྲོང་ཁྱེར་བསྲུང་བའི་ཕྱིར་བྱ་བ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲིམ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེལ་དེ་སྐད་ཅེས་བཀའ་སྩལ་ནས། དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་བུ་གཞོན་ནུ་རྡོ་རྗེ་སྡེ་གང་གི་ཚེ་བཙས་པ་དེའི་ཚེ། བདག་གི་བུས་ཕྱིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཅི་ནས་ཀྱང་ཐོབ་པར་བྱ་བའི་ཕྱིར། དེའི་ནུ་བོ་རྒྱལ་པོའི་བུ་གཞོན་ནུ་རྒྱལ་པོ་མ་སྐྱེས་དགྲའི་ནུ་བོའི་མཐེ་བོ་ཕུ་བོས་གཅོད་དུ་བཅུག་པའི་རྒྱལ་པོའི་བུ་གཞོན་ནུ་འཁོར་དེའི་ནང་ན་འདུག་པ་དེས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། ། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་སྲིད་འཛིན་པར་འགྱུར་བ་དེའི་ཆུ། བདག་ལི་ཡུལ་གྱི་རྒྱལ་པོར་གྱུར་ཏེ། ཡུལ་གཉིས་ཀ་གཟུང་བའི་ཕྱིར་བདག་དེའི་གྲོགས་སུ་གྱུར་ལ། དེ་ཕྱིན་ཆད་གཅིག་ལ་གཅིག་དགྲ་བྱེད་པ་མེད་པར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་བྲམ་ཟེ་ཀོའུ་དི་ནྱའི་སློབ་མ་བྲམ་ཟེའི་བུ་ཞིག་ཡོད་པ་ལས། དེས་བྲམ་ཟེ་སངས་རྒྱས་ལམ་དད་པ་གཞན་ཞིག་གི་སློབ་མར་བྱིན་ནས། བྲམ་ཟེ་དེ་ཡང་རབ་ཏུ་བྱུང་བ་མ་ཡིན་ཏེ། འཁོར་དེའི་ནང་ན་འདུག་པ་དེས། སངས་རྒྱས་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་མཐོང་ངོ་། ། དེ་ནས་སྨོན་ལམ་བཏབ་པས། བདག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ངེས་པ་ཁོ་ནར་བསླབས་ཏེ། རྟོག་པར་བྱས་ལ། ལྷ་མོ་དྲི་མ་མེད་པའི་འོད་དེ་ལ། རྟ་གནས་ཀྱི་གཟུངས་སྔགས་དེ་གྲུབ་པར་བྱ་བའི་ཕྱིར། གཟུངས་སྔགས་སྦྱིན་པར་གྱུར་ཅིག་ཅེས་བྱས་སོ།། གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བདུད་ཀྱི་དཔུང་ལས་རྒྱལ་བར་འགྱུར་བའི་གཟུངས་སྔགས་འདིས་གཞོན་ནུ་རྡོ་རྗེ་སྡེ་རྒྱལ་སྲིད་ཀྱི་བྱ་བ་ཆོས་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་རོ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རིགས་མཆོག་ཀུན་ཏུ་དཔ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། སརྦ་ཀར་ཎེ། སརྦ་མ་ར་ཧ་ར་ཎེ། ཛ་ལི་ཛི་ཙ་ལི། མ་ར་བ་ར་ས་ར་ས་ར་བ་ར་སྭཱཧཱ། བདུད་ཀྱིས་མི་ཐུབ་པའི་གཟུངས་སྔགས་འདི་ཟན་ཟོས་པའི་འོག་ཏུ་ལན་བདུན་བརྗོད་པབར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བདུད་བཅོམ་པ་དེ་བཞིན་དུ། གཞོན་ནུ་རྡོ་རྗེ་སྡེ་རྒྱལ་བར་འགྱུར་ཞིང་མཚམས་ཀྱང་གཅོད་པར་འགྱུར་རོ།། རྟ་གནས་ཀྱི་རིག་སྔགས་ཇི་ལྟ་བ་དེ་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། ། གུར་ཀུམ་ལ་བསྔགས་ཏེ་ཐིག་ལེ་བྱས་སམ། སྐུད་པ་ལ་མདུད་པ་བདུན་བོར་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ནམ་དམག་གི་ནང་དུ་འགྲོ་བའི་ཚེ་ལུས་ལ་བཏགས་ཏེ་བཅངས་ན། རྒྱལ་པོ་ཐོབ་པར་འགྱུར་ཏེ། གཟུངས་སྔགས་སྔ་མ་རྣམས་ཇི་ལྟ་བ་དེ་བཞིན་དུ་བཟླས་བརྗོད་བྱའོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྟ་གནས་ཞེས་བྱ་བ་རིག་སྔགས་གསུང་བ་དེའི་ཚེ། བཅོམ་ལྡན་འདས་ཀྱིས། ལྷ་རྣམས་དང་། འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་འདིར་འདུས་པ་གང་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་རྟག་ན། ཞེས་བྱ་བའི་གཟུངས་སྔགས་བྱིན་པ་བཞིན་དུ། ངས་ཀྱང་ཁྱེད་ལ་གཟུངས་སྔགས་བྱིན་པར་བྱ་སྟེ། གང་གིས་དགྲ་ཐམས་ཅད་དང་བར་འགྱུར་བ་དང་། གང་གིས་བདག་ཉིད་ཤིན་ཏུ་བྱིན་དང་ལྡན་ཞིང་། གཟི་བརྗིད་དང་རབ་ཏུ་ལྡན་པར་འགྱུར་བ་དང་། གཞལ་མེད་ཁང་དང་། ཁྱིམ་གྱི་ནང་ན་གནས་པ་གང་ཡིན་པ་དག་ལ་བདེ་ལེགས་སུ་འགྱུར་བ་དང་། འཐབ་པ་དང་གཡུལ་འགྱེད་པ་གང་ཡིན་པ་རྣམས་མེད་པར་འགྱུར་བའི་གཟུངས་སྔགས་འདི་ལྷ་མོ་དྲི་མ་མེད་པའི་འོད་དང་། ། གཞོན་ནུ་རྡོ་རྗེ་སྡེ་དང་། ལི་ཡུལ་གྱི་དོན་གྱི་ཕྱིར་འཁོར་བཞི་པོ་ཁྱེད་རྣམས་ལ་སྦྱིན་པར་བྱ་སྟེ། ཅི་ནས་ཀྱང་གཟུངས་སྔགས་འདིས་ཁྱེད་བྱིན་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པར་འགྱུར་བ་དང་། དེ་བཞིན་དུ་གཞོན་ནུ་རྡོ་རྗེ་སྡེ་གནོད་པ་ཐམས་ཅད་ལས་ཐར་པར་བྱའོ།། དེ་ནས་དེའི་ཚེ་སའི་དབང་ཕྱུག་སུམ་ཅུ་རྩ་གཉིས་པོ་དེ་དག་དང་འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དབང་པོ་ཀུན་ཏུ་རྒྱལ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། འཕྲོག་མ་བུ་དང་འཁོར་དུ་བཅས་པ་དང་། ལི་ཡུལ་གྱི་སྲུངས་མ་གང་ཡིན་པ་དེ་དག་ཐམས་ཅད་སྟན་ལས་ལང་ས་སྟེ། བཅོམ་ལྡན་འདྲ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་ལི་ཡུལ་སུག་པར་བླང་བར་འཚལ་ཏེ། གང་གི་ཚེ་དྲི་མ་མེད་པའི་འོད་དང་། རྡོ་རྗེ་སྡེ་དེར་སྐྱེ་བ་ལེན་པར་འགྱུར་བ་དང་། གང་གིས་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། དེ་གཉིས་ཀྱི་སྟེང་དུ་འོད་ཟེར་གཏོང་ཞིང་དམ་པ་སྩོལ་བར་མཛད་ན། དེར་བདག་ཅག་མཆི་ཞིང་དམ་པ་ཡང་སྩལ་བར་འཚལ་ན། བཅོམ་ལྡན་འདས་བདག་ཅག་ལ་གཟུངས་སྔགས་བཤད་དུ་གསོལ། བདག་ཅག་གིས་གཟུང་བར་འཚལ་ལོ།། དེའི་ཚེ་སངས་རྒྱལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་གཏོང་བ་གང་ཡིན་པ་དེ་དག་དང་། དེ་བཞིན་གཤེགས་པ་ཚིག་གི་བརྗོད་པ་གཏོང་བ་གང་ཡིན་པ་དེ་དག་གིས་གཟུངས་སྔགས་འདི་གསུངས་སོ།། དེ་བཞིན་གཤེགས་པ་སྤང་བའི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཤིན་ཏུ་འཕགས་པ་སངས་རྒྱས་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱགས་འཚལ་ལོ།། དེ་བཞིན་གཤེགས་པ་སེང་གེའི་ཆོས་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་མཉམ་པ་ཉིད་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་རྣམ་པར་སྣང་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་སྙིང་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་ཡོད་ཏན་བསྔགས་པ་དཔལ་གྱིས་བརྒྱན་པའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། བ་ར་ཨིནྣེ། པ་ར་ཨ་པ་ར། ཨིནྣེ། ར་ཎཱ་མ་བྷེ། ཨཱ་ཀཱ་ཤ་ཀ་བ་ཀེ། ཨིནྣེ། ཏ་སྐ་བ་ཀ་ར་ཊ། བ་བ་རུ་ཀ་པྲ་བྷ། ཥ་བ་སུ་ར། པྲ་ཏི། ཏིཥྛི་ཐ་ཏན་ཏུ་རུ་ཨིནྡྲ་སྭཱ་ཧཱ། གཟུངས་སྔགས་འདི་ནི་རྣམ་པར་སྣང་བྱེད་ཅེས་བྱ་སྟེ། གཟུངས་སྔགས་འདིས་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཏེ། གཟི་བརྗིད་དང་ལྡན་པར་འགྱུར་རོ།། སེམས་ཅན་རྣམས་ཀྱིས་ངག་མཉན་པར་འགྱུར་ཞིང་། བསྒོ་བ་མི་གཅོག་པར་འགྱུར་རོ།། མར་ཡང་འདིས་བཙོ་བར་བྱ་སྟེ། སྲ་རྩི་པོག་དང་། ཙན་དན་སྣ་གསུམ་དང་། ཛྷམ་ཀྱི་དང་། ཕ་བོང་གི་དྲེག་པ་དང་།། འབུག་སུག་ཧང་དང་། གར་ཀོ་ཏི་དང་། ཤུག་པ་དང་། སུག་སྨེལ་དང་། པི་པི་ལིང་དང་། རྨ་ཤིང་དང་། ཨ་བ་ཡག་དང་། པུ་ཤེལ་ཙི་དང་། སྣ་མ་དཀར་པོའོ་མེ་ཏོག་རྣམས་ལས་སྨན་གཞན་རྣམས་བསྡོམས་པའི་ཚད་ཇི་ཙམ་ཡོད་པ་སྣ་མ་དཀར་པོའི་མེ་ཏོག་ཀྱང་དེ་ཙམ་དུ་བྱས་ཏེ། དེ་རྣམས་མར་དྲང་ཆུའི་ནང་དུ་བཅོས་ལ། གཟུངས་སྔགས་འདི་དང་། དཀྱིལ་འཁོར་འདིར་སྔར་བཤད་པའི་རྟ་གནས་ཀྱི་རིག་སྔགས་ཀྱིས་གདབ་པར་བྱའོ།། དེ་ལྟར་བྱས་ན་ལེགས་པར་བསྒྲུབས་པ་ཡིན་ཏེ། གང་གི་ཚེ་དེ་ཚེས་པར་གྱུར་པ་ན། ལན་སུམ་ཅུ་རྩ་གསུམ་བཟླས་བརྗོད་བྱས་ཏེ་འཐུངས་ན། ནད་ཀྱི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། དེའི་ཚེ་ལྷ་རྣམས་ལ་བསྟོད་པ་བརྗོད་པར་བྱའོ།། རྣམ་པར་སྣང་བྱེད་ཅེས་བྱ་བའི་མར་འདི་དང་། རྣམ་པར་སྣང་བྱེད་ཅེས་བྱ་བའི་གཟུངས་སྔགས་འདི་ལྷ་དང་མི་རྣམས་དགའ་བར་བྱེད་པ་ཡིན་ནོ། ། གང་གི་ཚེ་གཟུངས་སྔགས་འདི་བརྗོད་པ་དེའི་ཚེ་ལྷ་རྣམས་ཀྱི་དགའ་བའི་སྐྱེད་མོས་ཚལ་ཤིན་ཏུ་མཛེས་པར་འགྱུར་ཏེ། སེམས་དང་ཞིང་། དགའ་བར་གྱུར་ནས། དེའི་ཚེ་ལྷ་དེ་དག་གིས་སངས་རྒྱས་ཀྱི་བཀའ་དྲན་པར་འགྱུར་ཏེ། ལྷ་མོ་དྲི་མ་མེད་པའི་འོད་གང་ན་འདུག་པ་དེར་ལྷགས་ནས་དེ་དག་གིས་འདི་སྐད་དུ། གང་གི་ཚེ་ཁྱོད་ཀྱིས་རྣམ་པར་སྣང་བྱེད་ཀྱི་གཟུངས་སྔགས་བརྗོད་པ་དེའི་ཚེ། ཁོ་བོ་ཅག་གི་དགའ་བའི་སྐྱེད་མོའི་ཚལ་ཤིན་ཏུ་མཛེས་པར་འགྱུར་ཏེ། ཤིན་ཏུ་ལྷག་པར་བརྩེགས་ཀྱིས། གང་བདག་ཅག་གིས་གཞོན་ནུ་རྡོ་རྗེ་སྡེའི་ཕྱིར་སྔོན་བཅོམ་ལྡན་འདས་ལ་གསོལ་བ་བཞིན་དུ། ཁྱོད་ཅི་འདོད་པའི་དམ་པ་ཐམས་ཅད་ཁྱོད་ལ་སྦྱིན་ནོ་ཞེས་ཟེར་རོ།། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། བཅོམ་ལྡན་འདས་དང་ལྷ་རྣམ་ཀྱི་ཚིག་དེ་དག་ཐོས་པ་དེའི་ཚེ། པུས་མོའི་ལྷང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གང་སྤྲུལ་པའི་སུག་ལས་འདི་ཤིན་ཏུ་ཆེ་བ་ལགས་ཏེ། ཅི་ནས་བཅོམ་ལྡན་འདས་དང་། ལྷ་རྣམས་ཀྱིས་གྲོགས་མཛད་ན། ལི་ཡུལ་གྱི་ཡུལ་འཁོར་བདག་ཅག་གིས་སུག་པར་བླང་བར་འཚལ་ལོ།། དེའི་ཚེ་དྲི་མ་མེད་པའི་འོད་ཀྱིས་སྨྲས་པ། གང་གི་ཚེ་ཡུལ་དེ་བསྲུང་བའི་དུས་ལ་བབ་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་བདག་གི་སྟེང་དུ་འོད་ཟེར་གཏོང་བར་གྱུར་ཅིག། ཅི་ནས་ཀྱང་གང་གིས་གཟུངས་རྟོགས་པར་གྱུར་པའི་བཟོད་པ་དེ་ཡང་ཐོབ་པར་གྱུར་ཅིག། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་སྔོན་འོད་ཟེར་གཏོང་བ་གང་ཡིན་པ་དང་། འོད་ཟེར་དག་ལས་ཚིག་རྣམས་གསུང་པ་གང་ཡིན་པ་དེ་དག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། དྲི་མ་མེད་པའི་འོད་ལེགས་སོ་ལེགས་སོ།། གང་གི་དུས་ལ་བབན། དེའི་ཚེ་ཁྱོད་འདི་ལྟ་བུར་མྱ་ངན་བྱེད་ཅིང་སྐྱོ་བར་གྱུ་པ་ཡོད་དེ། གང་གི་ཚེ་སྔོན་གྱི་དགེ་བྱེད་དང་། སྡིག་བྱེད་ཀྱི་གྲོགས་པོ་གང་ཡིན་པ་དེ་དག་གཡུལ་འགྱེད་པར་ཆ་བ་དེའི་ཚེ། ཁྱོད་ཀྱི་མིང་པོ་གཞོན་ནུ་རྡོ་རྗེ་སྡེ་འབྱུང་བར་འགྱུར་ལ། གཡུལ་དེའི་ནང་དུ་གཏོག་པར་འགྱུར་ཏེ། དེའི་ཚེ་ཁྱོད་མྱ་ངན་བྱེད་ཅིང་སྐྱོ་བར་གྱུར་པ་དེས་ན། འདི་སྙམ་དུ་བདག་ནི་ཤི་ཡང་བླའོ་སྙམ་དུ་སེམས་པར་འགྱུར་ཏེ། དེའི་ཚེ་ཁྱོད་གནས་གཅིག་ཏུ་འདུག་ནས། དེ་བཞིན་གཤེགས་པའོ་དཔག་མེད་ཀྱི་གཟུངས་སྔགས་བདུད་རྩི་རྔ་དབྱངས་ཞེས་བྱ་བ་བརྗོད་ཅིང་། དེར་བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཏེ། འདི་སྐད་དུ་ཡིད་ལ་བསམས་པ་སྣ་གསུམ་ལས། གཅིག་མ་གྲུབ་ཀྱི་བར་དུ་བདག་མྱ་ངན་གྱི་ཁང་བུ་ནས་མི་འབྱུང་སྟེ། ཡང་ན་ནི་མིང་པོ་དང་ཕྲད་པར་གྱུར་ཅིག། ཡང་ན་ནི་བདག་འཆི་བར་གྱུར་ཅིག། ཡང་ན་ནི་འཁོར་བ་ལས་མཐར་བྱེད་པར་གྱུར་ཅིག་ཅེས་ཟེར་བར་འགྱུར་རོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཁྱོད་ཀྱིས་མྱ་ངན་གྱི་ཁང་བུ་དེར་གང་གི་གཟུངས་སྔགས་རྟོགས་པར་འགྱུར་བའི་བཟོད་པ་ཐོབ་པར་འགྱུར་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཁྱོད་ཀྱི་སྟེང་དུ་འོད་ཟེར་གཏོང་བར་འགྱུར་ཏེ། ལྷའི་རོལ་མོའི་སྒྲ་ཡང་ཐོབ་པར་འགྱུར་རོ།། ལྷའི་འཁོར་གྱི་སྒྲ་ཡང་ཐོས་པར་འགྱུར་རོ།། ལྷའི་རྔ་སྒྲ་ཡང་ཐོས་པར་འགྱུར་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པར་འགྱུར་རོ།། བྱིར་མི་ལྡོག་པའི་འཁོར་ལོའི་གཟུངས་སྔགས་ཀྱང་རྟོགས་པར་འགྱུར་ཏེ། དེ་ནས་གང་གིས་ཁྱོད་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་བའི་གཟུངས་དེ་དག་ཀྱང་ཐོབ་པར་འགྱུར་རོ། ། །། དྲི་མ་མེད་པའི་འོད་ཀྱིས་ཞུས་པ་བམ་པོ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སྡུག་པའི་ནུ་བོ་དུས་འདི་དྲན་པར་གྱིས་ཤིག། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་གྱི་ནང་དུ་གཤེགས། དེའི་ཚེ། འུ་བུ་ཅག་གཉིས་ཀྱིས་ལུང་བསྟན་པ་ཐོབ་ནས་དེ་ན་འདུས་ཏེ། ཁྱོད་ཀྱིས་སྨོན་ལམ་ཆེན་པོ་བཏབ་པ། བདག་སེམས་ཅན་འཇིགས་ཤིང་སྐྲག་པབ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཐར་པར་གྱུར་ཅེས་བྱས་ཀྱིས། ཁྱོད་ཀྱིས་ངའི་ལི་ཡུལ་དང་། ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལག་ཏུ་བཏང།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་པ་ལ་གཞོན་ནུ་དང་། ནམ་མཁའི་སྙིང་པོ་དང་། མཐུ་ཆེན་ཐོབ་དང་། སྨན་གྱི་རྒྱལ་པོ་དང་། རབ་ཏུ་སྦྱིན་པ་ལ་དཔའ་བ་དང་། སའི་སྙིང་པོ་དང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སྔོན་མཛའ་བོ་དང་། སྤུན་དུ་གྱུར་པ་གང་ཡིན་པ་དང་། བདག་ཅག་གྲོགས་བོར་གྱུར་པ་དབང་ཕྱུག་གི་ལྷ་དང་། ལྗོན་ཤིང་གི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེ་ཐ་སྐར་དབང་ཕྱུག་དང་། གཅོད་པའི་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། ཚེགས་ཀྱིས་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། འོད་ཀྱི་དཔ་ཕྱུག་དང་། སྐྱེ་བའི་དབང་ཕྱུག་དང་། ཐམས་ཅད་ཀྱི་ལྷ་དང་། འདི་དག་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གྲོགས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་ལག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལི་ཡུལ་བསྲུང་བ་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་འཇལ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བདག་ནི་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱུང་བ་གང་ལགས་པ་རྣམས་དང་། ཕྱིས་འབྱུང་བ་རྣམས་དེ་དག་གིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་གྲོགས་སུ་གྱུར་པ་ལགས་ཏེ། ཆོས་ཀྱང་མཉན། བདག་གིས་ཀྱང་ལི་ཡུལ་ཡོངས་སུ་བསྲུང་བའི་སླད་དུ་ནོད་པར་འཚལ་ཏེ། དེར་སྐྱེ་བ་བླངས་ནས་རིང་བསྲེལ་བགོ་བར་བགྱིའོ།། ལྷ་མོ་འདི་ལ་ཡང་གཟུངས་སྔགས་གང་གི་ཚེ་རབས་དྲན་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ལས་ཆོས་ཅི་ཐོབ་པ་དེ་དག་ཐམས་ཅད་དྲན་པར་འགྱུར་བའི་གཟུངས་སྔགས་སྩལ་བར་བགྱིའོ།། དེ་བཞིན་གཤེགས་པ་སྣང་བ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་གླང་པོ་ཆེ་བྱེད་པར་ཕྱག་འཚལ་ལོ། ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། བཱ་སཱུ་དྷ་རེ་བྷ་ཤད་ཛེ། བཱ་ཛ་རཱ་ཤྨི་སྭཱ་ཧཱ། འདི་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་བརྗོད་བྱས་ན། ཚེ་རབས་དྲན་པར་འགྱུར་ཏེ། སྔོན་ཆོས་ཅི་ཐོབ་པ་དེ་དག་ཐམས་ཅད་དྲན་པར་འགྱུར་རོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གཟུངས་སྔགས་འདི་བཤད་དོ།། ཏདྱ་ཐཱ། པྲད་ཏྱུ་ན་རུ་ཎི། པྲད་ཏྱཱ་པ་རཱ། ཀཱ་ར། ན་རི། ཀྵ་ཎི་སྭཱ་ཧཱ། གང་གི་ཚེ་རྣལ་འབྱོར་སྤྱོད་པ་ལ་ཕྱོགས་གཅིག་ཏུ་འདུག་པ་དེའི་ཚེ་བཟླས་བརྗོད་བྱས་ནས། རྣམ་པར་རྟོག་པ་རྣམས་ཀྱང་བྱང་བར་འགྱུར་ལ། དགེ་བའི་ཕྱོགས་རྣམས་འཕེལ་བར་འགྱུར་རོ།། གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་ཀྱིས་ལས་བྱེད་པ་དེའི་ཚེ། ཡང་ལན་གསུམ་བཟླས་བརྗོད་བྱའོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟའ་རིས་འདི་སྐད་ཅེས་གསོལ་ཏོ། ། གང་གི་ཚེ་ལྷ་མོ་འདིས་ཐོག་མར་གཟུངས་རྟོགས་པར་འགྱུར་བ་དེའི་ཚེ་བདག་གིས་གྲོགས་བགྱིས་ཏེ། ཅི་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་བརྟགས་པ་དང་། གང་གིས་སམ་ཅན་ཐམས་ཅད་ཀྱི་ལས་བགྱིས་པ། དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ལ་གློང་འཁྱིལ་པ་ཞེས་བྱ་བའི་གཟུངས་སྔགས་ཐོས་ནས་རྟོགས་པར་འགྱུར་བ་དང་། གང་གི་ཚེ་གཟུངས་སྔགས་རྟོགས་ནས་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱ་བ་དང་། ཅི་ནས་གཞོན་ནུ་རྡོ་རྗེ་སྡེ་ལ་སངས་རྒྱས་ཀྱི་བཀའ་དྲན་པར་བགྱིད་པ་དང་།། གཟུངས་སྔགས་འདི་དག་གིས་ཆོས་དྲན་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ད་ལྟར་ཅི་གསུངས་པའི་སངས་རྒྱས་ཀྱི་གསུང་དེ་དག་ཐམས་ཅད་དྲན་པར་འགྱུར་བ་དང་། དེར་འདོད་ཆགས་ཟད་པར་འགྱུར་བར་བགྱིས་སོ།། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡུག་པའི་རུ་བོས་དུས་འདི་དྲན་པར་གྱིས་ཤིག། དང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེའི་ཚེ། གྲོང་ཁྱེར་གྱི་སྒོ་དྲུང་ན་བུད་མེད་ལོང་མ།། འཐེང་མོ་མཛེནད་ཀྱིས་ཤིན་ཏུ་གཟིར་བ་ཞིག་འདུག་སྟེ། དེ་ནས་བུད་མེད་ལོང་མ་ལོང་དམིགས་བྱེད་པ་ཞིག་ཀྱང་འདུག་སྟེ། གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པར་ཆས་པ་དེའི་ཚེ། སེམས་ཅན་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་མྱུར་ཞིག་ཏུ་ཡན་མན་དུ་བརྒྱུགས་པས། ། བུད་མེད་དེ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་འདི་སྙམ་དུ། ཅི་གྲོང་ཁྱེར་འདིར་དམག་གི་དཔུང་ཆེན་པོ་འོངས་ས་པ། ཡང་ན་རིགས་ངན་དང་། གླང་པོ་ཆེ་དང་། སེང་གེ་དང་། སྟག་ལ་སོགས་པ་མང་པོ་ཞིག་རབ་ཏུ་བརྒྱུགས་པ་ཞིག་འོང་སྙམ་དུ་སེམས་ཏེ། དེའི་ཚེ་སྨྲས་པ། སྙིང་རྗེའི་དངག་ཉིད་པར་སུལ་ལ་ཞིག་མཆིས་པ་བདག་ལ་སྨོས་ཏེ། བདག་ནི་རབ་ཏུ་འཇིགས་ཏེ། དམག་གི་དབུ་གིས་བསད་དུ་འོངས་སམ། ཡང་ནག་ཅན་གཟན་དག་བདག་ལ་བརྫིས་སུ་འོངས་སོ་ཞེས་བྱས་སོ།། དེའི་ཚེ་ན་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་བྲམ་ཟེ་རྒན་པོ་ཞིག་ཏུ་གྱུར་ཏེ། ཁྱེད་ཀྱིས་བུད་མེད་ནང་པ་དེ་ལ་འདི་སྐད་དུ་ཁྱོད་མ་འཇིགས་ཤིག། གྲོང་ཁྱེར་འདི་ན་དམག་གི་དཔུང་གིས་འཇིགས་པའམ། གཅན་གཟན་མང་པོའི་འཇིགས་པ་འམ། གཞན་ནི་ཅི་ཡང་མེད་ཀྱི། བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་སྐྱེ་བོ་མང་མོ་དག་ན་ཆུན་དུ་རབ་ཏུ་ཆུག་པ་ཡིན་ནོ་ཞེས་སྨྲས་སོ། ། དེ་ནས་བུད་མེད་དེས། བུ་ཁྱེའུ་དེ་ལ་སྨྲས་པ། བུ་ངའི་ལག་ནས་སྤྱོང་། ལ་མདུན་དུ་སོང་སྟེ། གང་ན་བཅོམ་ལྡན་འདས་བཞུགས་པ་དེར་ཁྲིད་ཅིག་ཅེས་བྱས་སོ།། བྱིས་པ་དེ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱི་མཐུས་མ་དང་ལྷན་ཅིག་དུ་གྲོང་ཁྱེར་གྱི་སྒོ་དེར་བྱིན་ནོ།། གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་དེའི་ཚེ། དེ་ན་སེམས་ཅན་ནད་པ་དང་། ལོང་བ་དང་། འོན་པ་དང་། འཐེང་པོ་དང་། སྒུར་པོ་དང་། སྨྱོན་པ་ལ་སོགས་པ་འདུག་པ་གང་གིས་དེ་དག་ཐམས་སོས་པར་གྱུར་ཏོ། ། གང་གི་ཚེ་བུད་མེད་དེ་གང་དུ་བྲམ་ཟེ་ཆེན་པོ་རྒྱ་མཚོའི་རྡུལ་ཞེས་བྱ་བས་སྨོན་ལམ་བཏབ་པ་དང་། གང་དུ་བྱང་ཆུབ་སེམས་དཔའ་མང་པོ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེར་ཕྱིན་པ་དེའི་ཚེ། བུད་མེད་དེ་ཡང་སོས་པར་གྱུར་ཏེ། དེར་སངས་རྒྱས་ཉིད་དུ་སྨོན་ལམ་བཏབ་པ།། གང་གི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་འཚང་རྒྱ་བར་འགྱུར་བ་དེའི་ཚེ།། བདག་དེའི་བསྟན་པ་ལ་གནས་ཏེ། གང་གི་བདག་སྐྱེས་པའི་ཕུང་པོ་ལས་བླངས་ཏེ། སངས་རྒྱས་བསྟན་པའི་ཕྱིར་ཁྲིད་པའི་བྲམ་ཟེ་དེ་ཇི་ལྟར་ལུང་སྟོན་པ་བཞིན་བདག་གིས་ཀྱང་དེར་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག་ཅེས་བྱས་ནས། བུད་མེད་དེ་ལ་སངས་རྒྱས་ལེགས་པར་སྟོན་པའི་བྲམ་ཟེ་གང་ཡིན་པ་དེས་འདི་སྐད་དུ། བདག་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅེས་སྨོན་ལམ་བཏབ་པ་དེའི་ཚེ། བུད་མེད་དེས་ཀྱང་འདི་སྐད་དུ། ཁྱོད་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་གང་དག་གི་སྐྱབས་སུ་གྱུར་པ་དེའི་ཚེ། ངདྲན་པར་གྱིས་ཤིག། འོན་ཏང་བདག་གིས་ཀྱང་གྲོགས་བགྱིའོ་ཞེས་སྨྲས་ནས། དེའི་ཚེ་བུད་མེད་ཀྱིས་དེར་སངས་རྒྱས་ཉིད་དུ་སྨོན་ལམ་བཏབ་བོ།། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལས་སྔོན་སྐྱེས་པའི་རྒྱུད་ཐོས་པ་དེའི་ཚེ། སྨོན་ལམ་ཆེན་པོ་བཏབ་ནས། འདི་སྐད་ཅེས་སྨྲས་སོ།། དེར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སངས་རྒྱས་པར་གྱུར་ལ། བདག་ནི་ད་དུང་བུད་མེད་དུ་སྐྱེ་བ་མ་བླངས། ། བཅོམ་ལྡན་འདས་ཀྱི་གཟུགས་སུ་སྣང་བ་ན་བདག་ཤིན་ཏུ་ངོ་ཚ་མོད་ཀྱིས། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལས་ཆེན་པོ་ཇི་སྐད་བཀའ་སྩལ་པ་ནི་གཞན་དུ་མི་འགྱུར་ཏེ། བདག་གིས་བུད་མེད་དུ་སྐྱེ་བ་མ་བླངས་ན། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པའི་ལས་དེ་དག་ཀྱང་ཇི་ལྟར་བྱེད་པར་འགྱུར།། དེ་བས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ལྡན་པའི་བུད་མེད་གཞན་དག་ཇི་ལྟ་བ་བཞིན་དུ་དེར་བདག་བུད་མེད་གཟུགས་སུ་སྣང་བར་བྱས་ལ། གང་གི་ཚེ་བདག་གིས་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་དང་། སྨོན་ལམ་རྣམས་དྲན་པར་འགྱུར་བ་དེའི་དུས་ལ་བབ་པ་ན། གཞོན་ནུ་འདི་དང་ལྷན་ཅིག་ཏུ་ལི་ཡུལ་དུ་སྐྱེ་བ་བླངས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་གྱུར་ཅིག། གང་གི་ཚེ་ལི་ཡུལ་དུ་གནོད་པ་འབྱུང་བར་གྱུར་པ་ན། དེར་བདག་ཅག་སྒྲོལ་བ་པོར་གྱུར་ཅིག། དེ་ནས་ཐམས་ཅད་མི་མཇེད་ཀྱི་འཇིགས་རྟེན་ཁམས་འདིར་འོངས་ནས། ལྷ་དང་མིའི་ནང་དུ་བུད་མེད་ཀྱི་སྐྱེ་བ་ལེན་པ་ན། བདག་གང་དེར་སོང་ཡང་རུང་སྟེ། ཐམས་ཅད་དུ་ཚེ་རབས་དྲན་པར་གྱུར་ཅིག། གང་གི་ཚེ་སངས་རྒྱས་ཀྱིས་བཀའ་སྩལ་པ་འདི་བྱས་ཏེ། འཆི་བའི་དུས་བྱས་ནས་ཀྱང་། གང་ན་བུད་མེད་ཀྱི་མིང་ཡང་མེད་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག། དེར་ཡང་རིང་པོ་མིང་ཐོགས་པར་ཕྱིར་འདིར་འོངས་ནས། འགྲོ་བ་ལྔར་གཏོགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་གྲོལ་བར་གྱུར་ཅིག། གང་གི་ཚེ་བྱམས་པ་འདིར་གཤེགས་པའི་ཚེ་ཡང་། བྱང་ཆུབ་སེམས་དཔའ་ནམ་མཁའི་ཚིག་ཇི་ལྟ་བ་བཞིན་དུ། ཚུལ་བཞིན་དུ་བལྟ་བའི་ཕྱིར་འགྲོ་བར་གྱུར་ཅིག། ཚེ་རབས་ཐམས་ཅད་དུ་སེམས་ཅན་ཇི་སྙེད་ཀྱིས་བདག་དང་ལྷན་ཅིག་ཏུ་བསོད་ནམས་བགྱིས་པའམ། བགྱིས་པར་འགྱུར་རམ། ཡང་མཐོང་བ་འམ། མིང་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་བདག་གིས་ཡོངས་སུ་གྲོལ་བར་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་དེ་སྐད་སྨྲས་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། སྔོན་ཚེ་བྲམ་ཟེར་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ང་ཡིན་ནོ།། གང་གིས་བུད་མེད་དེ་ལ་སངས་རྒྱས་བཅོམ་ལྡན་འདས་བསྟན་པའི་བྲམ་ཟེ་རྒན་པོར་གྱུར་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ཡིན་ནོ།། བུད་མེད་ནད་པར་གྱུར་པ་གང་ཡིན་པ་དེ་ནི། རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་ལྷ་མོ་དྲི་མ་མེད་པའི་འོད་འདི་ཡིན་ནོ།། དེའི་བུ་ཁྱེའུར་གྱུར་པ་གང་ཡིད་པ་དེ་ནི། གཞོན་ནུ་རྡོ་རྗེའི་སྡེ་འདི་ཡིན་ནོ།། ཕྱིས་འབྱུང་བ་གང་ཡིན་པ་དེ་དག་ཀྱང་བཤད་པར་བྱ་སྟེ། སྐར་རྡོ་རྣམས་དང་། གསེར་གྱི་རིགས་ཀྱི་ནང་ན་ནི། ཐོག་མ་ཁོ་ནར་དགེ་བསྙེན་མ་ཧུ་ཤ་ལས་ཟུག་སྟེ་མིའི་རྒྱུན་ཆགས་པར་གྱུར་ནས། དགེ་སྙེན་མ་ཧུ་ཤགསར་གྱི་རིགས་ཀྱི་ཡུལ་དེ་ན་གནས་པར་གྱུར་ཏོ། ། དགེ་བསྙེན་མ་ཧུ་ཤ་དེ་ནི་ལྷའི་རིགས་ཡིན་ཏེ། ལྷ་རྣམས་ཀྱི་ནང་ནས་ལྷ་མི་ཞིག་ལ་སྐྱོན་བྱུང་བར་གྱུར་ནས། དེ་ཆད་པས་བཅད་དེ། གསེར་གྱི་རོལ་བཏང་ངོ་།། དམོད་པ་ཡང་བོར་ཏེ། ཁྱོད་དེར་མི་ལ་ཟ་བའི་སྲིན་མོར་གྱུར་ཅིག་ཅེས་བྱས་སོ།། དེ་ནས་དེས་ཚོང་པ་མང་པོ་གསེར་འདོད་པའི་ཕྱིར། གསེར་གྱི་རིགས་ཀྱི་རི་དེར་སོང་བ་གང་ཡིན་པ་རྣམས་ལ་བརྟེན་ཏེ། སྲིན་མོ་དེས་ཚོང་པ་དེ་དག་དང་ལྷན་ཅིག་ཏུ་འདོད་པའི་བདེ་བ་ཉམས་སུ་མྱོང་ངོ་། ། གང་གི་ཚེ་དུས་གཞན་ཞིག་ན་འགྲོན་པོ་གཞན་དག་དེར་ལྷགས་པར་གྱུར་པ་ན། སྔར་འོངས་པ་གང་དག་དང་ལྷན་ཅིག་ཏུ་འདོད་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་དག་ནི་ཟོས་སོ། ། ལྷས་མོད་པ་བོར་བའི་སྲིན་མོ་དེ་ཡང་། སྲིན་མེ་གཞན་གང་དག་དང་། འགྲོན་དུ་འགྲོན་པ་དེ་དག་དང་། འདོད་པའི་བདེ་བ་ཉམས་སུ་མྱོང་བ་ལྔ་བརྒྱ་པོ་དག་དང་གྲོགས་མོར་གྱུར་ཏོ། ། དེ་ནས་བྱང་ཆུབ་སེམས་དཔའ་འོག་པག་ཅན་ཞེས་བྱ་བ་ཞིག་དེད་དཔོན་དུ་གྱུར་ཏོ།། གང་གི་ཚེ་ལྷ་རྣམས་ཀྱིས་དེ་ཉེས་པ་ལས་ཚངས་པར་བྱེད་པ་དེའི་དུས་ལ་བབ་པ་ན། དེའི་ཚེ། དེ་ལས་བུ་མོ་ཞིག་བཙས་ཏེ། ཧུ་ཤ་ཞེས་བྱ་བར་མིང་བཏགས་སོ།། ཧུ་ཤ་དེ་ཡང་སྔོན་དེ་བཞིན་གཤེགས་པ་པདྨའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པ་ལས་འདི་སྐད་དུ་སྔོན་ལྷ་ལས་གྱུར་པའི་སྲིན་མོ་འདི་ནི་ཚེ་རབས་མང་པོ་བདག་གི་མར་གྱུར་པ་ཡིན་ནོ། ། ད་ལྟར་བྱང་ཆུབ་སེམས་དཔའ་འོག་པག་ཅན་བཟའ་བར་ཆས་ཀྱིས། བདག་འདིའི་བུ་མོར་གྱུར་ལ། དེའི་སྡིག་པའི་ལས་དགག་པར་བྱའོ་ཞེས་སྙིང་རྗེ་རྗེ་སྐད་དུ་ཟློས་པར་བྱེད་དོ།། དེའི་ཚེ་འགྲོན་པ་གཞན་དེར་ལྷགས་སོ།། དེ་ནས་འོག་པག་ཅན་འཁོར་དང་བཅས་པའི་སྒོ་རྣམས་བཅད་ནས་བཟའ་བར་ཆས་སོ། ། གསར་དུ་ལྐུགས་པ་རྣམས་དང་ནི་འདུས་སོ།། དེ་ནས་འོག་པག་ཅན་དེ་དང་། སྲིན་མོར་འདུས་པར་གྱུར་པ་ཧུ་ཤ་ཞེས་བྱ་བ་བུད་མེད་ཆུང་ངུ་དེས། པ་འོག་པ་གཙུ་ལ་འདི་སྐད་དུ་ཇོ་བོ་ཅི་ནས་བདག་ཅག་སྲིན་མོ་འདི་དག་གིས་མ་ཟོས་པར་བྲོས་ཏེ་བཞུད་དོ་ཞེས་སྨྲས་སོ། ། དེའི་འོག་བག་ཅན་དེ་རང་གི་བུ་མོ་དེས་ཐར་བར་བྱས་སོ།། འོག་པག་ཅན་གྱིས་ཀྱང་འགྲོན་པ་ལྔ་བརྒྱ་ཐམས་ཅད་ཐར་བར་བྱས་ཏེ། ཀུན་ཏུ་ལྷན་ཅིག་ཏུ་བྲོས་སོ།། དེའི་ཚེ་སྲིན་མོ་དེ་དེར་སོང་ན་འོག་བག་ཅན་དེ་མ་རྙེད་ནས། དེར་གསར་དུ་ལྷགས་པའི་འགྲོན་པ་གང་ཡིན་པ་དེ་དག་བོར་ཏེ། འོག་པག་ཅན་ལ་སོས་པ་འགྲོན་པ་རྣམས་ཚོལ་བའི་ཕྱིར་རྒྱུག་གོ། ། དེ་སྔོན་ལྷའི་འཇིག་རྟེན་གནས་པའི་ཚེ་བྱི་ཕྱིན་པས། དེའི་ཕྱིར་ཆད་པས་བཅད་དེ། ལྷ་རྣམས་ཀྱིས་རྣ་བ་བཅད་ནས། གསེར་གྱི་རིགས་ཀྱི་རི་ལ་བཞག་སྟེ། དེ་ལ་ལྷ་རྣམས་ཀྱིས་འདི་སྐད་དུ་དམོད་པ་བོར་ཏེ། གང་གི་ཁྱོད་ལ་འདི་སྐད་དུ་ཁྱོད་ཀྱི་རྣ་བ་སུས་བཅད་ཅེས་ཐེ་ཙོམ་འདྲི་བར་གྱུར་ཏང་། དེས་ཁྱོད་དམོད་པ་ལས་ཐར་བར་གྱུར་ཏེ།། ཕྱིར་ལྷའི་འཇིག་རྟེན་དུ་སོང་ནས་སྔོན་བཞིན་ལྷར་འགྱུར་རོ་ཞེས་བྱས་སོ།། དེ་ནས་དེའི་ཚེ་ལྷའི་འཇིག་རྟེན་དུ་ཕྱིར་འགྲོ་བའི་དུས་ལ་བབ་སྟེ། དེ་འགྲོན་པ་མང་པོ་དག་ཚོལ་བའི་ཕྱིར་རྒྱུག་པ་ན། ཞང་མ་རིང་པོ་བགོས་པ་བསྙིལ་ནས། དེར་སྔོན་རི་དགས་ཀྱི་སྤུ་ལས་གོས་བྱས་པ་གང་ཡིན་པ་གྱོན་སྟེ། སྐྲ་སྤྱི་བོར་བཅིངས་ནས། གང་གི་ཚེ་ཚོང་པ་བྲོས་པ་དེ་དག་གི་ཕྱི་བཞིན་དུ་འོངས་པ་དེའི་ཚེ། དེད་དཔོན་འོག་པག་ཅན་དེ་དང་། ཚོང་པ་ལྔ་བརྒྱ་པོ་དེ་དག་བཟུང་ནས་ཞབ་མའི་ནང་དུ་དྲུབས་ཏེ། ཕྲག་པ་ལ་བཀལ་ལོ།། དེའི་ཚེ་འོག་པག་ཅན་གྱིས་བགད་པ་དང་། སྲིན་མོ་དེས་དྲིས་དང་། མིའི་བུ་ཁྱོད་ཅིའི་ཕྱིར་དགོད། ཅི་སྟེ་དྲང་པོར་མ་སྨྲས་ན་ཁྱོད་ཀྱི་ཁྲག་ས་ལ་པོ་སྟེ་བཏང་ངོ་།། དེ་ནས་དེད་དཔོན་འོག་པག་ཅན་གྱིས་དེ་ལ་འདི་སྐད་དུ། འདི་ལྟར་མཐུ་ཆེ་བ་ཁྱོད་ཀྱི་རྣ་བ་མི་སུས་ཇི་ལྟར་བཅད་ཅེས་སྨྲས་ནས། དེའི་ཚེ་དེས་འགྲོན་པ་དེ་དག་བཏང་ནས་བར་སྣང་ལ་གནས་ཏེ། འདི་སྐད་དུ་ཡུལ་འདིའི་མིང་ནི་རྣ་བའི་ཕྱིར་གསེར་གྱི་རིགས་ཞེས་བྱ་བར་འགྱུར་རོ་ཞེས་སྨྲས་ནས། རྣ་བ་སྔ་མཁོ་ན་བཞིན་དུ་བྱུང་བར་གྱུར་ཏེ། ལྷའི་འཇིག་རྟེན་དུ་སོང་ནས་ཕྱིར་ལྷར་གྱུར་ཏོ།། དེད་དཔོན་འོག་པག་ཅན་དེ་ཡང་འགྲོན་པ་དེ་དག་དང་ལྷན་ཅིག་དུ་ཕྱིར་གསེར་གྱི་རིགས་ཀྱི་རིལ་ལོག་སྟེ། དེ་ནས་བུ་མོ་དེ་གསོ་ཞིང་འདུག་གོ། སྲིན་མོ་དེ་དག་ཐམས་ཅད་ཀྱང་སྣུམ་པར་གྱུར་ཏེ། དེ་དག་གི་ནང་ན་གང་དང་ལྷན་ཅིག་དུ་འདོད་པའི་དགའ་བ་ཉམས་སུ་མྱོང་ནས། དེའི་འོག་ཏུ་སེམས་ཅན་དེ་ཉིད་མི་གསོད་པའི་འགའ་ཡང་མེད་དོ།། དེ་ནས་ཀྱི་མོ་དེ་དག་ཐམས་ཅད་ངོ་ཆེ་བར་གྱུར་ནས། བུ་དེ་རྣམས་གསོས་ཏེ། ཧུ་ཤ་ཡང་ལྷ་བཞིན་དུ་མཆོད་པའི་གནས་སུ་བྱས་སོ།། དེ་དག་གི་བུ་གཞོན་ནུ་ཐོག་མར་བཙས་པ་དེ་ནི་ཧུ་ཤའི་ཁྱིམ་ཐབ་ཏུ་གྱུར་ཏེ། དེ་ཕྱིན་ཆད་གསེར་གྱི་རིགས་རྣམས་ཀྱི་མིའི་བརྒྱུད་བྱུང་བར་གྱུར་ཏོ། ། འགྲོན་པ་དེ་དག་གི་བུ་བྱུང་ངོ་ཅོག་དང་ལྷན་ཅིག་ཏུ་འདོད་པའི་དགའ་བ་བྱས་ཀྱང་དེ་དག་ཐམས་ཅད་མགུ་བར་བྱེད་མ་ནུས་ཏེ། དེ་ལྟར་དེས་དེའི་ཚེ་འདོད་པའི་བདེ་བ་དམ་བཅས་པ་ལས་ཐམས་ཅད་མགུ་བར་བྱེད་མ་རུས་པས། དེའི་ལས་ཀྱིས་རྟག་ཏུ་བུད་མེད་དུ་སྐྱེ་བར་གྱུར་ཏོ།། ཧུ་ཤ་ལས་བུ་གཅིག་བྱུང་ནས། དགེ་བསྙེན་མར་གྱུར་ཏེ། ཤུ་ཤ་དེའི་བུར་གྱུར་པ་གང་ཡིན་པ་དེ་དེར་རྒྱལ་པོར་གྱུར་ཏེ། དེ་ཕྱིན་ཆད་མའི་ཚེད་ཆགས་པར་གྱུར་ནས། དགེ་བསྙེན་མ་ཧུ་ཤ་གསེར་གྱི་རིགས་ཀྱི་རི་དེ་ལ་ལྷའི་གཞལ་མེད་ཁང་གི་ནང་ན་གནས་ཤིང་། ལྷ་དང་མི་རྣམས་དང་། སྲིན་པོ་རྣམས་ལ་ཆོས་སྟོན་ཏོ།། གང་གི་ཆ་ཤུ་ཤ་འཆི་བའི་དུས་བྱེད་པ་ན། སྲིན་མོ་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་དང་། ལྷ་དང་སྲིན་པོ་དེ་ལས་ཆོས་ཐོས་པ་གང་ཡིན་པ་དེ་དག་ད་ལྟར་གསེར་གྱི་རིགས་ཀྱི་ཡུལ་གྱི་སྲུངས་མར་གྱུར་ཏོ། ། དེའི་ཚེ་ན་དགེ་བསྙེན་མ་ཧུ་ཤར་གྱུར་པ་གང་ཡིན་པ་དེ་ནི་ད་ལྟར་དྲི་མ་མེད་པའི་འོད་འདི་ཡིན་ནོ།། ཨུ་རྒྱན་གྱི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི། ལི་ཡུལ་གྱི་རྒྱལ་པོ་ཐོག་མར་བྱུང་བ་དང་གཉེན་བྱེད་ཅིང་བདག་ཉིད་དང་ཡུལ་འབུལ་བར་བྱེད་པ་གང་ཡིན་པའི་སྐར་རྡོའི་རྒྱལ་པོར་འགྱུར་བ་དེ་ཡིན་ནོ།། ཀ་སྥ་རའི་རྒྱལ་པོར་གྱུར་པ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ནི་ཕར་གྱུར་ཅིག་ཅེས་སྨྲས་པ་གང་ཡིན་པ་དེ་ནི། སྐར་རྡོའི་རྒྱལ་པོ་དབང་ཕྱུག་གོ་ཆ་ཞེས་བྱ་བ་དྲི་མ་མེད་པའི་པར་འགྱུར་རོ།། ཀསྨ་རའི་རྒྱལ་པོའི་བཙུན་མོར་གྱུར་པས་འདི་སྐད་དུ་བདག་ནི་མར་གྱུར་ཅིག་ཅེས་སྨྲས་པ་གང་ཡིན་པ་འདི་ནི། རྒྱལ་པོ་དབང་ཕྱུག་གོ་ཆ་དེའི་བཙུན་མོ་དམ་པར་འགྱུར་རོ།། ལྷ་མོ་དེའི་མིང་པོར་གྱུར་པ་གང་གིས་བདག་ནི་སྡུག་པའི་མིང་པོར་གྱུར་ཏེ། གང་གི་ཕྱིར་སྐྱོ་བ་ཆེན་པོ་ཐོབ་ནས་སྐྱོ་བ་དེ་ལ་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་གང་ཡིན་པ་འདི་ནི་མིང་པོར་འགྱུར་རོ།། ནུ་མོ་ཐ་ཆུང་ངུ་གྱུར་པ་གང་གིས་འདི་སྐད་དུ།། གང་གི་ཚེ་བདག་མྱ་ངན་གྱིས་འཆི་བར་འགྱུར་བ་དེའི་ཚེ། ཁྱོད་དགེ་བའི་བཤེས་གཉེན་དགེ་སློང་གི་ཐད་དུ་སོང་ནས། དེར་འཁོར་བ་ལས་གྲོལ་བར་གྱུར་ཅེས་སྨོན་ལམ་འདེབས་པ་གང་ཡིན་པ་དེ་ནི་ནུ་མོ་ཐ་ཆུང་ངུ་འགྱུར་རོ། ། རྡོ་རྗེ་སྡེའི་ནུ་བོ་ཐ་ཆུང་གང་གིས་ལི་ཡུལ་གྱི་ཕྱིར་དེ་དང་ལྷན་ཅིག་ཏུ་སྨོན་ལམ་བཏབ་པ་གང་ཡིན་པ་འདི་ནི་མིང་པོར་གྱུར་ཏེ། སྐར་རྡོའི་རྒྱལ་པོར་འགྱུར་རོ།། རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱེ་བ་གང་ཡིན་པ་འདིན་གསེར་གྱི་རིགས་ཀྱི་རྒྱལ་པོར་འགྱུར་རོ། ། བུད་མེད་གང་གིས་སྦྱིན་པ་ནི་བྱིན་ལ། ཚུལ་ཁྲིམས་ནི་མ་བསྲུངས་པ་གང་ཡིན་པ་དེ་ནི་རྒྱལ་པོ་དེའི་བཙུན་མོར་འགྱུར་རོ།། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལྷ་རྣམས་ལ་བཀའ་སྩལ་པ། གང་གི་ཚེ་ལྷ་མོ་འདི་ལི་ཡུལ་དུ་དང་པོ་སྐྱེ་བའི་དུས་ལ་བབ་པ་ན། བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་ན་གནས་པ་ལྷ་དང་བཅས་པས་བསྐུལ་ཏེ། སྔོན་རྡོ་རྗེ་སྡེ་ལས་གྱུར་པའི་ལྷ་གང་ཡིན་པ་དེ་དང་། སྔོན་དྲི་མ་མེད་པའི་འོད་ལས་གྱུར་པ་གང་ཡིན་པ་དེ་དང་། གྲོགས་མོར་གྱུར་པས་ཐོབ་པ་དང་ལྷན་ཅིག་ཏུ་སྨོན་ལ་བདང་པར་གྱུར་པ་གང་ཡིན་པ་དེ་ལ་ལྷ་དག་གིས་བསྐུལ་ཏེ། ལྷའི་སྐྱེ་བ་བོར་ལ་མིའི་སྐྱེ་བ་ལོང་ཞིག་ཅེས་ཐམས་ཅད་དྲན་པར་བྱེད་དོ།། རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བར་གྱུར་པ་གང་ཡིན་པ་དེ་དང་། གྲོང་ཁྱེར་སྐྱོང་བ་དེའི་བུར་གྱུར་པ་ལ་ཡང་། ལྷའི་འཇིག་རྟེན་ནས་ལྷ་རྣམས་ཀྱིས་སྐུལ་བར་བྱེད་དོ།། ཕ་དང་མར་གྱུར་པ་གང་ཡིན་པ་དང་ལྷན་ཅིག་ཏུ་སྨོན་ལམ་འདེབས་པ་གང་ཡིན་པ་རྣམས་ལ་ཡང་དེའི་ཚེ་ལྷ་རྣམས་ཀྱིས་བསྐུལ་ཏེ། སངས་རྒྱས་ཀྱིས་བཀའ་སྩལ་པ་གང་ཡིན་པ་དང་། སྨོན་ལམ་བཏབ་པ་གང་ཡིན་པ་རྣམས་ཀྱི་དུས་ནི་དབབ་ཀྱིས། ལི་ཡུལ་དུ་སྐྱེ་བ་ལོང་ཞིག་ཅེས་དྲན་པར་བྱེད་དོ།། དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ་ཞེས་བྱ་བ་ལྷ་གང་ཡིན་པ་དེ་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། ། ས་ཐོབ་པའི་རིགས་ཀྱི་བུད་མེད་གང་ཡིན་པ་དེ་ནི་ཚེ་རབས་ལྔའི་བར་དུ་ལི་ཡུལ་གྱི་རྒྱལ་མོར་འགྱུར་རོ།། ལི་ཡུལ་དུ་ནི་ཚེ་རབས་དྲུག་ཏུ་སྐྱེ་བ་ལེན་ཏེ། རྒྱལ་པོ་བྱང་ཆུབ་སེམས་དཔའི་བཙུན་མོར་འགྱུར་རོ།། གང་གི་ཚེ་འཕགས་སྐྱེས་པོའི་ཕྱོགས་བྱས་པའི་ལས་དེའི་དུས་ལ་བབ་པ་ན། དེའི་རྒྱུད་དུ་གྱུར་པ་ཇི་སྙེད་པ་རྣམས་སུམ་པར་འགྱུར་རོ།། གང་གི་ཚེ་ལི་ཡུལ་དུ་ཐོག་མ་སུམ་པ་འོང་བ་དེའི་ཚེ། ལྷ་མོ་འདི་ལྷའི་ནང་ནས་ཤི་འཕོས་ནས། སྐར་རྡོའི་རྒྱལ་པོའི་བུ་མོར་འགྱུར་རོ།། གང་གི་ཚེ་ལ་ཞྭ་དང་སུམ་པ་འོང་བའི་དུས་ལ་བབ་པ་དེ། ཚེ། ལྷ་མོ་དྲི་མ་མེད་པའི་འོད་འདས། རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བ་ཁྱིམ་ཐབ་ཏུ་གྱུར་པ་འདི་ཁྲིད་ནས། གསེར་གྱི་ཡུལ་དུ་ཁྲིད་དེ་འོང་བར་འགྱུར་རོ།། དེའི་ཚེ་དེར་དམག་གི་དཔུང་དེ་དག་འོངས་ནས། དེའི་ཕ་སྐར་རྡོའི་རྒྱལ་པོ་དེ་དང་། མིང་པོ་རབ་གཉིས་ཡུལ་དེར་མཆི་བར་གྱུར་ཏེ། དེའི་ཚེ་དྲི་མ་མེད་པའི་འོད་མྱ་ངན་གྱིས་གཟིར་ནས། མྱ་ངན་གྱི་ཁང་བུར་ཞུགས་ཏེ། གཞན་ལ་དྲི་མ་དགོས་པར་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། ། གང་གི་ཚེ་གདོང་དམར་རྣམས་ཀྱིས་ལི་ཡུལ་བྲན་དུ་འགྱུར་བའི་དུས་ལ་བབ་པ་ན། རྒྱལ་པོ་རྣམ་པར་རྒྱལ་བའི་རྩ་ལ་དེ་གཡུལ་དེར་གསད་པར་འགྱུར་རོ།། དེའི་བུ་རྒྱལ་པོ་རྣམ་པར་རྒྱལ་བའི་གྲགས་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། ། སྐར་རྡོའི་རྒྱལ་པོ་དབང་ཕྱུག་གོ་ཆ་ཞེས་བྱ་བ་ནི་བུ་དང་བཅས་ཏེ་ལིའི་རྒྱལ་པོ་དང་ལྷན་ཅིག་ཏུ་གཡུལ་གི་ནང་དུ་འཆི་བར་འགྱུར་རོ།། ད་ལྟར་གྱི་རྡོ་རྗེ་སྡེ་འདི་ནི་དེའི་བུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་འགྱུར་ཏེ། སྐར་རྡོའི་རྒྱལ་པོར་འགྱུར་རོ།། དེས་ཀྱང་ལོ་གཅིག་རྒྱལ་སྲིད་ཐོབ་པར་འགྱུར་ཏེ། དེ་ལ་རྣམ་པར་རྒྱལ་བའི་གྲོགས་པོ་ནི་ལ་ཡུལ་དུ་འབྱུང་ངོ་། ། རྣམ་པར་རྒྱལ་བའི་གོ་ཆ་ནི་སྐར་རྡོར་འབྱུང་ངོ་།། གང་གི་ཚེ་དྲི་མ་མེད་པའི་འད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་བཏང་སྟེ། བཟོད་པ་ཐོབ་པར་འགྱུར་བའི་དུས་ལ་བབ་པ་དེའི་ཚེ། དགེ་བྱེད་ཀྱི་ཕྱོགས་དང་། སྡིག་བྱེད་ཀྱི་ཕྱོགས་དེ་དག་ཀྱང་སོ་སོར་སྡེར་འཆད་པར་འགྱུར་རོ།། དེའི་ཚེ་དགེ་བྱེད་དང་སྡིག་བྱེད་གཉིས་ཀྱི་ཕ་སྔོན་ཆོམ་རྐུན་ལྔ་བརྒྱ་སྤྱུགས་པར་བྱེད་པ་གང་ཡིན་པདེ་རྒྱལ་པོར་འགྱུར་ཏེ། བློན་པོ་ཆེན་པོ་ནི་གཉིས་འབྱུང་བར་འགྱུར་རོ།། རྒྱལ་པོའི་བུ་རྣམ་པར་རྒྱལ་བའི་གྲགས་པ་ཞེས་བྱ་བ་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ།། རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བ་ནི་སྐུར་རྡོན་རྒྱལ་པོར་འགྱུར་རོ། ། གཞོན་ནུ་དེ་གཉིས་ལས་དགེ་བྱེད་ནི་བློན་པོ་ཆེན་པོ་གཙོ་བོ་ཤོས་ཀྱིས་གསོས་སོ།། ཅིག་ཤོས་ནི་སྡིག་བྱེད་ཀྱིས་གསོས་སོ།། གང་གི་ཚེ་དགེ་བྱེད་པ་ཙམ་པ་དེའི་ཚེ། ཚོང་པ་ལྔ་བརྒྱ་འོངས་ཏེ། ལི་ཡུལ་དུ་སྐྱེས་ནས། ཡུལ་དོན་དགེ་བ་བྱེད་དོ།། གང་གི་ཚེ་སྡིག་བྱེད་བཙས་པ་ན། ཆོམདུན་བརྒྱ་སྤྱུགས་པ་དེ་དག་ལི་ཡུལ་དུ་སྐྱེས་ཏེ་སྡིག་པ་བྱེད་དོ།། གང་གི་ཚེ་གཞོན་ནུ་སྡིག་བྱེད་བཅས་པ་ན། ཆོམ་པོ་ལྔ་པོ་དེ་དག་རྒྱལ་པོའི་ཕའི་ཐད་དུ་བཏང་ངོ་། ། དེ་ནས་དེའི་ཚེ་གཞན་དག་གཅིག་ལ་བྱ་བ་གང་ཡིན་པ་འདི་ཁྱོད་ཀྱིས་བྱོས་ཤིག་ཅེས་བསྒོ་ནས། བློན་པོ་ཆེན་པོ་གཙོ་བོ་དེའི་ལག་པ་བཅད་དོ།། ཅིག་ཤོས་ནི་མ་གཅད་དོ། ། དེ་ཡང་སྔོན་གང་གི་ཚེ་སྡིག་བྱེད་ཀྱིས་དགེ་བྱེད་ཀྱི་མིག་བྱུང་བ་དེའི་ཚེ། བློན་པོ་ཆེན་པོ་དེ་དག་ཕན་ཚུན་ཁོན་བྱུང་ནས། དེ་ཕྱིན་ཆད་ཚེ་རབས་ཐམས་ཅད་དུ་གཅིག་གི་དགྲར་གཅིག་གྱུར་ཏོ།། སྡིག་བྱེད་ཀྱི་དེ་ལ་བློན་པོ་ཆེན་པོ་གཙོ་བོ་ནི་སྐར་རྡོའི་རྒྱལ་པོར་འགྱུར་རོ།། ཅིག་ཤོས་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ།། དེ་གཉིས་ཀྱང་བྱིས་ཕན་ཚུན་འཐབ་པར་འགྱུར་རོ།། སྡིག་བྱེད་ཀྱི་ཕྱོགས་སྔོན་དགེ་བྱེད་ཀྱི་མིག་འབྱིན་པ་གང་ཡིན་པ་དེ་དག་གིས་ལིའི་རྒྱལ་པོ་གསོད་པར་འགྱུར་ཏེ། གང་གི་ཚེ་གདོང་དམར་རྣམས་ལ་ཡུལ་འཛིན་པར་འགྱུར་བའི་དུས་ལ་བབ་པ་དེའི་ཚེ། དེ་གཉིས་ཕན་ཚུན་འཐབ་པར་འགྱུར་རོ། ། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་ད་ལྟར་རྡོ་རྗེ་སྡེ་ཞེས་བྱ་བ་འདི་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་འགྱུར་ཏེ། མིང་པོ་དེའི་ཕྱིར་མྱ་ངར་གྱིས་གཟིར་བར་འགྱུར་རོ། ། གང་གི་ཚེ་སངས་རྒྱས་ཀྱི་འོད་ཟེར་དེའི་སྟེང་དུ་གནས་པར་འགྱུར་བའི་དུས་ལ་བབ་པ་ན། དེས་སྐར་རྡོའི་རྒྱལ་པོ་འཕམ་པར་འགྱུར་རོ།། ཅི་སྟེ་བསོད་ནམས་དང་མི་ལྡན་ན་ནི། དྲི་གཙང་ཁུང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་བཤིག་པར་བྱའོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་སྨོན་ལམ་འདེབས་འདེབས་པ་གང་ཡིན་པ་དེ་རྣམས་ཀྱང་དེ་དག་གིས་གྲོགས་བྱེད་པར་མི་འགྱུར་རོ།། གང་གི་ཚེ་གདོང་དམར་དག་གིས་གྲོགས་བྱེད་ཅིང་། ལི་ཡུལ་འཛིན་པར་འགྱུར་ལ། དགེ་འདུན་གྱི་ཀུན་དགའ་ར་བ་དང་། དྲི་གཙང་ཁང་རྣམས་འཇིག་པར་བྱེད་པ་དེའི་ཚེ་སྐར་རྡོའི་རྒྱལ་པོའཕམ་པར་འགྱུར་རོ།། གང་གི་ཚེ་རིང་བོར་མི་ཐོགས་པར་གདོང་དམར་རྣམས་འོང་བའི་དུས་ལ་བབ་པ་དེའི་ཚེ། དྲི་མ་མེད་པའི་འོད་ཤིན་ཏུ་མྱ་ངན་སྐྱེ་བར་འགྱུར་རོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ལི་ཡུལ་གྱི་སྲུངས་མའི་ལྷ་གང་ཡིན་པ་དེ་དག་གིས་དགོངས་པར་འགྱུར་རོ། ། དེ་ནི་དྲི་མ་མེད་པའི་འོད་གཅིག་པུ་མྱ་ངན་གྱི་ཁང་བུའི་ནང་ན་འདུག་ཅིང་།། སངས་རྒྱས་རྣམས་ལ་གསོལ་བ་འདེབས་སོ།། བདུད་རྩིའི་རྔ་སྒྲ་ཞེས་བྱ་བའི་གཟུང་ཀྱང་བརྗོད་ནས། ། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་གསོལ་བ་འདེབས་ཏེ། འདི་སྐད་དུ་ཡང་ན་ནི་མིང་པོ་དང་མཇལ་བར་གྱུར་ཅིག། ཡང་ར་ནི་འགུམ་པར་གྱུར་ཅིག། ཡང་ན་ནི་འཁོར་བ་ལས་མཐར་། པར་གྱུར་ཅིག་ཅེས་ཟེར་རོ།། དེ་ནས་ནང་པར་གྱི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེའི་སྟེང་དུ་འོད་ཟེར་བཏང་སྟེ། གཟུངས་སྔགས་དང་། བཟོད་པ་ཡང་ཐོབ་པར་གྱུར་ཏོ།། དེའི་ཚེ་སངས་རྒྱས་རྣམས་དང་། ལྷ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་རྣམས་དྲིལ་བུའི་སྒྲ་སྒྲོགས་ཤིང་རྔ་བོ་ཆེ་དང་། རོལ་མོའི་སྒྲ་རྣམས་སྒྲོགས་ཏེ། འདི་སྐད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ལས་ཆེན་པོ་བྱས་སོ་ཞེས་ཟེར་རོ། ། དེའི་ཚེ་འདི་སྙམ་དུ་ཕ་མ་ལ་དྲིན་དུ་གཟོ་བར་བྱས་པས་ན། བདག་ལ་མཆོད་པ་བྱེད་དོ་སྙམ་དུ་བདག་ཉིད་ཀྱིས་ཤེས་ནས། ལས་དང་པོར་བྱེད་པར་འགྱུར་ཏེ། སྔོརན་གང་གི་ཚེ་དགེ་བྱེད་ཀྱིས་ཡིད་བཞིན་དུ་ནོར་བུ་རིན་པོ་ཆེ་ལས། རིན་པོ་ཆེའི་ཆར་ཕབ་པ་ན་བློན་པོ་ཆེན་པོ་དང་། དགེ་བྱེད་ཀྱི་ཕྱིར་ཐོག་མ་སྨོན་ལམ་བཏབ་པ་དེའི་ཚེ། གཞན་དག་ཅིག་གིས་འདི་སྐད་དུ་གང་གི་ཚེ་བདག་ཅག་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ལས་ལྡོག་པར་མ་གྱུར་ན། ཕྱིས་ཅི་ནས་བསྟན་པ་ཅུང་ཟད་ཀྱང་འཇིག་པར་མི་འགྱུར་བར་གྲོགས་བགྱིའོ།། གཞོན་ནུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བ་སར་རྡོའི་རྒྱལ་པོར་འགྱུར་བ་དེས་ཀྱང་གྲོགས་བྱེད་པར་འགྱུར་རོ། ། སྡིག་བྱེད་ཀྱི་ཕྱོགས་གང་དག་གིས་བློན་པོ་ཆེན་པོ་དང་། དགེ་བྱེད་ཀྱི་ཕྱིར་སྨོར་ལམ་བཏབ་པ་ཡང་ཕྱིས་ལྡོག་པར་འགྱུར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད་ཅེས་བཀའ་སྩལ་པ་དེའི་ཚེ། སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བདག་གིས་ཀྱང་དེའི་ཚེ་བསྐུལ་བར་བགྱིའོ།། དེ་དག་ཐམས་ཅད་ལ་བདག་གིས་ཆོས་ཀྱང་བཤད་པར་བགྱི་སྟེ། ཅི་ནས་ཐམས་ཅད་འཛིན་པར་འགྱུར་ཞིང་།། གཞན་དག་ལ་ཡང་འཆད་པར་འགྱུར་བ་དེ་ལྟར་བགྱིའོ།། བདག་གི་སྲིང་མོ་འདི་ཡང་བདག་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྤྱད་པ་ལྷན་ཅིག་ཏུ་སྤྱོད་སྤྱོད་པ་ལགས་སོ། ། དེ་ནས་དེའི་ཚེ་ལྷ་ཐམས་ཅད་ལངས་ཏེ། འདི་སྐད་དུ་བདག་ཅག་ཀྱང་དེར་མཆི་བར་འཚལ་ཏོ་ཞེས་གསོལ་ཏོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷའི་མེ་ཏོག་གི་ཆར་པ་ཕབ་བོ། ། ལྷའི་སིལ་སྙན་རྣམས་ཀྱང་དཀྲོལ་ལོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེའི་སྟེང་དུ་འོད་ཟེར་རྣམས་བཏང་སྟེ། འོད་ཟེར་དེ་དག་ལས་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་ཚིག་བརྗོད་པ་རྣམས་བྱུང་སྟེ། ཅི་ནས་གཟུངས་སྔགས་ཀྱི་ཚིག་ཐོབ་པར་གྱུར་པ་དང་། གང་གི་ཚེ་མིང་པོ་རྣམ་པར་རྒྱལ་བའི་གོརུ་གཡུལ་ལས་ཕམ་པ་དེའི་དོན་གྱི་ཕྱིར་གཟུངས་སྔགས་ཐོབ་པར་འགྱུར་བ་དང་། གཟུངས་སྔགས་དེ་དག་ཐོས་པས་གཞན་རྣམས་ཀྱང་ཐོབ་པར་འགྱུར་བ་དང་། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལི་ཡུལ་གྱི་དོན་དུ་བཀའ་སྩལ་བའི་ལས་དེ་དག་བྱེད་པར་འགྱུར་བའི་ཕྱིར། མྱ་ངན་གྱི་ཁང་བུ་གང་ན་ཞུམ་ཞིང་འདུག་པ་དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་གཟུངས་སྔགས་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་པའི་བློའི་རྒྱལ་པོ་གནོད་པ་ནི་བར་མཛད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་པའི་བློ་ཅན་རབ་རིབ་ཀྱི་མུན་པ་རབ་ཏུ་ཞི་མཛད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གླང་པོ་ཆེའི་བདག་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པབ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ལྟར་གཅོད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་ལས་ཤིན་ཏུ་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་མཆོག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྦྱིན་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་རྡོ་རྗེ་ལྟར་འགྲོ་བ་ཡོན་ཏན་གྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཡེ་ཤེས་ལ་འཇུག་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཏ་ལ་ལྟར་རབ་ཏུ་བརྟན་པ་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་རྣམས་འཛིན་པ་གང་ཡིན་པ་ནི། སྡུག་བསྔལ་ལས་ཡོངས་སུ་ཐར་པར་འགྱུར་རོ།། སྔོན་བྱས་པའི་སྡིག་པ་རྣམས་ཀྱང་བཤགས་པར་འགྱུར་རོ།། ཚེ་འདི་ལ་ཡང་ཕྱུག་པར་འགྱུར་རོ། ། མུ་གེའི་ནང་དུ་སྐྱེ་བར་མི་འགྱུར་རོ།། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཏདྱ་ཐཱ། ཏཱ་རྒེ་ཏཱརྐ་རྐེ། ཏརྐ་ཙིཀ། ཏཱ་ཀ་བ་ཧུ་ལེ། ཏཱརྐ་ཧཱུ་བ་ལེ། པྲ་ཏིཥྛི་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་སྟེ། སུ་འདི་བརྗོད་པ་ནི་ཕྱིར་མི་ལྡོག་པར་འགྱུར་རོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཁ་ཟས་མི་བཟེའ་བར་གཡེང་བ་མེད་པའི་སེམས་ཀྱི་འཆགས་བཞིན་དུ་ཉིན་མཚན་དུ་བཟླས་བརྗོད་བྱས་ན། རྣམ་པར་རྟོག་པ་འབྱུང་བར་འགྱུར་ཞིང་། དྲན་པ་དང་ལྡན་པར་འགྱུར་ཏེ། བསླབ་པའི་གནི་འཛིན་པས་བཟླས་བརྗོདབྱའོ།། ཏདྱ་ཐཱ། ཨོཾ་ཧ་ནི། ཨོཾ་ཧ་ནི། མོ་ཧི་ནེ། ཧུ་ཧུ་རེ། ཧུ་ཧུ་རེ། ནུ་བ་ཏེ། ཛ་མ་བྷ་ནི། སྟམ་བྷ་ནི་སྭཱ་ཧཱ། གཟུངས་སྔགས་འདིས་ནི་སྐྱེ་བོ་མེད་པའི་བཟོད་པ་ཐོབ་པར་འགྱུར་ཏེ། ཞག་གསུམ་གྱི་བར་དུ་བསླབ་པ་འཛིན་པ་གཡེང་བ་མེད་པའི་སེམས་ཀྱིས་འཆགས་བཞིན་དུ་བཟླས་བརྗོད་བྱས་ན། ཚེ་འདི་ལ་མ་གྲུབ་ན་ཡང་། ཚེ་ཕྱི་མ་ལོ་ངེས་པར་འགྲུབ་པར་འགྱུར་རོ།། ཏདྱ་ཐཱ། ཙ་རེ་ཙེ་རེ། ཡ་ཀྲེ་ཡ། ཡཀྐ་ཡཀྵ་ནུ་དཱ་བྷིནྟི་ཏེ། ཀ་ལ་པ། ཨ་ཏིནྟེ་ཏེ། ལོ་ཀ་ཨདྷིཥྞཱི་ཏ། དུདྡྷ་ཨདྷཱིཥྞཱི་ཏཱི་སཱུཏཱ་ཨདྷིཥྞཱི་ཏེ་སྭཱཧཱ། གཟུངས་སྔགས་འདྲིས་ནི་སྡིག་པ་ཐམས་ཅད་བཤགས་པར་འགྱུར་ཏེ། རླ་བདུན་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་བརྗོད་བྱའོ། ། ཏདྱ་ཛྫ། མི་ཏྲྀ་མི་ཏྲི། རག་ཏི་རག་ཏེ། མུག་ཏ་མུག་ཏེ། ཀྲ་ཡེ་ཀྐ་ཡཱཾ། ནུབ་ཏེ། མི་ཏྲེ། བུདྡྷ་ཨ་དྷིཥྛི་ཏེ་སྭཱཧཱ་གཟུངས་སྔགས་འདིས་ནི་འཐུན་པའི་བཟོད་པ་ཐོབ་པར་འགྱུར་རོ། ། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ནང་གསུམ་བཟླས་བརྗོད་བྱས་ན། ལན་ཅིག་ཀྱང་སྟོང་སྟོང་བྱའོ།། རྟག་ཏུ་གཉིད་མི་ལོག་པ་དང་། ཁྲུས་བྱ་བ་དང་། གཙང་བ་དང་། གོས་གཙང་མ་གྱོན་པས་ཟན་ཟོས་པའི་འོག་ཏུ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་གཡེང་བ་མེད་པའི་སེམས་ཀྱིས་བཟླས་བརྗོད་བྱས་ཏེ། དུ་རུ་ཀའི་བདུག་པས་བསྲེགས་ན་ནད་ཆེན་པོ་རྣམས་ཞི་བར་འགྱུར་རོ།། གསང་སྔགས་དེ་དག་གིས་མར་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ། ནད་པ་ལ་བླུད་པ་དང་ལུས་ལ་བསྐུ་བར་བྱའོ། ། འདི་ལས་སྨན་གྲགས་པ་ཇི་ལྟ་བུ་ཡང་རུང་བ་དེ་དག་ལ་ནད་པའི་ནང་གསུམ་དུ་ཉིན་གཅིག་བཞིན་དུ་ལན་སྟོང་སྟོང་བཟླས་བརྗོད་བྱས་ཏེ། སྲ་རྩི་པོག་བསྲེག་ཅིང་དྲི་ཆུ་དང་། དྲི། ཞིམ་པོས་བསྒོས་པའི་འབྲུ་མར་གྱི་མར་མེ་དང་། རོ་སྣ་གཅིག་དབུལ་བར་བྱའོ།། གང་གི་ཚེ་ཆོ་ག་འདི་བཞིན་དུ་བཟླས་བརྗོད་བྱས་ན།། ནད་ཚབས་ཆེན་པོ་རྣམས་ཀྱང་མེད་པར་འགྱུར་རོ།། ཏངྐ་ཐཱ། བུདྡྷེ་ཨ་ར་ཛེ་ཨ་ར་ཛེ་ནུ་བ་དེ་སང་ཀལ་བེ། མི་ཏྲེ་བུདྡྷ་ཨ་དྷིཥྛི་ཏི་སྭཱ་ཧཱ། ནང་བདུན་གྱི་བར་དུ་ཉིན་གཅིག་བཞིན་དུ་ལན་སྟོང་སྟོང་བཟླས་བརྗོད་བྱས་ཏེ། སེམས་ཞི་བར་བྱས་ན། འཐུན་པའི་བཟོད་པ་ཐོབ་པར་འགྱུར་ཏེ། བསླབ་པ་འཛིན་པས་བཟླས་བརྗོད་བྱའོ།། ཏདྱ་ཐཱ། སེ་ས་ས་ས། མི་མི་མི་མི། གིར་ཨ་དྷིཥྛི་ཏེ། ཛ་མ་དྷ་ཀོ་ཌི། ཨ་པར་ཛི་ཏི། ཀ་ལ་པ་བ་ཏི་ཛམ་བྷ་ཀོ་ཊི། ཀ་ཀཱ་མི་ལེན། བན་ཛི་རི་བི་ཏི་ནཾ་སན་སར། ཀོ་ཊི་བཛྲ་ལེ། བ་ལཱ་ཏེ། མ་མུ་ཤེས་ཀ་ལ་བེ། ནོའུ་ཛ་རེ། ཨ་ཡིཥྚི་ཀ་ཀེ་ལེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་མེ་གནས་ཞེས་བྱ་སྟེ། འདིས་ས་ཐོབ་པར་འགྱུར་རོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གཙང་ཞིང་ཁྲུས་བྱ་བ་དང་། གོས་གསར་པ་གྱོན་ཅིང་བསླབ་པ་འཛིན་པས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་བཟླས་བརྗོད་བྱས་ན། རྒྱལ་པོས་འཇིགས་པ་དང་། འཇིགས་པ་གཞན་ཐམས་ཅད་ལས་ཐར་བར་འགྱུར་ཏེ། ཁ་ཟས་མི་ཟ་བར་ལན་སྟོང་བཟླས་བརྗོད་བྱའོ།། དེ་ལ་དྲི་རེ་འདི་ཡི་རི་ཏེ། ཨ་ཀ་རུ་དང་། འབུག་སུ་གཏང་དང་། ག་པུར་དང་། ཤུག་པ་དང་། ཙན་དན་རྣམས་སོ།། བདུག་པ་ཡང་འདི་དག་ལས་སྦྱར་བར་བྱ་སྟེ། དེར་བདུག་པར་བྱའོ།། མར་མེ་ཡང་དེ་དག་གི་ཕྱེ་མ་དང་སྦྱར་ཏེ་སྦར་རོ།། ཡང་ན་དེ་དག་གིས་དྲིས་ཀྱང་བསྙེན་བཀུར་བྱ་ཞིང་། ཆུ་དང་སྦྱར་ཏེ། དེས་གཏོར་བར་བྱའོ།། རོ་སྣ་གཅིག་ཀྱང་དེར་གཞག་པར་བྱ་སྟེ། དེས་བསྒོས་པའི་ཚུལ་བཟླས་བརྗོད་བྱས་པས་སྟེང་དུ་གཏོར་བར་བྱའོ།། གང་གིས་ཆོག་འདི་བཞིན་དུ་བྱས་ན། ཉེས་པ་སྣ་ཚོགས་ལས་གྲོལ་བར་འགྱུར་ཞིང་། འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འཇིགས་པ་དེ་ལས་ཐར་པར་མ་གྱུར་ཀྱེ་དར་དུ་སྔ་དྲོ་ཞིང་ལན་སུམ་ཅུ་རྩ་གསུམ་གསུམ་བཟླས་བརྗོད་བྱའོ། ། ཆོ་ག་བཞིན་དུ་བཟླས་བརྗོད་བྱེད་པ་གང་ཡིན་པ་དེ་ནི་འཇིགས་པ་འམ། གནོད་པ་གང་ལས་ཀྱང་གྲོལ་བར་མི་འགྱུར་བ་མེད་དེ།། ཅི་སྟེ་བསྒྲུབས་ན། ལས་གང་བརྩམ་ཡང་རུང་སྟེ་མི་འགྲུབ་པ་མེད་དོ། ། གང་ཞིག་སྒྲུབ་བམ། ཡང་ན་སྐུད་པ་འདོགས་སམ། ཡང་ན་བྲིས་ཏེ་འཆང་ན། གནོད་པ་ཐམས་ཅད་ལས་ཐར་པར་འགྱུར་ཏེ། མི་བསོད་ནམས་དང་ལྡན་པ། ཞིག་ནི་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ།། ཅི་སྟེ་དེས་ཐོབ་པར་མ་གྱུར་ན་ཡང་། ཚེ་ཕྱི་མ་ལ་གདོན་མི་ཟ་བར་འཐོབ་པར་འགྱུར་རོ།། ཏདྱ་ཐཱ། ཀ་བི་ལེ། ཀ་པི་ལ། པིཎ་རེ། དྷུ་ཛ་ར་སྟུ། མྲི་ལ་ཧ་ལ་ཨད་ཏཱ་རེ་སྭཱ་ཧཱ། གཟུངས་སྔགས་འདི་བཟླས་བརྗོད་བྱེད་པ་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱའོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཁྲུས་ལེགས་པར་བྱས་ཤིང་གོས་གཙང་མ་བགོས་པས། ཁ་ཟས་མི་བཟའ་བར་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ།། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་སུམ་སྟོང་བཟླས་བརྗོད་བྱའོ།། དེའི་བདུག་པ་ནི་འདི་ཡིན་ཏེ། འབུག་སུག་ཧང་དང་། ག་པུར་དང་། དུ་རུ་ཀ་དང་། ཀཱ་ལ་ནུ་ས་རི་དང་། ཤའི་ལ་ཡ་ཀ་རྣམས་ཀྱིས་བདུག་སྟེ། གང་གིས་ཆོ་ག་འདི་བཞིན་དུ་བཟླས་བརྗོད་བྱས་པ་ལ་ནི་ཁྲོ་དོང་། སྡང་བ་ཐམས་ཅད་ཀྱང་དང་པར་འགྱུར་རོ། ། ཙན་དན་དང་། གུར་ཀུམ་དང་། ཤིང་དང་ར་དང་། ཀར་ཀོ་ཏི་དང་། ཤུག་པ་དང་། སྨན་འདི་རྣམས་ལ་སོགས་པ་ལ་གཟུངས་སྔགས་འདིས་ལན་སུམ་སྟོང་བཟླས་བརྗོད་བྱས་ཏེ་ལུས་ལ་བཏགས་ན། དེ་ལ་བྱད་སྙེམས་ཀྱིས་ཚུགས་པར་མི་ནུས་ལ། བྱས་ཟིན་པ་ཡང་འཇིག་པར་འགྱུར་ཏེ། བྱམས་པའི་སེམས་དང་ལྡན་པ་དང་། བསླབ་པ་འཛིན་པས་བཟླས་བརྗོད་བྱའོ། ། ཏདྱ་ཐཱ། ར་རེ་ར་རཱ་མུ། པན་ཎེ་ལི་བེ་ལི་བ་ཀ་ར་མུ་ཀ་ཏ་མུན་དྷ་རེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པ་སྟེ། མཛོད་ཇི་ལྟ་བུ་དང་། ཏིང་ངེ་འཛིན་གྱི་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གཙང་བ་དང་། ཁྲུས་བྱ་བ་དང་། གོས་གཙང་མ་གྱོན་པ་དང་། བསླབ་པ་འཛིན་པས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་བཟླས་བརྗོད་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མཚན་ཕྱོགས་རེ་རེ་ར་ལན་སུམ་ཅུ་རྩ་གསུམ་གསུམ་བརྗོད་པར་བྱའོ། ། ཕྱོགས་རེ་རེར་གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བརྒྱད་བཟླས་བརྗོད་བྱའོ།། འདི་ལ་བདུག་པ་ནི་འབུག་སུག་ཧང་དང་། ག་པུར་དང་། ཀ་ལ་ནུ་ས་རི་དང་། ཤའི་ལེ་ཡ་ཀ་དང་། དུ་རུ་ཀ་རྣམས་བསྲེག་པར་བྱ་ཞིང་། དེ་དག་གིས་བསྒོས་པའི་མར་མེ་སྦྱར་བར་བྱའོ།། སྨན་དེ་དག་དང་སྦྱར་བའི་ཆུ་བཞག་སྟེ། རོ་སྣ་གཅིག་ཀྱང་བཞག་ནས། ཡིད་ལ་གང་འདོད་པ་དེ་སངས་རྒྱས་རྣམས་ལ་གསོལ་ན་ཇི་ལྟར་འདོད་པ་དེ་བཞིན་དུ་འགྱུར་རོ།། ཏདྱ་ཐཱ། ཏི་ལ་ག་ཛེ། ཤྭ་ར་ཤྭ་ར། ཨཱ་དྷི་པ་ཏཾ། ཥཱ་བ་ཏཱ་ར་ཀུ་ལེ་ཤེ་པ་ཏི་ཀུ་ལེ་སྭཱཧྨ། གཟུངས་སྔགས་འདིས་ལྷའི་མིག་འཐོབ་པར་འགྱུར་རོ། ། མིག་ནད་ཀྱང་མེད་པར་འགྱུར་རོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གོས་གཙང་མི་བགོས་ལ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱ་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། མིག་སྨན་འདི་ཡང་སྦྱར་བར་བྱ་སྟེ། གུར་ཀུམ་དང་། བ་ར་དཀར་པོ་སྦྲང་རྩི་དང་སྦྱར་ཏེ་མིག་ཏུ་བསྐུས་ན་མིག་མ་རུང་བར་མི་འགྱུར་རོ།། མིག་ནད་ཐམས་ཅད་ཀྱང་མེད་པར་འགྱུར་རོ།། བདུག་པ་སྦྱར་བ་བསྲེག་གོ།། མིག་སྨན་དེ་ལ་ནི་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ཉིན་གཅིག་བཞིན་དུ་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། མིག་ནད་བཀྲུ་བར་བྱའོ། ། ཏདྱ་ཐཱ། བ་ར་ཛེ། བི་ར་ཛི། ཀུ་ཐལ་མིག་ཏ་ལེ་ཨེ་ལེ་མེ་ལེ་ཌད་གཱ་ཌ་དགུ་ལེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ཡིན་ནོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། བསླབ་པ་འཛིན་པ་དང་། གཙང་མས་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་དགུ་བརྒྱ་བཟླས་བརྗོད་བྱས་ཏེ། བདུག་པ་སྦྱར་བ་བསྲེག་ཅིང་དྲི་ཞིམ་པོས་བསྒོས་པའི་འབྲུ་མར་གྱི་མར་མེ་དང་། པོག་པོར་དང་། དྲི་ཞིམ་པོས་བསྒོས་པའི་ཆུ་དང་། རོ་སྣ་གཅིག་གཞག་པར་བྱ་སྟེ། མར་ལ་བཟླས་བརྗོད་བྱས་ནས། མགོ་བོ་དང་ཁར་བསྐུས་ན། མགོ་བོའི་ནད་ཐམས་ཅད་ལས་ཐར་པར་འགྱུར་རོ།། འཐུངས་ན་དྲན་པ་སྐྱེ་བར་འགྱུར་རོ། ། ཆོས་སློབ་པར་འདོད་པས་མར་དེ་འཐུངས་ན་དབང་པོ་རྣོན་པོར་འགྱུར་རོ།། གཟུངས་སྔགས་གང་བསྒྲུབ་ཀྱང་རུང་སྟེ། འདི་ལས་སྨོས་པ་བཞིན་དུ་ཡོངས་སུ་རྫོགས་པར་བཟླས་བརྗོད་བྱས་ཏེ། གཟུངས་སྔགས་ཐམས་ཅད་དང་། སངས་རྒྱས་ཀྱི་མཚན་ཕྱོགས་བཅུའི་ཕྱོགས་རེ་རེར་ལན་སུམ་ཅུ་རྩ་གསུམ་གསུམ་བརྗོད་པར་བྱའོ།། གང་གི་ཚེ་གཟུངས་སྔགས་བརྗོད་པ་ནི། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱོགས་བཅུར་ཚེ་དཔག་མེད་ཀྱི་སྙིང་པོའི་གཟུངས་སྔགས་བརྗོད་པར་བྱའོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཕྱོགས་རེ་རེར་བརྗོད་པར་བྱའོ།། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་སྔགས་འདི་དག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཇི་ལྟར་ཆོས་དང་ལྡན་པའི་དམ་པ་ཇི་ལྟ་བུར་འདོད་པ་བཞིན་དུ་ཐམས་ཅད་ཐོབ་པར་བྱེད་པ་དེ་བཞིན་དུ་སུ་རྗོད་པ་དེས། སངས་རྒྱས་ཉིད་ཀྱང་འཐོབ་པར་འགྱུར་ལ། སྡུག་བསྔལ་ཐམས་ཅད་ལས་ཐར་པར་འགྱུར་རོ།། དེས་འདི་སྐད་དུ་བདག་གིས་གང་གི་ཚེ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ནས་དགྲོལ་བར་བྱའོ།། ཞེས་བྱས་སོ།། དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་དུ། ཇི་ལྟར་བདག་གིས་གཟུངས་སྔགས་འདི་དག་གིས་མིང་པོ་ཐར་པར་བྱས་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་གཟུངས་སྔགས་འདི། ངདག་གིས་ཡོངས་སུ་ཐར་པར་ཤོག་ཅིག་ཅེས་བྱས་སོ།། ནམ་ཅིག་ན་སུམ་པ་རྣམས་དེར་འོང་བ་དང་། གདོང་དམར་གྱིས་ཡུལ་འཛིན་པར་འགྱུར་བའི་དུས་འོང་བར་འགྱུར་ཏེ། དེ་དག་ཡང་ལས་འདི་ལྟ་བུ་ལས་འགྱུར་རོ། ། གང་གི་ཚེ་གཞོན་དུ་སྡིག་ཅན་བྱུང་བ་ན། མི་རྒོད་བྱུང་བ་དེ་དག་རྒྱལ་པོའི་ཐད་དུ་བཏང་སྟེ། བློན་པོ་ཆེན་པོ་གཙོ་བོའི་ཁྱིམ་དུ་སོང་ནས་ནོར་རྣམས་ཁྱེར་རོ།། དེ་ནས་དེའི་མཛོད་སྒོ་དེ་ན་དེའི་ཆུང་མབུད་མེད་གཅིག་ཞལ་བ་དེ་གསང་ཤོར་གྱི་དོགས་པའི་ཕྱིར་ཁྲིད་དེ་བསད་དོ། ། དེ་ནས་མི་རྒོད་དེ་དག་བཟུང་ནས། བློན་པོ་དེ་དག་གི་ལག་ཏུ་བྱིན་ནོ།། མི་རྒོད་དེ་དག་གི་བུ་དང་། ཆུང་མ་དང་། ནོར་རྣམ་ཀྱང་བློན་པོ་ཆེན་པོ་དེ་དག་གི་མདུན་དུ་བཞག་གོ། ། དེ་ནས་བློན་པོ་ཆེན་པོ་གཙོ་བོ་དེ་ཁོང་དགེ་བ་ཞིག་སྟེ། བདག་གི་ནོར་འི་ཚེ་ངོ་བླངས་སོ།། དེ་ནས་བློན་པོ་ཆེན་པོ་གཙོ་བོ་དེའི་སྲིང་མོ་མཚན་མེ་ཉལ་བར་འཆས་ན་འཆགས་པས་དེར་མི་རྒོད་འོངས་པ་ཚོར་ནས། རྒྱལ་པོའི་གམ་དུ་ཁྲིད་པ་ཡང་དེས་མཐོང་ངོ་།། དེ་ནས་དེ་དག་གི་ངུ་དང་ཆུང་མ་རྣམས་ནི་བློར་པོ་ཆེན་པོ་ཅིག་ཤོས་ཀྱིས་ཁྱེར་རོ།། ནོར་རྣམས་ནི་རྒྱལ་པོའི་དཀོར་དུ་བསྡུས་ནས། བློན་པོ་ཆེན་པོ་ཅིག་ཤོས་ཀྱིས་བུ་དང་། ཆུང་མཁྱེར་བ་ཡང་རྒྱལ་པོས་མ་རྨས་སོ།། དེ་ནས་བློན་པོ་ཅིག་ཤོས་ཀྱིས་ནུ་བོ་དང་། བུ་ལ་མི་རྒོད་གཙོ་བོའི་ཆུང་མ་བྱིན་ནས། བློན་པོ་ཅིག་ཤོས་དེའི་བུ་དང་། ཆུང་མ་རྣམས་ཀྱང་མི་རྒོད་དེ་དག་གིས་མཚན་མོ་བརྐུས་ཏེ། རང་གི་བུ་དང་ཆུང་མ་ནི་ཕྱིར་མ་ཐོབ་བོ།། དེ་ནས་དེའི་ཚེ་དེ་དག་གིས་སྨོན་ལམ་བཏབ་པ།། གང་གི་ཚེ་ཁྱོད་ཀྱིས་མིའི་ལུས་ཐོབ་པར་འགྱུར་བ་དེའི་ཚེ། ངེད་ཀྱིས་ཁྱོད་ཀྱི་ཆུང་མ་འཕྲོག་པར་གྱུར་ཅིག་ཅེས་བྱས་སོ།། མི་རྒོད་ཀྱི་གཙོ་བོ་གང་གིས་མཛོད་ཀྱི་སྒོ་ནས་བུད་མེད་ཁྲིད་དེ་སོང་བ་དེས་སྨོན་ལམ་བཏབ་པ། བདག་བློན་པོ་ཆེན་པོ་ཁྱེད་ཀྱི་འཁོར་དུ་སྐྱེས་ཏེ། གང་གི་རོ་ཁྱོད་ལས་བྱེད་པ་དེའི་ཚེ། ངས་ཁྱོད་ཀྱི་སེམས་དཀྲུག་ཅིང་གཏམ་ངན་ཆེན་པོ་སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ།། དེ་ནས་རིགས་དང་ལྡན་པའི་བུད་མེད་གང་གིས་མི་རྒོད་འོདོང་ཚོར་བ་དེ་ལ་དྲིས་པ། ངས་ཚེར་རོ་ཞེས་ཁྱོད་ཀྱིས་བྱ་སྟེ་ཅི་དྱ་ཞེས། དེས་སྨྲས་པ། བརྫུན་དུ་སྨྲ་བར་གྱུར་གྱིས་དོགས་པ་དང་། དེའི་སྡིག་བདག་གིས་ལུས་ཀྱིས་མྱོང་བར་འགྱུར་དུ་དོགས་པའི་ཕྱིར་རེ་ཞེས་བྱས་སོ། ། དེས་ན་མི་རྒོད་ཀྱི་གཙོ་བོ་དེས་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། དུས་ཐམས་ཅད་དུ་བདག་བློན་པོ་ཆེན་པོ་འདིའི་མཛའ་བོའི་ཚུལ་དུ་འདུག་ཅིང་དགྲ། བྱེད་པར་གྱུར་ཅིག་ཅེས་བྱསོ།། དེ་ལ་བློན་པོ་ཆེན་པོ་གཙོ་བོ་དེས་ནི་སྐར་རྡོའི་རྒྱལ་པོར་འགྱུར་རོ།། ཅིག་ཤོས་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ།། བློན་པོ་ཆེན་པོ་ཅིག་ཤོས་ཀྱི་ནུ་བ་ནི། ཤད་ཀུ་ལ་ཞེས་བྱ་བར་འགྱུར་རོ། ། བུར་གྱུར་པ་དེ་ནི་བསོད་ནམས་འཕེལ་ཞེས་བྱ་བར་འགྱུར་རོ།། མི་རྒོད་ཀྱི་གཙོ་བོར་གྱུར་པ་དེ་ནི། ས་པེ་ཏི་ཀུ་ལ་ཞེས་བྱ་བར་འགྱུར་རོ།། བློན་པོ་ཆེན་པོ་དེའི་ཆུང་མ་གསོད་གསོད་པའི་མི་དེ་གཉིས་ལས་གཅིག་ནི་ཨ་ཀུ་ན་ཞེས་བྱ་བར་འགྱུར་རོ། ། གཅིག་ནི་ཏུ་པ་ལ་ཞེས་བྱ་བར་འགྱུར་རོ།། དེའི་ཆུང་མ་སྨོན་ལམ་འདེབས་པ་གཉིས་ལས། གཅིག་ནི་མྱ་ངན་བྲལ་ཞེས་བྱ་བར་འགྱུར་རོ། ། གཅིག་ནི་རབ་སྡུག་ཅེས་བྱ་བར་འགྱུར་རོ།། བློན་ཆེན་པོ་དེའི་ཆུང་མ་མཛོད་ཀྱི་སྒོན་ཉལ་ཉལ་བ་དེ་ནི། བིད་ཀུ་ལའི་ཆུང་མ་ལས་སྐར་རྡོའི་རྒྱལ་པོས་ཁྱེར་བ་ཡིན་ནོ། ། མི་རྒོད་རྣམས་ཀྱི་མར་གྱུར་པ་དེ་ནི་མི་རྒོད་འཛིན་པ་རྣམས་ཀྱི་མར་གྱུར་ཏེ། དེ་ཡང་དེའི་གྲོགས་སུ་འགྱུར་རོ།། རྒྱལ་པོ་གསོད་པ་དེས་ནི་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། ཅི་ནས་བདག་བག་མར་བཏང་ནས། ཁྱེད་ལ་གསོད་པར་གྱུར་ཅིག་ཅེས་བྱས་སོ།། དེའི་ཕྱིར་ན་ལིའི་རྒྱལ་པོས་མྱ་ངན་མེད་པ་ཨ་ཀུན་ལ་བྱིན་ནོ།། སྐར་རྡོའི་རྒྱལ་པོས་ཀྱང་པིད་ཀུ་ལའི་ཆུང་མ་ཁྱེར་བར་གྱུར་ཏེ། དབྱིན་ཆད་གཅིག་ལ་གཅིག་དགྲར་འགྱུར་རོ།། དགེ་བྱེད་ཀྱི་ཕྱོགས་གང་ཡིན་པ་དེ་དག་ནི་ལི་ཡུལ་ན་དགེ་བ་བྱེད་པར་འགྱུར་རོ།། མཆེད་དུ་གྱུར་པ་དེ་དག་ནི་ལ་ཡུལ་དུ་སྡིག་བྱེད་པར་འ། ཆུང་མ་འཕྲོག་པར་བྱེད་པའི་མི་རྒོད་དེ་དག་གིས་ཀྱང་བློན་པོ་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་ཏེ་སྨོན་ལམ་བཏབ་པ། ཁྱེད་ཀྱིས་ཚེས་བཞིན་དུ་བྱས་ཏེ། ཡུས་ཡོད་བཞིན་བཏང་ནས། རང་གནོར་ཉི་ཆ་ངོ་བླང་བས་ན། ཁྱོད་དགེ་བ་ཅི་རྩོ་མ་ཡང་རུང་སྟེ། དེར་བདག་ཁྱོད་ཀྱི་གྲོགས་སུ་གྱུར་ཅིག་ཅེས་བྱས་སོ།། སྔོན་དུ་པ་ལ་ལིའི་རྒྱལ་པོའི་མིར་གྱུར་པའི་ཚེ་སྔོན་ལམ་བཏབ་པ། རྐར་རྗེའི་རྒྱལ་པོའི་གྲོགས་སུ་འགྱུར་ཏེ། ནམ་དེའི་དུས་ན་བབ་པ་ན། སྐར་རྡོའི་རྒྱལ་པོ་པིད་ཀུ་ལའི་ཆུང་མ་ཁྱེར་བར་གྱུར་ཏེ། དེའི་ཚེ་པིད་ཀུ་ལས་གཏམ་པར་རེར་པོ་བསྒྲགས་ནས། མི་དེ་ཡང་མི་བསམ་པ་སེམས་པ་ལས་ན། ལུས་འདི་ཅི་ཞིག་བྱ་སྙམ་ནས། དེའི་ཚེ་སྐྱོ་བ་ཆེན་པོ་སྐྱེ་བར་འགྱུར་རོ།། དེའི་ཚེ་སྔོན་གྱི་དགེ་བའི་རྩ་བ་དྲན་པར་འགྱུར་ཏེ། འདི་ནི་བུད་མེད་དུ་སྐྱེ་བའི་ཐ་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་འདི་དྲན་པར་བྱའོ། ། དེ་ནས་ནམ་འཚེའི་བར་དུ་དགེ་བསྙེན་མའི་བསླབ་པའི་གཞི་འཛིན་པར་འགྱུར་ཏེ། དེའི་ཚེ་ཀུན་ཏུ་དགའ་བ་ཞེས་བྱ་བའི་གཟུངས་སྔགས་བརྗོད་ནས། དེར་གང་གི་ཚེ་རབས་དྲན་པར་གྱུར་པ་ཏི་ངེ་འཛིན་དང་། བཟོད་པ་འཐོབ་པར་འགྱུར་རོ།། དེ་རས་རིང་པོ་མི་ཐོགས་པ་རལ་དེར་གདོང་དཔར་དཔས་འཛིན་པར་འགྱུར་ཏེ། དེ་དག་ཐོག་མ་ལི་ཡུལ་དུ་འགྲོ་འདོང་པ་དེའོ་མ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ལི་ཡུལ་གྱི་སྲུངས་མའི་ལྷ་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་དང་། འབྲོག་པའི་བུ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་རྣམས་ཀ་བིལ་ནས་མཆོད་རྟེན་དུ་ཐམས་ཅད་འོང་བར་འགྱུར་ཏེ། དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་བཤད་དོ།། དེའི་ཚེ་དེར་མཆོད་རྔན་དེ་ཉིད་ལས་འདི་ལྟར་བྱང་ཕྱོགས་པ་ལ་སོགས་པའི་དམག་འོང་བར་འགྱུར་ཏེ། ཤིན་ཏུ་མི་བཟད་པ་ཡིན་ནོ་ཞེས་སྒྲ་རང་འབྱུང་བར་འགྱུར་རོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་།། ལྔ་རྣམས་དང་། འཕྲོག་མ་བུ་དང་བཅས་པ་དེ་དག་ཐམས་ཅད་མྱ་ངན་གྱི་གོས་བགོས་ནས། དེར་འོངས་ཏེ་འདི་སྐད་དུ་གདོང་དམར་གྱི་དམག་འོངས་ཏེ། དྲི་གཙང་ཁང་དང་། མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་ཀྱང་འཇིག་པར་བྱེད་ཀྱིས། ཅི་ནས་ཡུལ་ཀུན་འཇིག་པར་མི་འགྱུར་བར་གྲོགས་གྱིས་ཤིག་ཅེས་ཟེར་རོ།། དེ་ནས་དེའི་ཚེ་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་གིས་བགྱི་བ་གང་ལགས་པ་དེ་བཀའ་སྩོལ་ཅིག་དང་། ད་ཡུལ་གྱི་ཕྱིར་ཅི་སྟེ་བདག་གི་སྲོག་ཡལ་དུ་ཟིན་ཀྱང་དེ་ལ་ཆགས་པ་མེད་དོ།། དེ་ནས་ལྷ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འདི་ལ་ཐབས་ཅིག་ཁོ་ན་ཞིག་ཡོད་དེ། ཅི་ནས་ཡུལ་གྱི་མི་ཐམས་ཅད་ཀྱིས་ཐེག་པ་ཆེན་པོའི་མདོ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ཉི་ཤུ་རྩ་གཅིག་བྲིས་ལ། དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་སྲུངས་མའི་ལྷ་དེ་དག་དང་། མདོ་དེ་ལས་མི་སྨོས་པའི་སྲིན་པོ་དང་། སྲིན་མོ་གང་ཡིན་པ་དེ་དག་ལ་ཆོས་སྦྱིན་པར་བྱ་བའི་ཕྱིར། ཨ་ཤྭ་དམ་པའི་མཆོད་རྟེན་ཆེན་པོ་བཀླག་པར་སྟེ། རོ་དང་ལྡན་པའཟས་ཀྱ་ཆག་པར་བྱའོ། ། མར་མེ་དག་ཀྱང་སྦྱར་བར་བྱའོ།། དེ་ནས་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཡུལ་གྱི་ཕྱིར་ཐམས་ཅད་འདྲིར་གཞུག་པ་དང་། ཀློག་ཏུ་གཞུག་པར་བསྒོ་བའི་མཐུ་དེ་ལྟ་བུ་བདག་ལ་མེད་ཀྱིས། ཡུལ་གྱི་ཕྱིར་བདག་ཉིད་ཀྱིས་ཀློག་ཅིང་རོ་དང་ལྡན་པའི་ཟས་རྣམས་ཀྱང་གཞག་གོ།། མར་མེ་དེ་དག་སྦྱར་རོ།། གང་གི་ཚེ་དྲི་མ་མེད་པའི་འོད་ཀྱིས་དམ་པའི་ཆོས་པདྨ་དཀར་པོ་ཀློག་པ་དང་། རོ་དང་ལྡན་པའི་ཟས་རྣམས་གཞག་པར་རྩོམ་པ་དེའི་ཚེ། གདོང་དམར་དེ་དག་ལོ་དང་པོ་ལ་ལི་ཡུལ་དུ་འགྲོ་བར་རྩོམ་པར་འགྱུར་རོ།། དེ་ནས་ལོ་གསུམ་པའི་ཚེ་འགྲོ་ནུས་པར་འགྱུར་དེའི་ཚེ་སྡིག་བྱེད་ཀྱི་གྲོགས་པོར་གྱུར་པའི་མི་རྒོད་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་མི་རྒོད་ཀྱིས་འཛིན་པར་འགྱུར་རོ། ། དེའི་ཚེ་དྲི་མ་མེད་པའི་འོད་གཡེངས་པར་འགྱུར་ཏེ། དམ་པའི་ཆོས་པདྨ་དཀར་པོ་དག་ཀྱང་ཀློག་པར་མི་བྱེད། རོ་དང་ལྡན་པའི་ཟས་རྣམས་ཀྱང་འགྲེམས་པར་མི་བྱེད་དོ།། དེ་ནས་གདོང་དམར་རྣམས་རང་གྱི་ཡུལ་ནས་འཕགས་ཏེ། སྟོར་ཟླ་ར་བ་ལ་ལི་ཡུལ་དུ་འགྲོ་བར་ཆས་སོ། ། དེའི་ཚེ་ལིའི་རྒྱལ་པོ་སྲིང་མོ་དྲི་མ་མེད་པའི་འོད་ལ་མི་དགའ་འོ།། ཏུ་བལ་དང་། ཨ་ཀུན་གཉིས་ཀྱང་དེའི་ཚེ་གཡེངས་པར་གྱུར་ཏེ། ཀློག་པར་མི་བྱེད། རོ་དང་ལྡན་པའི་ཟས་རྣམས་ཀྱང་འགྲེམས་པར་མི་བྱེད། མར་མེ་ཡང་སྦྱར་བར་མི་བྱེད་དོ།། དེ་རས་ལྷ་རྣམས་ཙར་མིན་དྷའི་ཡུལ་དུ་གཡུལ་འགྱེད་དེ་ཕམ་པར་འགྱུར་རོ།། དེའི་ཚེ་དྲི་མ་མེད་པའི་འོད་ཀྱིས་དགག་དབྱེའི་ཚེས་བཅུ་བཞི་ལ་གཟུངས་སྔགས་བརྗོད་ནས། དེར་ལྷ་རྣམས་ཀྱིས་ཡིད་དུ་མི་འོང་བའི་ཚིག་སྨྲས་པ། ཁྱོད་ཀྱིས་དམ་ཆེས་པདྨ་དཀར་བོའི་ཆོས་ཀྱི་རྣམ་གྲངས་བདག་གིས་ཉིན་གཅིག་བཞིན་དུ་ཆོ་ག་བཞིན་བཀླག་པར་བྱའོ། ། ཞེས་གང་སྨྲས་པ་དེ། ཁྱོད་ཀྱིས་མ་བཀླགས་པའི་ཕྱིར། ཁོ་བོ་ཅག་ཕམ་པར་གྱུར་པས། སུམ་པ་རྣམས་འདིར་འོང་བར་འགྱུར་རོ་ཞེས་ཟེར་རོ།། ། དྲི་མ་མེད་པའི་འོད་ཀྱིས་ཞུས་པ་བམ་པོ་བཞི་པ། དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྔོན་བྱུང་བ་གང་ལགས་པ་དང་། སླད་ཀྱིས་ཇི་ལྟར་འགྱུར་བ་དང་། ཅི་ནས་བདག་གིས་ཇིལྟར་དྲན་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མ་འོངས་པའི་དུས་ན་ཡུལ་འདིར་འདི་ལྟ་བུ་བྱུང་བར་འགྱུར་ཏེ། དེ་ལ་འདི་སྐད་ཅེས་བྱའོ། ། ལི་ཡུལ་གྱི་རྒྱལ་སྲིད་སུམ་པས་འཛིན་པར་འགྱུར་ཏེ། དེ་ན་གང་གི་ཚེ་རྒྱལ་པོ་འཕགས་སྐྱེས་པོས་ཤཱཀྱའི་ཡུལ་དུ་དམག་དྲངས་པ་དེའི་ཚེ། ཤཱཀྱའི་ཡུལ་གྱི་མི་རྒྱལ་པོའི་འཁོར་དུ་གྱུར་པ་ཞིག་ཤཱཀྱ་དག་གི་ཟླ་ལ་གཡུལ་བཀྱེ་ནས། དེའི་ཕྱི་བཞིན་དུ་མི་གཞན་ཞིག་བྱུང་བ་དེས་དེར་འདི་སྐད་དུ་ཁྱོད་ཀྱིས་ཤཱཀྱ་ཐམས་ཅད་ལ་བསླབ་པ་འཛིན་དུ་བཅུག་ནས་དེ་དག་གི་ཡུལ་དུ་བྱུང་ན་ཡང་འཐབ་མོ་མ་བྱས་པས་ན་མ་འོངས་པའི་རུས་སུ་གང་དུ་ཁྱོད་ཀྱི་སྐུ་གདུང་དང་། བསྟན་པ་བྱུང་བ་དེར་ངེས་དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་དང་། མཆོད་རྟེན་ཆེན་པོ་རྣམས་ཅི་ནས་ཀྱང་གཞིག་པར་བྱའོ་ཞེས་སྨོན་ལམ་བཏབ་བོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་བཀའ་སྩལ་པ། ནུ་སྡུག་གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེའི་ཚེ། དེརའུ་བུ་ཅག་གཉིས་ཀྱིས་ལྷན་ཅིག་ཏུ་སངས་རྒྱས་སུ་ལུང་བསྟན་པ་ཐོབ་པར་དྲན་པར་གྱིས་ཤིག། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ནུ་སྡུག་པ་ལི་ཡུ་ལ་དེར་དེ་ལྟ་བུའི་དུས་ལ་བབ་པ་ན། ཇི་ལྟར་ཡང་ཡུལ་དེ་ཅུང་ཟད་ཀྱང་འཇིག་པར་མི་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ནོར་བུ་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ངས་དགོངས་ཏེ། ཨུ་རྒྱན་གྱི་ཡུལ་དེར་ལུང་ཇི་ལྟར་བསྒོ་བ་དེ་བཞིན་དུ་འདིར་ཟུང་ཞིག། དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལི་ཡུལ་དུ་སུམ་པ་འོངས་པ་དེ་ལྟར་ཐུགས་སུ་ཆུད་པ་དེའི་ཚེ། སྔར་རས་གཟིགས་དབང་ཕྲག་ལ་འདི་མད་ཅེས་དཀའ་སྩལ་ཏོ།། ན་སྡུག་ཁྱོད་ཀྱིས་ལི་ཡུལ་འདི་ལྟ་བུར་འགྱུར་བའི་དུས་ལ་བབ་པ་དེའི་ཚེ་སྐབས་ཕྱེ་ཞིག། དེ་ནས་དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས་ཆ་ལུགས་ཀྱིས་གཟུགས་བྱས་ནས། དགེ་སློང་ཞིག་ལ་བྱིན་ཏེ། དེས་ལི་ཡུལ་དེར་ཁྱེར་ཏེ་འོང་བར་འགྱུར་རོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལི་ཡུལ་དང་དམག་གི་དཔུང་འཛིན་པའི་ལྷ་གང་ཡིན། པ་དེ་དག་ལ་སྐུལ་བར་བྱེད་དོ།། དགེ་སློང་དེའང་ཕྱིས་གསེར་གྱི་ཡུལ་དུ་སྐྱེ་བར་འགྱུར་ཏེ། བསོད་ནམས་ལ་དགའ་བ་ཞེས་བྱ་བར་འགྱུར་རོ།། གང་གི་ཚེ་ཤི་བར་འགྱུར་བ་དེའི་ཚེ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། ། གང་གི་ཚེ་སུམ་པ་འོང་བར་འགྱུར་བ་དེའི་ཚེ། དགུན་ཟླ་ཐ་ཆུང་ཚེས་བཅོ་ལྔ་ཉའི་ནམ་ཕྱེད་དེ་དག་གིས། དྲི་མ་མེད་པའི་འོད་དེ་ལ་བོས་ཏེ། འདི་ལྟ་སྟེ། ཀྱེ་རབ་ངེས་ལི་ཡུལ་དུ་དམག་འོངས་སོ། ། རྒྱལ་པོ་ཡང་ཕྱིར་བྱུང་སྟེ། ཡུལ་ཡང་ཤིན་ཏུ་མི་བཟད་པའི་དུས་ལ་བབ་བོ་ཞེས་ཟེར་རོ།། གནོད་སྦྱིན་སེར་སྐྱས་ཀྱང་འདི་སྐད་དུ་ཁྱོད་དང་ལྷན་ཅིག་ཏུ་ལི་ཡུལ་བསྲུང་བའི་ཕྱིར་ལག་ཏུ་མནོས་པའི་ལྷ་དང་གནོད་སྦྱིན་གང་ཇི་སྙེད་ཡོད་པ་དེ་དག་ལ་ཅི་ནས་གསེར་གྱི་ཡུལ་བསྲུང་བ་དང་། ཅི་ནས་སུམ་པ་དག་གིས་བཤིག་པར་མི་འགྱུར་བ་དེ་ལྟ་བུ་སྒོ་ཞིག་ཅེས་ཟེར་རོ། ། དེ་དག་ཀྱང་འདི་སྐད་དུ་བདག་ཅག་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་གིས་ཁྱོད་ལས་བྱེད་ནུས་པར་འགྱུར་བ་དང་། ཅི་ནས་སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་བ་དང་། རྒྱལ་པོ་འང་ཕྱིར་རང་གི་ཡུལ་དུ་འོང་བར་འགྱུར་བ་དེ་ལྟ་བུ་སྦྱིན་པར་བྱའོ་ཞེས་ཟེར་རོ། ། དེའི་ཚེ་ཅི་ནས་སངས་རྒྱས་དེ་དག་གིས་ཆོས་བཤད་པ་ཐམས་ཅང་དེར་ཡོངས་སུ་ཤེས་པར་འགྱུར་པར་བཟུངས་སྔགས་དེའང་བྱིན་ནོ། ། ཏདྱ་ཐཱ། ཨུ་ཀ་སེ་མུ་ཀ་སེ། ཨུ་ཀུ་རུ་མུ་ཀུ་རུ་ཕུཿསྭཱཧཱ། ཏདྱ་ཐཱ། ནི་རྫི་ཏ་བརྫི་ཏེ། དྷརྨ་སྐན་དྷ། ཨ་པ་རཱ་ཛི་ཏེ། ཨིནྡྲ་བ་བྷྲི་ཏེ་པུཿསྭཱཧཱ། འདི་སྐད་དུ་གཟུངས་སྔགས་འདི་དག་ཟླ་བ་གཅིག་གི་བར་དུ་ཕྱེ་མ་རེད་ཀྱི་དུས་སུ་ལན་བརྒྱ་རྩ་བརྒྱད་བརྒྱད་རྗོད་ཅིག་དང་། ཇི་ལྟར་འགྱུར་བ་བདག་གིས་ཁྱོད་ལ་བསྟན་པར་བྱ་སྟེ། གཟུངས་སྔགས་དེ་དག་ཀྱང་བསྟན་པར་བྱའོ་ཞེས་ཀྱང་ཟེར་རོ། ། གང་གི་ཚེ་རབ་ངེས་ཀྱིས་ཟླ་བ་གཅིག་གི་བར་དུ་གཟུངས་སྔགས་བརྗོད་ནས། དེའི་དཔྱིད་ཟླ་ར་བ་ཚེས་བཅུ་བཞི་ལ་ལྷ་རྣམས་ཀྱིས་བརྗོད་དུ་བཅུག་པའི་གཟུངས་སྔགས་གང་ཡིན་པ་དེ་བརྗོད་ནས། དེའི་ཚེ་བསམ་གཏན་གྱི་འདུན་ཁང་གི་སྟེང་ཁང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་ཏོག་དང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་། དེ་བཞིན་གཤེགས་པ་རྔ་སྒྲ་དང་། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་དེར་འདུས་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཐབས་ཅིག་ཏུ་ཆོས་བགྲོ་བ་མཛད་མཛད་པ་དེར། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ཀངྒའིརི་ཀླུང་གི་བྱེ་མ་སྙེད་གཤེགས་སོ།། ལྷའི་རྒྱལ་པོ་སུམ་ཅུ་རྩ་བའི་ས་ཏྭང་དེར་འོང་ཤེ་དིར་མེད་ལས་རབ་ངེས་ཞེས་བྱ་བར་འགྱུར་བ་དེའི་ཐད་དུ་ཚེས་བཅུ་བཞིའི་ཉིན་པར་འོང་བར་འགྱུར་ཏེ། བ་ལང་བ་སུམ་པ་རྣམས་དཔྱིད་ཟླ་ཐ་ཆུང་ལ་ངེས་པར་ཕྱིར་ལྡོག་པར་འགྱུར་རོ།། དེའི་གཟུངས་སྡུག་གང་དག་གི་སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་བ་དང་། མུ་གེའང་འབྱུང་བར་མི་འགྱུར་བ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་དེ་དག་དེར་གཤེགས་པར་འགྱུར་བའི་གཟུང་སྔགས་དེ་དག་ཀྱང་བྱིན་ནོ། ། དེ་བཞིན་གཤེགས་པ་ཆོས་འཛིན་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་དཔའ་བའི་རིགས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་སྣང་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་དགྱེས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་གནས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་ཏོག་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་གཟི་བརྗིད་ལ་ཕྱག་འཚལ་ལོ། ། དེ་བཞིན་གཤེགས་པ་ཆོས་དབང་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་བརྟན་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་བརྩེགས་ལ་ཕྱག་འཚལ་ལོ་ཏདྱ་ཐཱ། བུ་བུ་བུ་བུཿདྷརྨ་ཨ་དྷིཥྚི་ཏེ་ཕུཿ་ཨ་ཨ་ཨ། ད་ཀུ་ལ་ཨ་དྷིཥྚི་ཏེ། བི་ཛ་རཱི་ཕུག་ཙ་རེ་ཕུཿ། བི་བི་བི་བི་ཕུཿ། ས་ས་ས་ས་ཕུཿ། ཀོ་ཀོ་ཀོ་ཀོ་ཕུཿ། ཧཱ་ཧཱ་ཧཱ་ཧཱ་ཕུཿསྭཱཧཱ། གཟུངས་སྔགས་འདི་ནི་ས་འཛིན་པ་ཞེས་བྱ་སྟེ། བབ་ཙལ་ལ་ཞུགས་པའི་སེམས་ཅན་གང་ཡིན་པ་དེས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་དེ་ལས་ཐར་པར་འགྱུར་རོ།། གང་གི་ཚེ་དམག་བྱུང་བ་དེའི་ཚེའང་བཟླས་བརྗོད་བྱའོ།། དེ་ནས་དེའི་ཚེ་ས་ཨངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཞོན་ནུ་རྡོ་རྗེ་སྡེ་དང་ལྷ་མེར་པ་ནས་བྱ་བར་འགྱུར་བ་གང་ཡིན་པ་དེའི་དོན་གྱི་ཕྱིར་དེར་ཚེས་བཅུ་བཞིའི་ཉིན་པར་སྐར་རྗེའི་རྒྱལ་པོ་རྣམ་པར་རྒྱལ་བའི་གེ་ཆལ་ངམ་སྩོལ་བར་མཛད་དོ། ། གང་གི་ཚེ་དེར་རྒྱ་དང་སུམ་པ་འོང་བར་འགྱུར་བ་དེའི་ཚེ། དེ་ལི་ཡུལ་དུ་རྒྱལ་སྲིད་འཛིན་པར་འགྱུར་ཏེ། ཡུལ་གྱི་ཕྱིར་གླུད་འཇལ་བར་འགྱུར་རོ།། དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དག་ར་བ་དང་། མཆོད་རྟེན་རྣམས་གདོང་དམར་དག་གིས་བསྲེགས་པའང་ཕྱིར་འཚོབ་པར་བྱེད་དོ།། ལོ་དུ་མར་ཡུལ་བདེ་བ་དང་། ལོ་ལེགས་པ་དང་། ཡིད་དུ་འོང་བར་གནས་པར་འགྱུར་ཏེ། དེའི་ཚེ་གཟུངས་འདིའང་སྩོལ་བར་མཛད་དོ། ། ན་མོ་དྷརྨ་ཙིན་ཏ་ཀུ་ལ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཙ་ཙ་ཙ་ཙ། ཨཱཾ་ཨཱཾ་ཨཱཾ། རུ་ཙ་ན་གན་དྷེ། པ་རུ་ར་གན་དྷེ། རེ་དྷཱ་ནཱ་དྷཱིཥྛི་ཏེ་ཀུ་ལ་ཨ་དྷིཥྛཱི་ཏེ་སཱཧཱ། གཏེར་རྙེད་པར་འདོད་པའམ། ཡང་ནི་ནོར་མང་པོ་རྙེད་པར་འདོད་ན། ཁ་ཟས་མི་བཟའ་བར་གཟུངས་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། སྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཞག་བདུན་གྱི་བར་དུ་བསླབ་པ་བཟུང་ལ། ཤ་མི་བཟའ་བར་འོ་ཐུག་གམ། འབྲས་ཆན་བཟའ་བར་བྱའོ།། ཞག་བདུན་པའི་ཉིན་པར་ནི་ཁ་ཟས་མི་བཟའ་བར་ནང་པར་ཁྲུས་བྱས་ལ། གཟུངས་སྔགས་འདིའང་བཟླས་བརྗོད་བྱས་ཏེ་རིའི་རྩེ་མོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་སྟོང་བཟླས་བརྗོད་བྱའོ། ། པདྨ་སོང་གི་སེང་དུ་གསེར་གྱི་པདྨ་བདུན་བཞག་སྡེ། བྱང་ཆུབ་སེམས་དཔའ་མདུན་དུ་གུར་ཀུམ་གྱི་དཀྱིལ་འཁོར་བྱས་ལ། རོ་དང་ལྡན་པའི་ཟས་སྣ་བརྒྱད་གུར་ཀུམ་གྱིས་བསྒོས་པ་དང་། གུར་ཀུམ་གྱི་ཆུས་བཀང་བའི་སྣོད་བཞི་བཞག་སྟེ། དེར་སྤུན་སྲེག་འདིའང་བྱ་སྟེ། ཨ་ཀ་རུ་ནག་པོ་དང་། ཙན་དན་དཀར་པོ་དང་། ཙན་དན་དམར་པོ་དང་། ཙན་དན་སེར་པོ་རྣམས་ཀྱི་ཡམ་སྲེག་ཤིང་དང་། འབྲས་མ་དྲུག་པ་དང་། ཤ་རི་བ་རྣམས་བསྲེག་པར་བྱའོ།། ཆོ་ག་ནི་འདི་ལྟར་བྱ་སྟེ་དཀྱིལ་འཁོར་དུ་སུ་བརྣ་ཡབ་སྟོང་ལ་ལན་རེ་བཟླས་བརྗོད་བྱ་སྟེ། སྦྱིན་སྲེག་བྱའོ།། ཨ་ཀ་རུ་དང་། རྒྱ་སྤོས་དང་། ཀ་ལི་ཡ་ཀ་དང་། ག་པུར་དང་། ཤེ་ལེ་ཡ་ག་དང་། གུར་ཀུམ་དང་། དུ་རུ་ཀ་རྣམ་ཀྱི་བདུག་པས་ཀྱང་དེར་བདུག་པར་བྱའོ། ། དེའི་ཚེ་གཟུངས་སྔགས་འདིའང་ཇི་ལྟར་རྟ་གནས་ཀྱི་རིག་སྔགས་བཤད་པའི་ཆོ་ག་རྒྱས་པ་བཞིན་དུ་བཟླས་བརྗོད་བྱའོ།། གནས་དེར་རིའང་བྲི་བར་བྱའོ།། ཡང་ན་རིའི་སྟེང་དུ་བཟླས་བརྗོད་བྱའོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དེའི་ཚེ་ཁྱོད་ཀྱིས་རབ་ངེས་དེ་ལ་དྲན་པར་གྱིས་ལ། ཆོ་ག་རྒྱས་པ་འདིའང་ཤོད་ཅིག་དང་། སངས་རྒྱས་ཀྱི་བཀའ་བཞིན་དུ་བྱེད་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། དབང་ཕྱུག་གི་ལྷ་དང་། ལྗོན་ཕག་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་དང་། སྤོང་བའི་འོད་ཀྱི་དབང་ཕྱུག་དང་། དྲི་ཟའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། རིགས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་དེ་དག་དེར་འོང་བར་འགྱུར་རོ།། གསང་སྔགས་འདིའང་བཤད་ད། རབ་ངེས་གསང་སྔགས་འདི་རྗོད་ཅིག་ཅེས་ཟེར་རོ། ། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྔོན་གྱི་ཚེ་ན་བསམ་པ་ཡི།། གསང་སྔགས་རབ་ཏུ་བཤད་པ་འདི།། སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར།། ཆོ་ག་འདི་ནི་བཤད་པར་བྱ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། བཅིངས་པ་ཐམས་ཅད་གཅོད་པར་མཛད་པ་ལ་ཕྱག་འཚལ་ལོ།། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། ། སེམས་ཅན་ཐམས་ཅད་ལ་བྱམས་པར་སེམས་པ་ལ་ཕྱག་འཚལ་ལོ།། སེམས་ཅན་ཐམས་ཅད་ལ་བདེ་བར་བྱེད་པའི་རིག་སྔགས་འདི་ནི་རབ་ཏུ་བཤད། ཏདྱ་ཐཱ། ཙ་ར་ཙ་རཱ། ཎཱི་ས་ར་ས་ར་ཏ། ས་ར་བི་ས་ར། བུདྡྷ་བུདྡྷ། བོ་དྷ་ཡ་བོ་དྷཱ་ཡ། སརྦ་སཏྭཱ་ཧི་ཏ། ཨ་ནུ་ཀ་མ་བྷཱི། བོ་དྷ་ཡ་བོ་དྷ་ཡ། མི་ཏེ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སྨ་ར་སྨ་ར་ས་མ་ཡན། སརྦ་སཏྭཱ་ནཱནཱ། མཻ་ཏྲི་ཙི་ཏ་ཏཱ་ནཱནཱ། ཡས་སརྦ་སཏྭཱ་ནཱན། མོར་ཤར། ཀི་རི་ཀི་རི་ཀི་རི། ཀཽ་རི་ཀི་རི་ཀི་རི། ཀི་རི་རི་རི། ཏུ་རུ་ཏུ་རུ་ཏུ་རུ་ཏུ་རུ། བོ་དྷི་མ་བོ་དྷ་ཡཱ་མི་ཏེ། ཧུ་རུ་ཧུ་རུ། མུ་རུ་མུ་རུ། ཤཱི་གྷྲཾ་ཨ་གཙྪ་ཨ་གཙྪ། སརྦ་སཏྭ་ཧི་ཏཱ། ནུ་ཀམ་བཱི་སརྦ་སིད་དྷེཿ་མ་ཧཱ་ཀ་རུ་ནི་ཀ། དར་ཡཱ་རུ་པཱན། སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱན་དེ་ཧི། དེ་ཧི་མཱཾ་པ་ར། དྷ་ནན། གྷ་ནཱན་གྷ་ནན། སུ་རུ་མེ། སུ་རུ་མེ། མ་ཧཱ་སུ་རུ་མེ་སྭཱ་ཧཱ། ན་མོ་ཨཱརྱཱ་བ་ལོ་ཀི་ཏི་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། སིད་དྷཱན་ཏུ་མན་ཏྲ་པཱ་ཏཱ་སཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཤྭ་རཱ་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་སཏྭ་ཡ། ཏདྱ་ཐཱ། དྷུ་རུ་དྷུ་རུ། ཨ་སི་མ་སི་མ་ལི་ནི། ཧུ་ཧུ་མ་མ་ལི་ནི། དུ་དུ་བེ་ན་བེ་ན་མོ་ན་མཿསྭཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀིཾ་ཏཾ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། མུ་ག་ཏེ་མུག་ཏེ། ཙྪེ་ད་ནཻ་ཙྪེ་ར་ནི། བི་ཙྪེ་ད་ནི་བི་ཙྪེ་ད་ནི། ནིར་མ་ལེ། མངག་ལྱེ། སུ་མུ་ཁེ་བི་མུ་ཁཻ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པ། གནོད་པ་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པ་ནི། རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། མི་མཛའ་བའི་འཇིགས་པ་དང་། དུདྲུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། དམག་གི་ནང་ན་འདུག་པ་དང་། ཆོམ་ཀུན་གྱི་ནང་ན་འདུག་པ་དང་། སེང་གེའི་ནང་ན་འདུག་པ་དང་། སྟག་གི་ནང་ན་འདུག་པ་དང་། དོམ་གྱི་ནང་ན་འདུག་པ་དང་། གཟིག་གི་ནང་ན་འདུག་པ་དང་། གཅན་གཟན་ཁྲོ་བོའི་ནང་ན་འདུག་པ་དང་། སྦྲུལ་ནག་པོའི་ནང་ན་འཇུག་པ་དང་། ལྗགས་སྒྲོག་ཏུ་བཅུག་པ་དང་། ཤིང་སྒྲོག་ཏུ་བཅུག་པ་དང་། ཀོ་དྲར་བཅུག་པ་དང་། སྦྲུལ་པོ་ཆེའི་ནང་ན་འདུག་པ་དང་། གླང་པོ་ཆེའི་ནང་ན་འདུག་པ་དང་རྒྱ་མཚོའི་ནང་ན་འདུག་པ་དང་། དུས་ཀྱི་ཞགས་པས་ཟིན་པ་དང་། སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་ཞིང་། གནོད་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། འཕགས་པ་སྤྱན་རས་གཟིག་དབང་ཕྱུག་བདག་ལ་སྲུང་དུ་གསོལ། ཧ་ཏེ་བི་ཧ་ཏེ། ཧ་རེ་བི་ཧ་རེ། སརྦ་ན་བི་དྷ་ན་ས་ཡཱ་པྲ་ཏྱ། རྠ་ཀམ། མོ་ཀྲ་ཎི་བིརྱ་ཊཱི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ལ་ཕྱག་འཚལ་ལོ། ། སེམས་ཅན་ཐམས་ཅད་ལ་བྱམས་པར་སེམས་པ་ལ་ཕྱག་འཚལ་ལོ། ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་རབ་ཏུ་ཐར་པར་མཛད་པ་ལ་ཕྱག་འཚལ་ལོ།། བཅིངས་པ་ཐམས་ཅད་གཅོད་པར་མཛད་པ་ལ་ཕྱག་འཚལ་ལོ།། འཇིག་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། ། དེ་ལ་ཕྱག་འཚལ་ལོ།། དེ་ལ་ཕྱག་འཚལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ལས་དང་དོན་ཐམས་ཅད་སྒྲུབ་པ། ནད་ཐམས་ཅད་ལས་རྣམ་པར་ཐར་པར་བྱེད་པ་འདི་བརྗོད་པར་བྱའོ། ། ཏདྱ་ཐཱ། སུ་རུ་སུ་རུ་སུ་རུ། ཏུ་རུ་ཏུ་རུ། ཧི་ལི་མི་ལི། སི་ལྀ་སི་ལི། དི་སི་ལི། ཛྭ་ལཾ་ཛྭ་ལི་ནེ། ཨུ་ལུ་ཁཱ་མུ་ཁེ། པུག་ཀ་སཾ་གོ་རི་ཀན་དྷ་རི། དྲཱ་དི་ཌི་མཱ་ཏང་གི་པུ་ཀ་ཀ་སྭེ། དྷུ་རེ་དཱུ་རེ་དྷུ་དྷུ་རེ། དྷརྨེ་དྷརྨེ། དྷ་མ་ནེ། ཤན་ཏེ། ཤན་ཏན་མཱ་སེ་མུག་ཏེ། བི་མུག་ཏེ། ཛ་ཡེ་བི་ཛ་ཡ། ཧི་ལི་མི་ཧཱ་ལེ། སུབ་ནེ་སུམ་ནེ། སུ་ར་སེ་ཨ་བྲི་ཏ་སཱ་དྷ་ནི་ན་དྷི་ན་དྷི་མུ་ཁེ། ཙནྣེ་ཙནྡྲ་མུ་ཁེ། པདྨེ་པདྨ་མུ་ཁེ། ཤུདྡྷ་ཀན་ཏྲེ། སཱུརྱ་པྲ་བྷེ་སཨཱརྱཱ་ར་ཤཱི་ས་ཏྲི་ཤེ་བྲཧྨ་སཱ་རེ་ཨིནྣེ། ཨིནྡྲ་ཀྲ་མེ། བྷ་ཡེ་ཨཱ་ར་ཛེ། ཨ་མྲྀ་ཏེ་མ་ཧཱ་པྲ་བྷེ་དུན་དུ་བྷི་སཱ་རེ་མ་དྷུ་ར་སཱ་རེ། སརྦ་སཏྭ། ཨ་ནུ་ཀ་མེ་པཱ་ཡ། སཱ་དྷ་ཡ་སཱ་དྷ་ཡ། བུདྡྷ་མ་ནུ་སྨ་རཱ་ཧི། དྷརྨ་མ་ནུ་སྨ་རཱ་ཧི། སང་གྷ་མ་ནུ་སྨ་ར་ཧི། བྷཱུ་དྷུ་བྷུ་དྷྱ། ཧྲི་ད་ཡ་མ་ནུ་སྨ་རཱ་ཧེ། བོ་དྷ་ཡ་བོ་དྷ་ཡ། བོ་དྷི་སཏྭ། མེ་ཀརྨ་སཱ་དྷ་ཡ། བ་ར་དྷཱ་ཡ་སྭཱ་ཧཱ། ཀ་རུ་ཎི་ཀཱ་ཡ་སྭཱ་ཧཱ། ཀརྨ་མ་སཱ་དྷ་ཡ་སྭཱ་ཧཱ། ན་མཿཨཱརྱཱ་བ་ལོ་ཀི་ཏཻ་ཤྭ་རཱ་ཡ། སིད་དྷ་ན་དུ་མན་ཏྲ་པ་རཱ་སྭཱ་ཧཱ། གང་གི་ཚེ་འདི་དག་ལན་བརྒྱ་རྩ་བརྒྱད་བཟླས་། བརྗོད་བྱས་ན། པདྨའི་སྦྱིན་སྲེག་བྱས་པར་འགྱུར་ཏེ། དེའི་ཚེ་གསང་སྔགས་འདི་དག་བཟླས་བརྗོད་བྱའོ།། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཱ་ཏཱ་ཡ། མ་ཧཱ་སཏྭཱ་ཡ། ཏདྱ་ཐཱ། ཁི་རི་ཁི་རི། ཙཽ་རི་ཙི་རི། སུ་རུ་སུ་རུ། གཙྪ་གཙྪ་ཚཱ་ཡ། ཐཱ་སུ་ཁཾ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱ་ཧཱ། ལན་གསུམ་བརྗོད་པར་བྱའོ།། མེ་ཏོག་དང་བདུག་པ་ལའང་ལན་གསུམ་བཟླས་བརྗོད་བྱ་སྟེ། ཨ་ཀ་རུའི་བདུག་པ་བསྲེགས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སླར་གཏང་བར་བྱའོ།། འདིའི་ཆོ་གར་བྱ་བ་ཐམས་ཅད་ནི་སྔར་བཤད་པའི་ཆོ་ག་རྒྱས་པའི་ནང་དུ་འདུས་སོ། ། རྩཝ་གནས་ཀྱི་རིག་སྔགས་ཀྱི་དཀྱིལ་འཁོར་ལས་བཟླས་བརྗོད་ཇི་ལྟར་བྱ་བ་བཞིན་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་འདི་འང་དེ་བཞིན་དུ་བཟླས་བརྗོད་བྱ་སྟེ། ཆོ་ག་དེ་ཉིད་དང་འདྲའོ། ། དེའི་ཚེ་གཟུངས་སྔགས་འདིའང་གསེར་གྱི་པདྨའི་ཆོ་ག་མཆོད་པའི་སྐབས་སུ་བཤད་པ་བཞིན་དུ་བརྗོད་པར་བྱའོ།། དེའི་ཚེ་མདོ་འདིའང་གསེར་གྱི་རིགས་ཀྱི་ཡུལ་དུ་བསྐུར་བར་བྱའོ།། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་ཅེས་གསུངས་སོ། ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ལིའི་ཡུལ་འཁོར་དེར་མི་ཇི་སྙེད་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། ཕྱིར་མི་ལྡོག་པ་ཤ་སྟག་སྟེ། དེར་རྒན་པོ་དང་བྱིས་པ་རྣམས་ཀྱིས་བསོད་ནམས་ཇི་སྙེད་བྱེད་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོག་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། ། དེ་ལ་ལིའི་ཡུལ་འཁོར་དེ་ཅིའི་ཕྱིར་ཡང་དང་ཡང་དུ་གཞིག་པར་འདོད་ལ། གཞིག་ནུས་པར་མི་འགྱུར་ཞེས་ཐེ་ཙོམ་འབྱུང་སྟེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྟག་ཏུ་ཡུལ་དེར་སྐྱེ་བ་ལེན་པར་འགྱུར་ཏེ། སུམ་བརྒྱ་ནི་དགེ་སློང་དང་། དགེ་སློང་མའི་ཚུལ་དུ་གན་སོ།། ཉིས་བརྒྱ་ནི་དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོའི་འཁོར་དང་། སྐྱེས་པ་དང་། བུད་མེད་དང་། རྒན་པོ་དང་། བྱིས་པའི་ཚུལ་དུ་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ལི་ཡུལ་འཁོར་དེར་སེམས་ཅན་ལ་ཕན་པ་དང་། བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ལི་ཡུལ་དུ་གནས་སོ།། གང་གིས་བཅོམ་ལྡན་འདས་ལ་ཐེག་པ་ཆེན་པོ་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའུ་བར་བྱེད་པའི་གནས་བརྟན་རབ་འབྱོར་འདི་ནི། དགེ་སློང་བརྩོན་འགྲུས་ལས་བྱུང་བ་དེ་ཡིན་པར་རིག་པར་བྱའོ།། དེའི་ཚེ་ཅིའི་ཕྱིར་ཡུལ་དེ་འཇིག་པར་མི་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་དེ་དག་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཅི་ནས་དེར་བདག་ཅག་སུམ་པ་རྣམས་ཀྱི་མཆོད་རྟེན་དང་། དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་འཇིག་པར་མི་འགྱུར་བར་ཡུལ་དེ་བྱིན་གྱིས་བརླབས་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། ཀ་པི་ལ་ནའི་མཆོད་རྟེན་ལ་བཞུགས་པའི་དེ་བཞིན་གཤེག་པ་དྲི་མ་མེད་པའི་དཔལ་ཙན་ངན་གྱི་སྙིང་པོ་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་འཕྲིན་ལས་མཛད་དོ་ཞེས་དེ་ལྟར་མཁྱེན་ཏོ། ། དེའི་ཚེ་གྲོང་ཁྱེར་དེར་མིར་གྱུར་པ་དགེ་སློང་དང་། རྒྱལ་པོའི་འཁོར་དང་། གཞན་ཡང་སྐྱེ་བོ་མང་པོ་འབྱུང་བ་དེ་དག་སུམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་བཤིག་ཏུ་འོང་ངོ་སྙམ་སྟེ། ཤིན་ཏུ་ཡིད་མི་བདེ་བར་འགྱུར་རོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། ཀ་བི་ལ་ནི་མཆོད་རྟེན་དེའི་སྲུངས་མའི་མིར་འགྱུར་བ་གང་ཡིན་པ་དེ་དག་འདི་སྙམ་དུ། བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པར་བྱའོ་སྙམ་དུ་སེམ་ཀྱི་རྟོག་པ་སྐྱེད་པར་མཛད་དོ། ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་གྱི་ནང་དུ་བཞུགས་པ་དེའི་ཚེ། ཀ་པི་ལ་ནའི་མཆོད་རྟེན་དུ། སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་རྣམས་གཤེགས་པར་འགྱུར་ཏེ། ལྷ་རྣམས་ཀྱི་མྱ་ངན་བསལ་བའི་ཕྱིར་འདུ་བར་མཛད་དོ།། དེའི་ཚེ་དེའི་ནུབ་མོ་དྲི་མ་མེད་པའི་འོད་ལས། རབ་ངེས་ཞེས་བྱ་བར་གྱུར་པ་དེས་ལྷ་རྣམས་ངུ་བའི་སྒྲ་ཐོས་སོ།། ངུ་བའི་སྒྲ་ཐོས་ན། གྲོང་ཁྱེར་འདིར་སྡིག་ཅན་དག་མི་འོང་གྲང་སྙམ་ནས་འཇིགས་ཤིང་སྐྲག་པར་གྱུར་ཏེ། གཟུངས་སྔགས་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་གསུངས་སོ།། སངས་རྒྱས་བཅོམ་ལྡན་འདས་ཆོས་བཞིན་དུ་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཅིག། དེ་ནས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་ཇི་ལྟ་བ་བཞིན་དུ་གྲོང་ཁྱེར་གྱི་སྒོ་ནས་གཤེགས་སུ་གསོལ་བར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པར་གྱུར་པ་དེ་ན། སངས་རྒྱས་བཅོམ་ལྡན་འདས་གང་དག་གིས་འོད་ཟེར་གཏང་བ་དང་། དེ་དག་ལས་ཚིག་དེ་དག་འབྱུང་བ་དེ་དག་གིས་རབ་དེས་དེ་ལ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་བུད་མེད་དུ་གྲགས་པ་ཞེས་བྱ་བར། བསྐལ་པ་བུད་མེད་དུ་གྲགས་པ་ཞེས་བྱ་བ་ལ་སངས་རྒྱས་བཅོམ་ལྡན་འདས་ཆོས་རྣམ་པར་སྒྲོགས་པ་ཕྱག་ན་རིན་ཆེན་མཛོད་བསྣམས་ཞེས་བྱ་བར་འགྱུར་རོ། ། ཞེས་ལུང་བསྟན་པ་ཐོབ་པར་འགྱུར་རོ།། དེའི་ཚེ་རབ་ངེས་ཞེས་བྱ་བར་གྱུར་པ་དང་། ཀ་པི་ལ་ནའི་མཆོད་རྟེན་གྱི་དྲུང་དུ་སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་གཏོང་བ་དེ་དག་གསེར་གྱི་ཡུལ་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་འོང་བར་འགྱུར་ཏེ། ཅི་ནས་སུམ་པ་རྣམས་ཀྱི་ཐར་བྱེད་པ་དེ་ལས་ཐར་པར་བྱ་བའི་ཕྱིར། དེ་སྔོན་གྱི་མ་བྱིན། པབཔར་ལེན་པ་ལས་གྲོལ་བར་མཛད་དོ།། དེ་ནས་གཏམ་དེ་གྲགས་པར་གྱུར་ནས། སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་རོ།། དེ་ནས་དེའི་ཚེ་དེར་རབ་ངེས་དེས་ཕྱིར་འཁོར་དུ་འགྱུར་བ་གང་ཡིན་པའི་སེམ་ཅན་ཕལ་པོ་ཆེ་རྣམས་འདུལ་བར་འགྱུར་རོ། ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱེད་རྣམས་མ་འོངས་པ་ན། ཅིའི་ཕྱིར་བ་བདག་སུམ་པས་ངའི་ཡུལ་དུ་དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་བཤིག་པར་འགྱུར་སྙམ་དུ་ཐེ་ཙོམ་གྱུར་ཏམ། ཡང་ན་སུམ་པ་འདི་དག་ལ་ཅིའི་ཕྱིར་བ་བདག་ཅེས་བྱ་ཞེ་ན། འདས་པའི་དུས་ན་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཞིས་བྱུང་སྟེ། དེའི་ཡུལ་དུ་ཀུན་ཏུ་རྒྱུ་བྱང་ཆུབ་ཅེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་ཚངས་སྦྱིན་དེས་ཡུལ་ནས་བསྐྲད་ནས། རྒྱལ་པོ་གཞན་ཞིག་གི་ཡུལ་དུ་ཕྱིན་ཏེ། བདག་འདིར་ཕན་ཚུན་དུ་རྩ་བ་དང་འབྲས་བུ་བཟ་འོ་སྙམ་སྟེ། དེར་ལོ་མའི་སྤྱིལ་པོ་ཞིག་བྱས་ནས་འདུག་གོ། དེ་ནས་བུད་མེད་གཞན་ཞིག་ཇོ་བོའི་བ་འཚོ་ཞིང་འདུག་པ་དེས་ཀུན་ཏུ་རྒྱུ་དེ་མཐོང་ནས། སེམས་དད་པ་ཐོབ་སྟེ། ཉིན་གཅིག་བཞིན་དུ་བདག་གི་ཟས་ལ་ལོངས་སྤྱོད་ཅིག་ཅེས་ཁ་ཟས་ལ་མགྲོན་དུ་གཉེར་ཏོ། ། བ་དེ་དག་ནི་བུད་མེད་དེ་ཉིད་དབང་བ་མ་ཡིན་ཏེ། ཇོ་བོའི་ཡིན་པས་ན། ཀུན་ཏུ་རྒྱུ་ལ་ཁ་ཟས་བྱིན་པ་གང་ཡིན་པ་དེ་ནི་དེའི་སྦྱར་བར་གྱུར་ཏོ།། བ་དག་མི་དབང་བའི་འོ་མ་ཀུན་ཏུ་རྒྱུ་ལ་བྱིན་པ་གང་ཡིན་པ་དེ་ནི་མ་བྱིན་པར་བླངས་པར་འགྱུར་ཏོ།། དེ་ནས་བ་ལང་དེ་དག་གི་བདག་པོར་གྱུར་པའི་མི་གང་ཡིན་པ་དེས་ནི་ཤཱཀྱའི་ཡུལ་དུ་སྐྱེ་བ་བླངས་ཏེ། དེས་འདི་སྐད་དུ་མ་འོངས་པའི་དུས་ན། བཅོམ་ལྡན་འདས་ཁྱོད་ཀྱི་བསྟན་པ་བདག་གིས་གཞིག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེའང་གཞན་ཡིན་པར་མི་བལྟའི། སུམ་པའི་རྒྱལ་པོ་གང་ལི་ཡུལ་འཇིག་པར་བྱེད་པ་དེ་ཡིན་ནོ། ། ཀུན་ཏུ་རྒྱུར་གྱུར་པ་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ང་ཡིན་ནོ།། བུད་མེད་གང་གིས་ཀུན་ཏུ་རྒྱུ་ལ་འོ་མ་བྱིན་པ་དེ་ནི་རིགས་དང་ལྡན་པའི་བུད་མེད་གང་གིས་སངས་རྒྱས་དཀའ་བ་སྤྱོད་བ་སྤྱད་ནས། ཐོག་མ་ཞལ་ཟས་འབུལ་བ་འདི་ཡིན་ནོ།། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ངའི་ཡུལ་དེར་སུམ་པ་དང་གདོང་དམར་དག་འོང་བ་དེའི་རྒྱུ་ནི་འདི་ཡིན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་རྒྱལ་པོ་དེའི་ཡུལ་ན་བུད་མེད་གཞན་ཞིག་ལ་བུ་ཡོད་པ་དེ། ཞིང་རྨོ་བའི་ཕྱིར་ཕྱི་རོལ་དུ་བྱུང་ངོ་།། དེར་མི་གཞན་ཞིག་གིས་ཀྱང་དེའི་འདབ་ཏུ་ཞིང་རྨོས་སོ། ། དེ་ནས་བུད་མེད་དེའི་བུ་དེས། མི་དེའི་རྐྱལ་པ་དང་། ཤིང་གཞོང་དང་། ཕྱེ་དང་། ཟོང་དག་ཅིག་བརྐུས་ཏེ། ཕྱེ་དང་ཟོང་ལ་སོགས་པ་བརྐུས་པའི་ཕྱིར། བ་བདག་སུམ་པ་དང་། གདོང་དམར་རྣམས་ལི་ཡུལ་དུ་འོང་བར་འགྱུར་རོ། ། བུད་མེད་དེའི་བུ་གང་གིས་ཕྱེ་དང་། རྒྱལ་བ་དང་། ཤིང་གཞོང་དང་། ཟོང་ཁྱེར་བ་ད་ནི་ལིའི་རྒྱལ་པོར་འགྱུར་རོ།། མི་གང་གི་རྒྱལ་བ་ལ་སོགས་པ་རྫས་ཕྲོགས་པ་ནི། དེའི་ཚེ་གདོང་དམར་གྱི་རྒྱལ་པོར་འགྱུར་རོ། ། བ་དེ་དག་ནི་དེའི་ཚེ་དམག་མིར་འགྱུར་རོ།། མི་དེའི་མར་གྱུར་པའི་བུད་མེད་དེ་ནི། དེའི་ཚེ་ལི་ཡུལ་གྱི་རྒྱལ་པོའི་མར་འགྱུར་རོ།། མ་བྱིན་པར་ལེན་པ་བྱེད་བྱེད་པའི་མི་དེའི་མས་ནི་ཕྱེ་དེ་བླངས་ཏེ། སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་སློང་གྲོང་ཁྱེར་མཛེས་ཞེས་བྱ་བ་ལ་བསོད་སྙོམས་སུ་ཕུལ་ཏེ། དགེ་བའི་རྩ་བ་དེས་ན་ཡང་མིར་སྐྱེ་བ་ཐོབ་པར་འགྱུར་རོ།། མི་དེ་ནི་མལ་ཕྱེ་བྱིན་པ་དང་། མས་ཀྱང་དགེ་སློང་གྲོང་ཁྱེར་མཛེས་ལ་ཕུལ་བའི་བསོད་ནམས་བསགས་པས་མ་འོངས་པའི་དུས་ན་ལི་ཡུལ་དུ་དཔའ་སྦེད་ཅེས་བྱ་བར་འགྱུར་ཏེ། རྒྱུ་དེས་ན་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་ཡང་གྱུར་ནས། རྒྱལ་སྲིད་ཐོབ་པར་འགྱུར་ཏེ། སྐར་རྡོའི་གཡུལ་འགྱེད་པར་འགྱུར་རོ།། ཕྱེ་སྦྱིན་པར་བྱེད་པ་དེ་ནི་རྒྱུ་དེས་ན་མིར་སྐྱེ་བ་ཐོབ་པར་འགྱུར་ཏེ། མི་དེས་ལམ་གྱི་འགྲམ་ན་འབྲས་རྨོས་སོ།། དེར་མི་གང་དག་གིས་འབྲས་ཆན་གཟན་པར་བྱས་པ་དེ་ནི། དེའི་ཚེ་དགེ་སློང་དུ་གྱུར་ཏེ། དེས་ན་དེ་དག་གིས་དགེ་འདུན་གྱི་ནོར་ཡུལ་གྱི་གླད་དུ་འཇལ་བར་འགྱུར་རོ།། དེར་བྱ་སྣ་ཚོགས་ཀྱིས་འབྲས་ཟོས་པ་གང་ཡིན་པ་དེ་དག་ནི། དེའི་ཚེ་ལིའི་རྒྱལ་པོའི་བྲན་དུ་འགྱུར་རོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ལྟར་ལི་ཡུལ་དུ་མི་རྒོད་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་གིས་ནི་གང་གི་ཚེ་གཞོན་ནུ་དགེ་བྱེད་སྐྱེས་པ་དེ་ལ་ཕན་འདོགས་པར་འགྱུར་རོ། ། གང་གི་ཚེ་སྡིག་བྱེད་སྐྱེས་པ་ན་དེ་ལ་གནོད་པ་བྱེད་པར་འགྱུར་ཏེ། དེའི་ཚེ་མི་རྒོད་ལྔ་བརྒྱ་པོ་དེ་དག་རྒྱལ་པོ་ཡབ་ཀྱི་ཐད་དུ་གཏོང་བར་འགྱུར་རོ། ། མི་རྒོད་དེ་དག་ཀྱང་ལི་ཡུལ་དེར་སྐྱེ་བ་ལེན་པར་འགྱུར་ཏེ། དགེ་འདུན་གྱི་ནོར་དང་། མཆོད་རྟེན་གྱི་ནོར་ཆུད་གཟོན་པར་བྱེད་དོ།། མི་རྒོད་དེ་དག་ཀྱང་སྔོན་མ་བྱིན་པ་ལེན་པ་བྱེད་བྱེད་པའི་ཕྱིར་ཡན་ལག་བཅད་ནས། དེས་ན་དེ་དག་གིས་ཀྱང་། ལིའི་རྒྱལ་པོ་རྣམ་པར་རྒྱལ་བའི་གྲགས་པ་གསད་པར་འགྱུར་རོ།། མ་འོངས་པའི་དུས་སུ་མི་རྒོད་དེ་དག་འཁོར་བ་ལས་གྲོལ་བར་བྱེད་པའི་དགེ་སློང་ཟླ་བ་དག་པ་ཞེས་བྱ་བ་ཞིག་ཀྱང་འབྱུང་བར་འགྱུར་ཏེ། དེའང་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཡབ་ཀྱི་བྱ་བ་བྱེད་བྱེད་པ་འདི་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདི་ནི་མ་འོངས་པའི་དུས་ན། སངས་རྒྱས་བཅོམ་ལྡན་འདས་རྣམ་འབྱུང་བར་འགྱུར་བའི་བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་སྐུ་གདུང་ཡང་འཛིན་པར་འགྱུར་རོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལ་འང་པའི་དེའི་ཚེའང་བྱང་ཆུབ་སེམས་དཔལ་འཇམ་དཔལ་བྲམ་ཟེ་དྲོ་ནས་གོ་ཏྲ་ཞེས་བྱ་བ་ཆོས་དང་ལྡན་པ་ཞིག་ཏུ་འགྱུར་ཏེ། གང་གི་ཚེ་རྒྱལ་པོ་རྣམས་ཕན་ཚུན་དུ་གཡུལ་འགྱེད་པར་ཆས་པ་དེའི་ཚེ། བྲམ་ཟེ་དྲོ་ནས་གེ་ཏྲ་བུམ་པ་ཟང་པོ་བླངས་ནས་སྐུ་གདུང་འགྱེད་པར་བྱེད་དོ། ། གང་གི་ཚེ་ལི་ཡུལ་དུ་བྱང་ཆུབ་སེམས་དཔའ་ཕལ་པོ་ཆེ་མ་བྱུང་བ་དང་། མཆོད་རྟེན་ཕལ་པོ་ཆེ་དང་། སངས་རྒྱས་ཀྱི་སྐུ་གཟུགས་དང་། དགེ་འདུན་གྱི་ཀུན་དགའ་རབ་མཛེས་བ་དག་མ་བྱུང་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྲོང་ཁྱེར་དུ་འབྱུང་བར་འགྱུར་ཏེ། རིགས་དང་ལྡན་པའི་བུད་མེད་དུ་འགྱུར་རོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་འདོད་དགུར་བསྒྱུར་བའི་གཟུགས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་རང་བཞིན་ཇི་ལྟ་བ་བཞིན་དུའང་སྣང་། རྒྱལ་པོ་ཇི་ལྟ་བ་བཞིན་དུའང་སྣང་། རྒྱལ་པོ་ཇི་ལྟ་བ་དང་དགེ་སྦྱོང་དང་། བྲམ་ཟེའི་གཟུགས་ཇི་ལྟ་བ་དང་། འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བར་དུ་ཐམས་ཅད་དུ་འཇུག་པར་འགྱུར་ཏེ། རོལ་མོ་མཁན་རོལ་མོའི་གནས་ལ་མཁས་པ་གཟུ་རྣམ་པ་སྣ་ཚོགས་ཐམས་ཅད་སྟོན་པ་བཞིན་ནོ། ། ཆགས་པའི་སེམས་དང་ལྡན་པའི་སེམས་ཅན་གྱི་ཐར་དུའང་ཤིན་ཏུ་ལྷག་པར་སྟོན་ཏོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འཇམ་དཔལ་བུད་མེད་ཀྱི་གཟུག་སུ་སྟོན་ཅེ་ན། གང་གི་ཕྱིར་བུད་མེད་ལྷག་པར་འདོད་པའི་འདོད་ཆ་གྲལ་ཆས་པའི་སིམྦ་དང་ལྡན་པ་ནི་ཤིན་ཏུ་གླེན་ཞིང་ཤིན་ཏུ་སེར་སྣ་ཆེ་བས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལྷག་པར་བུད་མེད་དུ་སྟོན་ཏོ།། བུད་མེད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་དག་ཀྱང་ཡོད་པས་ན། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་དེ་ལྟ་བུར་བྱེད་དོ།། བུད་མེད་དུ་སྐྱེས་ནས་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་བའི་དུས་ཀྱང་ཡོད་དོ།། བུད་མེད་རྣམས་འཛེམ་པར་འགྱུར་བ་དང་། འཁོར་བའི་སྐྱོན་རྟོགས་པར་འགྱུར་བ་དང་། སྐྱེས་པ་གཞན་སྤོང་བར་འགྱུར་བ་དག་ཀྱང་ཡོད་དོ།། གང་གི་ཚེ་བ་བདག་སུམ་པ་དེར་འོངས་ཏེ། མཆོད་རྟེན་ཆེན་པོ་རྣམས་དང་། དྲི་གཙང་ཁང་མང་པོ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་བཟང་པོ་རྣམས་སྲེག་པར་འགྱུར་བར་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་རྟོགས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་ཏེ། སྲིང་མོ་སྡུག་པ་གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེ་ན། ང་ཁྱོད་ཀྱི་དགེ་བའི་བཤེས་གཉེན་དུ་འགྱུར་ཏེ། དེར་འུ་བུ་ཅག་གཉིས་ཀྱིས་བྱང་ཆུབ་ཀྱི་ཕྱིར་དང་། སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གིས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་སྨོན་ལམ་བཏབ་པའི་དུས་དེ་དྲན་པར་གྱིས་ཤིག། སྲིང་མོ་སྡུག་པ་ཇི་ལྟར་དྲི་མ་མེད་པའི་འོད་ཅེས་བྱ་བར་གྱུར་པ་དེའི་ཚེ། རྡོ་རྗེའི་སྡེ་དང་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་མནོས་པ་དྲན་པར་གྱིས་ཤིག། གཟུངས་སྔགས་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་དང་། འོད་ཟེར་གང་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འདིར་མཐོང་བ་དེ་དག་ངས་རྒྱས་པར་བཤད་ཀྱིས་ཁྱོད་ཀྱིས་བཟུང་ལ་རིས་ཏེ། དེར་མིང་པོའི་ཐད་དུ་ཁྱེར་ཅིག། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་དེ་དག་གིས་འོད་ཟེར་གཏང་བའང་། ལི་ཡུལ་འདི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ཡིན་ལ། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དེ་དག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དེར་སྐྱེ་བ་ལེན་པར་འགྱུར་བའི་ཕྱིར་རོ། ། ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་དེ་དག་ལ། སངས་རྒྱས་བཅོམ་ལྡན་འདས་ཕལ་པོ་ཆེ་དག་གི་སྐུ་གདུང་མང་པོ་གནས་པ་དེ་དག་ལྷ་མོ་དེའི་ལག་ཏུ་འོང་བར་འགྱུར་ཏེ། མཆོད་པའི་ཕྱིར་སེམས་ཅན་དེ་དག་ལ་འགྱེད་པར་བྱེད་དོ།། ཡུལ་དེར་ལྷ་མོ་དེ་སྙིང་རྗེ་སྐྱེ་བར་འགྱུར་ཏེ། ཅི་ནས་མཆོད་པའི་གནས་སུ་འགྱུར་བར་བྱེད་དོ།། དེ་ནས་གྲོང་ཁྱེར་གྱི་ནང་དུ་ཁང་པ་ཤིན་ཏུ་མཛེས་པར་བྱ་སྟེ། གྲོང་ཁྱེར་དེ་ན་མི་ཇི་སྙེད་གནས་པ་དེ་དག་དེར་ཅི་ནས་བསོད་ནམས་བྱེད་པར་འགྱུར་ཞིང་འཛིན་པ་དང་། མཆོད་པ་དང་། རྩེ་བར་བྱེད་པར་འགྱུར་བ་དང་། ཅི་ནས་སྤྱོད་པ་དེ་ལ་འཇུག་པར་འགྱུར་བར་བྱའོ།། ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལི་ཡུལ་གྱི་ཕྱིར་ཆོས་ཡང་དག་པར་འགྲོ་བ་མཛད་ཅེ་ན། ལི་ཡུལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ཡིན་པ་དང་། བསྐལ་པ་བཟང་པོའི་སངས་རྒྱས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཕྱག་མཚན་ཡིན་པ་དང་། རི་གླང་མགོ་དང་གོ་མ་ས་ལ་གནྡྷའི་མཆོད་རྟེན་དུ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་འདུ་བར་འགྱུར་བ་དང་། ལི་ཡུལ་བྱང་ཆུབ་སེམས་དཔའི་གནས་སུ་འགྱུར་བའི་ཕྱིར་རོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིག་དབང་ཕྱུག་ལ་བཀའ་སྩལ་པ། གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པའི་དུས་ལ་བབ་པ་དེའི་ཚེ་ནུ་བོ་ཁྱོད་ཀྱིས་བྱ་བའི་དུས་ལ་བབ་བོ།། རབ་དེས་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་ཤེས་བཞིན་དུ་ཡང་སྐྱེ་བ་ལེན་པར་འགྱུར་རོ། ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདིར་འོད་ཟེར་བཏང་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྐྱེས་བསྐུར་ཏེ། སྐྱེས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདིར་ཁྱེར་ཏེ་འོངས་ནས། སེམས་ཅན་འཇིགས་ཤིང་སྐྲག་པ་རྣམས་ཀྱི་དོན་གྱི་ཕྱིར་སྙིང་རྗེས་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་སྩལ་ལོ།། གཟུངས་སྔགས་དེ་དག་དང་། འོད་ཟེར་དེ་དག་ཀྱང་མི་ཡུལ་གྱི་དོན་དུ་སངས་རྒྱས་ཀྱིས་བཞེས་ནས་དེ་དག་གི་གྲོགས་སུ་འགྱུར་རོ། ། བྱང་ཆུབ་སེམས་དཔའ་དག་ཀྱང་ཅི་ནས་ལི་ཡུལ་དེ་འཇིག་པར་མི་འགྱུར་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ཤི་འཕོས་ནས། དེར་སྐྱེ་བ་ལེན་པར་འགྱུར་རོ།། གང་གི་ཚེ་ལི་ཡུལ་དུ་གནོད་པ་བྱུང་ན་དེའི་ཚེ། སངས་རྒྱས་དེ་དག་གི་མཚན་དང་། གཟུངས་སྔགས་དེ་དག་དང་། འོད་ཟེར་གྱི་མིང་དེ་དག་བྲིས་ཏེ། གྲོང་ཁྱེར་གྱི་སྒོ་རྣམས་སུ་བཞག་ལ། དམག་གི་ནང་དུའང་བྲིས་ཏེ་རྒྱལ་མཚན་ལ་གདགས་སོ།། ཡང་ན་མི་དག་འཛིན་དུ་གཞུག་ཅིང་བཀླག་པ་དང་། བཅང་བར་བྱའོ།། ཕ་རོལ་གྱི་དམག་ཚོགས་དང་། མུ་གེ་རབ་ཏུ་ཞི་བར་བྱ་བ་དང་། དགེ་བའི་ཕྱོགས་འཕེལ་བར་བྱ་བ་དང་། སྡིག་པ་འབྱང་བར་བྱ་བ་དང་། ནད་ལས་ཐར་པར་བྱ་བ་རྣམས་ལའང་ཕན་པར་བྱེད་པ་ཡིན་ནོ།། གང་ལ་སྡིག་པ་ལྕི་བ་ཡོད་ན། དེས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་རིམ་གྲོ་བྱས་ཏེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་དུས་གསུམ་དུ་བཟླས་བརྗོད་བྱས་ན། དགེ་བའི་ཕྱོགས་ལས་གང་འདོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། འོད་ཟེར་དེ་དག་ཀྱང་དེའི་སྟེང་དུ་གནས་པར་འགྱུར་རོ།། ཕ་རོལ་གྱི་དམག་ཚོགས་འོངས་པ་ལའང་བཟླས་བརྗོད་བྱའོ།། ཡང་ན་ཉིན་གཅིག་བཞིན་དུ་ལན་བདུན་བདུན་འི་ཀླག་པར་བྱའོ། ། གང་སྡུག་བསྔལ་བར་གྱུར་པའམ། ནད་པའམ། ཡང་ན་ཇི་ལྟ་བུར་འདོད་ཀྱང་རུང་སྟེ་བཟླས་འརྗོད་བྱའོ།། ཡང་ན་འཀླག་པར་བྱའོ།། ཅི་སྟེ་མི་ཀློག་ན་འང་སྐུད་པ་ལ་མདུད་པ་བདུན་བོར་ཏེ། ལན་བདུན་བདུན་བཟླས་བརྗོད་བྱས་ནས་བཏགས་ན་སྡུག་བསྔལ་ལས་ཐར་པར་འགྱུར་རོ།། གྲོང་ཁྱེར་གང་གི་སྒོལ་བཏགས་ན། གྲོང་ཁྱེར་དེར་དགྲ་འོང་མི་ནུས་པར་འགྱུར་རོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པའི་དུས་ལ་བབ་པ་དེའི་ཚེ། གཞོན་ནུ་རྡོ་རྗེ་སྡེ་བཅོམ་ལྡན་འདས་ཀྱི་ལས་སུ་བསྐོས་པ་དེ། རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་གྱུར་པ་ན། འཕྲིན་ཡིག་འདི་གསེར་གྱི་རིགས་ཀྱི་ཡུལ་དུ་ཁྱེར་ལ། འཕྲིན་ཡིག་འདི་གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་བསྟན་པར་བྱ་སྟེ། མི་མང་པོའི་མིག་སྔར་ནི་བསྟན་པར་མི་བྱའོ། ། ཡུལ་དེའི་གླུད་ཀྱང་ཁྱེར་ལ། ཁ་ཅིག་ནི་དེར་བསྐུར་བར་བྱའོ།། ཁ་ཅིག་ནི་སྐར་རྡོར་གཞག་པར་བྱའོ།། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྔོན་བྱུང་བ་ནི་འདི་ལྟ་བུའོ། ། མ་འོངས་པའི་དུས་ན་ནི་འདི་ལྟར་འགྱུར་རོ་ཞེས་བཀའ་སྩལ་པ་དེའི་ཚེ། བཅོམ་ལྡན་འདས་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཟླ་བའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བའི་དབང་བསྐུར་བ་ཞེས་བྱ་བའི། ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་བཅུ་པོ་འདི་དག་ལ་སངས་རྒྱས་བཅོམ་ལྡན་འདས་སྙོམས་པར་ཞུགས་ནས། སྨིན་མཚམས་ཀྱི་གསེབ་ནས་སྣང་བ་ཆེན་པོ་ཞེས་བྱ་བའི་འོད་ཟེར་བྱུང་ངོ་།། འོད་ཟེར་དེ། ལས་ཀྱང་འོད་ཟེར་བཅུ་བྱུང་ནས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ངོ་།། སོང་ནས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པར་འཕྲོས་སོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་སྙེད་ཡོད་པའི་ཞིང་དེ་དག་ཐམས་ཅད་དུ་ཇི་ལྟར་ལི་ཡུལ་དང་། རྡོ་རྗེ་གཞོན་ནུ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ཕྱིར་སྔར་བཤད་པ་བཞིན་དུ་ཚིག་ཏུ་བརྗོད་པ་དེ་དག་བྱུང་ངོ་།། དེ་ནས་དེའི་ཚེ་སངས་རྒྱས་བཅོ། ལྡན་འདས་དེ་དག་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དགོངས་པ་འཐུན་པར་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་འདི་གསུངས་སོ།། ཏདྱ་ཐཱ། བྷོ་དྷི་བོ་དྷི། སརྦ་ཨ་ལང་ཀཱ་ར། པར་གཏ། དྷརྨ་ཙཀྲ། བ་ར་ག་ཏཱ། མ་ར་སེའི་ནྱ་བ་ར་ག་ཏ། ཨ་པ་ཥ་ཡ་བ་ར་ག་ཏ། ཨི་བི་དཱ་པྲ་དྱ་ཡ། ན་མ་རུ་སང་སྐ་ར་པྲ་དྷཱ་ཡ། ན་མ་རུ་བ་པྲ་དཱ་ཡ། བྷཱ་བ་པྲ་དྷཱ་ཡ་ནི་རུ་ད་དྷྱ་པྲ་དྱ་ཡ། ཏ་ཐཱ་ག་ཏ། མ་ར་ཎ་ཧ་ར། བུ་དྷྱ་ས་ཏྱེ་ན། ནཱ་ག་ས་ཏྱེ་ན་རཀྵ་ས་ཏྱེ་ན། ཨ་སུ་ར་སཏྱེ་ན། སརྦ་པ་རཱད་སཏྱེ་ན། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཐོས་པ་དེའི་མོད་ལ་རྡོ་རྗེའི་དཀྱིལ་འཁོར་གཟུངས་སྔགས་རྟོགས་པར་འགྱུར་རོ།། ལི་ཡུལ་གྱི་དོན་གྱི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་འདི་གསུངས་པ་དེའི་ཚེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པ་ལགས་ཏེ། བདག་སངས་རྒྱས་ཀྱི་ཞིང་ཡོངས་ས་ཨུ་དག་པ་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་བཅོམ་ལྡན་འདས་པདྨའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མིའི་དོན་བགྱི་བ་དང་། དམ་པའི་ཆོས་པདྨ་དཀར་པོ་དོན་དུ་གཉེར་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དྲུང་དུ་སྨོན་ལམ་བཏབ་པའི་སླད་དུ་མཆིས་ཏེ། དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་ནས། བྲམ་ཟེ་རྒྱ་མཚོའི་རྡུལ་དང་མཇལ་བའི་སླན་ཆད་ལུང་བསྟན་པ་ཐོབ་སྟེ། དེའི་ཚེ་དེར་སྨོན་ལམ་བཏབ་པ། གང་དུ་ཁྱོད་སངས་རྒྱས་སུ་འགྱུར་བའི་འཇིག་རྟེན་གྱི་ཁམས་དེར་བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་ཅེས་བགྱིས་ནས། འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པ་ཞེས་བགྱི་བ་དེ་བཞིན་གཤེགས་པ་པདྨའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་མཆི། ནནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་མི་རྣམས་ནི་ཆགས་ཤིང་ཞེན་ལ། ཞེ་སྡང་ང་རྒྱལ་གྱིས་ཁེངས་པ་དང་འགྱིང་བ་སྟེ། དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་པན་ཚུན་ལས་ཆེན་པོ་ཉམས་སུ་ལེན་པར་བྱེད་དེ། དེ་དག་གི་སྡིག་པ་རྣམས་ཚེ་རབས་ཀུན་ཏུ་སེལ་བར་བྱེད་དོ་ཞེས་གསུངས་སོ།། དེའི་ཚེ་བདག་གིས་སྨོན་ལམ་བཏབ་པ། ཇི་ལྟ་བུའི་ཚུལ་དང་། ཐབས་ཀྱིས་དེར་གཞན་དག་མཆི་བ་དེ་བཞིན་དུ་བདག་ཀྱང་མཆི་བར་གྱུར་ཅིག་ཅེས་བགྱིས་ནས། དེའི་ཚེ་ཚེ་རབས་སྔ་མ་ལ་བདག་གི་མར་གྱུར་པ་དེའི་དོན་འགྱི་བ་དང་། ཅི་ནས་ངན་སོང་དུ་མི་མཆི་བར་བགྱི་བའི་སླད་དུ་སྐྱེ་བ་བླངསོ།། སྔོན་གྱི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་དགེ་བསྙེན་མ་ཧུ་ཤ་ཞེས་བགྱི་བར་གྱུར་པ་དང་། གཞོན་ནུ་ནོར་བཟངས་ཀྱིས་རྣམ་པར་ཐར་པ་བདག་ལ་དྲིས་པ། སླན་ཆད་བདག་གིས་མིའི་ནང་དུ་མིའི་སྐྱེ་བ་བླངས་ཏེ། བདག་གིས་སེམས་ཅན་ངག་དང་འདོད་ཆགས་སྤྱད་ནས། མི་གཞན་གྱིས་བདག་ལ་ཁྲོ་མོ་དང་གླེན་པར་མཐོང་ངོ་།། སེམས་ཅན་རྣམས་ཡོངས་སུ་གྲོལ་བའི་སླད་དུ། བུད་མེད་ཀྱི་ནང་དུ་མི་བཟད་པའི་སྐྱེ་བ་མང་པོ་དག་བླངས་ཏེ། རྒྱལ་མོ་དང་། རྒྱལ་པོའི་བུ་མོ་དང་། བུད་མེད་ཕལ་དང་། སྨད་འཚོང་མ་དང་། སྡུག་འཕོངས་པ་དང་། བུད་མེད་དབུལ་མོ་དག་ཏུ་གྱུར་ཏེ། བུད་མེད་དུ་སྐྱེས་པ་རྣམས་ཀྱི་དོན་བགྱིད་པ་དང་། བུད་མེད་རྣམས་ཡོངས་སུ་གྲོལ་བར་བགྱིད་དོ།། རང་གི་ལས་ཀྱི་དབང་གིས་ཇི་ལྟར་འདོད་པའི་འདོད་ཆགས་སྤྱད་ཀྱང་སེམས་ཅན་དེ་དག་མགུ་བར་མ་ནུས་ཏེ། ཚེ་རབས་དུ་མར་མི་མཇེད་ཀྱི་འཇིག་རྟེན་འདིར་སེམས་ཅན་གྱི་དོན་གྱི་སླད་དུ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་སྟེ། བུད་མེད་དུ་སྐྱེ་བས་ཤིན་ཏུ་སྐྱོ་བར་གྱུར་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་སུག་ལས་ཆེན་པོར་བཀའ་སྩལ་ཏེ། ཚེ་རབས་གྲངས་མ་མཆིས་པར་བདག་གིས་སྡུག་བསྔལ་བཟོད་པར་བགྱི་འཚལ་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཉེས་པར་བགྱི་བ་དང་། སངས་རྒྱས་ཉིད་བསྒྲུབ་པའི་སླད་དུ། བདག་གིས་སྨོན་ལམ་ཆེན་པོ་བཏབ་པ། སེམས་ཅན་ལ་ཕན་པའི་སླད་དུ། ཚེ་རབས་གཞན་དག་ཏུ་བདག་ལ་སྡུག་བསྔལ་འབྱུང་བར་འགྱུར་བ་ཐམས་ཅད་བདག་གིས་བཟོད་པར་བགྱིའོ།། ཡུལ་དེ་སྲུངས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་པ་གང་ལགས་པ་དེན་ད་དུང་མིང་ཡང་མ་མཆིས། ཡུལ་ཡང་མབྱུང་མེད་ཀྱི། སངས་རྒྱས་བཅོམ་ལྡན་འདས་དེ་ག་དང་། འཁོར་དེར་འདུས་པ་སྒྲ་དང་། དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་ཐམས་ཅད་ལས་དམ་པ་བླང་བར་བགྱིའོ།། ཇི་སྲིད་དུ་བདག་ཚེ་རབས་དེ་དག་ཏུ་སྐྱེ་བ་ན། བདག་ལ་འདོད་ཆགས་དང་། ཞེ་སྡང་གི་གཞིར་མཐོང་ནའང་། བདག་ལ་སྡིག་པར་མ་གྱུར་ཅིག། ཅི་རིགས་པར་སྐྱེ་བའི་དུས་འཚལ་བར་གྱུར་ལ། འདི་ལྟ་བུ་ཡོངས་སུ་འཛིན་པར་གྱུར་ཅིག། གང་གི་ཚེ་ལི་ཡུལ་ཐོག་མ་འབྱུང་བའི་དུས་ལ་བབ་པ་ན། དེའི་ཚེ་ཡུལ་བགྱིད་པའི་སླད་དུ་དེར་བདག་ཐོག་མར་རྒྱལ་པོར་གྱུར་ཅིག། ལི་ཡུལ་དུ་ནམ་རྒྱལ་པོ་དེ་དག་གི་མིང་ཆགས་ཤིང་། རྒྱལ་རབས་ཐོག་མ་བྱུང་བ་ན། ཚེ་རབས་བདུན་དུ་རྒྱལ་པོ་བྱེད་པར་གྱུར་ཅིག། གྲོང་ཁྱེར་དངར་ལྡན་ཞེས་བགྱི་བའང་བགྱིའོ།། བལ་པོ་སེའུ་ཚལ་དུ་ནི། སངས་རྒྱས་ཀྱི་མཆོད་རྟེན་ཆེན་པོ་བགྱིའོ།། ཡུལ་རྟ་འཇུག་ཏུ་ནི་ཆོས་དང་ལྡན་པའི་རྒྱལ་པོའི་མཆོད་རྟེན་བགྱིའོ།། འགུམ་ཏིར་ར་ནི་དགེ་འདུན་གྱི་ཀུན་དགའ་ར་བ་ཆེན་པོ་བགྱིའོ།། ཙརྨ་བ་ནར་ཡང་དགེ་འདུན་གྱི་ཀུན་དགའ་ར་བ་ཆེན་པོ་བགྱིའོ།། བ་ལ་དིཀར་ནི་དྲི་གཙང་ཁང་ཆེན་པོ་དང་མཆོད་རྟེན་ཆེན་པོ་བགྱི་སྟེ། ཇི་སྲིད་དུ་བདག་རྒྱལ་སྲིད་ལ་གནས་པ་དེ་སྲིད་དུ་ལས་ཆེན་པོ་དག་བགྱིའོ།། གང་གི་ཚེ་རྒྱལ་པོ་ལས་ཤི་འཕོས་པར་གྱུར་པ་ནའང་། བྱང་ཆུབ་སེམས་དཔའ་བྱམས་པ་གང་ན་བཞུགས་པ་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། བདག་དེ་ན་མཆི་བའི་ཚེ་ཏིང་ངེ་འཛིན་རྣམས་དྲན་པར་གྱུར་ཅིག། དེ་ནས་སླར་ཡང་ལི་ཡུལ་འདིར་སྐྱེ་བ་ལེན་ཅིང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་བུད་མེད་ཀྱི་གཟུགས་སུ་གྱུར་ཏེ། སྐར་རྡོའི་རྒྱལ་པོའི་བུ་མོ་རབ་ངེས་ཞེས་བྱ་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟུངས་སྔགས་ཇི་སྙེད་གསུངས་པ་དང་། བདག་གིས་རྟོགས་པ་གང་ལགས་པའི་གཟུངས་སྔགས་དེ་དག་ཐམས་ཅད་དེའི་ཚེ་བདག་གིས་དྲན་པར་གྱུར་ཅིག། མདོ་སྡེ་འདིའང་ཤིན་ཏུ་དྲན་པར་གྱུར་ཏེ། ཅི་ནས་ཐམས་ཅད་རྒྱས་པར་གྱུར་ཅིག། གང་གི་ཚེ་དམག་སྡེ་གཉིས་འཐབ་པར་འགྱུར་བ་དང་། ལི་ཡུལ་གྱི་དོན་གྱི་ཕྱིར་ལས་སུ་བྱ་བ་ཡོད་པར་གྱུར་པ་དང་། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆ་ཞེ། བྱ་བར་གྱུར་ནས། ལི་ཡུལ་གྱི་ཕྱིར་གླད་འཇལ་བའི་དུས་ལ་བབ་པ་དེའི་ཚེ། བདག་རབ་ངེས་ཞེས་བྱ་བར་གྱུར་པས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་དང་། འཁོར་དེའི་ནང་དུ་ཇི་སྙེད་འདུ་པར་གྱུར་པའི་ལྷ་དེ་དག་ཐམས་ཅད་གྲོགས་སུ་གྱུར་ཏེ། མདོ་འདི་དང་གཟུངས་སྔགས་རྣམས་བཤད་པའི་གཟུངས་སྔགས་དེ་དག་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་བདག་གིས་ཚེ་རབས་ཐམས་ཅད་དུ་དྲན་པར་གྱུར་ཅིག་ཅེས་བྱས་སོ། ། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཚིག་དེ་སྐད་ཅེས་སྨྲས་པ་དེའི་ཚེ་དེས་ཏིང་ངེ་འཛིན་རྣམས་ཐོབ་སྟེ། ཅི་ནས་མདོ་འདི་ལ་སུས་ཀྱང་གནོད་པ་བྱེད་མི་ནུས་པར་གྱུར་པའི་ཏིང་ངེ་འཛིན་ཐེག་པ་ཆེན་པོའི་མདོ་དམ་པའི་ཆོས་པདྨ་དཀར་པོའི་གློང་འཁྱིལ་པ་ཞེས་བྱ་བ་ཐོབ་སྟེ། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་བཀ་སྩལ་ཏོ། ། གང་གི་ཚེ་ཁྱོད་ལས་རྩོམ་པ་དེའི་ཚེ། འོད་ཟེར་དེ་དག་སྟེང་དུ་གནས་པར་གྱུར་ཏེ། དེའི་ཚེ་གང་གིས་མདོ་འདི་དྲན་པར་འགྱུར་ཞིང་། ཤིན་ཏུ་ཉམས་སུ་ལེན་པར་འགྱུར་བའི་ཏིང་ངེ་འཛིན་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བ་རྟོགས་པར་འགྱུར་རོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་གསུངས་པ་དེའི་རང་བཞིན་གང་གིས་གཟུངས་སྔགས་རྟོགས་པར་འགྱུར་བ་དང་། ཏིང་ངེ་འཛིན་སྦྱོང་བ་དང་། སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་ཐོས་པ་དེ་དག་ཐམས་ཅད་ཀྱང་དྲན་པར་བྱེད་དོ།། ལྷ་མོ་དྲི་མ་མེད་པའི་འོད་དེས་ཀྱང་། བྱང་ཆུབ་སེམས་དཔའ་དག་གིས་ཏིང་ངེ་འཛིན་དང་། གཟུངས་སྔགས་ཇི་ལྟར་རྟོགས་པ་དེ་དེ་བཞིན་དུ་རྟོགས་པར་བྱེད་དོ།། རྣམ་པར་རྒྱལ་བའི་གོ་ཆས་ཀྱང་རྒྱལ་སྲིད་ཐོབ་པར་འགྱུར་ཏེ། གཞན་གྱིས་བར་ཆད་བྱེད་མི་ནུས་སོ། ། དེ་དག་གི་ལས་ནི་ལན་བདུན་བཟླས་བརྗོད་བྱས་ལ། རྟ་གནས་ཀྱི་རིག་སྔགས་གང་གིས་སྡིག་པ་རྣམས་འབྱུང་བར་འགྱུར་བར་ཡང་བརྗོད་པར་བྱ་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན་ལོ་བདུན་གྱིས་རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་སྔགས་རྟོགས་པར་འགྱུར་རོ། ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་སྔགས་འདི་བཤད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་སྟེ། ལྷའི་རོལ་མོའི་སྒྲ་བསྒྲགས་ནས། འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་ཀྱང་སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐོས་པའི་གཟུངས་སྔགས་རྣམས་སྩ་ལ་བར་བགྱིའོ། ། ན་མཿསརྦ་ཨ་ཏྱུད་ག་ཏེ། བཛྲ་མཎ་ཌ་ལོ་ཏ་ཏ་མ་སྱ། ཏ་ཐཱ་ག་ཏ་སྱ། ཀ་ན་ཀཱ་བྷི། སཏྱ་སྱ། བོ་དྷི་སཏ་སྱ། ཏདྱ་ཐཱ། བུདྡྷ་སཏྱེ་ན། ད་ས་བི་རི། དེ་ན་ཧ་ཡ་རི། ཀུ་ཙི་རུ་པྲ་ཏི། པ་ད་རི་པ་བྷ་བ་ཏུ། ཙི་ཏུ། མ་དུག་ལ་ར་ཡ་ཀ་ད་མ་པ་ཏུ། ས་པ་ཛ་མ་ས་ར་ཏ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལྷ་རྣམས་ཆད་པས་གཅོད་པའི་གཟུངས་སྔགས་ཞེས་བྱ་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ། རྩཝ་དར་བྷ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན། གང་ཅི་བྱེད་ཀྱང་རུང་སྟེ། ལྷ་རྣམས་ཀྱིས་གཞིག་པར་མི་ནུས་སོ།། དཀྱིལ་འཁོར་ཟླུམ་པོར་བྱས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། མདུད་པ་བརྒྱ་རྩ་བརྒྱད་བོར་ནས། གང་བརྗོད་པ་དེར་འབྱུང་པོས་གནོད་པ་བྱེད་མི་ནུས་སོ།། བྱད་སྟེམས་བྱེད་པར་ཡང་མི་ནུས་སོ།། དེ་ནས་དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་གཟུངས་སྔགས་འདི་བཤད་དོ།། ཏདྱ་ཐཱ། སརྦ་དེ་བནཱན། སརྦ་པརཱ་ན་ནི་རྫི་ཏ་བ་རྫི་ཏེ། སྐན་དན་ཙ་པ་ན། ན་ཏ་མན་པ་ནཱ་ག་ས་ར། དད་ཙ་ཙ་བ་པ། ཙ་ད་མིམ། བྷ་སྠི་མི། དཎ་ཌ་ཀ་ར་ཎ་ཧ་ར། སུ་བ་ར་དེ་བ་མ་ར་སྭཱ་ཧཱ། ས་བ་པ་བ་རཱ་ཀ་ར་ཎ་སྭཱ་ཧཱ། འཁོར་ཐམས་ཅད་ཀྱིས་བཤད་པའི་གཟུངས་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། མདུད་པ་བརྒྱ་རྩ་བརྒྱད་བྱས་ནས། སྐུད་པ་དེ་བསྲེགས་ན་ཁྱིམ་དེར་བྱད་སྟེམས་ཀྱིས་མི་ཚུགས་ལ། འབྱུང་པོའི་ནད་རྣམས་ཀྱང་མེད་པར་འགྱུར་རོ།། ཏདྱ་ཐཱ། ར་ཏི་ཐཱ་ཀ་ར། དེང་པར་ཕུ་ཛཾ་ཛི་རི་པུ་ཀུ་ཛི་ཏི་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་ལྐོག་མ་ན་བ་ལ་ལན་བདུན་བཟླས་བརྗོད་བྱས་ནས། གཡག་རྔ་ལ་མདུད་པ་བདུན་བོར་ཏེ་གདགས་པར་བྱའོ།། ཏདྱ་ཐཱ། སརྦ་བུདྡྷ་ད་མ་བི་ཥ། ཀ་ར་བ་བ་ར་ཙ་ཙ་ར་ས་ས་ར་སྭཱ་ཧཱ། གཟུངས་སྔགས་འདི་ལུས་ལ་ནད་བྱུང་བ་ཐམས་ཅད་ལ་ལན་བདུན་བཟླས་བརྗོད་བྱས་ནས། སྐུད་པ་ལ་མདུད་པ་བདུན་བོར་ཏེ་བཏགས་སོ།། དེ་ནས་དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ། ། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་ཡུལ་སྐར་རྡོ་ནས་ལི་ཡུལ་དུ་མཆི་བའི་ཚེ། གཟུངས་སྔགས་གང་གིས་ཤུལ་དུ་དཔའ་བོའི་ལས་བགྱིད་པར་འགྱུར་བའི་གཟུངས་སྔགས་བདག་ཅག་གིས་སྩལ་བར་འཚ་སོ། ཏདྱ་ཐཱ། བུ་བུ་དེ་དེ་པ་བི་ས་ས། བན་བྷ་བ་བ་ཏ། པ་པ་ར་སྟི། ཀ་ར་སྭཱ་ཧཱ། ཏདྱ་ཐཱ། ཤ་ར་ཀ་ར་བཱ། ཛཙྪ་བ་ར། ཤ་ཏྲ་ཏྲ། ན་ཛི་སྭཱཧཱ། གཟུངས་སྔགས་འདི་འགྲོན་དུ་འགྲོ་བ་རྣམས་ཀྱིས་ལན་བདུན་བཟླས་བརྗོད་བྱས་ཏེ། ཁྲུས་བྱས་ལ་ལག་པར་བླུགས་ནས་ལན་བདུན་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་འཐོར་རམ། བདག་ཉིད་ཀྱིས་འཐུངས་ན། དེ་ལ་དགྲས་གནོད་པ་བྱེད་པར་མི་ནུས་ཏེ། དཔའ་བོའི་ལས་ཀྱང་བྱེད་པར་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྒྱལ་མཚན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། དེ་བཞིན་དུ་རྣམ་ཐོས་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་དང་། ཀུན་ཏུ་རྒྱལ་བ་དང་། འཕྲོག་མ་བུ་དང་བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་ཀྱང་གཞོན་ནུ་རྡོ་རྗེ་སྡེ་དེ་ལ་ཅིན་ས་དགྲ་རྣམས་གནོད་པ་བྱེད་མི་ནུས་པར་གཟུངས་སྔགས་འདི་དག་སྦྱིན་ནོ།། ན་མོ་བཛྲ་དྷྭ་ཛ་སྱ། ཏ་ཐཱ་ག་ཏཱ་སྱ། ཏདྱ་ཐཱ། བཛྲ་བི་བི་བི་བི་མ་ས་ཀ། སུ་མ་ཏེ། ཨངྒ་རེ། ཨདྡྷ་རེ། ཨང་ཛྭ་ལེ། པཱ་དཱ་ནི་སཱ་ཧཱ། ན་མོ་མ་ཧེ་ཤྭ་ར་སྱ། ན་མོ་བཻ་ཤྲ་མ་ཎ་སྱ། ན་མ་སྭན་ཙ་ཡ་སྱ་ན་མོ་ཧ་རི་ཏ་ཡཻ་བ་ས་པུ་ཏྲ། བ་རི་བཱ་ར་ཡ། ཏདྱ་ཐཱ། ས་ས་ས་ས། ཧཱ་ཧཱ་ཧཱ་ཧཱ། པྲི་ཡ་པྲི་ཡ་པྲི་ཡ་པྲི་ཡ། པུཏྲ་པུ་ཏྲ་པུ་ཏྲེ་ཡཱ། ད་བར་དང་ཏ་ཀར། ཙྪན་དྷ་མུ་ལེ་བིད་ཏེ་ཤ་ན་ཀ་ར་སཱཧཱ་དབང་ཕྱུག་ཆེན་པོ་དང་། རྣམ་ཐོས་ཀྱི་བུ་དང་། ཀུན་ཏུ་རྒྱལ་བ་དང་། འཕྲོག་མ་བུ་དང་བཅས་པ་རྣམས་ཀྱིས་གཟུངས་སྔགས་འདི་བཤད་ནས། འདི་སྐད་ཅེས་གསོལ་ཏོ།། ཅི་ནས་བཅོམ་ལྡན་འདས་ཀྱིས་བདག་ཅག་སུག་ལས་ཆེན་པོར་བསྐོས་པའི་གཟུངས་སྔགས་གཞན་གྱིས་མི་ཚུགས་པ་དེ་དག་ཀྱང་བདག་ཅག་གིས་བཤད་པར་འཚལ་ལོ། ། ལྷ་མོ་དྲི་མ་མེད་པའི་འོད་དེ་དང་། གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆར་འགྱུར་བ་གང་ལགས་པ་དེས། ཆད་པས་གཅོད་པར་བགྱི་བ་དེའང་བདག་ཅག་གིས་བཤད་པར་བགྱིའོ།། གང་གི་ཚེ་དགྲ་འམ། སུའང་རུང་བ་དག་སྡིག་པའི་ལས་རྩོམ་པ་ན། གཟུངས་སྔགས་བཤད་པ་འདི་གཉིས་ལན་བདུན་བཟླས་བརྗོད་བྱས་ཏེ། སྐུད་པ་སྔོན་པོ་ལ་མདུད་པ་བདུན་བོར་ནས་བསྲེགས་ཏེ། སྲ་རྩི་པོག་གི་བདུག་པས་བསྲེག་ལ། མི་དེའི་མིང་ནས་བརྗོད་ན་གནོད་པ་བྱེད་མི་ནུས་སོ།། བདག་ཅག་གིས་ཡི་དམ་དང་པོ་བཅས་པ་བཞིན་དུ་ཅི་སྟེ་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མ་བགྱིས་ན་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྐུ་བསླུས་པར་གྱུར་ཅིག་ཅེས་བྱས་སོ། ། དེ་ནས་འཁོར་དེར་ཇི་སྙེད་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་དམ་བཅས་པ་བཞིན་དུ་བདག་ཅག་ཐམས་ཅད་ཀྱིས་ཀྱང་དམ་བཅས་ཏེ། དེ་ལྟར་མ་བགྱིས་ན། བདག་ཅག་གིས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྐུ་བསླུས་པར་གྱུར་ཅིག། ས་ཅད་ཀྱིས་རྣམ་པར་རྒྱལ་བའི་གོས་ཅིན་ཀྱང་འི་ཡུལ་གྱི་རྒྱལ་པོར་འགྱུར་བར་ཐམས་ཅད་སེམས་འཐུན་པས་ལྷན་ཅིག་ཏུ་དབང་བསྐུར་བར་བགྱིའོ།། གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པར་འགྱུར་བ་དེའི་ཚེ། ཅི་ནས་ལི་ཡུལ་འཇིན་པར་མི་འགྱུར་བ་དང་། གང་གི་ཚེ་རུ་ལ་གཞན་ནས་ལི་ཡུལ་དུ་རབ་ཏུ་བྱུང་བ་རྣམས་འོངས་པ་ན། དེར་ཅི་ནས་རིམ་གྲོ་མེད་པར་མི་འགྱུར་བ་དང་། ཡུལ་གཞན་ནས་དེར་སེམས་ཅན་བྲོས་པ་དེ་དག་དེར་གནས་འཐོབ་པར་འགྱུར་ཞིང་། གདོང་དམར་གྱིས་བསྲེགས་པ་གང་ཡིན་པའི་མཆོད་རྟེན་ཆེན་པོ་དེ་དག་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དེ་དག་འཆོས་པའི་གྲོགས་བྱེད་པར་འགྱུར་བར་བྱ་བའི་ཕྱིར་ལི་ཡུལ་གྱི་གླུད་འཇལ་བ་དང་། རྒྱ་དང་ཕན་ཚུན་དུ་བག་མ་གཏོང་བ་དང་། ལེན་པར་བྱེད་དོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་དང་གཞོན་ནུ་རྡོ་རྗེ་སྡེ་གཉིས་ལ་ལི་ཡུལ་གཏད་ནས། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ལི་ཡུལ་གྱི་རྒྱལ་པོ་བྱེད་པ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་གྲོགས་བྱེད་པར་འགྱུར་གྱིས། མདོ་འདི་ལས་ཇི་སྐད་བཤད་པ་བཞིན་དུ་ཁྱོད་ཀྱིས་ཐམས་ཅད་གྱིས་ཤིག། གང་གི་ཚེ་ཁྱོད་གསེར་གྱི་རིགས་ཀྱི་ཡུལ་དུ་ཕྱིར་ལོག་པ་དེའི་ཚེ། རྒྱུའི་དམག་ལི་ཡུལ་དུ་འོངས་སོ་ཞེས་དེ་སྐད་ཐོས་པ་དང་། ཐེ་ཙོམ་མི་བྱེད་པར་ལི་ཡུལ་དུ་སོང་ལ་དེར་ཕོ་ཉ་གཏང་ན། དེར་འོང་བར་མི་འགྱུར་ཏེ། ལུང་ཡུལ་དང་གུ་ཟན་གྱི་ཡུལ་དུ་འགྲོ་བར་འགྱུར་རོ།། དེ་ལ་སྤྲིང་ཡིག་ནི་ང་དང་གཉེན་དུ་བྱོས་ལ། ཡུལ་ང་ལ་བྱིན་ཅིག་ཅེས་སྤྲིངས་ཤིག། དེ་ནས་དེའི་ཚེ་ཁྱེད་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ།། དབང་པོའི་གོ་ཆ་ནི་སྐར་རྡོའི་རྒྱལ་པོ་བྱེད་པར་འགྱུར་ཏེ། དེའང་ཁྱོད་ཅི་ནས་ལི་ཡུལ་གྱི་རྒྱལ་པོར་འགྱུར་བའི་གྲོགས་བྱེད་པར་འགྱུར་རོ། ། སྐར་རྡོའི་ཡུལ་དུ་གནོད་པ་འབྱུང་བའི་ཚེ། ཁྱོད་ཀྱིས་ཅི་ནས་ཀྱང་གནོད་པ་བྱེད་དུ་མ་གཞུག་ཅིག། དབང་པོའི་གོ་ཆ་དང་ཡང་ཐོག་མར་འདུམ་པར་གྱི། ཤིག། ལས་འདི་དག་བྱེད་པའི་གྲོགས་སུ་འགྱུར་རོ།། སྐར་རྡོ་བ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་གྲོགས་བྱེད་པར་འགྱུར་རོ།། ཨ་ཀུ་ན་ཞེས་བྱ་བ་དཔའ་བོ་ཞིག་ཡོད་དེ། དེ་སྔོན་ཡེ་ཤེས་གྲགས་པ་ཞེས་བྱ་བར་གྱུར་པ་ན། དེས་དར་མ་ཏིར་ཞེས་བྱ་བའི་གཙུག་ལག་ཁང་བྱས་སོ།། དེ་བས་ན་ཁྱོད་ཀྱིས་ཨ་ཀུན་ཚོལ་ཅིག་དང་། ཡུལ་གཟུང་བའི་ཕྱིར་གྲོགས་བྱེད་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དང་ཁྱོད་སྨོན་ལམ་ལྷན་ཅིག། ཏུ་བཏབ་པའི་ཕྱིར་ཏེ། ཨ་ཀུ་ན་ཞེས་བྱ་བའི་མི་དེ་ནི་སྔོན་རྒྱལ་པོར་གྱུར་ཏེ། མི་རྒོད་རྣམས་ཀྱིས་ཆུང་མ་བརྐུས་ཏེ། ཕྱིར་མ་རྙེད་པ་ཡིན་ནོ།། ཁྱོད་ནི་རྒྱལ་པོ་དེའི་བློན་པོ་ཆེན་པོ་ཡིན་ཏེ། དགེ་བྱེད་ཀྱི་ཕར་གྱུར་པ་ཡིན་ནོ། ། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་ནུ་རྡོ་རྗེ་སྡེ་ཁྱོད་ལི་ཡུལ་འཁོར་དུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བའི་རྒྱལ་པོར་འགྱུར་ཏེ། ལོ་སུམ་ཅུའི་བར་དུ་རྒྱལ་སྲིད་འཛིན་པར་འགྱུར་ལ། དགེ་བསྙེན་དུ་གྱུར་ནས། ལི་ཡུལ་གྱི་ཕྱིར་ལུས་ཡོངས་སུ་གཏོང་ཞིང་།། འབྲས་བུ་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས། ལྷ་མོ་དྲི་མ་མེད་པའི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་ལི་ཡུལ་དུ་རབ་ངེས་ཞེས་བྱ་བར་གྱུར་པའི་ཚེ། མདོ་འདི་ཟུང་ཞིག། འདི་ལ་འཇུག་པར་གྱིས་ཤིག། རྒྱས་པར་གྱིས་ཤིག། སྐར་རྡོའི་ཡུལ་དུའང་མིང་པོ་ལ་སྐུལ་ཅིག་དང་། ཁྱོད་ཀྱི་སྟེང་དུ་འོད་ཟེར་རྣམས་གནས་པར་འགྱུར་རོ།། གང་གི་ཚེ་ཁྱོད་ཀྱིས་གཟུངས་སྔགས་རྣམས་རྟོགས་པར་གྱུར་པ་དེའི་ཚེ་ཁྱོད་ལ་སངས་རྒྱས་བཅོམ་ལྡན་འདས་ཉིད་གསུངས་པར་འགྱུར་ཞིང་། ལྷ་རྣམས་ཀྱང་ཅི་ནས་ཁྱོད་ཀྱི་ལས་བྱེད་ནུས་པར་འགྱུར་བ་དེ་ལྟ་བུ་རྒྱས་པར་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ནུ་སྡུག་ཇི་ལྟར་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པའི་ཚེ། འུ་བུ་ཅག་གཉིས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་ནས། དེར་དེ་སྐད་དུ་ཕྱོགས་བཅུན་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གིས་སྐྱབས་བྱེད་པར་གྱུར་ཅིག། དེ་སྐད་ཅེས་སྨོན་ལམ་བཏབ་པའི་དུས་དེ་དྲན་པར་གྱིས་ལ། དངའི་ལི་ཡུལ་འདི་དང་། ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་གཏད་པ་འདི་ཁྱོད་ཀྱིས་ལོང་ཞིག། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། ནམ་མཁའི་སྙིང་པོ་དང་། མཐུ་ཆེན་ཐོབ་དང་། སྨན་གྱི་རྒྱལ་པོ་དང་། རབ་སྦྱིན་དཔའ་བོ་དང་། སའི་སྙིང་པོ་དང་། བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། སྔོན་འདིའི་ཕུ་ནུ་བོ་དང་གྲོགས་སུ་གྱུར་པ་དང་། རྟག་ཏུ་འགྲོགས་འགྲོགས་པ་ནི་འདི་དག་ཡིན་ཏེ། སྣ་ཚོགས་ཀྱི་ལྷ་དང་། དབང་ཕྱུག་གི་ལྷ་དང་། ལྗོན་ཤིང་གི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་དང་། གཟུངས་ཀྱི་དབང་ཕྱུག་དང་། སྤོང་བའི་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་གྱི་དབང་ཕྱུག་དང་། འོད་གསལ་དང་། རིགས་ཀྱི་དབང་ཕྱུག་རྣམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་དག་ཁྱེད་ངའི་ཐེག་པ་ཆེན་པོའི་མདོ་འདི་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཡོངས་སུ་ཟུང་ཞིག། དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱོད་རྟག་ཏུ་ངའི་ཕྱི་བཞིན་དུ་འབྲང་བ་ཡིན་གྱིས། མདོ་འདི་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཁྱོད་ལ་གཏད་དོ། ། གནོད་སྦྱིན་དབང་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་བ་དང་། ལྷའི་བུ་བློ་གྲོས་བརྟན་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། འཕྲོག་མ་བུ་དང་བཅས་པ་དང་། ལྷའི་ངོ་བྲང་སུམ་ཅུ་རྩ་གཉིས་ཀྱི་ལྷའི་རྒྱལ་པོ་རྣམས་དང་། འཁོར་དེང་འདུས་པ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་གཏོང་བ་དེ་དག་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་མདོ་འདི་དང་། ལི་ཡུལ་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ལ་གཏད་དེ། ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་དོ།། དེ་ནས་ཡང་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ངས་ཇི་སྐད་བཤད་པ་དང་། ཁྱེད་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་དུ་གྲོགས་གྱིས་ལ། ངས་དགོངས་པ་ཀུན་ཐམས་ཅད་ནས་ཐམས་ཅད་དུ་མཐར་ཕྱིན་པར་གྱིས་ལ། ཅི་ནས་ལོག་པར་མི་འགྱུར་བ་དེ་ལྟར་གྱིས་ཤིག། ངས་བསྐལ་པ་མང་པོར་འཁོར་བ་ན་དཀའ་བའི་ལས་ཤིན་ཏུ་མང་པོ་དོན་དང་ལྡན་པ་དག་བྱས་པ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་མ་བྱས་སོ།། ངའི་ལི་ཡུལ་འཁོར་དེར་སེམས་ཅན་ངས་ཡོངས་སུ་སྨིན་པར་མ་བྱས་པ་དེ་གང་ཡིན་པ་དེ་དག་ཕྱིས་ལི་ཡུལ་འཁོར་དུ་གནས་པར་གྱུར་ཏེ། ངའི་ཆོས་ཀྱིས་ཡོངས་སུ་གྲོལ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཁྱེད་ཐམས་ཅད་ལ་མདོ་འདི་དང་། ལི་ཡུལ་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་དོ། ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་ཐམས་ཅད་དང་། འཁོར་ཐམས་ཅད་ལ་མདོ་འདི་དང་། ལི་ཡུལ་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་ལྷའི་མེ་ཏོག་གི་ཆར་བབ་བོ།། ལྷ་རྣམས་ཀྱིས་ལྷའི་རོལ་མོའི་སྒྲ་བསྒྲགས་སོ།། ལྷའི་རྒྱན་གྱི་ཆར་ཡང་བབ་བོ།། དེ་བཞིན་དུ་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ཇི་ལྟར་འོས་པའི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱས་སོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོད་ཟེར་ཤིན་ཏུ་མང་པོ་བཏང་ངོ་། ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་སངས་རྒྱུ་བཅོམ་ལྡན་འད་དེ་དག་འཁོར་གྱི་དཀྱིལ་འཁོར་དང་བཅུ་པ་མཐོང་ངོ་། ། དེ་ན་གན་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཐོང་སྟེ། འཁོར་ཐམས་ཅད་དང་། ལྷ་དང་། མི་རྣམས་གཅིག་གིས་གཅིག་མཐོང་བར་གྱུར་ཏོ།། དེ་ནས་དེའི་ཚེ་དགེ་སློང་ཀུན་དགའ་བོ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མ་འོངས་པའི་དུས་ན། སུ་ལ་ལ་མདོ་འདི་ཀློག་པ་དང་། སེམས་པ་དང་། ཉན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འདྲི་བ་དང་། འདྲིར་འཇུག་པའི་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་གི་ནང་ན་སྐྱེ་བོ་ཇི་སྙེད་རྣམས་ལ་སྦྱིན་པ་བྱིན་པ་བས་ནི། སུ་མདོ་འདི་འཆང་བ་འམ། ཁ་ཏོན་དུ་བྱེད་པའམ། ཀློག་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་བར་འགྱུར་རོ།། མདོར་ན་ཇི་ལྟར་འབྲས་བུ་གསུམ་པ་རྟོགས་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་འཕེལ་བར་འགྱུར་རོ་ཞེས་ང་སྨྲའོ།། དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། ། བདག་ཅག་འཁོར་འདིར་འདུས་པ་ཇི་སྙེད་མཆིས་པ་རྣམས་གང་དུ་མདོ་འདི་བརྗོད་པ་དེར་མ་མཆིས་སམ། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ལ་གཟུངས་སྔགས་མ་སྤྲུལ་ཏམ། དམ་བཅས་པ་འདི་བསྐྱེད་པར་གྱུར་ན། བདག་ཅག་གིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བསླུས་པར་གྱུར་ཅིག། མཚམས་མ་མཆིས་པའི་ལས་བགྱིས་པའི་སྡིག་པ་ཇི་ཙམ་མཆིས་པ་བདག་ཅག་གིས་བགྱིས་པ་གྱུར་ཅིག། དེ་ནས་འོད་ཟེར་དེ་དག་ལས་ཚིགས་སུ་བརྗོད་པ་འདི་སྐད་ཅེས་བྱུང་སྟེ། གང་ན་མདོ་འདི་བརྗོད་པ་དེར་བདག་ཅག་འོང་ངོ་ཞེས་སྒྲ་གྲགས་པར་གྱུར་ཏོ།། དེ་ནས་ཀུན་དགའ་བོ་དང་འཁོར་དེ་དག་ཐམས་ཅད་ཀྱིས་ཞུས་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། མདོ་འདིའི་མིང་ནི་ཆོས་ཀྱི་སྤྱི་བོ་ཞེས་ཀྱང་བྱ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྙིང་པོ་ཞེས་ཀྱང་བྱ། དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ཞེས་ཀྱང་བྱའོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ།། ངས་ཆོས་གང་བཤད་པ་དེ་དག་ཐམས་ཅད་ནི་མདོ་འདི་ཉིད་ཀྱི་ནང་དུ་འདུས་སོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཐེག་པ་ཆེན་པོའི་མདོ་དྲི་མ་མེད་པའི་འོད་ཀྱི་ཞུ་བ་ཞེས་བྱ་བ་རྫོགས་སོ། ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་འདི་ཤིན་ཏུ་དག་པར་ཡོད་པས་ཡིད་ཆེས་ཀྱི་གནས་སོ།། གཞན་འཁྲུགས་ཆད་ཡོད་པ་མང་བར་སྣང་སྟེ་གླེག་པ་མ་མང་དུ་བལྟས་སོ།

CLOSE WINDOW