Wylie | e-texts produced with ocr Programm |
། ། སྔོན་རྒྱ་ལས་འགྱུར་བའི་བརྡ་རྙིང་པར་འདུག། @བོད་སྐད་དུ། འཕགས་པ་རྒྱལ་བུ་ཀུན་ཏུ་དགེ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི། སྔོན་ཡུལ་དབུས་འགྱུར་ཚལ་གྱི་རྒྱལ་པོ་ཤིང་རྟ་བཅུ་པའི་སྲས་རྒྱལ་བུ་ཀུན་ཏུ་དགེ་ཞེས་བྱ་བ་ཞིག་ཏུ་སྐྱེས་པའི་ཚེ་སྐྱེ་བོ་ཡོངས་ཀྱིས་ཀྱང་བཀུར་བར་གྱུར་ཏོ། ། འཕོང་རྩལ་དང་། ཡིག་རྩིས་དང་། བཟོ་དང་སྨན་དཔྱད་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་གསལ་བ་ཅོག་སྐྱེས་པའི་ཚེ། རྒྱལ་པོས་སྲས་ལ་བསྟོད་པ་ནི། རིགས་དང་གཟུགས་བྱེད་མཛངས་དང་ལྡན།། ཤེས་གསལ་མཁས་ཤིང་སྤྱོད་ལམ་མཛེས། ། ཤེལ་ལྟར་གསལ་བའི་ས་གཞི་ལ།། ཟླ་བའི་འོད་ཟེར་ཤར་བ་འདྲ།། ཉིད་སྐྱོན་མུན་པས་མི་གནས་ཤིང་།། ཡོན་ཏན་རིན་ཆེན་མཛོད་དུ་འགྱུར།། མཐོང་ན་སྐྱེ་བོ་ཉམས་དགའ་སྟེ།། ཐམས་ཅད་ཡིད་དང་ལྡན་གྱུར་ཏོ།། གཞོན་ནུ་རྣམས་ཀྱི་སློབ་དཔོན་དུ་གྱུར་པ་སྐྱེས་པའི་ཚེ། ཡབ་རྒྱལ་པོ་ནི་སྐུ་ན་སོའང་བགྲེས་པའི་སྟེང་དུ་བསྙུན་དྲག་པོ་ཅག་ཀྱང་བཏབ་སྟེ། འཇིག་རྟེན་མི་ཡུལ་འདི་རུ་ཡུན་རིང་པོ་གནས་གནས་མི་འདྲ་ནས། སྲས་ཀྱིས་ཡབ་ལ་ཕན་དམ་པ་ཅིག་གདགས་ན་ཅིས་གདགས་སྙམ་པའི་རྗེས་ལ།། རིང་པོར་མ་ལོན་པར་ཡབ་འདས་པར་གྱུར་ནས། འབངས་རྣམས་ཀྱིས་རྒྱས་བུ་ལ་རྒྱལ་སྲིད་མ་ཕུལ་གྱི་སྐབས་སུ། རྒྱལ་བུ་རབ་ཏུ་བྱུང་སྟེ། ནགས་ཚལ་དབེན་པར་དྲང་སྲོང་གི་སྤྱོད་པ་ལ་ཞུགས་ཏེ། ཚངས་པར་ཚུལ་བཞིན་དུ་སྤྱོད་དོ།། རེ་ཞིག་ན་འབངས་རྣམས་ཀྱིས་རྒྱལ་བུ་ལ་རྒྱལ་སྲིད་དབུལ་བར་བཤམས་པ་ལས། རྒྱལ་བུ་རབ་ཏུ་བྱུང་བ་མཐོང་ནས། རྒྱལ་ཁམས་ཀྱི་མི་ཡུལ་ཡོངས་སུ་མ་ཧེ་བེའུ་སྟོར་བ་འམ། ཉ་ཐང་ལ་ལྷུང་བ་བཞིན་འགྲེ་ལྡོག་ཅིང་སྨྲེ་སྔགས་ཀྱི་ཚིག་ལས་ཀྱེ་མའོ། ། ལུས་སྲོག་སྐྱོང་བའི་རྒྱལ་པོ་ཡབ་འདས་ནས།། འབངས་རྣམས་ཀྱང་མྱ་ངན་གདུངས་པས་ནོན།། ད་ནི་སྲས་ཀྱང་རབ་ཏུ་བྱུང་ནས་ནི།། འཇིག་རྟེན་འདི་རུ་ཉི་ནུབ་མུན་གྱིས་བསྒྲིབས། ། ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདེན་པའི་ཆོ་ག་ལས། རིང་པོ་མ་ལོན་པར་འབངས་རྣམས་ཀྱིས་རྒྱལ་བུ་ལ་ཡང་ཞུས་པ། ཀྱེ་རྒྱལ་པོ་ལགས། ལུས་སྲོག་སྐྱོང་བའི་རྒྱལ་པོ་ཡབ་འདས་ནས། འབངས་ཀྱིས་རྒྱལ་སྲིད་ལུགས་བཞིན་མ་ཕུལ་བ།། ཁྲི་ལེན་ཆོས་བཞིན་ཆད་པ་ནོད།། མེས་དང་ཡབ་ཀྱི་མཛད་ལུགས་བཞིན།། རྒྱལ་སྲིད་བཞེས་ལ་འབངས་རྣམས་སྐྱོངས།། རྒྱལ་པོ་ཡབ་ཀྱི་བཀའ་ཡང་དེ་ལགས་ཏེ། ། འབངས་རྣམས་ཀུན་ཀྱང་དེ་བཞིན་སྤྱན་སྔར་མཆིའོ།། དེ་སྐད་ཅེས་ཞུས་པ་ལས། རྒྱལ་བུས་འདི་སྐད་ཅེས་གསོལ་ཏོ།། བདག་ནི་འདི་ལྟར་ཡབ་རྒྱལ་པོ་མ་འདས་པ་ནས་རབ་ཏུ་འབྱུང་བར་དམ་བཅས་པ་ལགས། ། ད་ནི་སླར་ལྡོག་པར་མི་ནུས་སོ།། བདག་གིས་བདུད་རྣམས་བཅོམ་ནས་ནི།། གཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར།། ཡི་དམ་ཆེན་པོར་བཅས་པ་ཡིན། ། སླར་ཡང་ལྡོག་པར་མི་ནུས་ཀྱིས།། བློན་པོ་ཁྱེད་རྣམས་ཀྱི་ནང་ནས་གང་མཛངས་ཤིང་དྲང་བ་གཅིག་གིས་རྒྱལ་སྲིད་ཟུང་ཞིག་ཅེས་གསོལ་པ་དང་། བློན་པོ་རྣམས་ཀྱིས་སླར་གསོལ་པ། འབངས་ཀྱིས་རྒྱལ་སྲིད་འཛིན་པ་ནི།། སྔོན་ཆད་མེད་སྲིད་ད་བྱུང་བས།། ལུགས་མེད་མཁོས་སུ་མི་རུང་བས།། གཞན་དུ་སྨྲས་ན་ངོ་ཚར་རུང་།། ཞེས་ཞུས་པས། ཡང་རྒྱལ་བུས་གསོལ་པ། ཁོང་ནས་ཐང་ལ་བོར་ཟིན་པའི།། མཆིལ་མའི་ཐལ་བར་གྱུར་པ་དེ།། སྔར་ལ་བླངས་ནས་འཐུང་བྱེད་པ།། དཔེ་ཟླ་གཞན་ལ་ག་ན་ཡོད།། སྐད་ཅིག་སྒྱུ་མའི་རྒྱལ་སྲིད་ནི།། མཆིལ་མཐང་ལ་བོར་བ་འདྲའོ། ། ཕྱོགས་མཚམས་སྐྱོང་བར་བྱེད་པ་དང་།། རྒྱལ་ཁམས་སྐྱོང་བར་བྱེད་པ་གཉིས།། སྙིང་རྗེ་ཙམ་དུ་འདྲ་མོད་ཀྱང་།། དེ་གཉིས་ཁྱད་པར་བསམ་ལས་ཏེ།། མཚོ་དང་གླང་རྗེས་སྙོམས་པ་འདྲ། ། རབ་ཏུ་བྱུང་ནས་ལོག་པ་དང་།། ལོག་པར་ལྟ་བའི་སྡིག་མཐོང་ན།། ཤིན་ཏུ་འཇིགས་ཤིང་སྨྱིག་ཡར་རུང་།། གཉིས་ཀ་ཕུང་བྱེད་མ་སྨྲ་བར།། བློན་པོ་རྣམས་ཀྱང་ཕྱིར་ལ་དེང་། ། དེ་སྐད་ཅེས་གསོལ་པ་དང་། བློན་པོ་རྣམས་ཀྱིས་བསམ་པ་ལ། ལྷ་སྲས་ཆོས་ལ་མཁྲེགས་པའི་སྟེང་དུ། འོ་སྐོལ་འབངས་སུ་གྱུར་པས།། ཚིག་གསན་དུ་མི་བཞེད་ན། ད་ཇི་ལྟར་བགྱི་ཞེས་བགྱིས་པ་དང་། སྔོན་ཡབ་ཀྱི་ཐུགས་གྲོགས་པོ། ཡུལ་བར་རྟན་རྒྱལ་པོ་དགའ་བའི་འོད་ཅེས་བྱ་བ་ཡོད་དེ། དེས་རྒྱལ་བུ་རབ་ཏུ་བྱུང་བ་ལ་གྲོས་བཏབ་ན། རྒྱལ་སྲིད་འཛིན་དུ་བཏུབ་པར་ངེས་སོ་སྙམ་ནས། རྒྱལ་པོ་དགའ་བའི་འོད་ཀྱི་སྤྱན་སྔར་མཆིས་ཏེ་འཕྲིན་བཏང་། ཕྱག་བགྱིས།། ཞུས་གསོལ་པ། ཀྱེ་རྒྱལ་པོ་ལགས། བདག་ཅག་ཡུལ་དབུས་འགྱུར་ཚལ་གྱི་རྒྱལ་པོ་ཤིང་རྟ་བཅུ་པ་ནི་འདས། སྲས་རྒྱལ་བུ་ཀུན་ཏུ་དགེ་ནི་རབ་ཏུ་བྱུང་ནས། རྒྱལ་ས་ནི་སྟོངས། འབངས་རྣམས་ནི་སིལ་བུར་གྱུར་ན། དེ་རྒྱལ་བུ་རབ་ཏུ་བྱུང་བ་ལས་སླར་ཕབ་སྟེ། རྒྱལ་སྲིད་འཛིན་དུ་མི་གཞུག་ཏུ་མི་རུང་། དེ་སྐད་ཅེས་གསོལ་པ་དང་། རྒྱལ་པོ་དགའ་བའི་འོད་ཀྱང་ཐུགས་ལ་གཅགས་ནས། འཁོར་བློན་པོ་དང་བཅས་ནས། རྒྱལ་བུ་རབ་ཏུ་བྱུང་བའི་སྤྱན་སྔར་མཆིས་ཏེ་འཕྲིན་བཏང་། ཕྱག་བགྱིས། ཞུས་གསོལ་པ། ཀྱེ་བཙུན་པ་ལགས། སྐུ་ན་ཚོད་དེ་ཙམ་ལ། གཞོན་པ་རྣམས་ལའང་མི་གཟིགས་སམ། ཁྱིམ་བཟངས་དཔལ་དང་འདྲ་བ་བོར་ནས་ནིརི་དགས་བཞིན་དུ་ནགས་ཚལ་དབེན་པར་འཁྱམས། ། མཐོ་བཙུན་རྒྱལ་པོའི་ལུས་བོར་ནས།། དབུལ་པོའི་ལུས་ཀྱང་ཉེ་བར་བླངས།། ངན་པའི་གོས་གྱོན་སྐྱེ་བོ་ཡོངས་ཀྱིས་འཕྱས། ལོང་སྤང་བཞིན་དུ་གྲོང་ཁྱེར་སྤོངས་མོས་འདེབས།། དུས་འདིར་ཁྱོད་ཀྱི་གནས་སྐབས་འདི་ལ་ནི།། བལྟས་ནས་དགྲ་ཡི་མིག་ཀྱང་མཆི་མས་ཁེངས་པར་འགྱུར།། ཡང་ན་སྤྱོས་སམ་བགེགས་ཀྱིས་བསླུས་པར་ངེས། ། དེ་ལྟ་མྱ་ངན་དབང་དུ་མ་གྱུར་པར།། རྒྱལ་སྲིད་བཞེས་ལ་འབངས་རྣམས་སྐྱོང་དུ་གསོལ།། རྒྱལ་པོ་ཡབ་ཀྱི་བཀའ་ཡང་དེ་ལགས་ཏེ།། འབངས་རྣམས་ཀུན་ཀྱང་དེ་བཞིན་སྤྱན་སྔར་མཆིའོ། ། དེ་སྐད་ཅེས་སྨྲས་པ་དང་། རྒྱལ་བུས་སླར་གསོལ་པ། ཀྱེ་རྒྱལ་པོ་ལགས། དཔེར་ན་མི་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་ཟེར་བ་ཡི་གར་མི་འོང་བ་དང་འདྲ་བར་བདག་དད་པ་སྐྱེས་ནས་རབ་ཏུ་བྱུང་བ་ལ། སླར་ཟློག་པའི་གྲོས་ངན་པ་འདེབས་པ་འདི་ནི་ཐི་བུར་ཡང་མ་ལེགས་སོ་སྙམ་ནས་ཡང་ཞུས་པ། ཀྱེ་རྒྱལ་པོ་ལགས། ཁྱོད་ཀྱིས་སྨྲས་པའི་ཚིག་དེ་རྣམས། ། བྱམས་ཏེ་སྨྲས་པར་ཡིན་ཤེས་ཀྱང་།། བདག་གི་དོན་དང་ཤིན་ཏུ་འགལ།། ནགས་ཚལ་དབེན་པ་གཅིག་པུའི་བརྗིད་མཐོང་ན།། རྒྱལ་པོ་འཁོར།། མངས་ལོངས་སྤྱོད་སྒྱུ་མ་གྲོག་ཚང་འདྲ།། ཙཾ་བེར་ཚེམས་ཅན་དག་གི་བརྗིད་མཐོང་ན།། དར་བེར་ཀླུབས་པ་སྒྱུ་མའི་འཇའ་ཚོན་འདྲ།། བརྟན་པོ་དག་ཐུབ་ཚེ་མཐར་གཏུགས་མཐོང་ན།། སྲོག་ལུས་ཡལ་བར་འདོར་བ་སྨྱོན་པ་འདྲ། ། སྐྱོན་སེལ་མགོ་མང་འདུལ་བའི་རླབས་མཐོང་ན།། གཞན་ཚོན་འདྲ་བྱེད་བྱིས་པའི་རྩེད་མོ་འདྲ།། ཀྱེ་རྒྱལ་པོ་ཆེན་པོ་ད་ཡང་སྙན་གསོན་ཅིག། ཁྱིམ་གྱི་སོ་ནམ་བྱ་བ་ལ། ། བྱ་ཐག་ཆད་པ་གཉིས་ཡོད་དེ།། སྔ་མ་བསམས་པ་སྡུག་བསྔལ་ཡིན།། ཕྱི་མ་བསམས་པ་ཤ་ཐང་ངོ་།། འཇིག་རྟེན་འདི་ནི་ཆེ་བཙན་ཕྱུགས་དྲེགས་ཀྱང་།། འཆི་བདག་དབང་དུ་མ་གྱུར་གང་ཡང་མེད། ། ཚེ་འདི་སྲིད་ལ་ཞེ་དོན་རྒྱ་ཆེ་ཡང་།། ཡུན་གྱི་ཆོས་འདོད་རྒྱལ་སྲིད་མ་ཤེས་ན།། སྐྲ་དཀར་སྐྱེས་ཤིང་གཉེར་མའི་ཚོགས་འདུས་ཀྱང་།། བྱིས་པ་ཤེད་མ་བྱེ་དང་ཅི་མ་འདྲ།། དོན་ལ་མཁས་པས་བརྟགས་པས་སེམས་ཅན་སྙིང་རེ་རྗེ།། ཀྱེ་རྒྱལ་པོ་ལགས། ད་ཡང་སྙན་གསོན་ཅིག། སྐྱོན་རྣམས་སྒྱུ་མར་རྟོགས་པས་དགྲལ་ཞེ་མི་སྡང་།། ཡོན་ཏན་སྒྱུ་མར་བཤད་པས་གཉེན་ལ་དང་མི་ཆགས། ། གནས་སུ་ངེས་པ་མེད་པས་སྤྱུགས་པས་ཉམ་མི་ང་།། སེམས་ལ་སྐྱེ་ཤི་མེད་པས་བསད་པས་འཇིགས་པ་མེད།། ནོར་དུ་ངེས་པ་མེད་པས་དབྲོག་པས་ཉམ་མིང་།། དཔལ་གྱི་རི་ལ་སྲིད་ཀྱི་ཆུ་བྲག་ཀྱང་།། འགྲོགས་པའི་གྲོགས་པོ་བླ་མེད་བྱང་ཆུབ་བཟང་།། གསེར་གྱི་རི་ལ་གཡུ་ཡི་ཁྲོན་བབས་ཀྱང་།། ནོར་གྱི་དབྱིག་ཏུ་སེམས་ཀྱིས་ཆོག་ཤེས་བཟང་།། སྟོང་ཞིང་དབེན་པའི་གནས་ནི་ཡུན་དུ་བདེ། ། ཆོག་ཤེས་ཁྲེལ་འཛེམ་གོས་ནི་ཀུན་ལ་སྙོམས་པར་དྲོ།། མི་རྟོག་རྣམ་གྲོལ་ཟས་ནི་སྨན་དང་བཅུད།། ཡང་དག་བདེ་བར་འཚོ་ཡིས་རྒྱལ་པོ་ཁྱོད་ཀྱང་དེང་།། དེ་སྐད་ཅེས་གསུངས་པས། རྒྱལ་པོ་དགའ་བའི་འོད་ཀྱིས་བསམས་པ། བཙུན་པ་དད་པ་སྐྱེས་ནས་རབ་ཏུ་བྱུང་བ་ལ། སླར་ཟློག་པའི་གྲོས་ངན་པ་འདེབས་པ་འདི་ནི་ཐི་བུར་ཡང་མ་ལེགས་སོ་སྙམ་ནས་ཡང་ཞུས་པ། ཀྱེ་བཙུན་པ་ཡོན་ཏན་ཆེན་པོའི་གནས་ཁྱོད་ལ།། བློ་གྲོས་ངན་པས་འཁྲུལ་ཏེ་མ་རིག་ནས།། ནོངས་པ་ཆེན་པོ་སྨྲས་པའི་ཚིག་དེ་རྣམས།། ཐུགས་རྗེ་ཆེན་པོའི་སྐུ་ལ་བཟེད་པར་གསོལ། ། བདག་ཀྱང་རབ་ཏུ་འབྱུང་བར་ཅིག་ནང་ལགས།། ཞེས་ཞུས་པས། རབ་ཏུ་འབྱུང་བར་གནང་ནས། སྒྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས། རྒྱལ་བུའི་གཡས་གྲལ་དུ་གནབ་པར་གྱུར་ཏོ། ། དེའི་ཚེ་འབངས་རྣམས་ཀྱིས་བསམ་པ་ལས། རྒྱལ་ཁམས་གཉིས་ཀྱི་རྒྱལ་པོ་རབ་ཏུ་བྱུང་བ་ལས་བསམས་ན། དམ་པའི་ཆོས་བྱ་བ་འདི་བཟང་བར་ཡིད་ཆེས་ནས་བདག་ཅག་ཀྱང་རབ་ཏུ་འབྱུང་བར་ཅི་གནང་ཞེས་ཞུས་པས། རབ་ཏུ་འབྱུང་བར་གནང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་གྱོན་ནས། རྒྱལ་བུའི་གཡོན་གྲལ་དུ་གནང་བར་གྱུར་ཏོ།། དེའི་ཚེ་དེའི་དུས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས། ས་བོན་མ་བཏབ་པར་རྩེ་ཤིང་དང་ནགས་ཚལ་ཐམས་ཅད་ཀྱང་ཟས་དང་སྐོམ་དུ་གྱུར་ཏོ།། དེའི་ཚེ་དེའི་དུས་ན། རྒྱལ་བུ་ཀུན་ཏུ་དགེ་རབ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་དོ།། རྒྱལ་པོ་དགའ་བའི་འོད་རབ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། འཕགས་པ་བྱམས་པ་ཉིད་དོ།། འཁོར་བློན་པོ་དང་འབངས་རྣམས་རབ་ཏུ་བྱུང་བ་ནི་གཞན་དུ་མ་སེམས་ཤིག། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོགས་པ་ཚེ་དང་ལྡན་པ་རྣམས་སོ།། རྒྱལ་བུ་ཀུན་ཏུ་དགེ་རབ་ཏུ་བྱུང་བའི་སྐུའི་ཡོན་ཏན་གྱིས་རྒྱལ་ཁམས་གཉིས་ཀྱི་བློན་པོ་དང་འབངས་རྣམས་མངོན་པར་རྫོགས་པར་སངས་རྒྱས་སོ། ། @རྒྱ་གར་སྐད་དུ། སྤྲི་བི་རོ་པ་ནི་མན་ཏྲ་ན།
CLOSE WINDOW